བེ་་རི་འཇིགས་མེད།
མ་སྨད་ཐེག་པ་མཆོག་གི་བསྟན་པ་འཛིན།།
གསང་ཆེན་རྡོ་རྗེ་ཐེག་པའི་མཛོད་ལ་དབང༌།།
རབ་འབྱམས་སྨྲ་བའི་ཆོས་གྲོགས་དགེ་བཤེས་ལགས།།
འཇིགས་མེད་ཀླ་ཀློའི་བུ་ངའི་འཕྲིན་འདིར་གསོན།།
ཀ་ཁ་ག་ངའི་མགོ་རྔ་མ་ཤེས་གོང༌།།
ཁ་དོག་དཀར་དམར་རྩོད་པའི་རིགས་ལམ་དེ།།
ག་འདྲ་ཡིན་ནམ་སྙམ་པའི་དོགས་པ་ཞིག།
ང་ཡི་སེམས་ལ་མི་ཤར་ཀ་མེད་བྱུང༌།།
ཅ་ཅོ་རྟགས་དང་ཐལ་སྐམ་རིགས་པའི་འཕྲུལ།།
ཆ་མེད་རྒྱུས་གཏམ་སྨྲ་བའི་ཆོས་གྲྭ་དེར།།
ཇ་ཧང་མདངས་ལྡན་གྲྭ་བ་རྣམས་ཀྱིས་གསེབ།།
ཉ་འདྲེས་ཆུ་འདྲེས་བྱས་ནས་འགྲོ་ཁུལ་བྱས།།
ཏ་ལའི་ཤིང་ལྟར་བརྟན་པོ་མེད་པ་ང༌།།
ཐ་སྙད་རིག་པའི་གནས་ལ་མགོ་འཁོར་ཏེ།།
ད་ལྟར་ཆོས་གྲྭར་འགྲོ་རྒྱུ་མཚམས་བཞག་ནས།།
ན་ནིང་ནང་བཞིན་སྤར་ཁང་ནང་དུ་ཡོད།།
པ་ལོ་མགོ་ནས་གཅོད་པའི་གྲྭ་གཟུགས་ང༌།།
ཕ་ཡུལ་ཕྱོགས་སུ་གླེན་པ་ཞག་མགོ་ཞེས།།
བ་ལང་གྲས་ལ་འཇོག་པའི་གསར་འཕྲིན་དེས།།
མ་ལྷག་མ་ཆད་ཁྱབ་སྒྲག་བྱེད་ཐུབ་འདུག།
ཙ་རི་བསྐོར་པའི་དཀའ་སྤྱོད་འབད་བརྩོན་དང༌།།
ཚ་གྲང་ཁྱད་གསོད་སློབ་གཉེར་མ་བྱས་པར།།
ཛ་རེ་ཛོ་རེས་མི་ཚེ་རྫོགས་པའི་མཐར།།
ཝ་སྐྱེས་སེངྒེའི་མིང་དེར་ང་མི་དགའ།།
ཞྭ་སེར་ཅོན་པཎ་འཆང་བའི་དགེ་བཤེས་གང༌།།
ཟ་བྱེད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ།།
འ་འུར་མཁྱེན་བརྩེ་ནུས་པའི་མེ་ཡོད་ན།།
ཡ་མེད་རང་སྐྱོན་འགོང་པོ་བསྲེག་པར་མཛོད།།
ར་བ་གངས་ཅན་ཞིང་དུ་པབྲསྤྱ༣ཏ།།
ལ་ལུང་གཞན་དུ་སླེབས་དུས་ལྐུགས་པའི་བུ།།
ཤ་ཚུགས་མི་ལ་རྫུས་པའི་ལུག་རྒན་དེ།།
ས་མཐའ་འདི་ན་ཡ་མཚན་ཆེ་བ་ཞིག།
ཧ་ཅང་འཁྱོག་པའི་སྔོན་གྱི་གླུ་དབྱངས་དེ།།
ཨ་ཕོ་ཧོར་གྱི་རྣ་བར་སྙན་ན་ཡང༌།།
ཧ་ཚུགས་མེད་པའི་རྣམ་དཔྱོད་ཤེས་རབ་ཅན།།
ཨ་རེ་དུས་རབས་གསར་པའི་བུ་ལ་མིན།།
ཐ་སྙད་རིག་པས་གོ་བརྡ་མ་སྤྲོད་པར།།
དོན་དམ་གཤིས་ལུགས་ཨ་མའི་འཛུམ་ཞལ་དེ།།
ཐལ་སྐམ་རིགས་པའི་ལམ་ནས་རྙེད་ནུས་ཞེས།།
ཇི་ཙམ་བཤད་ཀྱང་ལྐུགས་པའི་ཨུ་ཚུགས་ཡིན།།
མུ་ནིའི་གསུང་གྲགས་མ་ཧཱ་ཡ་ནཾ་དང༌།།
ནཱ་གཱ་རྫི་ནའི་ཏནྟྲཾ་བྲཏྟནྟ།།
དགེ་ལྡན་ཨནྟར་པྲ་ཏི་ཥེ་ཧ་ཏྲིཾ།།
ཙིཏྟ༔འི་གཏིང་ནས་ན་ཧི་བི་པཁྲརྟཿ།།
སེང་ལྤགས་རྒྱབ་ཏུ་གོན་པའི་ཝ་མོ་དང༌།།
མཆུ་དམར་ནེ་ཙོ་སྔོན་པོའི་ཆོས་བཤད་གཉིས།།
བལ་ལྡན་ཁྱིམ་མཚེས་རི་སྤྱང་རྒན་པོ་གསུམ།།
སེམས་ཀྱི་གཏིང་ནས་ཡིད་འཆེས་སྤུ་ཙམ་མེད།།
གསང་བ་བསམ་མི་ཁྱབ་པའི་འུད་ཤོད་ཀྱིས།།
དངོས་ཡོད་མངོན་སུམ་ཚད་མར་སྙེམས་པའི་འཕྲུལ།།
བློ་ཡུལ་མེད་པའི་ཤེས་བྱའི་རྒྱ་ཚོའི་ནང༌།།
སྒྲོ་སྐུར་སྐར་མའི་གཟུགས་བརྙན་འབུམ་ཕྲག་བརྒྱ།།
རང་གི་འདོད་པའི་རྟག་ཆད་ལྟ་བ་ལ།།
ཀླན་ཀའི་མཆེ་བ་རྔམས་པའི་སེངྒེའི་སྒྲ།།
བདེ་གཤེགས་གསུང་རབ་དྲང་དོན་ལམ་ཀྱོག་ཏུ།།
འདྲེན་པའི་འཕྲུལ་འདི་དབུ་སེམས་མཁན་པོའི་སྲོལ།།
ལྐོག་གྱུར་གཉིད་ཀྱི་རྨི་ལམ་འཐུག་པོའི་ནང༌།།
པད་མ་ནོར་བུ་འཁོར་ལོའི་ཚོར་སྣང་གིས།།
ཟབ་གསང་སྔགས་ཀྱི་དབང་བཞིའི་ལམ་འཕྲང་ནས།།
སྐལ་དམན་དམྱལ་ཁམས་འགྲིམ་པའི་ལག་ཁྱེར་སྦྱིན།།
དམ་ཁྲིའི་སྟེང་ན་སེངྒེའི་ང་རོ་སྒྲོག།
བྲག་ཕུག་ནང་དུ་ཁྱི་རྒན་ཡ་སོ་ངོམས།།
འདི་ནི་ཏརྐྐ༔ཛྙཱ་པྟི༔འི་ཟློས་གར་ཏེ།།
ལྔ་བརྒྱའི་གར་བཏེགས་ཐོག་གི་ལྟད་མོ་ཡིན།།
མེད་དགག་ལྟ་བ་བ་ཚྭའི་རྒྱ་མཚོའི་ནང༌།།
དངོས་འཛིན་རྦ་རླབས་ནམ་མཁའ་དབྱིངས་སུ་ཕྱུར།།
ཐར་འདོད་སྐོམ་པ་སེལ་བའི་བཏུང་བ་ཞེས།།
སྒྲོ་སྐུར་རོལ་མོ་འཁྲོལ་བ་གྲགས་ཆ་ཡིན།།
འཇིག་རྟེན་འཁོར་འདས་དངོས་པོ་མ་ལུས་ཀུན།།
གང་ཟག་སོ་སོའི་སྣང་ཚུལ་སྣ་ཚོགས་ཀྱིས།།
འཐད་དང་མི་འཐད་འཆར་སྣང་སྒྱུ་མའི་གར།།
དོན་དམ་གཤིས་ལུགས་ངང་དུ་མཉམ་པ་ཉིད།།
ཐར་པར་འདོད་ན་བདེན་བཞིའི་ཆོས་ལ་སློབས།།
སྐྱབས་འགྲོ་འདོད་ན་སངས་རྒྱས་ཉན་ཐོས་སྟེན།།
བདེ་བ་འདོད་ན་ཞི་བའི་དབྱིངས་ལ་བརྩོན།།
འདི་གསུམ་ཤཱཀྱ་ཐུབ་པའི་དགོངས་དོན་ཡིན།།
དམ་བཅའ་གསུམ་ལྡན་གཏམ་གྱི་ཉག་ཕྲན་འདིས།།
དགེ་བཤེས་ཐུགས་ལ་འབིགས་ན་བཟོད་པར་གསོལ།།
ཡིན་ལུགས་རིགས་པས་ཁད་ཀྱིས་འཚོལ་བའི་གཏམ།།
མཁྱེན་ན་དགེ་བཤེས་དགྱེས་པའི་མཆོད་སྤྲིན་ཡིན།།
མ་བཅོས་གཉུག་མའི་སེམས་ཀྱི་ལྟ་ཚུལ་འདིས།།
གནར་མེད་དམྱལ་བར་ལྷུང་ཡང་འགྱོད་པ་མེད།།
ཞྭ་སེར་བསྟན་པས་སྡང་ཡང་བློ་ཕམ་མེད།།
མི་ཚེ་འདི་ཉིད་ཕུང་ཡང་འགྱོད་པ་མེད།།
བེ་རི་འཇིགས་མེད་དམྱལ་བར་ལྷུང་ན་ཡང༌།།
དགེ་བཤེས་བསྟན་དགས་སྐྱོབ་པའི་རེ་བ་མེད།།
བྷཱ་ཥིཏ་ནནྟ་གནམ་ལ་འཕུར་ན་ཡང༌།།
འཇིགས་མེད་སྡིག་ཅན་ཡིད་འཆེས་སྤུ་ཙམ་མེད།།
ཁྱོད་ཀྱི་ཐར་པས་ཁྱོད་ཉིད་བདེ་ལ་འགོད།།
ང་ཡི་སྡིག་པས་ང་རང་སྡུག་ལ་སྦྱོར།།
ཁྱོད་ཀྱི་ཐར་པས་ང་ལ་ཕན་མི་ཐོགས།།
ང་ཡི་སྡིག་པས་ཁྱོད་ལ་གནོད་མི་བསྐྱལ།།
ཁྱོད་ཉིད་དགྱེས་པའི་ལམ་ལ་ཁྱེད་ཉིད་གཤེགས།།
ང་རང་འདོད་པའི་ལམ་ལ་ང་རང་འགྲོ།
ཀུན་ཀྱང་རང་གི་འདོད་པའི་རྗེས་འགྲོ་ཕྱིར།།
གཅིག་གིས་གཅིག་ལ་བཀག་འགོག་བྱེད་དོན་མེད།།
གཤོག་ལྡན་འདབ་ཆགས་ནམ་མཁའི་དབྱིངས་སུ་ལྡིང༌།།
གསེར་མིག་ཉ་མོ་དྭངས་གཙང་ཆུ་ལ་རྩེན།།
རང་རང་འཁོར་བའི་ལས་ཀྱི་བསྐོས་ཐང་དེ།།
དབང་ཆེན་ཚངས་པ་ཡིན་ཀྱང་བཟློག་ནུས་མིན།།
ཁྱོད་ཀྱི་འདོད་པའི་བློ་དང་མི་འཚམ་ཡང༌།།
ང་ལ་ངན་སྨྲས་ཚིག་མཚོན་འཕེན་དོན་མེད།།
ང་རང་འདོད་པའི་བདེ་བ་བསྒྲུབ་པའི་སླད།།
ཁྱོད་ཀྱི་འདོད་བློའི་ངོ་སོ་འཚོལ་དོན་མེད།།
ཆུ་འཁོར་དགེ་བཤེས་བསྟན་དགའ་ལ་རྩེད་མོ་བྱས་ནས་ ༡༩༩༥༧༢༥ ལོར་རང་ཤག་ཏུ་བྲིས།
ཀ་ར་མངར་མོའི་བཟའ་བཏུང་སྤྱོད་དྲགས་ནས།།
ཁ་ཡི་སོ་འགའ་ཁོངས་ནས་རུལ་འདུག་པས།།
ག་དུས་ན་ཟུག་གཏོང་བའི་གནས་སྐབས་རེར།།
ང་ཡི་དབུགས་རིང་ལྕི་མོ་འདི་རུ་འཐེན།།
ཅ་གེ་ཅོག་གིའི་ཚིག་གིས་མི་སྤྲོས་པར།།
ཆ་འཇོག་འཕེར་བའི་སྙིང་གཏམ་བཤད་ནའང་།།
ཇ་མངར་འོ་ཇའི་སྣེ་ལེན་མི་འདུག་པས།།
ཉ་ཚང་འདི་རུ་མེ་སྒྱོགས་འཕེན་ན་འདོད།། ཨ་་་ཧཧཧ།
ཏ་སྡེའི་ཀ་བཤད་འབྲི་རྒྱུ་དཀའ་ཙམ་འདུག།
ཐ་སྙད་རེ་ཟུང་བློ་ལ་འཆར་ན་ཡང་།།
ད་སྐབས་སེམས་སུ་ཡོད་པའི་སྐད་ཆ་འགའ།།
ན་ནོག་གྱུར་ནས་གསལ་བཤད་ཐུབ་མ་སོང་།
པ་ཏྲའི་སེམས་ཀྱི་ཀྱག་ཀྱོག་ལམ་བུ་ནས།
ཕ་ཡུལ་འགྲོ་བའི་རེ་སྨོན་རྟག་ཏུ་སྐྱེས།།
བ་གམ་ཐོག་བརྩེགས་མཐོན་པའི་སྒེའུ་ཁུང་ནས།།
མ་ཡུམ་ཕྱོགས་སུ་བལྟ་བཞིན་ཡིད་རེ་སྐྱོ།།
རྩ་ཕྲན་ཡོངས་སུ་ཀླད་རྩའི་མེ་རྟགས་འཁྱུག།
ཚ་གདུང་ཆེ་བའི་ཡ་ངའི་ལས་དབང་ལ།།
ཛ་དྲག་དུས་ཀྱི་མེ་ལྕེ་འབར་བཞིན་པར།།
ཝ་ལེ་ཤར་ནས་ལུས་སེམས་རྔུལ་གྱིས་རློན།།
ཞ་ཆག་མེད་པར་རང་གིས་བསམ་ཚད་རྣམས།།
ཟ་ཟིང་འཁྲུག་པའི་དུས་ཀྱི་ཀྱོག་མཚམས་ནས།།
འ་འུབ་ཆེ་བའི་གངས་རིའི་སྣོད་བཅུད་བཅས།།
ཡ་ཐོག་བསྐལ་བའི་བདག་དབང་ལེན་ན་འདོད།།
ར་རིབ་དྲེག་པའི་རང་སེམས་མ་བརྫད་པར།།
ལ་རྒྱའི་བ་དན་ནམ་མཁའི་དགུང་དུ་བསྒྲེང་།།
ཤ་རུས་གདུང་བརྒྱུད་མཆེད་སའི་ཁྱིམ་གཞི་སྟེ།།
ས་གཞིའི་གཙུག་རྒྱན་ལག་ཏུ་ལེན་ན་འདོད།།
ཧ་ཅང་དཔའ་རྒོད་ངར་མའི་བཟི་གཏམ་གྱིས།།
ཨ་མྱེའི་རི་རབ་སྣོད་བཅུད་ལེན་སྐད་བསྒྲགས།།
ཧ་ཅང་བརྗོད་བདེ་སྙན་པའི་གཏམ་མེད་ཀྱང་།།
ཨ་སྟོང་དང་བཅས་ཁ་ནས་ཐོལ་གྱིས་བརྡོལ།།
ཧི་རོགས་བསམ་འཆར་ཅི་ཡོད་བཤད་འདོད་ན།།
ཨ་ཆུང་ང་ཡིས་ལན་འདེབས་ཞུ་ཆོག་གོ།
གྲོགས་པོ་ཚོ། འདི་གང་འདྲ་འདུག
བེ་རི་འཇིགས་མེད་དམྱལ་བར་ལྟུང་གྱུར་ན༎
ཤཱ་ཀྱ་ཐུབ་པ་ཕེབས་ཀྱང་སྐྱོབ་ནུས་མིན༎
དགེ་བཤེས་ཉམ་ཆུང་ཞིག་གིས་ཅི་ལ་ཐུབ༎
ཤ་ཚའི་ཁ་ཏ་བྱས་པ་མ་གོ་བར༎
དོན་མེད་ཚོག་མཚོན་འདེབས་པ་ཡ་རེ་ང༌༎
བེ་རི་འཇིགས་མེད་ཀྱི་དེ་ལས་ཡག་པོ་འདུག
ཀ་ལུའི་ཕྲེང་ཐག་འདི་ནས་བསྟར་ན་ཡང་།།
ཁ་སེམས་བྲང་དུ་སྤྱར་ནས་གཏམ་རེ་ཟུང་།།
ག་ནས་བསྡད་ཀྱང་ཐོས་དེ་འོང་དུས་སུ།།
ང་ཡི་རིགས་ལ་སེམས་ཀྱི་ཚིག་འདུ་སྤྲིངས།།
ཅ་ཅོ་རི་ལུང་འཁེང་བ་སྒྲོག་ནུས་ཀྱང་།།
ཆ་རྒྱུས་རང་གི་སེམས་ལ་ཡོད་དུས་སུ།།
ཇ་ཁང་ཉུལ་ནས་ཉིན་མ་གཏོང་བ་ལས།།
ཉ་ཆུ་འཚོ་བའི་ལས་དེ་སྲུང་ན་འོས།།
ཏ་ལེན་ཕྲག་པར་འཁུར་བའི་རྒད་པོ་དང་།།
ཐ་སྙད་ཚིག་ལ་བྱང་བའི་ཤེས་ཡོན་པ།།
ད་ལྟའི་དུས་འདིར་མཁོ་བ་རྩོད་གླེང་མིན།།
ན་ནིང་བྱུང་བའི་ལས་ལ་བསམ་གཞིགས་གནོངས།།
པ་སངས་ལྷག་བསམ་བོད་ལ་ཡོད་མཁན་དག།
ཕ་ཡུལ་བོད་དུ་གནས་པའི་སྤུན་ཟླ་ཚོ།།
བ་གླང་གཤིས་ལས་གདུག་པའི་རྒྱ་གཞུང་འོག།
མ་བུ་གསོན་བྲལ་སྡུག་བསྔལ་ཇེ་ལྕི་རེད།།
ཙ་རི་གནས་ཡུལ་འགྲིམ་ནས་ཕྱི་ལ་འབྱོར།།
ཚ་བའི་ཡུལ་ལུང་མི་ཡུལ་བྱེས་སུ་གནས།།
ཛ་དྲག་དུས་འདིར་རང་རིགས་བདེན་དོན་ཆེད།།
ཝ་མ་ཝོལ་དུ་བསྡོད་རྒྱུ་ངོ་གནོངས་རན།།
ཞ་ཞོར་ཟ་བཏུང་འགྲོ་འདུག་གང་ཡིན་ལ།།
ཟ་ཟུར་ཚིག་གི་མདའ་མོ་ནང་ལོག་དུ།།
འ་འུར་ཙམ་ལ་བཅོལ་ནས་བེད་སྤྱོད་པ།།
ཡ་རབས་བོད་པའི་ལུགས་ཀྱི་དགྲ་རུ་འཛིན།།
ར་ས་འཁྲུལ་སྣང་འགྲུམ་འགྲིལ་ཁང་དུ་སྒྱུར།།
ལ་མོའི་རྒྱབ་ཀྱི་རང་གི་གནས་མཆོག་དེ།།
ཤ་ཁྲག་གཅིག་པའི་སྤུན་ཟླའི་སྲུང་བ་དེ།།
ས་མཐའི་ང་ཚོའི་སེམས་སུ་འཇག་རན་ཡིན།།
ཧ་ཅང་གཅེས་པའི་སྙིང་གཏམ་ཡོད་མེད་དེ།།
ཧ་ཧ་ཟེར་ནས་དགད་མོ་མ་ཤར་གོང་།།
ཨ་རིའི་ཡུལ་ལ་སྨོན་ལམ་འདེབས་པ་ལས།།
ཨ་མའི་བུ་རྒོད་གངས་ཅན་བོད་དོན་སྙོགས།།
ཁྱེད་གཉིས་ཀྱིས་བྲིས་པའི་ཀ་རྩོམ་གྱི་གཏམ་རྣམ་་གཅིག་ལས་གཅིག་སྙན་ཞིང་གོ་རྒྱུ་ཡང་བཟང་ཐལ།
ཀ་ར་མངར་མོའི་གཏམ་རྒྱུས་ལ།།
ཁ་མཆུ་ཆེ་ཙམ་བསྡང་དགོས་དུས།།
ག་ལས་རང་ནས་ཀའི་སྒྲུང་ཞིག།
ང་ཡིན་གྲོགས་ཚོ་ཕུཌྷལ་འདོད་ཤར།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨ་རོ་་་་་་་་་ལས་ཀ་འགྲོ་བའི་དུས་ལ་སླེབས་སོ། རྗེས་སུ་ཐུག་ཆོག་་་་་་་་
ཀ་རྩོམ་གྲུབ་བའི་དབང་ཕྱུག་བེ་རི་དང༌༎
ཁ་ལྕེ་མེ་ལས་ཚ་བའི་མེ་སྒྱོགས་གཉིས༎
ག་སར་སྙན་ངག་འབྲི་མཁན་ལྷ་ཀླུ་གསུམ༎
ང་ཡིས་དེ་རིང་དྲ་རྒྱའི་ནང་ནས་མཇལ༎
ཁྱོད་རྣམ་པ་ཁ་དྲོ།
མཁའ་ཁྱབ་ཞིང་གི་བདག་མོ་མིན་ཡང་འགྲིག།
འགྲོ་བའི་དོན་དུ་བརྩོན་ལ་སྙིང་རུས་ཅན།།
འཚོ་བ་ངན་ངོན་ཙམ་ལ་མགོ་དཔྱངས་དེ།།
འདི་རུ་འདི་ནས་མཇལ་བ་ལྷག་དུ་སྤྲོ།།
བུད་མེད་མིང་གི་འོག་ནས་ཡོང་མཁན་ཚོ།།
བུད་མེད་ལུས་པོ་ཡོད་མེད་བཤད་དཀའ་ཡང་།།
འདི་རུ་ཡོད་མཁན་མང་ཤོས་སྐྱེ་བ་ཡིན།།
དེ་ཡི་ནང་གི་གཅིག་ལ་ཁྱེད་དབང་ཤོག།
ཀི་ཀི་བསོ་བསོས་འབོད་བསྐུལ་ཙམ་མིན་པར།།
ཁུ་བཟང་ཇོ་བོའི་ངག་ནས་རྡོལ་བ་བཞིན།།
གེ་སར་བསུང་ལྡན་བཅུད་ཀྱིས་ལེགས་གཏམས་པའི།།
ངོ་མཚར་གཏམ་གྱི་མེ་ཏོག་འདི་ན་འཐོར།།
ཅི་འདི་བུ་ཤོ་ཀརྨས་བསྐྲུན་པའམ།།
ཆུ་སྐྱེས་གསར་བས་བརྒྱན་པའི་ལྷའི་དགའ་ཚལ།།
ཇེ་ལེགས་བདེ་སྐྱིད་རྫོགས་པ་བྷོ་ཊའི་ལྗོངས།།
ཉོ་ཚོང་བྱ་བས་བཀུག་མིན་རང་བྱུང་གི།
ཏི་སེ་ལ་སོགས་ལྷུན་པོའི་བརྗིད་དང་ལྡན།།
ཐུ་མའི་མཛད་རྗེས་རིག་མཛོད་ནོར་གྱིས་ཕྱུག།
དེ་བཞིན་གཤེགས་པའི་གསང་གི་དམ་ཆོས་དར།།
ནོ་བོ་རྒན་རབས་བཀུར་བའི་སྲོལ་བཟང་སོགས།།
པི་ཝང་སྙན་པའི་སྒྲ་དང་སྡེབ་པ་ཡི།།
ཕུ་བོའི་སྒྲ་འཛིན་བཅུད་དུ་ཡང་ནས་ཡང་།།
བེ་ཅོན་ལ་སོགས་གོས་དང་རྒྱན་གྱིས་སྤུད།།
མོ་གསར་འཇོ་སྒེག་ཆེ་ཡང་ཉན་འོས་པ།།
ཙི་ཏ་སེམས་ཀྱི་གཏིང་ན་བཞག་པ་ཡི།།
ཚུ་རོལ་ཕལ་བའི་བློ་ལས་འགོང་བའི་ཚུལ།།
ཛེ་རག་ཅན་ལ་འཁོས་ཀ་ཆུང་ན་ཡང་།། ཝོ་དགའ་བདག་གིས་ཡང་ཡང་བརྗོད་སྙིང་འདོད།།
ཞི་བདེ་གཙང་མས་འཚོ་འདོད་གངས་ཅན་པ།།
ཟུག་ངུ་སློང་བ་རྒོལ་བས་བརྙས་པའི་ཚུལ།།
འེ་དྲན་རང་རེའི་ན་གཞོན་ཕོ་མོ་ཚོ།།
ཡོ་ལངས་སེམས་ཀྱིས་འཆར་འགོད་ཅི་ཞིག་ཡོད།།
རི་ལུང་ཐང་སྟོང་འཁྱམ་པའི་ཁྱི་སྡོམ་བཞིན།།
ལུ་ཞིང་ལུ་བཞིན་ཡུལ་ལ་གྱེས་འཐོར་དུ།།
ཤེ་མོང་བཙན་དབང་རྒོལ་བས་བདས་པ་འདི།།
སོ་སོའི་སེམས་ལ་བཟོད་པ་ཡིན་ནམ་ཅི།།
ཧི་མ་ལ་ཡི་རི་བོར་རྒྱབ་བརྟེན་ནས།།
ཨུ་སོགས་དབྱངས་བཞིའི་གོ་རིམ་བསྒྲིག་པ་ལ།།
ཧེ་འབག་བརྗེ་བ་བཞིན་དུ་འདྲ་མིན་ཚིག།
ཨོལ་མདུན་དམ་ཡང་གསང་ནས་ཤོར་དེ་ཐལ།།
ཀི་ཤར་གཅིག་གིས་གནམ་ས་དབྲལ་ལ་ཁད༎
ཁུ་ཚུར་གཅིག་གིས་དགྲ་དཔུང་ལྷག་མེད་འཇོམས༎
གེ་སར་དཔའ་བོའི་རིགས་ཀྱི་སྙིང་ཁམས་ཅན༎
ངོ་མ་བོད་རིགས་འདི་ཚོ་བློ་ཁོག་ཆེ༎
མུ་མཐུད་རོགས།
ཀ་ཁ་མཁྱེན་རུང་མ་མཁྱེན། །ཁ་རོག་སྡད་ཚུགས་ཐུབ་པ། །ག་ནས་དཔྱད་ཀྱང་གཞན་ལས། །ང་ཅག་བོད་མོ་ལེགས་པ། །ཅ་ཅོའི་སྨྲ་བ་མང་ཡང་། །ཆ་ལུགས་མཐུན་པར་སྤྱད་ནས་། །ཇ་སོགས་ཞབ་ཞུ་ཆེ་བ། །ཉ་མ་བོད་མོ་བཟང་གི །ཏ་ལའི་མདོག་བཞིན་བརྟན་ཞིང་། །ཐ་དད་དབྱེར་བ་མེད་པར། །ད་ནས་བྱེད་པར་འདོད་པའི། །ན་ཆུང་བོད་མོས་བཟོས་སོང་། །པ་སང་ལྟ་བུ་དཀར་ཞིང་། །ཕ་བཟང་རུས་ལས་ཆེད་ཀྱང་། །བ་འདྲའི་གླེན་ལྐུག་ཆེ་བའི། །མ་རབ་བོད་མོ་མི་འདོད། །ཙ་གེ་ཙེག་མང་ཡང་། །ཚ་དྲོད་ཆེ་བའི་བོད་མོ། །ཛ་རེ་ཛ་རེར་འཁྱུད་ན། །ཝ་ལེ་བདེ་བ་ཆེ་འདུག །ཞ་ལྐུག་ཡིན་ན་ཡིན་ཐང་། །ཟ་མ་མོ་ཡི་ཡོན་ཏན། །འ་ཅག་བོད་མོ་ནང་བཞིན། །ཡ་རབ་སྲོལ་བཟང་དཀོན་གྱི །ར་ཅོ་མེད་ཀྱང་བ་གླང་། །ལ་རྒྱ་མེད་པའི་བོད་པ། །ཤ་ཚ་སྙིང་རྗེའི་ཡུལ་ནི། །ས་མཐའི་བུ་འཁྱམ་རེད་ཤག །ཧ་ཧ་ཟེར་ནས་མ་དགོད། །ཨ་མཚར་ཞུས་པ་མ་ཡིན། །ཧ་ལམ་ཉམས་མྱོང་ཡོད་པས། །ཨ་ཙི་བདེན་པ་ཟུང་ཤིགས།
ཙ་གེ་ཙིག་གེ་
hahaha
中國政府所說的民主,自由,平等,人權都是有口非心!
我们西藏的佛教传统文化是根据大慈悲利益, 奉献他人。 但是现代的有些什么活佛, 为私人利益,剥削他人。 太惭愧惭愧!
我们人间必需要民主,自由,平等, 人权。 有这些才能得到幸福的。一个政府和地区, 社会, 公司, 家庭, 没有正规化的民主和自由,平等,人权的话就没有快乐幸福。可惜表里不一, 口是心非的人权,自由,平等, 民主是没有利益的。
愿一切父母众悉安乐, 愿一切恶道恒常空寂,
诸菩萨众所发利生愿, 愿彼如愿成就悉圆满.
ནཱ་གཱ་རྫི་ནའི་ཏནྟྲཾ་བྲཏྟནྟ།།
དགེ་ལྡན་ཨནྟར་པྲ་ཏི་ཥེ་ཧ་ཏྲིཾ།།
ཙིཏྟ༔འི་གཏིང་ནས་ན་ཧི་བི་པཁྲརྟཿ།།
འདི་ནི་ཏརྐྐ༔ཛྙཱ་པྟི༔འི་ཟློས་གར་ཏེ།།
བེ་རི་འཇིགས་མེད་ལགས་ཚིག་འདི་ཚོ་མང་པོ་ལེགས་སྦྱར་ཡིན་ནམ་གང་ལྟར་འདི་དག་གི་དོན་ཤེས་འདོད་ཆེ་་་་་་་ ཐུགས་རྗེ་ཆེ་་་་་་
སྤུན་ཟླ་ཏྲེ་ཤོ་ལེགས་ནས་ལགས། འདི་རུ་རྒྱ་ཡིག་མ་འབྲི་རོགས། དངོས་ནས་ཀློག་འདོད་མེད་པ་མ་ཡིན་ལ། ཀློག་ཤེས་ཀྱི་མེད་པ་མ་ཟད། རྒྱ་ཡིག་འབྲི་ས་ཡང་དྲ་ཚིགས་འདི་གཏན་ནས་མིན་ལགས། རྒྱ་ཡིག་ཤེས་པ་ནི་དགོས་པ་ཞིག་ཡིན་ཡང་། དྲ་ཚིགས་འདི་ནས་རྒྱ་ཡིག་དབྱིན་ཡིག་གང་ཡིན་ཡང་མི་མཛེས་པ་ཞིག་རེད་ལགས།
རྒྱ་ཡིག་འབྲི་བར་མི་འོས།།
ལེགས་སྦྱར་འབྲི་བར་མི་འཚམས།།
དབྱིན་ཡིག་འབྲི་བའང་མི་ཆོག།
བོད་པའི་བོད་ཡིག་བྲིས་ཤོག། འདིོ་བོད་ལྷ་ཀླུ་གཉན་གསུམ་གྱི་བཀའ་ཡིན་ནོ།།
༼༼ཀ་རྩོམ་རལ་གྲི་སོ་གཉིས་མ༽༽
ཀ་ཁའི་ས་བག་བརྩིགས་ནས།།
ཁ་དོན་འཛོལ་བའི་ཚིག་ཚོགས།།
ག་ཤེད་འགྲོ་བའི་མི་ལ།།
ང་རོ་སྒྲོག་དགོས་ཨེ་འདུག།
ཅ་ག་ཡག་མདོག་བྱས་ནས།།
ཆ་སྒམ་རྙིང་གོག་ནང་གི།
ཇ་སྙིཊ་ཚ་ཁུའི་ཆོས་ལ།།
ཉ་ར་བྱེད་དགོས་ཨེ་འདུག།
ཏ་རེ་སྟུ་ལ་དགའ་བར།།
ཐ་ཤལ་བསམ་པ་ཡིན་ན།།
ད་ནངས་ལངས་བའི་མཇེ་ལ།།
ན་རྫུ་བྱེད་དགོས་ཨེ་འདུག།
པ་ལོ་ཐུར་དུ་དཔྱངས་ནས།།
ཕ་གཞིས་རྩོད་པའི་བུ་ལ།།
བ་རྒན་གཤིས་གྱོང་རྣམ་པས།།
མ་མ་བྱེད་དགོས་ཨེ་འདུག།
རྩ་དོན་གླེང་པས་མི་སྤྲོ།།
ཚ་འདྲི་འདོན་པར་མི་ཆོག།
ཛ་ལང་ཡན་དུ་བཏང་ནས།།
ཝ་མོའི་སྤྱོད་ཚུལ་ཨེ་དགོས།།
ཞ་བོ་ལོང་འཁྲིད་བྱེད་པར།།
ཟ་རྒྱུ་འཐུང་རྒྱུ་མེད་ཀྱང་།།
འ་ཅག་རིགས་གཅིག་བསམ་པར།།
ཡ་སོ་བསྟན་དགོས་ཨེ་འདུག།
ར་གོག་རལ་གྲི་བསྣམས་ཏེ།།
ལ་ལུང་དོག་པའི་ནང་གི།
ཤ་རུས་གཅིག་ལ་བདག་པའི།།
ས་ཆུ་རྩོད་དགོས་ཨེ་འདུག།
ཧ་ཅང་རྒོད་པའི་མི་ལ།།
སྙིང་རྗེ་ཁ་ནས་སྐྱེས་ཁུལ།།
ཧ་ཡང་སེམས་ཀྱི་སྣོད་དུ།།
དུག་གསུམ་བསྐོལ་དགོས་ཨེ་འདུག།
ཨ་སྔོན་མཐོངས་ནས་ཟག་པའི།།
གཡུ་འབྲུག་སྔོན་པའི་ཐོགས་ལྕགས།།
ཨ་ཡོད་ནང་གི་ད་ཡོད།།
ཁྲོ་ལྕགས་མེ་སྒྱོགས་རྒྱ་མཚོ།།
མེ་སྒྱོགས་འདི་ངག་ལ་རང་དབང་འབྱོར་བ་ང་ལྟ་བུ་རེད་འདུག ཡིན་ན་ཡང་འཚམ་འཚམ་ལ་འདིའི་མཇེ་ལངས་དུས་ང་ལྟར་ཚོད་འཛིན་བྱེད་མི་ཐུབ་གི
ཀ་ཀེ་ཀོབ་བེ་ཁ་བའི་གཞི་རུ་ག་ལེར་སྐྱོད་དུས་ང་ཡི་སེམས་ལ་ཁྱོད་ཉིད་དྲན། །
ལོ་ངོ་བཅུ་གསུམ་གྱི་སྔོན་དུ་གྲོགས་པོ་ཞིག་གིས་བོད་ནས་བྲིས་ཏེ་བདག་ལ་བསྐུར་འདུག
ཀ་བོང་བུ་འདྲ་ཟིག་འབྲི་ཤེས་པ།།
ཁ་མཁས་པ་ཞིག་གིས་བསླབ་ནི་མིན།།
ག་དོ་ར་ནང་གི་བདུད་རྩི་དེས།།
ང་བཟི་བའི་སྐབས་ལ་བྲིས་ནི་ཡིན།།
ཅ་མ་སིང་རོགས་པ་ལེ་ལོ་ཅན།།
ཆ་ཆོས་ལུགས་གནས་ལུགས་མི་ཤེས་ནོ།།
ཇ་རྡུང་བྱེད་གཏུན་རྐོ་ཁོ་ཐག་ཡིན།།
ཉ་མགོ་ཅན་མཇེ་དེ་ཡོད་པ་ཙམ།།
ཏ་རིན་གྱི་འགྲོ་སྟངས་སྡོད་སྟངས་ལ།།
ཐ་མག་གི་སྣོད་ཡང་གསེར་ལས་བྱས།།
ད་དེང་སང་གསར་བུ་མགོ་སྟོང་འགའ།།
ན་རོ་དང་འདྲ་བའི་ཁ་སྤུ་འཇོག།
དྲ་གྲོགས་རིན་ཆེན་ལགས། འདི་ཚོ་ལེགས་སྦྱར་སྐད་ཡིན་པའི་ཁོངས་ཡིན། ག་ཏག་སྡོད་མིན་མི་ཤེས། སྔོན་མ་ནས་བྲིས་པ་ཞིག་རེད། དེ་ཡང་དེ་ག་ཙམ་བྱས་ནས་ང་རང་གི་གྲོགས་པོ་ཞིག་ལ་རྩེད་མོ་རང་གི་ཆེད་དུ་བསྟན་བཤིགས་སློང་བ་ཙམ་ཞིག་རེད། དོན་དངོས་མ་རེད། དོན་དངོས་ཡིན་ན་ང་དགེ་ཆོས་ལས་སྐྱོ་བའི་ལྟ་ལོག་ཅན་ཞིག་ཏུ་འགྱུར་རྒྱུ་ཐེ་ཚོམ་མེད།
ནཱ་གཱ་རྫི་ནའི་ཏནྟྲཾ་བྲཏྟནྟ།།
དགེ་ལྡན་ཨནྟར་པྲ་ཏི་ཥེ་ཧ་ཏྲིཾ།།
ཙིཏྟ༔འི་གཏིང་ནས་ན་ཧི་བི་པཁྲརྟཿ།།
འདི་ནི་ཏརྐྐ༔ཛྙཱ་པྟི༔འི་ཟློས་གར་ཏེ།།
ནཱགཱརྫིན-མགོན་པོ་ཀླུ་སྒྲུབ།
ཏནྟྲཾབྲཏྟནྟ-གསང་སྔགས་བླ་མེད།
ཨནྟར་པྲ་ཏི་ཥེ་ཧ་ཏྲིཾ-སྟོང་ཉིད་མེད་དགག
ཙིཏྟ༔-སྙིང༌།
ན་ཧི-མེད་པ།
བིཔམྦྷ༔-(པཁྲརྟཿའདི་ཡིག་གཟུགས་བསྒྱུར་དུས་ནོར་འདུག)ཡིད་ཆེས།
ཏརྐྐ༔ཛྙཱ་པྟི༔-དགེ་ལྡན་པ།
ཀ་བཤད་རྡོ་རྗེའི་རང་སྒྲ།
རྒྱལ་དབང་ཀརྨ་པ་ཆེན་པོའི་བརྟན་བཞུགས་ལ་ཕུལ་བ།
ཀརྨ་པ་ཞེས་ཁ་བའི་ལྗོངས་སུ་ག་སར་གྲགས་པའི་ང་ཡི་བླ་མ་དམ་པ་གང༌།།
ཅ་ཅོ་དབེན་འཇགས་ཆ་ལུགས་ཞི་དུལ་ཇ་ཧང་མདོག་འཛིན་ཉ་རྒྱས་འཆར་ཀའི་ཟླ་བའི་སྐུ།།
ཏ་རིན་མི་ཆེན་ཐ་མ་པ་སོགས་ད་ལྟའི་གླིང་འདིའི་ན་ར་ཡོངས་ལ་སྨན་པའི་གསུང༌།
པ་ར་མི་ཏའི་ཕ་རོལ་ཕྱིན་གཞུང་བཛྲ་དྷ་རའི་མ་ཧཱ་ཡ་ན་མཁྱེན་པའི་ཐུགས།།
ཙ་རི་བསྐོར་འདྲའི་ཚ་བའི་ཡུལ་དུ་ཛ་དྲག་ཆེན་པོས་ཝ་ལེར་འབྱོར་པའི་རྗེས་སུ་ཡང༌།།
ཞ་ཡིག་ལྟར་འཁྱོགས་ཟ་འདྲེ་དམར་པོས་འ་རེ་འུ་རེ་ཡ་མེད་དཀྲུགས་ཤིང་སྤེལ་བའི་གསེབ།།
ར་བ་གངས་རིའི་ལ་རྒྱའི་ཆེད་དུ་ཤ་ཁྲག་གཅིག་པའི་ས་མཐའི་བོད་རིགས་མི་དམངས་ལ།།
ཧ་ཅང་བརྩེ་བའི་ཧ་མིག་སྤྱན་གྱིས་ཨ་ནས་ཡང་དུ་ཨ་ཧོ་གཟིགས་འདི་སུ་མི་དད།།
རྒྱ་མཚོའི་རླབས་ལྟར་ཐུགས་བསྐྱེད་སྤྱན་གྱི་དོན་ཡོད་ཞགས་པས་རྒྱུད་ལྔའི་འགྲོ་བ་གཅིག་ཏུ་འཆིང༌།།
སྒྲིབ་བྲལ་མཁྱེན་རབ་ཉི་མ་བརྒྱ་བས་ཕན་བདེའི་དཔལ་གྱི་སྦྲང་རྩི་རྒྱལ་མཚན་མངོན་པར་བཞད།།
མི་སྲུན་རི་བོའི་རྐང་པ་འཇོམས་ལ་སྙིང་སྟོབས་སྤོབས་པའི་ཞོ་འཐུང་རུས་པའི་རྩེ་བརྒྱ་འཆང༌།།
གང་ཁྱོད་བསྟན་འགྲོའི་ཕན་བདེའི་མགོན་དུ་གསང་གསུམ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག།
སྤྱི་འཐུས་ཚོགས་ཁང་དུ་ སྤྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༢༧ ལ་བྲིs
འཇིགས་མེད་དབང་རྒྱལ་ལགས་ཐུགས་རྗེ་ཆེ་་་་་་་་་་་་་་་་་་་་་
གཞུངས་ལུགས་གདམས་པར་ཤར་བའི་ཙོང་ཁ་དང་།
ལུགས་གཉིས་གཟུང་འཇུག་ཤར་བའི་བེ་རི་གཉིས།
འགྲིན་པའི་རྩ་མདུད་གྲོལ་ལ་ཆ་མཉམ་ཡང་།
འགལ་འདུ་ཆལ་ཆོལ་སྨྲ་ལ་བེ་རི་མཁས།
ཀ་ལས་མེད་པའི་སྙན་ངག་ཞིག
ཁ་ནས་ག་ཚོད་བཤད་ན་ཡང་།
ག་རུ་གོ་མཁན་མེད་པའི་དུས།
ང་རང་མཁས་པའི་ཆགས་པའི་རྟགས།
ཀ་ཁ་ག་ངའི་འགྲོ་སྟངས་ཤེས་ནས་ལོ་ངོ་འགའ་ལས་མ་སོང་ནའང་།
ཁ་བཤད་གཏོང་བའི་སྙན་ངག་ཤེས་ནས་བདེན་རྫུན་ཀུན་ལ་དམོད་ཚིག་སྒྲོག།
ག་བར་བལྟས་ཀྱང་གཞན་སྐྱོན་མ་གཏོགས་རང་སྐྱོན་མཐོང་ཚེ་དག་པར་བསྒོམ།
ང་རང་ལྟ་བུའི་སྙན་ངག་པ་ཚོར་ཡིད་སྨོན་ཤོར་ནས་མིག་ཆུ་ཐིག་པར་འདི་རུ་འཐོར།
ཀརྨ་པ་ལ་དད་པ་ཆེ་ཁུལ་དང་།
ཀ་བཤད་གནང་ལ་ཐོག་པ་མེད་འདོག་འདོག
ཁ་ཁོག་མི་མཚུངས་བེ་རི་བོན་ཆུང་བ།
ག་འདྲ་བཤད་ཀྱང་གངས་ཅན་ཤིང་རྟ་བརྒྱད།
ང་ཅག་ཚང་མའི་སེམས་ལ་ཧ་ལེར་ཡོད།
ནོར་བཅོས
ག་འདྲ་བཤད་ཀྱང་བློ་བ་བོན་ལ་ཕྱོག
ཀ་ཁ་ཤེས་པའི་སྙན་ངག་པ།
ཁ་བའི་ལྗོངས་ཀྱི་ལས་སྐལ་ཤོད།།
ག་ལེར་མིག་རྒྱ་བསྐྱེད་བསྐྱེད་དེ།།
ང་ལ་འབྱར་བ་འོས་སམ་ཅི།།
http://ti.tibet3.com/这个中国藏族网通里有这些谎话,请大家好好观察。
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་སྒ་ཟླ་བ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
ཟླ་༤ཚེས་༡༣ཉིན། (གསར་འགོད་པ་ཝུས་ཝུ་དང་ལི་ཉིན།) ཚེས་༡༣ཉིན་བོད་ཀྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་ལ་ཆེད་མངགས་ཞིབ་འཇུག་གནང་བའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ། འབུམ་རམས་པ་སྒ་ཟླ་བ་ཚེ་རིང་གིས། བོད་ཀྱི་ལོ་རྒྱུས་ཐོག་འདེམས་བསྐོ་བྱས་ནས་སྤྲུལ་སྐུར་ངོས་འཛིན་མཛད་པའི་གནས་ཚུལ་བྱུང་མྱོང་མེད་པ་མ་ཟད། བྱེད་སྟངས་དེ་རིགས་ནི་ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག་དང་མི་མཐུན་པ་དང་། ཡང་སྲིད་ངོས་འཛིན་བྱེད་པའི་རྩ་བའི་རིག་གཞུང་དང་རྒྱབ་འགལ་དུ་གྱུར་ཡོད་ཅེས་གསུངས།
ཚེས་༡༣ཉིན་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གཉེར་བའི་དུས་མཚམས་བཞི་པའི་གསར་འགྱུར་ཇ་སྟོན་གྲོས་མོལ་ཐོག སྒ་ཟླ་བ་ཚེ་རིང་གིས་བོད་བརྒྱུད་ནང་བསྟན་ལ་ལོ་དར་མ་དང་ཕྱི་རྒྱལ་བ་ཡང་སྲིད་ངོས་འཛིན་དང་། ཡང་ན་སྐུ་འཚོ་བཞུགས་གནང་སྐབས་ཡང་སྲིད་ངོས་འཛིན་གནང་བ་བཅས་ནི་ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་གའི་གཞི་འཛིན་ས་གང་ཡང་མེད་པ་ཞིག་ཡིན་ཞེས་གསུངས།
ཡང་སྲིད་ཕྱི་རྒྱལ་བ་ངོས་འཛིན་བྱེད་པའི་གནད་དོན་སྐོར་ལ། སྒ་ཟླ་བ་ཚེ་རིང་གིས་“ཉེ་ཆར་ཕྱི་རྒྱལ་དུ། དཔེར་ན་རྒྱ་གར་ལྟ་བུར་ཡང་སྲིད་ཕྱི་རྒྱལ་བ་ངོས་འཛིན་བྱེད་པའི་སྣང་ཚུལ་བྱུང་མྱོང་ཡོད། ཡིན་ནའང་ངས་ཤེས་གསལ་ལྟར་ན། མིག་སྔའི་བར་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ས་ཁུལ་དུ་ཡང་སྲིད་ཕྱི་རྒྱལ་བ་ངོས་འཛིན་བྱས་པའི་གནས་ཚུལ་བྱུང་མྱོང་མེད”ཅེས་གསུངས།
ཁོང་གིས་ལོ་རྒྱུས་ཐོག་བོད་རིགས་ས་ཁུལ་གྱི་བླ་སྤྲུལ་སོག་རིགས་ས་ཁུལ་དུ་སྐུ་བལྟམས་པའམ་ཡང་ན་སོག་རིགས་ས་ཁུལ་གྱི་བླ་སྤྲུལ་བོད་རིགས་ས་ཁུལ་དུ་སྐུ་བལྟམས་ནས་ངོས་འཛིན་གནང་བའི་གནས་ཚུལ་ཡོད། “འོན་ཀྱང་མི་རིགས་གཞན་པའམ་ཡང་ན་ས་ཁུལ་གཞན་དུ་བླ་སྤྲུལ་སྐུ་བལྟམས་པའི་གནས་ཚུལ་བྱུང་མྱོང་མེད་”ཅེས་གསུངས།
སྒ་ཟླ་བ་ཚེ་རིང་གིས་ད་དུང་ཡང་སྲིད་ངོས་འཛིན་དང་གཏན་འཁེལ་གནང་སྐབས་ཡང་སྲིད་འཚོལ་བ་དང་ངོས་འཛིན་སོགས་ཚུད་པའི་བརྒྱུད་རིམ་ཆ་ཚང་བ་ཞིག་ཡོད། གལ་ཏེ་བརྒྱུད་རིམ་དེར་བརྩི་སྲུང་མ་ཞུས་ཚེ། ཡང་སྲིད་ངོས་འཛིན་གཏན་འཁེལ་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་དང་ཡང་སྲིད་ངོས་འཛིན་མཛད་པའི་རིགས་པའི་གཞུང་ལུགས་དང་རྒྱབ་འགལ་དུ་འགྱུར་ངེས་རེད་ཅེས་གསུངས།
ཁོང་གིས་དམིགས་སུ་བཀར་ནས། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་ནི་འདུལ་ཁྲིམས་དང་ཡང་སྲིད་ཕེབས་བའི་ལམ་ལུགས་ནན་པོ་ལྡན་པའི་གྲུབ་མཐའ་ཞིག་ཡིན། “མིག་སྔའི་བར་ངས་མཐོང་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་། དགེ་ལུགས་པར་གོང་གསལ་གྱི་གནས་ཚུལ་དེ་རིགས་བྱུང་མྱོང་མེད་”ཅེས་གསུངས།
སྒ་ཟླ་བ་ཚེ་རིང་གིས། དགེ་ལུགས་པར་ཡང་སྲིད་འཚོལ་བ་དང་ངོས་འཛིན་གནང་བའི་བརྒྱུད་རིམ་ཆ་ཚང་ལ་ནན་པོ་ཞིག་ཡོད། བླ་མ་སྐྱེས་ཆེན་སྐུ་འཚོ་བཞུགས་གནང་དུས་ཡང་སྲིད་ཀྱི་འཁྲུངས་ཡུལ་དང་ཁ་ཕྱོགས་སོགས་ལུང་བསྟན་གནང་གི་ཡོད་པ་དེ་ནི་ཡང་སྲིད་འཚོལ་བའི་བརྒྱུད་རིམ་ཁྲོད་ཀྱི་གྲུབ་ཆ་ཞིག་ཡིན། “གལ་ཏེ་ལུང་བསྟན་ནང་གྲོང་ཁྱེར་ཆེན་པོའམ་ཡང་ན་འཁྲུག་ཆ་དོད་པའི་ས་ཁུལ་དུ་ཡང་སྲིད་ཕེབས་པ་མང་གྱུར་ན། ད་ཆ་ཐག་རིང་ཞིང་འབྲོག་ས་ཁུལ་དུ་གཞི་རྩའི་ཆ་ནས་སྤྲུལ་སྐུ་གང་ཡང་འབྱོན་རྒྱུ་མེད་པར་འགྲོ་སྲིད་པ་ཡིན་”ཞེས་གསུངས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ལས་འཛིན་གཞོན་པ་བསྟན་འཛིན་ཆེ་བས་ཀྱང་། བོད་ཀྱི་ལོ་རྒྱུས་ཐོག་ཡང་སྲིད་འདེམས་བསྐོ་བྱེད་པའི་སྣང་ཚུལ་བྱུང་མྱོང་མེད། ད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཀྱང་བོད་རིགས་མི་དམངས་འདུས་སྡོད་ས་ཁུལ་ཕན་ཆད་དུ་སྐུ་བལྟམས་མི་སྲིད། བོད་བརྒྱུད་ནང་བསྟན་དེ་བོད་མི་དམངས་མང་ཚོགས་རྨང་གཞི་འཛིན་རྒྱུ་གཙོ་བོ་བྱེད་པ་ཡིན་ལ། གལ་ཏེ་མང་ཚོགས་ཀྱི་རྨང་གཞི་མེད་ན། སྤྲུལ་སྐུ་གང་ནས་འབྱོན་ནམ་”ཞེས་གསུངས།
ཀ་དག་སྟོང་གསལ་ལས་འཁྲུངས་ཞིང་། །ཁ་དོག་སྣ་ཚོགས་ཀྱིས་འཁྱུད་པའི། །ག་བུར་རྡུལ་བརྩེགས་ཀྱི་ཞིང་མགོན། །ང་ཅག་སྐྱབས་མགོན་ལ་འདུད་དོ།
ཅུ་རེ་ལ་དགའ་བེ་རི་འཇིགས་མེད་འདིས།།
ཆུ་སྒང་ལོ་རྒྱུས་བརྩམས་ལ་མངོན་པར་བསྟོད།།
ཇུ་གཏོགས་བྱེད་སའི་སྤྱི་འཐུས་ཚོགས་ཁང་ནི།།
ཉུ་ལེར་རྩོམ་ཡིག་འབྲི་ས་འེ་ཡིན་ནམ།།
བེ་རིའི་རྩོམ་ཡིག་མང་ཆེ་ཤོས་དེང་སང་སྤྱི་འཐུས་ཚོགས་ཁང་ན་འབྲི་གི་འདུག ཚོགས་འདུ་ཚོགས་པའི་སྐབས་ད་བྲིས་ན་ནི་འདིས་བོད་མི་དམངས་ཀྱི་ཕོག་བླངས་ནས་སྤྱི་དོན་ཚོགས་འདུ་ལ་ཕྱག་ལས་མ་གནང་པས་ཕོག་དེ་ཆུད་ཟོས་སུ་བཏང་པར་མ་ཟད། ཁོང་གྲྭ་བ་ཅིག་གིས་བོད་སྤྱི་བའི་དུས་ཚོད་སྒེར་ཟོས་བྱས་ནས་རྐུ་མ་བརྒྱབ་པ་རེད། གལ་ཏེ་ཚོགས་འདུ་མེད་པའི་སྐབས་ལ་བྲིས་ན། སྤྱི་ཁང་དེ་སྒེར་ཁང་མིན་པས་ཁོ་རང་གཅིག་བུ་ནང་ནས་སྡོད་དགོས་ན་དེ་ལ་ཁང་གླ་སྤྲད་ཡོད་མེད་རྩད་གཅོད་གཏོང་དགོས།
ད་བར་དུ་བོད་སྤྱི་བའི་ཁང་པ་ཅིག་གི་ནང་ནས་པོ་ཏ་ལ་ནི་ཏ་ལེ་བླ་མའི་ཕོ་བྲང་རེད། མ་གཏོགས་སྤྱི་འཐུས་ཚོགས་ཁང་བེ་རིའི་ཕོ་བྲང་ཡིན་པ་གོ་མ་མྱོང་མོད། གཅིག་བྱས་ན་འདིས་ཏ་ལེ་བླ་མ་ལ་་་ འོ་ངའི་ཁ་འདི་མང་རུ་མང་རུ་ཡོང་གི་འདུག
པེ་ཅིན་དཔོན་ལ་ཞལ་འཛོམས་བྱུང་ན་ཡང་།།
ཕེ་ར་རྒྱགས་པའི་གཏམ་གྱི་རྔམ་བརྗིད་དེ།།
བེ་རི་འཇིགས་མེད་མཆོག་ལ་ཡོད་སྲིད་ན།།
མེ་མཆེད་ཚ་ངར་ཚིག་གིས་མི་བཀྱོན་རོགས།།
པི་ཝང་རྒྱུད་མང་འདྲ་བའི་སྙན་འགྱུར་དང་།།
ཕུ་ནུ་མཐུན་པའི་གཏམ་གྱི་འདུན་གྲོས་སོགས།།
བེ་རུ་འཇིགས་མེད་མཆོག་ལ་ལྡན་གྱུར་ན།།
མེ་ཏོག་ལག་པས་བཏེག་དེ་བསྔགས་པར་འོས།།
བ་རེ་བེ་རི་སྤྱི་ཚོགས་ཞབས་ཞུ་མཁན།
ཉ་ལེ་ཉོ་ལེ་གཏམ་བཤད་ཤོག་བུས་སྟེང་།
ཟ་རེ་ཟི་རི་བཤད་ལ་དགོས་པས་སྟོང་།
ཁ་རེ་ཁོ་རེ་སྤྱི་འཐུས་ལས་དོན་གང།
ཀ་རྩོམ་འབྲི་ལ་དགའ་བའི་བེ་རི་འདི།།
ཁ་ནས་ཉ་གེ་ཉོག་གེ་མང་ན་ཡང་།།
ག་བུར་ཟེགས་མ་འདྲ་བའི་དོན་སྙིང་ཅན།།
ང་ཚོ་ཀུན་གྱི་ལྟོས་ན་མེད་ཀ་ཟེ།།
ཅ་དག་ཆོས་ར་ཚོགས་ན་ཆབ་སྲིད་བཤད།།
ཆ་འཇོག་སྤྱི་འཐུས་ཚོགས་ན་སྙན་ངག་འབྲི།།
ཇ་འཐུང་ཁ་བརྡ་བྱེད་སར་འདུལ་བ་བཤད།།
ཉ་གེ་ཉོག་གེ་ཕར་བསྲེ་ཚུར་བསྲེས་བྱེད།།
ཏ་རིན་ཡིན་མདོག་འགྱིང་བག་བྱེད་ནས་འགྲོ།
ཐ་མལ་ཆུ་འཁོར་གཉེར་བར་འཕྱ་སྨོད་བྱེད།།
ད་ལྟའི་དུས་ཀྱི་དགེ་སྦྱོང་འགོ་རེག་འདིས།།
ན་ནིང་དོ་ཚིགས་རྡ་སར་སྲིད་དོན་བྱེད།།
པ་ཏྲའི་རི་མོ་ལྟ་བའི་གདོང་གི་གཉེར།།
ཕ་རོལ་རྒྱ་ཡི་སྟེང་དུ་མ་བསྟན་པར།།
བ་ཕྱུགས་ལྟར་དུ་དགོན་སྡེར་ཞབས་ཞུ་བར།།
མ་འདོད་ཚིག་གི་རི་མོ་ཅི་ལ་བྲིས།།
རམ་པ་ལྟ་བུར་གཡོ་སྒྱུ་མ་འཁྲབས་པར། །
ལམ་ཙམ་སྤྱི་འཐུས་ཤིག་ལ་བསྡད་པ་དེ། །
ཤམ་བུ་རླུང་གིས་གཡོ་བའི་སྣང་ཚུལ་དེ། །
ཟམ་གདོང་བླ་མའི་གཞུང་ཞབས་འདི་འདྲའོ། །
ཞམ་ཞུམ་མང་བའི་བོད་ཀྱི་སྐུ་དྲག་ཚོས། །
ཟམ་གདོང་བླ་མའི་བཀའ་གསུང་ཇི་སྒྲུབ་བྱེད། །
འམ་མེ་འོམ་མེའི་ལོ་ངོ་ལྔ་བཅུའི་རིང་། །
ཡམ་མེ་ཡོམ་མེའི་བོད་དོན་འདི་ལྟར་བསྒྲུབས། །
རབ་བེ་རིབ་བེའི་ལོ་ཟླ་སྐྱོ་བོའི་ཁྲོད། །
ལབ་བེ་ལིབ་བེའི་སྐད་ཆ་ཆོ་མེད་དག །
ཤབ་བེ་ཤིབ་བེར་བཤད་པའི་གྲོས་ཆོད་ཀྱིས། །
སབ་བེ་སིབ་བེའི་བོད་དོན་སྒྲུབ་ཁུལ་བྱས། །
ཏ་ལའི་བླ་མའི་སྐུ་མདུན་ན།།
ཏ་ར་སྐུ་ངོ་མེད་སོང་ན།།
ཏ་ལེན་ཁ་ཐིག་ཤོར་བ་ལྟར།།
ཏ་རིན་དེ་ཚོས་ཅི་ཞིག་བྱེད།།
ཀ་ཡེ་གསོན་དང་དྲྭ་གྲོགས་རྣམ་པ་ཚོ། །ཁ་སང་ཞིག་ནས་ཀ་ཤད་བྲིས་སོང་སྟེ། །ག་དུས་ཡིན་ནའང་འདི་འདྲ་བྲིས་བསྡད་ན། །ང་ཡིས་བལྟས་ན་དཀའ་ལས་ཁག་རོགས་རེད། །
ཅ་སྡེའི་ནང་ནས་ང་ལ་བྲིས་ཡག་མེད། །ཆ་མེད་རྒྱུས་མེད་ཀྱང་ད་དུང་བྲིས་འདོད་བྱུང་། །ཇ་དང་ཆང་གི་རེ་བ་མ་ཡིན་ཏེ། །ཉ་མོ་ཆུ་དགའ་ང་རང་རྩོམ་ལ་དགྱེས། །
མཆན་་་་་་་་་་་་་ཆ་རྒྱུས་མེད་ཀྱང་ད་དུང་བྲིས་འདོད་བྱུང་། །
ཅ་ཅོ་ཟང་ཟིང་འདོད་བའི་རིན་ཆིན་འདི།
ཆ་འཇོག་ཕེར་བའི་ཀ་བཤད་མི་ནུས་པས།
ཇ་དང་ཆང་ལ་དགའ་བའི་འདོད་པ་ཙམ།
ཉ་ཤ་དམར་པོ་ཟ་ལ་རྔམས་རྔམས་འདྲ།
ཏ་ལ་ཏྰ་ལའི་བླ་མ་ཙམ་ཞིག་དྲན། །ཐ་ལ་སླེབས་དུས་ཁ་ལ་མཛུག་གུ་རྒྱུས། །ད་དུང་སེམས་ཤུགས་བྱེད་ནས་བྲིས་བྲིས་མཐར། །ན་ལ་དཀོན་མཆོག་དཀའ་དྲིན་སླེབས་ཙམ་བྱུང་། །
མཆན་་་་་་་་་་་་་་་ ན་བར་དཀོན་མཆོག་བཀའ་དྲིན་སླེབས་ཙམ་བྱུང་། །
པ་ལགས་སྐུ་དྲིན་ཆེ་བ་མ་གཏོགས་པས། །ཕ་བཟང་བུ་སྡུག་ང་ལ་ཡོན་ཏན་ཅི། །བ་རེ་བོ་རེར་ཉལ་རྒྱུ་ཙམ་ཞིག་ལས། །མ་ལུས་འབྲི་ཀློག་ནུས་པ་ག་ནས་ཡོང་། །
ཙ་རེར་སྙད་ཅིག་བརྐོ་ས་མ་ཐོབ་ན། །ཚ་ཟུག་བཟོད་དཀའི་ནད་ཅིག་ལང་ངམ་ཅི། །ཛ་ཡའི་བསྟན་ལ་ཞུགས་པ་ཞིག་ཡིན་ན། །ཝ་ཡེ་མགོན་པོ་བྱེད་ལུགས་འདི་འདྲ་མིན། །
ཀོ་བ་རབ་གྱོང་ལྟ་བའི་ཀ་རྩོམ་ཤིག།
ཁོ་བ་བེ་རི་ཟེར་བའི་ལག་པ་ནས།།
གོ་བ་ཅན་གྱི་མཁས་པའི་མདུན་ས་ལ།།
ངོ་ཚ་མེད་པར་བཤམ་ནས་བུད་དེ་ཐལ།།
ཅོ་ཏོ་བྲེག་ནས་རབ་བྱུང་སྒྲུབ་ན་ཡང་།།
ཆོ་ལོ་མེད་པ་རྐྱང་རྐྱང་བྲིས་ནས།།
ཇོ་བཟང་རྣམས་ལ་ངོ་སོ་སྟོན་པའི་སླད།།
ཉོ་ཚོང་མེད་པའི་དེབ་ནི་རི་ལྟར་བརྩིགས།།
ཀ་བཤད་སྙན་ངག་ཚིག་བཅད་འབྲི་དགོས་ན།།
ཁ་དང་ཁོག་པ་ཚང་མ་བང་མཛོད་ཡིན།།
ག་ལེ་ག་ལེར་ལྟོས་དང་གྲོགས་པོ་ཚོ།།
ང་ཡི་སྡེབ་སྦྱོར་ས་སྐྱ་པནྟིཏ།།
ཅི་བཤད་རྫུན་ལ་གོམས་པའི་དམར་གཞུང་གིས།།
ཆུ་རགས་འཕྲང་ཁ་གཏོར་ནས་དཔུང་འཇུག་སྐབས།།
ཇེ་ངར་འགྲོ་བའི་བོད་ཀྱི་དཔའ་བོ་ཞེས།།
ཉོ་སྒྲུབ་མ་བྱས་རང་བཞིན་མིང་གྲགས་རྒྱས།།
བེ་རིས་ཀ་རྩོམ་ལ་དོན་མཐུན་གྱི་མཇུག་མཐུད་མཁན་མེད་སྟབས་ཞར་བྱུང་དུ་བྲིས
གེ་སར་རྒྱལ་པོར་བསྐུལ་བའི་བདེན་གསོལ།།
ཀི་བསྭོ་མཆོད་བསྟོད་སྙན་པའི་ང་རོ་དང་།།
ཁུ་འཕྲིགས་ཡིད་གཉིས་བྲལ་བའི་དད་པའི་བློས།།
གེ་སར་དགྲ་ལྷའི་ཚོགས་ལ་གསོལ་འདེབས་ན།།
ངོ་མཚར་མཐུ་དཔུང་བསྐྱེད་ལ་མ་གཡེལ་ཞིག།།
ཅི་འདོད་དངོས་གྲུབ་ཡིད་ལ་དྲན་པས་ཀྱང་།།
ཆུ་བོའི་རྒྱུན་བཞིན་སྩོལ་བ་ཞལ་བཞེས་པས།།
ཇེ་ཕྱུག་དར་རྒྱས་འགྲོ་ལ་མྱུར་མགྱོགས་ཅན།།
ཉོ་ཚོང་ཤྭོ་རྒྱན་རྒྱལ་བའི་གྲོགས་མཛོད་ཅིག།།
ཏི་སེ་གངས་རིའི་ལྗོངས་ལ་གནས་པ་ཡི།།
ཐུ་བྷོད་འགྲོ་བའི་དགྲ་ལྷ་གེ་སར་མཆོག།།
དེ་རིང་གདུང་བའི་དབྱངས་ཀྱིས་ཁྱེད་འབོད་ན།།
ནོར་མེད་ལས་རླུང་བསྐྱེད་ཅིག་ས་མ་ཡ།།
པི་ཝང་སྙན་པའི་སྒྲ་ལྟར་བདེན་ཚིག་གིས།།
ཕུ་སུམ་བཅུ་ཡང་འཁོར་བཅས་པ་ཡང།།
བེ་འུ་མ་ལ་རེ་བ་ཇི་བཞིན་དུ།།
མོས་གུས་དབྱངས་ཀྱི་འབོད་འདི་གསན་ལགས་སམ།།
ཙི་ནའི་ཡུལ་དུ་ཀོན་ཀོན་དཔལ་བོ་ཞེས།།
ཚུ་རོལ་བོད་ཡུལ་གྲགས་པ་གེ་སར་རྒྱལ།།
ཛེ་རེ་འོ་དོད་དྲག་པོས་ཁྱེད་འབོད་ན།།
ཝོ་རྒྱལ་མ་འཛེམས་ཐུགས་རྗེའི་མཐུ་དཔུང་བསྐྱེད།།
ཞི་དྲག་སྤྲུལ་པའི་ཟློས་གར་ཅི་ཡང་བསྒྱུར།།
ཟུ་ལུམ་བསྟན་དགྲ་སྒྲོལ་ལ་མཐུ་རྩལ་ཅན།།
འེ་ཅག་བོད་ཀྱི་དགྲ་ལྷ་ཁྱེད་འབོད་ན།།
ཡོ་མེད་རྒྱལ་ཁ་ཐོབ་པའི་གྲོགས་མཛོད་ཅིག།།
རི་བོ་གངས་ལྗོངས་སྐྱེ་རྒུ་ཇི་སྙེད་དང་།།
ལུ་གུ་རྒྱུད་དུ་འབྲེལ་བའི་དད་དམ་གྱིས།།
ཤེ་མུན་དུབ་པའི་གནས་ལས་གྲོལ་བའི་ཕྱིར།།
སོ་བལྟ་བྱ་ར་བདག་ལ་མྱུར་དུ་གྱིས།།
ཧི་ཧི་རྒོད་སྒྲ་དཔལ་བོ་དགྱེས་པའི་གླུ།།
ཨུ་ཚུགས་ཆེ་བའི་གྲོགས་ཀྱིས་བསྐུལ་ཕྱིར་བྲིས།།
ཅེས་པ་འདི་ཉིད་གྲོགས་པོ་ཞིག་གིས་བརྒྱན་རྩེད་སྐབས་འདི་ལྟར་དགོས་ཞེས་བསྐུལ་ངོར་ཇ་ཁང་ཞིག་ཏུ་ཐོལ་བྱུང་བྲིས་པའོ་།
ཅ་ཅོ་གཏམ་ལ་སྙན་ངག་ཡིན་གྱུར་ན།
ཆ་འཇོག་དཀའ་བའི་པདྨ་ཞོན་ནུ་དང་།
ཇ་འཐུང་ཞོ་འཐུང་བླུན་པོ་དང་བཅས་པ།
ཉ་ཉོག་ཞ་ཞི་ཚང་མ་པནྟིཏ།།
གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༡༩ སྐར་མ་ ༢༤
ཏ་ལའི་བླ་མའི་སྐུ་མདུན་ན།།
ཏ་ར་སྐུ་ངོ་མེད་སོང་ན།།
ཏ་ལེན་ཁ་ཐིག་ཤོར་བ་ལྟར།།
ཏ་རིན་དེ་ཚོས་ཅི་ཞིག་བྱེད༎ ཅེས་པར་ལལ་བཏབ་པའི་མཆན་གྱི་ལན།
རྒྱ་ལོ་དོན་གྲུབ་སྐུ་མདུན་ན༎
རྒྱ་རི་སྤྲུལ་སྐུ་མེད་གྱུར་ན༎
རྒྱ་བོད་ཞི་བའི་མགོ་སྐོར་གྱིས༎
རྒྱ་ཕུང་བོད་ཕུང་ཡོང་དེམ་མེད༎
ཁོ་རེ་རྩེད་མོ་ཡིན།
gonpo ནས།
སྤྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༥ གི་ཆུ་ཚོད་ ༠ སྐར་མ་ ༢༠
ཅ་ཅོ་གཏམ་ལ་སྙན་ངག་ཡིན་གྱུར་ན།
ཆ་འཇོག་དཀའ་བའི་པདྨ་ཞོན་ནུ་དང་།
ཇ་འཐུང་ཞོ་འཐུང་བླུན་པོ་དང་བཅས་པ།
ཉ་ཉོག་ཞ་ཞི་ཚང་མ་པནྟིཏ།། མཆན་ལན་བཏབ་པ།
རྒྱ་ལོའི་ཅམ་གཏམ་སྙན་ངག་ཡིན་ན༎
རྒྱ་ལོ་དོན་གྲུབ་སྙན་ངག་པ་རེད༎
རྒྱ་ཕུང་བོད་ཕུང་བྱས་པའི་མཛད་རྗེས༎
རྒྱ་ལོའི་སྙན་ངག་གཅིག་གིས་བྱས་སོང༌༎
རྒྱ་རྒན་དེ་ཚོས་ནམ་མཁར་འཇའ་ཚོན་བྲིས།།
རྒྱ་ལོ་སྐུ་ངོ་དེ་ཡི་སྣེ་ལ་འཇུས།།
རྒྱ་རི་སྤྲུལ་སྐུ་རྒྱ་ལོའི་རྐང་པར་འཐམས།།
རྒྱ་བོད་གཉིས་ཀས་དེ་ལ་རེ་བ་བཅངས།།
རྒྱ་ལོ་སྐུ་ངོ་ཚང་ལ་དམོད་མི་རུང་།།
རྒྱ་ལ་འཐབ་ནས་དབུ་སྐྲ་དཀར་བོར་གྱུར།།
རྒྱ་རི་བློ་གྲོས་ཚང་ལ་སྡུག་མི་རུང་།།
རྒྱ་བོད་འབྲེལ་མོལ་སྐོར་ལ་འདུར་ཤིང་རྒྱུགས།།
རྒྱ་མིན་བོད་མིན་བྱམས་པ་ཕུན་ཚོགས་དེ།།
རྒྱ་བོད་གཉིས་ཀ་དཀྲུགས་པའི་ཐུར་མ་རེད།།
ཀ་ཡེ་དྲ་གྲོགས་ཇ་ཚག་སྤུན་ཟླ་རྣམས། །ཁ་ཞེ་གཉིས་ཀྱིས་ཅ་ཅོ་སྒྲོགས་པ་ལ།
།ག་ནས་ལྟས་ཀྱང་ཆ་འཇོག་མི་འདུག་པས །ང་ཅག་ཉ་རེ་ཉོ་རེ་མི་བརྩོད་ལགས།
།ཏ་ལའི་བླ་མ་ངེད་ཀྱི་པ་ལགས་ཡིན། །ཐ་ཆད་རྒྱ་དམར་བོད་ཀྱི་ཕ་གསོད་ཡིན།
།ད་ལྟའི་བོད་ཡུལ་རྒྱ་མིའི་བ་ཕྱུགས་ཡིན། །ན་མཐོའི་བཀའ་བློན་བོད་ཀྱི་མ་རྒན་ཡིན།
གཞོན་ནུ་ཟླ་མེད་ལ།
ཅོ་ཏོ་གཞན་ལས་རིང་བའི་ཟ་ལེ་རྒྱ༎
ཆོ་མེད་སྐད་ཆ་དེ་འདྲ་མ་བཤད་རོགས༎
ཇོ་ལགས་བེ་རི་རྩོམ་ཆོས་མང་པོ་ཞིག།
ཉོ་འཚོང་བྱེད་མཁན་འཚང་ཁ་ཤིག་ཤིག་རེད༎
gopoལ།
ཉ་ཤ་དམར་པོར་མཐོང་བའི་ཟ་ལེ་རྒྱ༎
ཇ་ཚབ་ཨ་རག་བཏུང་རྒྱུ་མང་དྲགས་ནས༎
ཆ་མིན་ཡ་ཏོ་ཐུག་པའི་གཟའ་ཟླ་རྡུང༌༎
ཅ་ཅོ་གཟི་གཏམ་བཤད་ནས་ཁྱིམ་མཚེས་བཀྲོགས༎
རིག་པའི་རལ་གྲི་ལ།
ཀ་རྩོམ་མཁས་པ་རིག་པའི་རལ་གྲི༎
ཁ་ནས་ཐོན་ཚད་སྙན་ངག་རེད་འདུག།
ག་དུས་ཡིན་ཡང་འདི་འདྲ་བྲིས་དང་༎
ང་ཡིས་དྲ་རྒྱ་ནང་ནས་ཀློག་ཚོག།
ཇོ་ལགས་གཞོན་ནུ་ལགས། དགོངས་དག ཁྱོད་ཀྱི་བཀའ་བཞིན་ངས་རྩོམ་ཡིག་ཅིག་བྲིས་པའོ་ཁོངས་ཡིན། ཁ་འཇམ་པོ་བཤད་ཤེས་མ་སོང༌། རྗེས་མར་བེ་རི་ས་ནས་ཁ་འཇམ་པོ་ཞིག་བསླབ་ནས་ཨེ་ནས་ཁྱོད་ལ་ཀ་རྩོམ་ཕུལ་གི་ཡིན།
མཁའ་འགྲོ་མཚོ་ལ།
ཀྭ་ཡེ་ཉོན་དང་སྙིང་སྡུག་མཁའ་འགྲོ་མཚོ།།
ཁ་ཡི་སོ་ཕྲེང་གེ་སར་རྒོད་པ་ནས།།
ག་ལེར་ངག་འཇམ་ཀ་ཕྲེང་སྒྲིག་པ་དེས།།
ང་ཡི་ཡིད་དབང་རྦད་དེ་འཕྲོག་ནས་སོང་།།
ཅ་དག་ཅོ་ཏོ་བེ་རིའི་གདན་དུ་ཐོངས།།
ཆ་ལུགས་ཞི་དུལ་སློབ་མའི་ངང་ཚུལ་བཟུང་།།
ཇ་དང་ཤ་ཡི་ཞབས་ཏོག་སྒྲུབ་ཐུབ་ན།།
ཉ་རེ་ཉོ་རེའི་ཚིག་བཅད་བསླབ་ནི་རེད།།
ཏ་མ་ལ་ལྟར་གསལ་བོ་མེད་ན་ཡང་།།
ཐ་མལ་བྱིས་པའི་མགོ་ན་སྒྲོན་མེ་ཡིན།།
ད་ལྟ་ཁྱོད་ནི་དད་པ་སྐྱེས་ན་ཡང་།།
ན་རེ་འགྱངས་ན་ཁོ་ཐག་ཆོད་འགྲོ་ལགས།།
པ་ར་པི་རེའི་སྙན་ངག་བསླབ་པ་ལས།།
ཕ་རོལ་འགུགས་པའི་མིག་བཙུམས་ཅིག་བྱས་དང་།།
བ་མོ་གཅིག་གི་རྗེས་ལ་གླང་ཀོག་ལྟར།།
མ་རབས་དེ་ཚོ་ཁྱོད་ཀྱིས་འགུགས་ལོས་ཐུབ།།
ཙ་ཏིར་རྡོ་ལྟར་འཁྲེགས་པའི་ཉམས་མྱོང་ཅན།།
ཚ་ག་ཚུ་གུ་ཕོ་ག྄སར་ང་འདྲ་དག།
ཛ་མོ་ཁྱོད་ཀྱིས་འགུགས་པར་མི་ནུས་པས།།
ཝ་མ་ཝོ་དག་གི་རྗེས་སུ་རྒྱུགས།།
ཞྭ་མོ་ཟུར་བཀོན་བྱེད་པའི་གསར་རྒོད་ང་།།
ཟ་བྱེད་ཟས་དང་ལེགས་བཤད་མཉམ་དུ་སྡེབ།།
འ་རོགས་ཁམས་པའི་ནང་ན་གཅིག་ཡོད་ནོ།།
ཡ་མེད་བེ་རི་དགེ་སློང་ཡིན་ནོ་སྐད།།
ར་མ་ལུག་གི་ཚིག་རྐང་སྒྲིག་པ་དག།
ལ་ལུང་ཀུན་ཏུ་ངལ་བས་བཀྲམ་ན་ཡང་།།
ཤ་ཚ་སྙིང་རྗེས་སེམས་ཀྱིས་ལེན་པ་ལས།།
ས་སྟེང་འདི་ན་མཁོ་ནས་ཉོ་མཁན་མེད།།
ཧ་ཅང་སྙན་འགྱུར་མེད་ཀྱང་ཀ་རྩོམ་འདི།།
ཨ་མའི་བུ་ངས་གུས་བ་མཚོན་བྱེད་དུ།།
ཧ་ཅང་བརྩེ་བ་ཅན་གྱི་མཁའ་འགྲོ་ལ།།
ཨ་མཚར་ཀུ་རེ་ཚུལ་དུ་ཤར་མར་སྤེལ།།
མཁའ་འགྲོ་མཚོ་་་་་་་་་་་་་་་་་་
ང་རྒྱལ་རི་བོ་ལྟ་བུར་མ་ཆེ་ཤིག །ག་ལེར་བེ་རི་རྐྱང་རྐྱང་མ་སྨོད་ཅིག །ཁ་ནས་ཚིག་རྩུབ་དེ་འདྲ་མ་མང་བར། །ཀ་ར་གུ་རམ་སྤྲོད་ཀྱི་ང་འདི་རུ་ཤོག །
མཁའ་འགྲོ་མཚོ་ལ།
ན་ཞོན་བུ་མོ་སྟེང་ལ་ཞོན་དང་ཕོ་མཚན་མུར།
ད་ནི་དུས་ངན་སྙིག་མའི་རང་རྟགས་འདྲ།
ཐ་མག་ཨ་རག་འཐུང་སོགས་ཡོད་ཚད་བྱེད།
ཏ་ལའི་ལོ་མ་ཙམ་གྱི་ནུ་ཁེབ་མེད་པ་འདི།
པ་ལོ་བྲེགས་པའི་ཇོ་མོ་མ་ཡིན་ན།
ཕ་བཟང་མོ་ཁྱོད་ཀྱི་དྲང་པོའི་གཏམ།
བ་སྤུ་ཟེང་བའི་ངོ་ཚ་མ་གནང་ནས།
མ་སྲང་དྲང་པོ་གསུང་དང་རུང་མི་རུང་།
རིན་ཆེན་ལགས
སྙན་ཚིག་གཏམ་ལ་འདོད་པ་མ་གནང་གོང་།
ཁ་སྐད་གཙང་མའི་བོད་སྐད་མཁྱེན་པར་བྱོས།
དེ་ནས་གཞོན་ནུ་མ་དང་དྲ་འགྲེལ་ཐོག
ཐུགས་ལ་བསམ་པའི་སྙིང་གཏམ་གོ་བར་ངེས།
ཀ་ར་བུ་རམ་སྤྲད་དུས་དགོས་ཡོད་ཟེར། །ཁ་ལ་འོ་ཞིག་བྱེད་དུས་མ་བྱེད་ཟེར། །ག་རེ་ཡིན་ནའང་མཁའ་འགྲོ་མཚོ་ཟེར་བའི། །ང་དགའ་རོགས་སྙིང་རྗེ་སྙོམས་ཆུང་རེད། །
ཅ་ཅོ་ཆེ་བའི་མགོན་པོའི་མིང་ཅན་གང། །ཆ་འཇོག་འོས་པ་རྒྱ་ཆ་བརྒྱ་མ་རེད། །ཇ་ཤིང་སྟེང་དུ་སྐྱེ་བའི་ལོ་མ་ལྟར། །ཉ་ར་མི་བྱེད་འདི་ནས་སྤྱུག་ན་ལེགས། །
མགོན་པོ་ལ
ཀ་ཕྲེང་སྒྲིག་པའི་ཡི་གེ་མི་ཚང་གི།
ཁ་ནས་ཚིག་བཅད་ཤར་མར་མི་འབྱུང་ན།།
ག་ལེ་ཀོག་འགྲོ་རྐང་བཞིའི་ལད་མོ་བྱོས།།
ང་ལ་འགྲན་ན་དབྱངས་ཅན་པི་ཝང་དགོས།།
ཏྰ་ཡང་སྒོར་མོ་མཐོང་བས་ཆོག་མ་ཡིན་། །ཐ་སྙད་ཙམ་ཞིག་གོ་བས་ཚིམ་མ་ཡིན། །ད་དགོང་ཡིན་ན་མཁའ་འགྲོ་མཚོ་ཡི་སར་། །ན་རུང་ཚ་རུང་དེ་རིང་འགྲོ་རྐྱང་ཡིན། །
པ་སངས་ཁ་དོག་འཆང་བ་ཁྱོད་ཀྱི་སེམས། །ཕ་ཡག་བུ་གཙོག་ང་ལ་བསམ་བློ་གཏོང་། །བ་གམ་མཛེས་པའི་ཁང་ཀླད་གང་གི་རྩེར། །མ་གསང་མཁའ་འགྲོའི་སྡོད་ཁང་ང་ལ་ཤོད། །
གཞོན་ནུ་མ་ལ
ཅ་ཅོ་མ་གནང་སྨྱུག་འཛིན་གཞོན་ནུ་མ།
ཆ་འཇོག་ཕེར་བའི་གཏམ་ཅིག་ངས་མ་མཐོང་།
ཇ་རོ་ལྟབུའི་སྙན་རྩོམ་བཅུད་མེད་པའི།
ཉ་ཉུག་སྲེས་འདྲའི་ཁྱོད་ཀྱི་ཀ་རྩོམ་འདི།
ཏ་ལེར་དྲ་རྒྱའི་ནང་ལ་འཐོང་བའི་དུས།
ཐ་ཆད་བུ་མོ་ལྟབུའི་ཉམས་ཞིག་མཐོང་།
ད་ལྟ་སེམས་ལ་ཤར་བའི་སྣང་ཚུལ་ཞིག
ན་ཆུང་གཞོན་ནུ་ལྟབུའི་དབྱངས་ལས་དྲངས་།
གཞོན་ནུ་མ་ལ
པ་ལོ་བྲེགས་ནས་བདུལ་རྩི་འཕོ་བ་ལས།
ཕ་བཟང་བུ་མོ་ཞིག་དང་ལྷན་ཅིག་ཏུ།
བ་སྤུའི་སྟིང་ནས་གཡོ་བའི་དགའ་བ་ལས།
མ་ཤེས་མེད་པའི་རིག་རྒྱུད་སྤེལ་བ་དགའ།
ཙ་གི་ཙི་གེ་བསྡུས་རྟགས་རིག་པ་ལ།
ཚ་གྲངས་བཀའ་སྤྱོད་སྙིང་པོར་འཛིན་པ་འདི།
ཛ་ཡའི་མི་དམངས་ཞབས་ཞུར་བྱིད་པ་དགའ།
ཝ་ཡེ་གསན་དང་གཞོན་ནུ་གཞང་འཚོང་མ།
ནོར་བཅོས
ཚ་གྲངས་བཀའ་སྤྱོད་སྙིང་པོར་འཛིན་པ་ལས།
ཛ་ཡའི་མི་དམངས་ཞབས་ཞུར་བྱེད་པ་དགའ།
ཝ་ཡེ་གསན་དང་གཞོན་ནུ་པི་ཝང་མ།
ཀ་ཁ་ཀྱ་ག་ཀྱོག་གེ་འབྲི་ཤེས་པ།།
ཁ་མཁས་ཚིག་གི་སྦྱོར་བ་སྤེལ་ཤེས་པ།།
ག་ལེར་གཏན་ཚིགས་རིགས་ལམ་བཀོད་ཤེས་པ།།
ང་རྒྱལ་ཅན་གྱི་གཞོན་ནུ་ང་ཡིན་ནོ།།
ཅ་དག་ཡིན་འདོད་རང་སྣང་མཐོ་བ་དང་།།
ཆ་འཇོག་འཕེར་བའི་གཏན་ཚིགས་མེད་པ་དང་།།
ཇ་དང་ཚྭ་སོགས་ཕར་བསྲེ་ཚུར་བསྲེས་བྱེད།།
ཉ་ག་ཉོག་གེ་མགོན་པོ་ཁྱོད་ཡིན་ནོ།།
ཏ་ལའི་བླ་མའི་ཐུགས་ཀྱི་བུ་སློབ་དང་།།
ཐ་མལ་རྣམས་ལ་འཛུམ་གྱིས་བསུ་བའི་བུ།།
ད་ལྟ་འཇིག་རྟེན་སྒྲོན་མེར་འགྱུར་བཞིན་པ།།
ན་ག་ནོག་གེ་མེད་པའི་གཞོན་ནུ་ང་།།
པ་ལགས་ཟེར་ན་འགྲོགས་པའི་གཟའ་ཟླ་མེད།།
ཕ་གཞི་འཛིན་པའི་བུ་གུ་ག་ལ་ཡོད།།
བ་ལང་རྫི་ལས་བླུན་པོའི་མུན་སྒོམ་བྱེད།།
མ་རིག་འཁྲུལ་བའི་ཀློང་ན་མགོན་པོ་འཁྱམས།།
ཞྭ་ལྟར་གཙུག་ཏུ་བདག་འཛིན་འགོང་པོ་འཁུར།
ཟ་ཆོག་ཐར་ཐོར་ཤེས་པའི་ང་རྒྱལ་གྱིས།
འ་འུར་སྦོར་ཤོབ་བྱང་བའི་གཞོན་ནུ་མ།
ཡ་རབ་བླ་མའི་ཐུགས་ཀྱིས་ཟིན་སོ་ལོ།
ར་ལྟར་གྱོང་བའི་ངལ་འཛིན་ལྟ་བ་ལ།
ལ་ལུང་ཁྱི་སྨྱོན་རྒྱུ་འདྲའི་་སྤྱོད་པ་དང་།
ཤ་ཟན་རི་སྤྱང་སྔོན་མོའི་སྒོམ་པ་ཡིས།
ས་ཐོབ་སང་རྒྱས་ཐུགས་ཀྱིས་ཟིན་ནོ་ལོ།
ཧ་ཧོ་དགྱེས་པའི་སྡེབ་སྦྱོར་མི་ལྡན་ཡང་།
ཨ་ལི་གཞོན་ནུའི་ངར་རྒྱས་ཞི་བར་ཤོག
ཀ་ཁ་ཀྱག་ཀྱོག་ཤེས་པའི་གཞོན་ནུ་དང་། །ཁ་ནས་གང་བྱུང་ཐོན་པའི་མགོན་པོ་གཉིས། །ག་ནས་བསམ་ཀྱང་ཕན་ཚུན་འདྲ་བ་ལ། །ང་ཡག་ཁོ་ཡག་ཟེར་ནས་རྩོད་དོན་ཅི། །
ཅ་ཅོ་ཆེ་ལོད་གཉིས་ཀ་གཅིག་ཏུ་མཐུན། །ཆ་རྒྱུས་ཡོད་མེད་ཚང་མ་གཉིས་ཀས་བཤད། །ཇ་ཙམ་འཐུང་ཡང་ར་ཞིག་བཟི་མདོག་མདོག །ཉ་ཉོག་ལུང་པ་གང་དེ་གཉིས་ཀས་བཤད། །
མགོ་རྐང་མེད་པའི་ཀ་བཤད་ཐ་་ཐོར་རེ།
རིན་ཆེན་ལྷ་མོས་སེམས་ལ་ཤར་ན་ཡང་།
གཞོན་ནུའི་པི་ཝང་ཀྲོལ་ན་ཤེས་ནས་ཡོང།
མགོན་པོས་གྱོག་རྡོ་འཕང་ཡོང་ཟབ་པར་བྱོས།
གཞོན་མ་ཟླ་མེད་དང་མགོན་པོ་གཉིས་ལ།
ཀ་མ་ལ་ལྟའི་མཛེས་སྡུག་མི་ལྡན་ཡང་།།
ཁ་ནས་ང་ཡིན་ཟེར་བའི་གཞོན་ནུ་མ།།
ག་ལེར་བརྟག་ན་ཁྱེད་ཀྱིས་བྲིས་པ་དག།
ང་ཡིས་རིན་ཐང་ལྡན་པར་མི་མཐོང་ངོ།།
ཅ་ཅོ་གཏམ་གྱིས་གཞན་སེམས་དཀྲུག་ལ་དགའ།།
ཆ་གཞག་མེད་པའི་བྱ་སྤྱོད་སྤེལ་ལ་གོམས།།
ཇ་ཆང་ནག་གསུམ་གླེང་དུས་དགོད་རྒྱུ་མང་།།
ཉ་ཉོག་མགོན་པོ་ཁྱོད་ཀྱང་དེ་བཞིན་ནོ།།
གསང་སྔགས་སྡེ་ཆེན་གླིང་གི་པིན་པིན་ཙི།།
གར་འགྲོ་རླུང་གིས་བསྐྱོད་པའི་ཆིས་ཆིས་ཙི།།
བཤན་ན་གོ་བ་མེད་པའི་མྰོ་ཉུག་ཙི།།
ཕན་ཐོག་ཅི་ཡང་མེད་ན་པ་ཁྱྰིག་ཙི།།
རྩོམ་འདི་བྱ་ཁྱུང་ཨ་ཁ་ཞིག་གི་ཡིན་རབས་གོ་མྱོང་། མིན་ན་སྡེ་ཆེན་དང་དགོན་ལུང་བ་གང་རུང་ཞིག་གི་ཡིན་སྲིད། ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་ཞལ་ལས་འདི་ཚར་འགའ་གོ་མྱོང་།
འཇམ་དབྱངས་ཕྱག་ན་གྲི་རིང་ཅན། །ཨོང་དོ་པད་མའི་གདན་ལ་བཞུགས། །འདི་ཡང་སྡེ་ཆེན་བླ་རྒན་ཞིག་གི་སྙན་ངག་དཔེར་བརྗོད་ཡིན་ས་ཡོད།
ས་སྐྱ་སྐྱའི་ནང་གི་ཝ་སྐྱ་སྐྱ། འདི་ནི་ངའི་མི་ཚེའི་ནང་ཐོག་མར་དགེ་རྒན་ཞིག་གིས་སྙན་ངག་རྩོམ་གི་ཡིན་ཟེར་ནས་འདི་འདྲ་ཞིག་བརྗོད་པ་དེ་ཡིན། དེ་དུས་ང་རང་ལོ་དགུ་ཡིན་བསམས། སློབ་ཆུང་དུ་ཐོག་མར་ཞུགས་པའི་ལོ་དེ་ཡིན། ད་ལྟ་བསམས་ན་འདིས་ང་རང་ལུང་དུ་བསྟན་འདུག
ར་མའི་རིལ་མ་འདྲ་བའི་རིན་ཆེན་འདི།།
ལ་རྡིན་ལྟ་བའི་སེམས་ནག་ཅིག་ཡིན་ཚོད།།
ཤ་གྱོང་རུས་གྱོང་ལྕེ་ཡི་བར་གསེང་ནས།།
ས་ཕག་ལྟ་བའི་ཤགས་འགྱེད་བྱེད་ལ་དགའ།།
ཧ་ནེ་ཧོན་ནེ་མ་འདུག་མགོན་པོ་གུར།།
ཨ་མའི་བུ་ཅིག་ཡིན་ན་ལན་ཅིག་རྒྱོབས།།
ཧ་ཅང་སྒོམ་ལ་དགའ་བའི་གཞོན་ནུ་ང་།།
ཨ་མྲ་ཟོས་རྗེས་ཡང་བསྐྱར་སྒོམ་ལ་འགྲོ།།
ཀླུ་སྨྱོན་། གོང་གིས་བོད་རྒྱ་དཀྲུགས་མའི་རྩོམ་དེ་འདི་ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གིས་གསང་སྔགས་སྡེ་གླིང་གི་སྔགས་མང་ལ་བྲིས་པ་རེད། ཁོས་གསུངས་ཆོས་གསུངས་སྐབས་སྔགས་པ་མང་པོ་ཅིག་གིས་ཟེར་རྒྱུར། བསྟན་པ་རྒྱ་མཚོ་ཡིན་ན་འདི་དགེ་ལུགས་ཆད་ལྟ་བ་ཅིག་རེད། ཟེར་ནས་ཤ་བ་ཤུ་བ་བཤད་བཞིན་རྩ་ནས་མ་ཡོང་བས་འདི་བྲིས་སྐད་འདུག
དཔལ་ལྡན་བླ་མ་ལྷ་བྱས་ཟུར་གསུམ་འདྲ།།
སྐུ་ཁམས་བཟང་རེས་སྐོར་བ་རེ་གཉིས་འགྲོ།
གསུང་ཆོས་གསུང་སྐབས་མགོ་ན་འོད་ཀྲིག་ཀྲིག།
པོ་ཞབས་ལ་ཕྱག་འཚལ་ལོ།།
ཀླུ་སྨྱོན། གསོལ་འདེབས་འདི་སུས་གསུངས་ཡིན་པ་མ་ཤེས་ན། བྲག་དཀར་སྤྲེལ་རྫོང་གི་བླ་མ་དཔལ་ལྡན་བཟང་པོ་ཟེར་བ། དབུ་སྐྲ་མེད་པ་ཅིག་ལ། སློབ་མ་ཚོས་གསོལ་འདེབས་རྩོམ་པ་རེད་ཟེར། བདེན་པ་འེ་རེད།།
ཟླ་མེད་ལགས། ཐུགས་རྗེ་ཆེ། ཞང་སྟོན་ཚང་གི་སྙན་ངག་ཚོ་སྙན་པ་ལ་ཚོད་ཅིག་མེད། ལྷག་པར་དུ་རྗེ་བཙུན་སྒྲོལ་མའི་རྟོགས་བརྗོད་གཡུ་ལོ་བཀོད་པའི་དགའ་ཚལ་ལྟ་བུའི་སྙན་ངག་ཅིག་མཐོང་དཀོན་པོར་འདུག ལོ་ཆུང་ཡིན་དུས་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་དང་ལྷན་ཅིག་དུས་འཁོར་ཆོས་ཐོག་ལ་ཐེངས་མང་སོང་མྱོང་ལ། ཞོགས་པ་སྔ་བོ་ཆུ་ཚོད་བཞི་བ་ཙམ་ལ་མལ་ལས་ལངས་དགོས་ཤིང་། ཆོ་ག་བཏོན་ནས་ཆུ་ཚོད་གསུམ་བཞིའི་རྗེས་སུ་གཞི་ནས་ནམ་ལངས་ཡོང་བ་དང་། དེ་དུས་དགེ་བཤེས་ཚང་གི་ཞལ་ནས། དབང་ཕྱོགས་མཁའ་མཐའ་སྔོ་སྐྱར་གྱུར་པ་ན། །སྐྱ་རེངས་དང་པོ་ཤར་ཞེས་མི་དག་གླེང་། །ཞེས་ཐེངས་མང་གསུངས་མྱོང་ཞིང་། དེ་དུས་དོན་ཅི་བཞིན་མ་གོ་ན་ཡང་ཚིག་སྙན་མོ་ཞིག་འདུག་བསམས་ནས་བློ་རུ་བཟུང་བ་ཡིན། རྗེས་སུ་དགེ་བཤེས་ཚང་ཞིང་དུ་གཤེགས་པ་དང་ཐེངས་གཅིག་དེབ་ཅིག་ལས་ཞང་སྟོན་ཚང་གི་སྒྲོལ་བསྟོད་གཡུ་ལོ་བཀོད་པའི་དགའ་ཚལ་མཐོང་སྟེ་བཀླགས་པས། གོང་གི་དགེ་བཤེས་ཚང་གིས་སྐྱོར་གནང་བའི་ཚིག་རྐང་གཉིས་པོ་དེ་རུ་འདུག་པ་མཐོང་། དགེ་བཤེས་འདི་བས་རིག་གསར་སྐབས་བརྩམས་གནང་བའི་ལྷ་མོ་དབྱངས་ཅན་མའི་བསྟོད་པ་འགྲན་ཟླ་བྲལ་བ་ཞིག་དང་། ཁོང་རྒྱ་ནག་སུའུ་ཀྲིག་དང་ཧང་ཀྲིག་ལ་གནས་གཟིགས་ཕེབས་དུས་ཀྱི་སྙན་ངག་སོགས་མཇལ་དུས་ཁོང་གི་སྙན་ངག་སློབ་ཁྲིད་གནང་སྐབས་ཀྱི་སྐུའི་ཉམས་འགྱུར་དང་གསུང་གི་གདངས། ཐུགས་ཀྱི་བརྩེ་བ་སོགས་དྲན་ནས་བཟོད་གླགས་མི་འདུག
འོ་རེད་ཡ། བྱམས་པ་འཕྲིན་ལས་དང་། འ་ལགས་སྤོས་མདུད་གཉིས་ད་མར་ར་ལུང་བའི་རྡ་རྡ་ཡིན་ཡ ཧཧཧཧ
ཀླུ་ཚང་གི་འ་ལགས་དེ་བ་ཚང་ནས་དགེ་འདུན་ཉི་ཤུ་དང་ཕར་ཕྱིན་སྐབས་གསུམ་པའི་དཔེ་ཁྲིད་ཆ་ཚང་ཅིག་སོང་རྗེས། ཡོངས་འཛིན་རིན་པོ་ཆེ་ནས་དྲི་བ་གཉིས་བཀོད་ནོ་ད་བརྗེད་ཀྱི་ཟིག་མེད་གི
མང་ར་ལུག་བཤའ་ཁྲང་དེ་ནས་ད་ལུག་མགོ་གོང་ཁེ་ནི་རེད་ཡ། ལུག་མགོ་རེ་ལ་མོ་ཙི་དྲུག་རེད། ད་ངས་ཉིན་རེར་ལུག་མགོ་གཉིས་རེ་བཙོས་ནས་ཟོས་མྱོང་ནི་རེད། ངའི་ནང་ན་ལུག་མགོའི་རུས་ཁོག་སྤུངས་ཡོད་ནོ་ད་སྲིན་པོ་གླིང་དུ་སླེབས་པའི་ཚོར་སྣང་སྟེར་རྒྱུ་རེད་ཡ།།
ཀ་ལ་ར་མགོ་ཞབས་ཀྱུའི་འཇུག་ཏུ་བ། །ཁ་ཡང་དེ་བཞིན་རྩུམ་ན་ཆོག་མོད་ཀྱིས། །ག་ས་ག་ལ་གང་བྱུང་མང་བྱུང་བཤད། །ང་ད་མགོན་པོ་ཁྱོད་ལ་ཡིད་ཐང་ཆད། །
ཀ་ལ་ར་མགོ་ཞབས་ཀྱུའི་འཇུག་ཏུ་བ། །ཁ་ཡང་དེ་བཞིན་རྩུམ་ན་ཆོག་མོད་ཀྱིས། །ག་ས་ག་ལ་གང་བྱུང་བཤད་བཤད་ནས། །ང་ད་མགོན་པོ་ཁྱོད་ལ་ཡིད་ཐང་ཆད། །
ཀོ་བ་ལྟ་བུའི་མགོན་པོའི་ཚིག་ཀྱོང་འདི།།
ཁོ་བོས་དགྲ་སྟ་རྣོན་པོས་མི་ཆོད་གི།
གོ་རྒྱུ་ཅི་ཡང་མེད་པ་འདྲ་འདུག་པས།།
ངོ་བོ་བཙལ་མཐར་ངག་ཀྱལ་ཡིན་པར་ཤེས།།
ཅོ་གའི་ངག་ལས་ཐོན་འདྲའི་སྙན་ངག་ཚིག།
ཆོ་མེད་མདོ་མེད་འདི་ཡིས་མི་འཇོན་པས།།
ཇོ་མོ་གླང་མའི་བྲག་ཁུང་ཅིག་གི་ནང་།།
ཉོ་ཚོང་མེད་པར་ཉལ་སྒོམ་བྱས་ན་ལེགས།།
ཏོ་ཅོ་ཆོས་ལ་ཟུར་ཟ་བྱེད་ན་ཡང་།།
ཐོ་ཅོ་ཆེ་བས་ཅི་ཡང་མེད་པ་བསྒོམས།།
དོ་མཉམ་སེམས་བསྐྱེད་སྒོམ་ཁུལ་བྱས་བྱས་པས།།
ནོ་མོ་ཧན་ཅིག་ཡིན་མདོགས་སྟོན་ལ་བསྟོད།།
པོ་པོ་ཚངས་བས་ཚིག་གི་དབང་ང་འབྱོར།།
ཕོ་མིན་མོ་མིན་མགོན་པོས་འགྲན་ཟླ་མིན།།
ར་མའི་རིལ་མ་ཟེར་བར་གོ་རྒྱུ་ཅི། །ལ་ཕུག་རྗེན་པ་སུ་ཡིན་ད་ལྟ་ཤོད། །ཤ་སུ་མར་གང་ཐུད་དེ་འོ་ན་སུ། །ས་གཞི་ཆེ་རུང་མི་ཀུན་ཆུང་ཡང་རུང་། །ཧ་ལས་ཧོན་ཞིག་འཐོར་མདོག་མ་བྱེད་བར། །ཨ་ཕོ་ཚང་མར་མིང་རེ་ཡོག་རེད་ད། །ཧ་ཧ་མ་གཞི་ཁྱོད་ལ་ཆ་འཇོག་ཅི། །ཨ་རོ་ལ་ཕུག་རྗེན་པ་ཁྱོད་ཀྱི་མིང་། །
མཆན་་་་་་་་་་་་་་་གོང་གི་ཨ་རོ་དེ་ཨ་རོགས་ཡིན་་་་་
རྦ་རླབས་བཞིན་དུ་བདག་གི་སྙན་ངག་ཚིག།
རྦ་རྡོ་བཞིན་དུ་བདག་གི་གཏན་ཚིགས་རིགས།།
རྦ་བ་ཅན་གྱི་མགོན་པོས་འགོག་མི་ནུས།།
རྦ་དབྱུག་བཟུང་ནས་ལམ་སང་བྲོས་ན་ལེགས།།
ཀ་རྩོམ་ཤན་པའི་སྤུ་གྲི་འདི།།
ཁ་སོ་ཕྱི་ནང་སིང་སིང་ལོག།
ག་ལེར་བསམ་ན་རང་མགོ་རྨས།།
ང་ཡིས་བལྟས་ན་རྙིང་རེ་རྗེ།།
ཅ་ཅོ་མང་བ་སྤྲེའུའི་སྤུན།།
ཆ་འཇོག་མེད་པ་ཝུ་བ་འདྲ།།
ཇ་ཤིང་ཅིག་གི་རྣོ་མེད་པས།།
ཉ་ཉུང་བསྲེས་ཅེས་བཏགས་ན་ལེགས།།
གཞོན་ནུ་མ་ཟླ་མེད་དང་མགོན་པོ་་གཉིས་ལ།།།།།
ཀ་བ་བུམ་པ་རྩོད་པའི་ཆོས་རྭ་ནས།།
ཁ་དོག་དཀར་དམར་ཐ་སྙད་མི་ཤེས་ཀྱང་།།
ག་དུས་ཡིན་ཡང་མཁས་ཉམས་སྟོན་པ་ཡི།།
ང་ཅག་ཁ་རྡུང་གཏོང་བའི་གཞོན་ནུ་མ།།
ཅ་ཅོ་ཚིག་གིས་གཞན་རྐྱོན་མང་སྒྲོག་པའི།།
ཆ་ལེ་ཆོ་ལེའི་ཀ་བཤད་མང་པོ་ཞིག།
ཇ་ཕོར་གང་གི་རིན་ཐང་མེད་ན་ཡང་།།
ཉ་རེ་ཉོ་རེའི་ཨུ་ཚུགས་བྱེད་ཀྱིན་གདའ།།
ཏ་ཐ་ག་ཏའི་བསྟན་ལ་གནོད་པ་དང་།།
ཐ་མལ་རང་རྒྱུད་འཁྲུགས་པའི་གཞི་གྱུར་ཏེ།།
ད་ལྟར་དོན་མེད་རྩོད་ལ་དགའ་བ་ཡི།།
ནཱ་ཐའི་མིང་ཅན་ཁྱོད་གཉིས་རང་ཚོད་ཟུངས།།
མིའུ་ཕྲུག་ཟེར་བའི་གདོན་ཕྲུག་ཆུང་ཆུང་འདི།།
ཕག་ཕྲུག་འདྲ་བའི་རྨོངས་ཕྲུག་ཅིག་རེད་འདུག།
སེང་ཕྲུག་བདག་གིས་ཁ་ཕྲུག་མ་བཤད་གོང་།
ཝ་ཕྲུག་བཞིན་དུ་དྭ་ཕྲུག་བྲོས་ནས་སོང་།།
ཀ་རྩོམ་ཤན་པའི་སྤུ་གྲིའི་སོ་ཁ་ལ།
ཁ་སོ་ཕྱི་ནང་ལོག་ནས་གཞོན་ནུས་མགོ།
ག་ལེར་བཅད་བའི་མི་ཟོད་འོ་འདོད་
ང་ཡིས་བལྟས་ན་རྙིང་རེ་རྗེ་ཤར་ན་ཡང་།
ཅ་ཅོ་སྤྲེའུའི་ཐོད་བྲེག་འདྲའི་ཙིར་སྐད།
ཆ་འཇོག་མེད་ཀྱང་རྒྱུ་འབྲས་བདེན་པ་ཤར།
ཇ་འཆང་ཁ་དང་འདོད་ཡོན་དབང་དུ་སོང་།
ཉ་རྒན་རླ་ལ་མ་སྡར་བག་ཡོད་བྱོས།
དྲ་ངོས་༦༠་འཕྲོས།
ཙ་ར་གཞོན་ནུའི་འཕོངས་ལ་ཞ་ངེས་ཞིག། །ཚ་ཐག་ཆོད་པར་མིའུ་ཕྲུག་ཟ་འདྲེས་གཞུས། །ཛ་དྲགས་མི་ཆེར་དགོས་ངེས་འ་ཅག་དྲན། །ཝ་ལེར་རང་ཉེས་དྲན་ནས་ཡ་རབས་འགྱུར།
ར་ཧུའི་གཟའ་རྒོད་སུ་འདྲ་ཧ་གོ་ནས། །ལ་ལུང་བརྒལ་གོ་མ་ཆོད་ཨ་མའི་བུ། །ཤ་བས་རྔོན་པ་མཐོང་ལྟར་ཧ་ལམ་དུ། །ས་ཆ་ཞིག་ཏུ་ཡེབ་ངེས་ཨ་རོག་ཁམས།
ཀ་ཁ་ཤེས་གོ་མིའུ་ཕྲུག་བུ་ཡིས་ཆོད། །ཁ་རོག་མ་འདུག་སྨྱོན་པ་འདི་དག་ཀུན། །ག་ལེར་དྲན་པ་ལྷན་གཅིག་གནས་ངེས་ཞིག། །ང་ཅག་སྔོན་དུ་ངེས་པར་མཛད་པར་ཞུ།
ཀ་དག་ཆོས་སྐུའི་ངང་ནས་གཅིག་བལྟས་པས། །ཁ་བརྡ་འདི་རུ་ང་མིན་ང་རྫུས་མཁན། །ག་ནས་ཡིན་མིན་ཤེས་ཀྱང་མི་ཤེས་རུང་། །ང་རང་རིན་ཆེན་ཁྱོད་རང་རྫབ་ཆེན་ཉིད། །
གཞོན་ནུ་མ་ལ་མཆན་༡༠༣འཕྲོས་་་་་་
པ་ཕའི་བསླབ་བྱ་རྣ་བའི་དུག་ཏུ་མཐོང་།།
ཕ་རོལ་གཞན་ལ་དམོད་ཚིག་མཆུ་ཡི་རྒྱན།།
བ་གླང་ལྟ་བུའི་གཞོན་ནུ་ཟླ་མེད་འདི།།
མ་རབས་བྱ་བས་རང་རྒྱུད་ཕུང་ལ་བྲེལ།།
ཙ་ར་བཅད་ནས་ཞིབ་ཏུ་བལྟས་པ་ན།།
ཚ་འདེད་བྱས་ནས་ཀ་རྩོམ་སྣ་ཚོགས་ཤིག།
ཛ་དྲག་ཆེ་བའི་ཚུལ་གྱིས་སྒྲོག་པ་འདི།།
ཝ་མོ་བརྒྱལ་བའི་སྒྲ་ཡི་རྗེས་སུ་འབྲངས།།
མིའུ་ཕྲུག་གུ་བོན་བུའི་རྣ་མཆོག་ཅན།
གང་བྱུང་མང་བྱུང་མ་གསུང་དགའ།
མགོན་པོ་ཁྲོས་ན་ཕྱག་བཞི་ཡོད།
གཞོན་ནུ་ཁྲོས་ན་པི་ཝང་ཡོད།
རྩོམ་གཤིས་ཀྱིས་མི་གཤིས་མཚོན་པའི་དྲ་གྲོགས་ཚོར།
ཀ་རྩོམ་ཚིག་སྦྱོར་དེ་འདྲ་སྙན་པ་ལ༎
ཁ་བཤད་ངག་འཆལ་དེ་འདྲ་རྩུབ་པ་ལ༎
ག་དུས་ཁོམ་ན་དྲ་རྩོམ་གནང་རོགས་ཞེས༎
ང་ཡིས་ཐལ་མོ་སྙིང་ལ་སྦྱར་ནས་ཞུ༎
དེ་སྔོན་མི་ཆོབ་རྒན་ཞིག་གིས་ཀ་རྩོམ་ངག་སྐྱོར་མ་ཞིག་འདིར་བགྲང་འདོད་བྱུང༌།
ཀ་པ་ལ་ནས་སྤུ་ཞིག་ཏོག༎
ཁ་ཡི་འགྲམ་དུ་བཙུགས་པ་འདྲ༎
ག་ནས་ནབལྟས་ཀྱང་འདྲེ་ལ་འདྲ༎
ང་ལ་གནོད་པ་མ་བསྐྱལ་རོགས༎
འདིའི་སྒྲུང་དེ་སྙན་པོ་ཞིག་འདུག
ཞ་ཉེ་དངུལ་ལ་བརྫུ་བའི་ཞ་ར་ཞིག།
ཟ་ཟིང་གཡོ་སྒྱུས་གཞན་ནོར་ཟ་ལ་དགའ།།
འ་ཅག་ཡོངས་ལ་སྐྱོན་བརྗོད་འ་རེ་འུར།།
ཡ་ཡོ་ཀུ་ཅོ་སྒྲོག་འདི་ཡ་རེ་མཚན།།
མགོན་མེད་གཅིག་པུར་རྒྱུ་བའི་གཅེར་བུ་པ།།
པོ་པོའི་རིག་གཞུང་གཤེར་བའི་ལག་དམར་བ།།
ཕྱག་དར་ཁྲོད་ཀྱི་ངན་སྐྱུགས་སྒྲུབ་མཁན་འདི།།
བཞི་བརྒྱ་རྩ་བཞིའི་ནད་ཀྱི་སྣ་འདྲེན་དངོས།།
ཀ་རྩོམ་བྲིས་ཚད་ཚིག་རྩུབ་རྐྱང་རྐྱང་རེད༎
ཁ་ནས་བཤད་ཚད་རྩོག་གཏམ་རྐྱང་རྐྱང་རེད༎
ག་བར་སོང་ཡང་བརྙས་བཅོས་བྱེད་མཁན་རེད༎
ང་རང་དྲ་རྒྱ་འདིའི་ནང་ཡིད་ཐང་ཆད༎
ཅ་ཆོ་རྩོམ་གྱི་ནང་དུ་སྙན་ཚིག་འདུག།
ཆ་མེད་རྒྱུས་བཤད་ནང་དུ་བློ་བསྐྱེད་འདུག།
ཇ་མིན་ཆང་ཆང་མིན་ནང་དུ་གཟི་རྩི་འདུག༎
ཉ་ཉུང་གསེས་པའི་བསེབ་དུ་ཉམས་མྱོང་འདུག།
དྲ་གྲོགས་ཚོ་གཉིད་གུག་པ་འདྲ་སུ་ཡང་མཇལ་རྒྱུ་མི་འདུག
ཀ་མ་ལ་ལྟར་མཛེས་པའི་མཁའ་འགྲོ་མཚོ།།
ཁ་ནས་འགྲོ་གི་འགྲོ་གི་ཟེར་ཞོར་དུ།།
ག་ལེར་ང་ལ་ཕྱི་མིག་ལྟ་བ་དེས།།
ང་ཡི་ཡིད་སེམས་རྦད་དེ་གཟི་བར་བྱས།།
ཅ་དག་མིན་རུང་ཚིགས་ཀ་ཅིག་བསྟན་ནས།།
ཆ་རྒྱུས་མེད་ཀྱང་ཧམ་པ་ཅིག་བྱས་ནས།།
ཇ་ཁུག་ནང་གི་ཨ་མའི་དངུལ་རྐུས་ནས།།
ཉ་ཕྱིའི་རྣ་ལུང་ཁྱོད་ལ་ཉོ་རྒྱུ་ཡིན།།
ཏ་མ་ལ་ཡི་ཀློང་ན་སྤྲིན་པ་ལྟར།།
ཐ་མལ་བདག་སེམས་ཁྱོད་ལ་འཁོར་ནས་ཐལ།།
ད་ལྟ་བསམ་ན་དེ་ཡང་འགྲིག་བསྡད་འདུག།
ན་ནིང་དོ་ཚིགས་མཇེ་རྒོད་ཨར་མི་བརྟན།།
པ་ར་པི་རེ་གཞན་ལ་མ་བཤད་འ།།
ཕ་རོལ་རིན་ཆེན་ཁོ་ལ་དེ་བས་མིན།།
བ་ལས་གཡུང་བའི་གཞོན་ནུ་ང་ཡི་སར།།
མ་བུ་ཕྲད་པ་ལྟ་བུར་མྱུར་ཏུ་ཤོག།
ཙ་གོ་ཚོད་མ་འདི་ན་མེད་ན་ཡང་།།
ཚ་ལྡན་འཐེན་ཐུག་ཞིམ་པོ་སྐོལ་ནི་རེད།།
ཛ་ར་ཛོ་རེ་དབུ་སྐྲ་ཤད་ནས་ཤོག།
ཝ་མ་ཝོ་ཡི་སྤྱོད་པ་དོར་ནས་ཤོག།
གཉིད་ཁུག་འཇུག་དང་། ཁྱེད་རང་ཟ་འཕྲུག་ལངས་ན་སྦར་འབྲད་ཁུ་སིམ་མེར་གནང་ན་འགྲིགས་ཀྱི་མིན་འདུག་གམ། མི་ཚོ་གཉིད་དཀྲོགས་དགོས་ཀྱི་འདུག་གམ། དེ་འདྲའི་ཚོགས་ངན་ཆེན་པོ།
ཀ་མ་རུ་ལས་དཀར་བའི་ཁྱོད་ཀྱི་ཞལ། །ཁ་ལ་རྒྱ་སྐྱེགས་མཚོན་གྱིས་བྱུག་ལྟར་དམར། །ག་ལ་འགྲོ་འོ་མཛེས་མ་མཁའ་འགྲོ་མཚོ། །ང་ལ་གཏོགས་ཙམ་ཞིག་ད་སྒུག་རོགས་གནང་། །ཅ་རེར་ཁྱོད་རང་སྒོམ་པའི་གཞོན་ནུ་ཁོ། །ཆ་ངག་སྣ་ཚོགས་བྲིས་ནས་ཁྱོད་ལ་བསྐུར། །ཇ་འཐུང་ཙམ་གྱིས་དུས་ཚོད་བྱུང་ན་ཡང་། །ཉ་མོ་ཆུ་ལ་འགྲོགས་ལྟར་ཁྱོད་དང་འགྲོགས། །ཏ་རིན་རིགས་རུས་གཙང་བའི་མཁའ་འགྲོ་མཚོ། །ཐ་ཆད་མི་དང་འགྲོགས་པ་མི་སྲིད་པས། །ད་ནས་བཟུང་སྟེ་གཞོན་ནུར་གསལ་པོ་ཤོད། །ན་ཆུང་ཁོ་ཡི་རེ་བ་ཁས་མ་ལེན། །པ་སངས་ཀུན་ལ་བཟང་བའི་ཉིན་དེ་ནས། །ཕ་ཡུལ་ཕྱོགས་ལ་ང་གཉིས་འགྲོ་གོ་ལོ། །བ་ཤ་གླང་ཤ་གཡག་ཤ་ཕག་ཤ་སོགས། །མ་ལུས་ཆང་ས་ཚར་ནས་ཟ་གོ་ལོ། །
མི་བུའི་རིན་ཐང་ཤེས་པའི་མིའུ་ཕྲུག་གི།
རྣམ་དཔྱོད་ལེགས་པར་བཀྲལ་བའི་ལེགས་བཤད་དེར།།
ཟླ་མེད་འགྲན་ཟླ་མ་ཕོད་བྲོས་ལམ་བསྙེགས།།
མགོན་པོ་མགོ་བོ་གཡུགས་བཞིན་ཡིབ་ནས་ཐལ།།
ཅ་ཅོའི་ཚིག་སྙན་སྨྲ་བ་ཙམ་མིན་པར། །ཆ་འཇོག་བྱེད་ན་ཆོག་པའི་མིའུ་ཕྲུག་བུས།
།ཇ་ཡུན་ཙམ་གྱིས་མགོན་པོ་གཞོན་ནུ་སོགས། །ཉ་ཟླ་སྒྲ་ཅན་ཞལ་དུ་མིད་བཞིན་བཟོས།
ས་ལ་ཉལ་བའི་མཁའ་འགྲོའི་མཚོ་ཡོད་ན། །
གནམ་ནས་འཕྱོ་བའི་འཁའ་འགྲོའི་སྤྲིན་པ་ཡོད། །
བུ་མོ་ཁྱོད་རང་བདེ་བར་ཉལ་བའི་མཚོ། །
ང་རང་གནམ་ནས་མཆོང་བའི་སྨུག་ནག་སྤྲིན། །
འདོད་པའི་ཆར་པས་ཁྱོད་ཉིད་ཚིམ་པར་བྱེད། །
ཁྱོད་ལ་རབ་སྙན་འབྲུག་གི་གླུ་དབྱངས་ལེན། །
ཚ་ཟེར་བཟོད་དཀའི་ཉི་འོད་ཀུན་ནས་འགོག །
ང་མིན་ཁྱོད་ལ་བརྩེ་བའི་གཏན་གྲོགས་མེད། །
གསོན་ཅིག་གསོན་ཅིག་མཁའ་འགྲོ་མཛེས་པའི་མཚོ། །
མཚོ་གཟིགས་ལྟ་འདོད་ཆེ་བའི་དད་ལྡན་ལ། །
ལ་ལུང་བརྒལ་ནས་ཡོང་བར་སྣེ་ལེན་དང་། །
དང་པའི་ཡིད་ཀྱི་བསུ་བ་མི་བྱེད་དམ། །
།ཉམས་འགྱུར་ནོར་བུས་སྤྱི་གཙུག་སྤུད་པའི་ཀླུ། །སྙན་ངག་རོ་ཡིས་མྱོས་ནས་སྨྱོ་བའི་བུ།
།གཤེ་ཡང་མི་གཤེ་དགེ་སྦྱོང་ཆོས་ཀྱིས་བརྒྱན། །ཧེ་རུ་ཀ་པ་ཁྱེད་པ་ལ་ཡིད་རེ་དགའ།
hམཆན་༡༡༢༽་ལ
ཀ་བ་བེར་ཤིང་སྟེང་ནས་སྤུ་ཞིག་ཏོག།
ཁ་རྩངས་ཐུག་པའི་མཛེས་མའི་སྟུ་ལ་བཙུགས།།
ག་རེ་བྱུང་ཡང་འགྱོད་པ་མི་འདུག་པས།།
ང་ཡི་བླ་མས་ཕྲག་དོག་མ་བྱེད་རོགས།། འདིའི་ལས་དེ་སྐྱིད་པོ་ཞིག་འདུག
མྱི་ཕྲུག་ཁྱི་ཕྲུག་གང་ཡིན་ཆ་མ་ངེས།།
ག་ས་གང་དུ་ཁྱུ་སྐྱག་འཆེག་ནས་འདུག།
རང་ཚུགས་ཟིན་ནས་མཆོ་འབུར་བདག་པོ་གྱིས།།
ཁྱི་རྔ་བརླག་པར་ཤེས་ན་ཕྱི་དྲགས་སོང་།།
རིན་ཆེན་ནོར་བུའི་ཁྱི་མཇེ་འཁྲུག་གྱུར་ནས།།
ཆགས་ཆར་གཞོལ་བས་མཁའ་འགྲོའི་མཚོ་མཐའ་ལ།།
ཁྱི་ཕྲུག་ཆར་རྗེས་ཤ་མོག་འབུར་བ་བཞིན།།
རིན་ཆེན་མཁའ་འགྲོའི་རིགས་བརྒྱུད་འཕེལ་བར་ཤོག།
གཞོན་ནུ་བོང་རྒོད་ཟླ་མེད་རིན་པོ་ཆེས།།
བོང་མོ་མཐོང་དང་ཐོས་བའི་སྐད་ཅིག་ལ།།
མགྲིན་བཟང་སྒྲོག་གིན་ཁ་བརྡའི་རི་མཐོ་ནས།།
རི་མཐའ་བར་དུ་ཁ་ཆུ་འཆེག་གིན་རྒྱུགས།།
རིག་པའི་གོར་གཡོག་ཀླད་རྩ་མེ་ཡིས་འཚིག།
སྲེད་ཅིང་འཚིག་པས་ན་ཚའི་འཁུན་སྒྲ་དེས།།
ཤ་མར་ཐུད་སོགས་སྒྲུབ་པའི་ཕྱུགས་རྫི་ལ།།
བསུན་པོ་བཟོ་དགོས་ཨེ་འདུག་གོར་ཤིང་ལགས།།
རང་བསྟོད་རང་གིས་སྒྲོགས་པའི་གཅམ་ཚིག་ལ།།
ཟླ་མེད་ཞེན་པ་ལོག་ནས་ཁ་བཀབ་འདུག།
ང་ཆེ་ང་བཟང་ཟེར་བའི་ཁ་ཕོད་ལ།།
མགོན་པོ་དགོད་ཁ་འཆོར་ནས་མགོ་བོ་གཡུགས།།
འཐོབ་རྒྱུ་མེད་པ་གྲོགས་ཀྱི་སྐུལ་མ་ལ།།
ཁ་ཅིག་ཁ་རོག་བསྡད་དེ་ཉན་ནས་ཡོད།།
ཕ་བུས་ཕན་ཚུན་བསྟོད་བསྔགས་བྱེད་པ་ལ།།
འགའ་རེས་ཁ་མིག་གདང་ནས་ཧད་དེ་འདུག།
ཀ་རྩོམ་གྲལ་དུ་བསྒྲིག་བའི་སྙན་ངག་གིས།།
གཅིག་རྗེས་གཉིས་མཐུད་ཆུ་བོའི་རྒྱུན་བཞིན་དུ།།
དྲ་གྲོགས་རྣམས་ཀྱི་ཁ་མཚར་རྩེད་མོ་ལ།།
ང་ནི་སེམས་པ་དགའ་ནས་བལྟ་བཞིན་ཡོད།།
ཁ་ན་སྙན་པའི་སྡེབ་སྦྱོར་མེད་ན་ཡང་།།
སེམས་ཀྱི་གཏིང་ནས་ཅི་ཡང་འབྲི་སྙམ་ཤར།།
དྲ་གྲོགས་བྱམས་སེམས་ལྡན་པ་ཁྱེད་ཅག་ལ།།
སྤྱན་གཟུགས་བསྟར་བ་འདི་ཡང་ནོང་བཞིན་ཐལ།།
ག་ལི་རོག་ལི་མཉམ་བསྲེ་བྱས་པ་ཡིས།།
འབྲོག་ཕྱུགས་ནོར་ཁྱུའི་ར་བ་བཀང་བ་བཞིན།།
སྙན་རྩོམ་མིན་ཀྱང་ཕལ་བའི་བླུན་བཤད་འདིའང་།།
ཁ་བརྡའི་དྲ་བར་ལེ་ཆོག་སྙམ་ནས་ཐལ།།
ང་འདྲའི་ཁ་ལྡུག་ལྕེ་དུག་རྣམས་ལ་ཡང་།།
ང་ཁྱོད་མེད་པར་དྲ་བའི་ར་བ་འདིར།།
ང་དགའ་ཁྱོད་དགའི་གོ་སྐབས་སྟེར་བ་ཡི།།
ང་ཡིས་དྲ་དཔོན་རྣམས་ལ་བཀའ་དྲིན་ཞུ།།
ནོར་བཅོས།
མཆན་༡༢༥་ཡི་ཁྱུ་སྐྱག་ལ་ཁྱི་སྐྱག
མཆན་༡༢༧་གྱི་རི་མཐོ་ལ་རི་མགོ
རིག་སྟོང་བདེན་པའི་གཤིས་ཀྱི་འཛུམ་མདངས་ལ། གཞན་སྟོང་འཁོར་བའི་ཆོས་གྱི་རྒྱ་ལས་འདས།
བདེན་སྟོང་ཆོས་ཉིད་དྲི་མས་མ་གོས་ཙམ། མཐའ་བརྒྱད་སྤྲོས་དང་བྲལ་བའི་དབུ་མ་པ།
ཆེན་པོས་གྲུབ་མཐའ་རྣམ་ཀྱིས་མ་གོས་པ། རང་བྱུང་ཡེ་ཤེས་འདུ་འབྲལ་མེད་པ་སྤྲོ།
བསྟོད་སྨད་འགལ་འདུ་འཁོར་བའི་གྲོང་ཁྱེར་ན། བདེན་འཛིན་ཨ་འཐས་རང་གཤེད་རལ་གྲིས་སོས།
རང་བརྒྱུད་དབྱིངས་རིག་མ་བུའི་འབྲེལ་བ་བཅད། མ་རེག་འཁོར་བའི་ཆུ་བོ་བཞི་ཡིས་ཁྱེར།
མགོན་པོ་བདག་ནི་བདག་འཛིན་འགོང་པོས་ཕུང་། མིའུ་ཕྲུག་དང་གཞོན་ནུ་རིག་རལ་སོགས།
རྒན་པོ་འཆི་ཁའི་ཁ་ཆེམ་འདི་ཉིད་ལ། དྲྭ་གྲོགས་ཚང་མས་སྨོན་ལམ་གནང་རོག་ཞུ།
ནིའུ་ཡོག་ཞེས་མི་དགེའི་གྲོང་ཁྱེར་ནང། སྙིང་ལ་གདོན་བཞུག་མཇེ་ལ་ཨི་ཚི་བཞུག
རིན་ཆེན་ཁོང་གིས་སྒོར་མོ་འགའ་རེ་ཁྱེར། ང་ལ་སྐོར་བ་གནང་དུ་ཕེབས་ནས་བྱུང་།
ཁོ་ཡང་ད་ལྟ་ཐུགས་སེམས་མི་ཟིན་འདུག མཁའ་འགྲོ་མཚོ་ལ་རེ་བ་ཆེ་དྲགས་དང་།
གཞོན་ནུས་འཕྲོག་ཡོང་དོག་པ་ཆེ་དྲག་ནས། རེ་དོག་གཉིས་ཀྱིས་ཕྲག་རླུང་སྟོད་འཚང་ནས།
སེམས་པའི་སྨན་པ་བསྟེན་དུ་ཕེབས་ནས་ཐལ།
ཉོན་མོངས་དུག་ཀྱིས་གསོས་པའི་མེ༷་སྒྱོག༷ས་འཕྲུལ།།
གཡོ་སྒྱུའི་རྒྱ༷༷་མཚོ༷་རླབས་ཀྱི་འཁྱུད་པའི་དཔྱིད།།
མི༷འུ་རིན་ཐང་གསོད་པའི་མེ་ལྕེ་ཞིག།
གངས་ཕྲུག༷་བདག་ལ་འཕེན་པའི་སྟ་གོན་བརྩམས།།
ཨ་ལན་སྟེར་བའི་དགོས་པ་མ་མཆིས་ཀྱང་།།
ཧ་ཅང་ཚོགས་ངན་གསོག་པའི་ལས་ངན་འདིར།།
ས་ཐོབ་སེམས་དཔའི་བརྟུལ་ཞུགས་འཛིན་བྱས་ནས།།
ཤ་ཚའི་གདམ་ངག་ཟབ་མོ་བདག་གིས་སྦྱིན།།
ལ་རྒྱའི་འདུན་པ་མེད་ཀྱང་རང་རིགས་ལ།།
ར་ལུག་ལྟ་བུའི་འདུ་ཤེས་མི་འཛིན་པ།།
ཡ་རབས་ཕ་མེས་དམ་པའི་སྲོལ་རྒྱུན་དག།
འ་ཅག་གཞོན་ནུས་སྣུབ་པའི་ལས་ངན་སྤོངས།།
མེ་སྒྱོགས་ལགས་ཁྱེད་ཀྱང་ང་བཞིན་ཡིག་ནོར་མང་བས་་་་
ཀ་ལ་པ་ལྟར་རབ་ཡངས་པ༎
ཁ་བ་གངས་ཅན་དྲན་དྲགས་ནས༎
ག་ནའང་དྲན་དབང་རྣམ་པ་དང༌༎
ང་རང་ཁ་བརྡ་བྱ་ན་བསམ༎
འདི་དབྱངས་ཀ་རྩོམ་ཡིན་པའི་ཁོངས་ཡིན
སྙན་ཞིང་འཇེབས་པའི་ནུས་པ་མི་ལྡན་ན། །སྙན་ངག་ཟེར་ཡང་འུར་ཤོབ་ཁོ་ན་སྟེ། །ཚིག་གི་ཕུང་པོ་གྲལ་ལ་སྒྲིག་པ་ཙམ། །འདི་འདྲ་ཞིག་ད་དཀའ་བ་ཅང་ཡིན་ནམ། །མེ་སྒྱོགས་རྒྱ་མཚོ་ལྕེ་ཀྱོག་རྒྱ་མཚོ་ལགས། །ད་དུང་མི་ཚད་རྐུབ་ཀྱོག་རྒྱ་མཚོ་ལགས། །སྐུ་རྩེད་ཡིན་ད་སྐུ་རླུང་མ་གནང་ཨ། །ཨ་ཕོ་ང་ཡི་དྲྭ་གྲོགས་རྒྱ་མཚོ་ལགས། །
ཁོང་གཉིས་ལུས་སེམས་འགྲིག་པའི་རྟེན་འབྲེལ་གྱི།།
སྙན་པའི་མན་ངག་གླུ་རུ་གྱེར་ན་ཡང་།།
རིན་ཆེན་ཟེར་ལེའི་རྣ་ཅོག་འོན་གོག་འདིས།།
གོ་བའི་སྐབས་ཤིག་མེད་ལེ་ངོ་མ་རེད།།
ང་ཡི་ལིངྒ་དབང་ཕྱུག་གི་དང་འདྲ།།
ང་ཡི་རྐུབ་ནི་དབུ་མའི་ཞལ་དང་འདྲ།།
མཇི་མགོའི་ནུས་པ་རྒྱལ་བྱིན་སྒྱོགས་དང་མཚུངས།།
ཅིས་ཀྱང་འདི་ལ་དམོད་ར་མ་གཏོང་རོགས།།
མིའུ་ཕྲུག་ཚེ་ལོ་བཅུ་པའི་བོད་ཕྲུག་འདི།།
མཆུ་པགས་ལྷབ་ལྷབ་གཡོལ་བ་ཙམ་གྱིས་ནས།།
ཁ་བརྡའི་སྟེང་དུ་དྲི་ངན་ཁྱབ་གྱུར་པས།།
རིང་མིན་ཁ་མཆུ་འཚེམ་པོས་བསུམ་རྒྱུ་ཡིན།།
ཅ་ག་ང་རང་བཟང་པས་བང་བ་ང་ལ་དབང་། །ཆ་ཅན་ལས་ལ་དགའ་བས་ལས་ཀ་མཁའ་འགྲོར་དབང་། །ཇ་མར་ཆང་དང་རྩམ་པ་གཡག་ཤ་ང་ལ་དབང་། །ཉ་ལྟར་སྡོད་ཚུགས་མེད་པས་ལས་ཀ་ཁྱོད་རང་མཁས། །
ཀ་རྩོམ་འབྲི་ལ་དགྱེས་པའི་རང་རིགས་གཞོན་ནུ། །ཁ་ངན་སུ་བཟང་མ་ལྟ་སྐུ་མཁྱེན་གསུང་མཁྱེན། །ག་འདྲའི་ཐབས་ལམ་འཚོལ་བ་ཁྱོད་ལ་རག་ལས། །ང་ཅག་སྤྱི་དོན་འགྲུབ་ན་དེ་ཀས་ཆོག་པ། །
ཐ་མའི་གྱེས་མཇལ།
ལྷོད་མེད་བརྩེ་དུང་ཅན་གྱི་བུ་མོ་ཞིག་ལ་ཕུལ་བའི་དྲན་རྟེན།
ཀ་ཁ་སློབ་པའི་གོ་སྐབས་མ་རྙེད་ཁ་བ་རི་པའི་ཡུལ་ལྗོངས་ནས།།
ག་ལེར་བཙན་བྱོལ་གངས་ལ་རྒྱབ་དུས་ང་དང་ཐུག་པའི་གྲོགས་མོ་ལགས།།
ཅ་ལག་འབྱོར་པ་ཅི་ཡང་མེད་པར་ཆ་ལུགས་སྤྲང་པོའི་གཞུང་ལམ་ནས།།
ཇ་དང་རྩམ་པའི་ལམ་རྒྱག་རྫོགས་ཏེ་ཉ་བཞིན་ཆུ་འཁྱག་འཐུང་གིན་ཡོང༌།།
ཏཱ་ལའི་བླ་མའི་བཀའ་དྲིན་འོག་ནས་ཐ་མར་ང་ཅག་འཕགས་ཡུལ་སླེབས།།
ད་ལྟའི་བར་དུ་དུང་སེམས་ཆིག་སྒྲིལ་ན་གཞོན་དར་མའི་དམ་ཚིག་བསྐྱངས།།
པ་སངས་ལྟར་དཀར་བྱམས་དང་བརྩེ་བ་ཕ་མ་ཡིན་ཀྱང་ཟློག་ནུས་མིན།།
བ་སོ་ཕྲེང་བའི་ལག་རྟགས་འདི་ཉིད་མ་བརྗེད་སེམས་ཀྱི་དྲན་རྟེན་མཛོད།།
ཙ་རི་སྐོར་བའི་དགེ་རྩའི་ཆོས་དང་ཚ་གྲང་སློབ་གཉེར་ངས་མི་ནུས།།
ཛ་དྲག་ཆེ་བའི་གཉན་འཕྲང་སྐབས་འདིར་ཝ་བཞིན་མི་གབ་བོད་ལ་འགྲོ།།
ཞ་ལྟར་འཁྱོག་པའི་དགྲ་བོའི་ཇུས་ལ་ཟ་འདྲེ་བཞིན་དུ་ལྐོག་ནས་འཛུལ།།
འ་འུར་དགྲ་སྡེ་དམར་པོའི་སྲིད་ལ་ཡ་ཡུག་སྒྲིག་ནས་གདོང་ལེན་བྱེད།།
ར་བ་གངས་ཅན་རང་དབང་དོན་དུ་ལ་དང་ལུང་པའི་སོ་ཉུལ་གྱིས།།
ཤ་དང་ཟུངས་ཁྲག་དམར་པོའི་བཞུར་རྒྱུན་ས་ལ་ཐིམ་ཡང་འགྱོད་པ་མེད།།
ཧ་ཅང་སྐྱོ་བོའི་ཐུགས་ཁྲལ་མ་གནང་ཨ་རེ་སླར་ཡང་ཐུག་ཀྱང་སྲིད།།
ཨ་རེ་ཁམས་པས་ཐ་མའི་གཏམ་འདི་ཨ་མདོའི་བུ་མོ་ཁྱོད་ལ་ཕུལ།།
ཨ་ནེའི་རྐུབ་ཀྱི་བཟུངས་བཞུགས་མཁན༎
ཨ་ཁུ་བསྟན་པའི་བཀྲ་ཤིས་ཤོག།
ཧ་ལོག་རྒན་མོའི་སྟུ་ལྡག་མཁན༎
ཧ་བ་སྣ་རྐོའི་བཀྲ་ཤིས་ཤོག།
མེ་སྒྱོགས་རྒྱ་མཚོའི་མཚན་དོན་དང་འབྲེལ་བའི་གསོལ་འདེབས་དམར་རྗེན་མ་བཞུགས།།
འདོད་ཆགས་མེ༷༷་ཡིས་རང་རྒྱུད་རྩྭ་ལྟར་བསྲེགས།།
ཞེ་སྡང་རླུང་གིས་ཁྲོ་ཚིག་སྒྱོ༷གས་ལྟར་འཕེན།།
གཏི་མུག་ཆུ་ཡི་རྒྱ༷་མཚོ༷་སྙིང་དུ་བསྐྱིལ།།
དུག་གསུམ་ཆེ་ཆེར་རྒྱས་ལ་གསོལ་བ་འདེབས།།
རང་བསྟོད་བྱེད་པའི་མེ་ལྕེ་དགུང་ལ་འཕྱུར།།
གཞན་ལ་སྨོད་པའི་རྡོ་སྒྱོགས་གང་སར་འཕེན།།
དམར་པོ་རྒྱ་ལ་དགྲ་བོའི་དང་མར་འཛིན།།
བོད་ལ་ཞེན་པའི་མཚོ་མོ་ཁོག་ན་འཁྱིལ།།
མི་ཆུང་ཁ་བདེ་འདྲ་བའི་དྲ་གྲོགས་ཤིག།
འུ་ཅག་དྲ་ཚིགས་འདིའི་ནང་ཞུགས་ནས་གཟུང༌།།
ཕྲུག་གུ་ཡ་མ་ཇི་བཞིན་ངུས་པའི་སྒྲས།།
དྲ་ཞུགས་བརྒྱ་ཡི་རྣ་བ་དཔྲལ་ལ་ཁད།།
རྩེད་མི་ཡིན་གོ
མིའུ་ཆུང་ཆུང༌།།
ཁ་ལྕེ་བདེ་མོ།།
བྱི་ཕྲུག་སྐྱ་ལི།།
ཡང་ཡང་ཕེབས་རོགས།།
ཀ་ཁའི་སྡེབ་སྦྱོར་ཤེས་ཙམ་གྱིས།།
ཁ་ནས་གང་བྱུང་མང་བྱུང་བརྗོད།།
ག་ས་དྲ་རྒྱ་འདྲ་མིན་ནང༌།།
ང་ཡིན་སྙམ་པའི་མིའུ་ཕྲུག་ལགས།།
མ ི་འམ་འོན་ཏེ་མི་མིན་ལྷ་འདྲེ་ཞིག་ད་ཨེ་ཡིན། །འ ུ་ཅག་ཀུན་ལ་དོན་མེད་ཀྱལ་ཀ་རྩེ་དོན་ཅི་ཡིན། །ཁྱི་ཕྲ ུག་མི་ཕྲུག་ལྷ་ཕྲུག་བདུག་ཕྲུག་འདྲེ་ཕྲུག་གང་ཡང་། །བཞིན་དེ་གཉེར་མས་ཁེངས་པའི་རྒས་ཉམས་ཆེ་དེ་ཅི་རེད། །
།རྣོ་བའི་ཚིག་རྩ་མེ་ལྟར་མི་ཚ་རུང་།
།ཐད་ཀར་ཚིག་རྩུབ་སྒྱོགས་ལྟར་འཕེན་པའི་བུ།
།ཤེས་ཡོན་ཚིག་དོན་མཁྱེན་རྒྱ་མ་ཆུང་ཡང་།
།ཐོལ་བྱུང་ཚིག་སྙན་མཁའ་འགྲོ་མཚོ་ལ་ཡོད།
ཐད་གར་གསལ་བ་ལམ་ལ་ཡན་ཡན་ནས།།
བསམ་པ་གཞན་ལ་ཡན་པས་ཐབས་ངན་ལ།།
གཞལ་ན་རང་ལ་ཕན་པ་ག་ལ་གནས།།
ད་ནས་བཟང་ངན་ཆ་ཤས་བསལ་ན་རན།།
ཁ་ཏ་བཤད་ན་ཁ་ལ་ཉན་པར་དཀའ།།
ཁ་མཚར་ངག་ནས་ཐལ་ན་ཁ་མདངས་དམར།།
ཁ་སང་ལབ་པ་ད་ནང་གནས་ནས་ཡལ།།
ཡང་ཡང་ལབ་ན་ཉན་པ་ད་ནས་དཀའ།།
དཀར་ནག་ལས་དང་གཞལ་ན་ཉན་མཁན་དཀའ།།
མར་གཤམ་མཚན་མ་ལབ་ན་ཐམས་ཅད་དགའ།།
བསམ་པ་མ་མཉམ་ཁ་ཁ་ཁ་ཁ་ལ།།
མཉམ་པས་ཐབས་གང་རག་ན་དགའ་བ་ལ།།
དབྱངས་མེད་འདོགས་མེད་རྐྱང་བའི་ཡི་གེའི་ཚོགས།།
མགོ་མེད་མཇུག་མེད་འདི་འདྲ་མཐོང་མེད་དུ།།
སྣང་མེད་དོན་མེད་བསམ་ནས་མ་འཇོག་པར།།
དམིགས་མེད་སྤྲོས་མེད་ངང་ནས་གཟུགས་པར་ཞུ།།
རང་གཞན་གང་མང་བྷ་གར་དགའ། །
རྟག་པར་ཉལ་ནས་སྤྱད་ན་བསམས། །
རྒས་དང་དར་མ་ཐམས་ཅད་ལ། །
ཆགས་པ་མངའ་བ་གསང་ཐབས་བྲལ། །
མེ་སྒྱོགས་ལགས་བཞུགས་ཡོད་དམ།
ང་རྒྱལ་མེ༷་ལྕེ་དགུང་ལ་མཆེད་པའི་དབང་།།
དམོད་པའི་ཚིག་ངན་སྒྱོག༷ས་ལྟར་འཕེན་ན་ཡང་།།
མཐོང་རྒྱ་ཆུང་བས་ཁྲོན་པའི་སྦལ་པ་བཞིན།།
རིག་པའི་རྒྱ༷་མཚོ༷་འགྲམ་དུ་མགོ་བོ་གས།།
kho kho
ཁོ་ཁོ་ལགས་ཕེབས་པ་དགའ་བསུ་ཡོད།
ཁོ་བོ་ཁ་རང་བསྡད་ན་ཡང་།།
ཁོ་ཚོས་ཁ་ངན་བཤད་ཀྱིན་གདའ།།
ཁོ་ཁོ་ཁ་བརྡར་ཕེབས་པ་ལ།།
ཁོ་བོས་ཁ་དབྱངས་སྙན་མོས་བསུ།།
མེ་སྒྱོགས་རྒྱ་མཚོས་མེ་སྒྱོགས་རྒྱག་པ་དང༌།།
མི་ཆུང་ཁ་བདེས་མི་ལ་སྐྱོན་བརྗོད་གཉིས།།
ཁོ་ཁོས་ཁོ་ལ་ཁ་རྒྱག་བཤད་པ་གསུམ།།
སྙན་ངག་བསླབ་པ་དག་གི་སློབ་དེབ་ཆོག།
རིག་པའི་རལ་གྲི་ཚིག་སྦྱོར་འོད་ཀྱིས་འཚེར།།
རིན་ཆེན་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་དཔལ།།
ཡེ་ཤེས་སྙན་ཚིག་དན་ཎིའི་མེ་ལོང་གསལ།།
རྩོམ་རིག་མཁས་པ་གསུམ་ལ་གསོལ་བ་འདེབས།།
ལྷག་བསམ་རྒྱ་མཚོའོ་ལྷག་བསམ་མཚོ་ལས་ཟབ།།
མེ་སྒྱོགས་རྒྱ་མཚོའི་མེ་སྒྱོགས་མེ་ལས་ཚ།།
རིག་ཡག་རིག་པའི་རལ་གྲི་གཞན་ལས་རྣོ།།
ཕོ་གསར་རྒོད་པོ་གསུམ་ལ་གསོལ་བ་འདེབས།།
སྐུ་ཞབས་ཡིན་ན་དགོངས་དག་ཞུ།
ལྷ་ཀླུ་གཉན་གསུམ་རང་སར་བཞུགས་པར་འདྲ།།
ལྷ་རྟ་དཀར་པོ་ལྷ་ཡུལ་སོང་པ་འདྲ།།
འཆི་བདག་སྐྱབས་ཀྱིས་འཆི་བ་དྲན་པ་འདྲ།།
འདྲ་བ་འདི་གསུམ་དྲ་རྒྱ་སྟོང་པའི་རྒྱུ།།
མཆན་༨༥་པར་བཤད་ཚུལ་གཞན་ཞིག་ཡོད་པ་ནི། །
བཤད་ན་གོ་བ་མེད་པའི་པན་པན་ཙི། །(ཤིང་ངམ་རྡོ་ལེབ)
བསླབ་ན་ཡར་སྐྱེད་མེད་པའི་་པིང་པིང་ཙི། །(དབྱུག་པ)
བཞག་ན་ཨུ་ཚུགས་བྱེད་པའི་མོ་ཉོའུ་ཙི། །(གཡག)
དགོས་པ་ཅི་ཡང་འདུག་གམ་པཱ་ཅོ་ཙི། །(ཆུ་ཤིང་)
བྱ་ཁྱུང་གི་གྲྭ་རྒན་ཞིག་གིས་སྙན་ངག་སྦྱང་བར་རྩེད་མོ་གནང་བར་གྲགས། ཞང་སྟོན་ཚང་གི་སྙན་ངག་འདི་ཨ་མདོའི་རྒེན་ཞིག་གི་ཞལ་ལས་ཐོས། དེ་རིང་མཐོང་པས་དགོད་བྲོ་བ་བྱུང།
གོ་ཚོད་ལ་འདི་ནི་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་ཞིག་ཡིན་པར་ཟེར། དེའང་མའོ་ཀྲུའུ་ཞི་ཡིན་ནམ་ཞིག་ལ་བོད་ཡིག་བསླབས་ནས་དེ་ལྟར་གསུངས་པར་སྐད།
མ་རེད་དམ།
མཁའ་འགྲོ་མཚོ་ལགས། ང་དྲན་གྱིན་འདུག་གམ། ང་ཡོང་ཆོག
མཁའ་འགྲོ་ཁྱོད་ཀྱི་བརྩེ་དུངས་མཚོ་ལས་ཟབ། །མིང་དེ་པི་ཝང་སྟོང་གི་སྐད་ལས་སྙན། །གྲང་ན་དྲོད་སྦྱིན་ཚ་ན་བསིལ་བ་སྟེར། །ཁྱོད་ཀྱི་སྐུ་གཟུགས་དཔག་བསམ་དབང་པོ་ཉིད། །ལུས་འདི་ཁྱོད་དང་འགྲོགས་པ་ངོ་མཚར་རྨད། །སེམས་འདི་ཁྱོད་ཀྱི་བརྩེ་བས་བརྟས་པས་བཟང་། །ལུས་སེམས་མཁའ་འགྲོས་སྐྱོང་བ་འདི་མཐོང་ནས། །གཞོན་ནུས་ཕྲག་དོག་ཟུར་མིག་མ་ལྟ་ཨང་། །གྲང་ན་འགྱིག་གི་བུ་མོས་ཅི་ཞིག་ཕན། །ཚ་ན་འདོད་པའི་མེ་དེ་བསལ་ས་མེད། །མདོར་ན་གཞོན་ནུར་ཚ་གྲང་ཅི་བྱུང་ཡང་། །གཞོན་ནུས་ལས་དབང་དེ་དག་གཡོལ་ཐབས་མེད། །ཟླ་བོ་མེད་པོ་ཁ་ཅིག་སྙིང་རྗེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཨ་ཅེ་མཁའ་འགྲོ་ཁ་འགྲོས་མཚར་དང་གཅིག།
ཨ་མདོ་གཞོན་ནུ་ལེ་ལོ་ཆེ་དང་གཉིས།།
ཨ་ཁུ་རིན་ཆེན་ཨུ་ཚུགས་ཆེ་དང་གསུམ།།
ཨ་མིའི་བུ་ལ་རེག་པའི་རེ་བ་བྲལ།།
ཨུ་མའི་མཛེས་པ་འཕྲོག་པའི་མཁའ་འགྲོ་མཚོ།།
ཨུ་རི་སུ་ཡི་བུ་མོའི་ལུགས་སྲོལ་ལྟར།།
ཨུ་ཚུགས་བྱས་ནས་ང་ལ་ཕྱོགས་པ་ན།།
ཨུ་ཐུག་རིན་ཆེན་ཨམ་གཙུགས་བསྡམ་ནས་འདུག
།
རིན་ཆེན་ལགས། སྙན་ངག་སྐྱོར་རྒྱུ་ཕྱིས་དྲགས་སོང་། ཁྱེད་རང་ཉིན་མ་ཁ་ཤས་འཁྱམ་སོང་བའི་རིང་ལ་མཁའ་འགྲོ་མཚོས་ཁྱེད་རང་གཡུག་ཚར་སོང་།། དགོངས་དག སེམས་གསོ་ཡོད། ད་ཧོན་འཐོར་སེམས་པ་སྐྱོ་ནས་མིག་ཆུ་འཕྲོ་བརླག་བཏང་ན་ཆོ་མེད་རེད་ལོ། གོ་ཨེ་ཐལ། དེ་ལས་ངས་རོགས་པ་ཞིག་བཙལ་ནས་བག་མ་གསར་པ་ཞིག་འཚོལ་ཆོག
མཁའ་འགྲོས་གཡུག་པའི་རིན་ཆེན།།
རིན་ཐང་ངོ་མ་ཡོད་ན།།
བག་མ་གསར་པ་འཚོལ་བར།།
རིག་པའི་རལ་གྲི་མངགས་ཆོག།
རིག་པའི་རལ་གྲི་འདིས་རུས་པའི་རྭ་གོག་ཞིག་འཁུར་ཏེ་བ་རྫི་ང་འདྲ་བའི་རྗེས་དེད་ནས་ངོ་ཚ་གིན་མེད་པ་ཡིན་ནམ། ཧཧཧཧཧ།
མཆན ༡༥༢་ལ།
མིའུ་ཕྲུག་ཁ་བདེ་ལྕེ་རྣོ།།
མེ་སྒྱོཊ་ཙོག་པུར་འཇོག་རོཊ།།
རག་ནོར་ཐུག་ནོར་ཤོར་ན།།
བལྟ་ཉན་མེད་པར་ཆགས་ཡོང་།། ཧཧཧ།
མཆན་༡༥༢༽་ལ།
མེ་རྒྱམ་ཉིན་བྱེད་དབང་པོ།།
མཁྱེན་པའི་འོད་ཟེར་ཤར་དུས།།
མིའུ་ཕྲུག་སྤྱན་མིག་གཉིས་པོ།།
ལམ་སང་ལོངས་བར་ཆགས་སོང་།། གསར་འབྱོར་སྙིང་རྗེ། ༀ་མ་ཎི་་་་་་ ཁག་མེད།
བེ་རིའི་ལྷ་རྟ་དཀར་པོ།།
མི་འུས་སྣེ་བསུ་བྱེད་ནས།།
བེ་རི་མཁའ་འགྲོའི་བག་སྟོན།།
སང་ཉིན་བྱ་རྒྱུ་ཡིན་དོ།། ཛ་དྲག་གི་དུས་སྟོན་འདིའི་སྐབས་སུ་མིའུ་ཕྲུག་ལོངས་མཆོང་བྱས་ན་ཉེས་པ་ཚ་ནན་གཏང་རྒྱུ་ཡིན་དཱ།
ལྷག་རྒྱམ་གཉིད་ལོག་བརྒྱབ་ནས།།
བན་པི་ཙི་ཙི་དྲན་དུས།།
འཆི་བདག་འཆི་རྒྱུ་བརྗེད་ནས།།
མའོ་ཀྲུའུ་ཞི་ཡང་དྲན་གྱིན།།
དབྱངས་མེད་པའི་སྙན་ཚིག་མགོ་རིལ་མ་འདི་ལ་བལྟས་དུས་རྡོ་རྗེ་རྒྱལ་མཚན་འདི་ཡང་མགོ་རིལ་མ་ཞིག་ཡིན་ཚོད་འདུག
ལས་མེད་མིའུ་ཕྲུག་ལགས་ཀྱིས་གློག་ཀླད་ཙི་ཙི་དེ་མ་གསོད་རོགས། དེའི་ནང་དུ་གློག་སྐུད་འདྲ་མ་གཏོགས་ཟ་རྒྱུ་ཅི་ཡོད་ལེ་མ་རེད།
གཞོན་ནུ་ཟླ་མེད་ལགས། ཁྱེད་ཀྱིས་ཡིད་འོང་མ་མ་རག་ནས་རག་ཐབས་ཡོད་དགུ་བྱས། རག་ནས་མོ་དང་མཉམ་དུ་ཉལ་ཉལ་ནས་མཐའ་མར་ངེས་འབྱུང་སྐྱེས་མདོག་བྱས་ནས་ཕྱིན་སོང་། ད་ཡང “་ཕྱིས་འབྱུང་”སྐྱེས་ཚར་བ་མིན་ནམ། ཡག་པོ་བཞུགས་མ་གཏོགས་ངས་སྟོན་པའི་ཁྲིམས་ཁང་ཞུ་གཏུགས་བྱ་ཐག་ཆོད་ཡིན་དཱ།
ད་ coolie རྒྱུགས་རན་སོང་།
མཁའ་འགྲོའི་ཁྱུ་མཆོག་ཀ་ལ་པིངྐའི་སྐད། །
ཟླ་མེད་སྙན་དབང་རིན་ཆེན་གསོ་བའི་སྨན། །
མཚོ་བྱུང་པུ་ཝང་སྒྲ་ལ་སྒྲུན་མིན་ཡང་ ། །
མེ་སྒྱོགས་རྒྱ་མཚོར་བཞུད་པའི་ལྡིར་སྒྲར་འཁུ། །
མེ་སྒྱོགས་རྒྱ་མཚོ་དང་མིའུ་ཕྲུག་གི་མཚན་དོན་ལོ་རྒྱུས་ལ་སྦྱར་བ།།
ཤར་ཕྱོགས་མེ༷་ལྕེ་དམར་པོའི་ཚ་རླབས་མཆེད།།
བརྗིད་ཆགས་ཁ་བའི་ཡུལ་ལྗོངས་སྒྱོག༷ས་ཀྱིས་གཏོར།།
གཡོ་སྒྱུའི་དྲི་མས་སྦག་པའི་ཐབས་འཕྲུལ་གྱིས།།
ཞི་བདེའི་རྒྱ༷་མ༷ཚོ་ཆེན་པོ་ཟིང་གྱིས་བཀང་།།
མི༷་འུ༷་ལྡོང་དྲུག་རིགས་བརྒྱུད་མ་ཉམས་པའི།།
གངས་ཕྲུག༷་སྙིང་སྟོབས་ཞུམ་པ་མེད་པའི་ཕྱིར།།
ཚེ་སྲོག་ཕྲ་མོའི་རྒྱུན་ཐག་མ་ཆད་བར།།
བདེན་པའི་ང་རོ་སྒྲོག་ལ་ཐེ་ཚོམ་ཅི།།
མེ་ལྟར་འབར།
སྒྱོགས་ལྟར་འཕེན།
རྒྱ་ལྟར་གནག
མཚོ་ལྟར་ཕྱུར།
ཨོ་ཛིག་ཛིག་ཛིག་་་་་་ད་ཁྱེད་ཀྱི་མིང་ལ་ང་ངོ་མ་ཞེད་སོང་།།།
རེ་བ་་་་་་་་་་
ཁོ་ རེ་ གཞོན་ ནུ་ སེམས་ པ་ མ་ སྡུག་ ཨ། །སང་ ཉིན་ རྒན་ གསོ་ ཁང་ ལ་ ང་ སོང་ ནས། །འགྱིག་ མོ་ དེ་ ལས་ ཀྱང་ ལྷག་ པའི་ རྨོ་ རྨོ་ ཞིག །ཁྱོད་ ཀྱི་ མནའ་ ཁྲིད་ ནས་ ཡོང་ གོ་ ལོ། །
འབོད་བསྐུལ་་་་་་་་་་་་
ཁྱོད་ ཀྱིས་ རྨོ་ མོར་ བྱམས་ སྐྱོང་ མ་ བྱས་ ན། །རྨོ་ མོས་ ཁྱོད་ རང་ གཡུག་ ནས་ འགྲོ་ ཡང་ སྲིད། །རྨོ་ མོར་ གང་ ཟ་ གང་ འཐུང་ མ་ སྦྱིན་ ན། །རྨོ་ མོས་ ཁྱོད་ རང་ གནས་ ནས་ སྤྱུགས་ ཡང་ སྲིད། །
སྨོན་ལམ་་་་་་་་་་་་་་
ཟླ་ མེད་ འདི་ ལ་ ཐ་ མར་ ཟླ་ བོ་ ཐོབ། །བརྒྱད་ ཅུར་ སོན་ པའི་ རྨོ་ མོ་ མཛེས་ མ་ ཐོབ། །ལུས་ དང་ གྲིབ་ མ་ བཞིན་ དུ་ བཟའ་ ཚོ་ གཉིས། །ནམ་ ཡང་ འབྲལ་ བ་ མེད་ པའི་ སྨོན་ ལམ་ འདེབས། །
རྒྱ་མཚོ་མེ་ཡིས་འཚིག་པའི་རེ་བས་ཁྱོད། །མེ་ཞིག་སྒྱོགས་ལ་བཀལ་ནས་རྒྱ་མཚོར་འཕངས། །རྒྱ་མཚོ་མེ་ཡིས་འཚིགས་པར་མ་གྱུར་ཀྱང་། །མེ་སྒྱོགས་རྒྱ་མཚོའི་མིང་དེ་ཁྱོད་ལ་ཐོགས། །
རིན་ཆེན་ལགས། གོང་གི་ཡི་གེ་དེ་དག་ལ་འཇའ་ཏི་ལེ་ནས་གོང་ཧྥོ་རྒྱབ་པ་འེ་རེད། ཐ་ར་ཐོ་རེ་འདྲ་ཆགས་བསྡད་འདུག
གཞོན་ནུ་ཁྱོད་ཀྱི་རྒད་མོ་དེ་མྱིག་སྐྱོ་དྲག་ནས་མྱིག་གིས་མི་རིག་གི་ཡ་་་་་་་་་་་་་་་་་་་་་་་་་་ ཤུཤུཤུཤུཤུཤུཤུཤུཤུཤུཤུ་ཡང་ཁྱོད་ཀྱི་རྒད་མོ་ལ་མ་ཤོད་ཨ་རྐུབ་ཕྱིས་(འདི་ཡིག་སྐད་ལ་སྐུ་མཁྱེན་ཟེར་ནོ་དེ་རེད་འ་)
མཇེ་སྟུ་རླིག་གི་གོང་ཕྷོ་ཟེར་ནོ་དེ་ཅི་ཟེར་ནི་རེད་འ་་་་་་་་་་་་་་་་་་་་་་་་
ལེའུ་དང་པོ། ཧཧཧཧ།
སྙིང་རྗེ། མིའུ་ཕྲུག་ཐོག་མར་བོད་ནས་རྡ་རམ་ས་ལ་འབྱོར་དུས་སྣེ་ལེན་ཁང་གང་དུ་ཡོད་པ་མ་ཤེས་ནས་བྷ་སུག་ལམ་འགག་གི་ཆབ་ཁང་གི་ཁང་སྟེང་ལ་ཉལ་ནས་སྡོད་འདུག་ཟེར། རྟག་པར་ཕྱི་བ་གོན་མཁན་གྱི་ལྕེ་ལ་བདག་དབང་ཤོར་བའི་རྡ་སའི་སྤོ་ཏོ་༼མིང་བརྗེད་སོང་༽ཡིས་བྷ་སུག་ལམ་འགག་ནས་མར་མིའུ་ཕྲུག་ལ་བཀའ་བསྐྱོན་ཆུ་ཚོད་འགའ་བཏང་སོང་། ལས་ངན་པ་འདི་འདྲའི་གོང་ལ་བར་ཆད་འདི་འདྲ། སྙིང་རྗེ།
ཉིན་གཉིས་པར་སྣེ་ལེན་ཁང་རྙེད་ནས་ལམ་སེང་གླིང་སྐོར་ལ་ཤོར་སོང་ཟེར། ཁ་ནས་སོ་རུལ་པའི་དྲི་མ་དང་མཉམ་དུ་མ་ཎི་ཡི་གླུ་དབྱངས་ལེན་ཏེ་ “ཧ་ལམ་དམྱལ་བར་མ་གཡུག་རོགས་གྱིས་”ཟེར་ནས་ཞུ་བ་འཐེན་པ་འདྲ་བོ་འདུག་ཟེར། གླིང་སྐོར་བའི་སྤོ་སྤོདང་རྨོ་རྨོ་ཚོས་ “བོད་པ་དངོས་གནས་ཟེར་ན་མིའུ་ཕྲུག་འདྲ་བོ་དགོས་ཀྱི་རེད་ཟེར་”ནས་བསྟོད་ར་ཞེ་བོ་བཏང་སོང་ཟེར། རྨོ་རྨོ་སོ་མེད་གཅིག་གི་ཁ་ནས་བྱེ་རིལ་ཟ་འཕྲོ་ཞིག་ཕྱི་འདོན་ནས་མིའུ་ཕྲུག་ལ་སྤྲོད་སོང་ཟེར། མིའུ་ཕྲུག་དགའ་ཐག་ཆོད་ནས་གོམ་པ་ཡང་མགྱོགས་སུ་སྤོས་ཀྱིན་ཕྱིན་སོང་ཟེར།
གསར་འབྱོར་བ་མཁའ་འགྲོ་མཚོ་ཡང་ཕྱི་བ་ནག་པོ་ལྷུག་ལྷུག་ཞིག་གོན་ནས་ཞབས་སྐོར་ལ་ཕེབས་ཀྱིན་འདུག་ཟེར། སྙིང་རྗེ། མོ་རང་གིས་སྐྲ་ལའང་རྒྱུག་ཤད་ཡག་པོ་ཞིག་བརྒྱབ་མིན་འདུག་ཟེར། མཚམས་མཚམས་ལ་མ་ཎི་འདོན་རྒྱུ་བརྗེད་ནས་རྒྱ་གཞས་རྙིང་པ་དེ་འདྲ་ཡང་ཐོན་ཡོང་གི་འདུག་ཟེར།
ལེའུ་རྗེས་མ་རྣམས་སྒྲུང་གི་མི་སྣ་ཚོས་བྱེད་སྟངས་ལ་བལྟ་གིན་བལྟ་གིན་འབྲི་རྒྱུ་ཡིན་དོ། ཧཧཧ།
ལེའུ་དང་པོ། ཧཧཧཧ།
སྙིང་རྗེ། མིའུ་ཕྲུག་ཐོག་མར་བོད་ནས་རྡ་རམ་ས་ལ་འབྱོར་དུས་སྣེ་ལེན་ཁང་གང་དུ་ཡོད་པ་མ་ཤེས་ནས་བྷ་སུག་ལམ་འགག་གི་ཆབ་ཁང་གི་ཁང་སྟེང་ལ་ཉལ་ནས་སྡོད་འདུག་ཟེར། རྟག་པར་ཕྱི་བ་གོན་མཁན་གྱི་ལྕེ་ལ་བདག་དབང་ཤོར་བའི་རྡ་སའི་སྤོ་ཏོ་༼མིང་བརྗེད་སོང་༽ཡིས་བྷ་སུག་ལམ་འགག་ནས་མར་མིའུ་ཕྲུག་ལ་བཀའ་བསྐྱོན་ཆུ་ཚོད་འགའ་བཏང་སོང་། ལས་ངན་པ་འདི་འདྲའི་གོང་ལ་བར་ཆད་འདི་འདྲ། སྙིང་རྗེ།
ཉིན་གཉིས་པར་སྣེ་ལེན་ཁང་རྙེད་ནས་ལམ་སེང་གླིང་སྐོར་ལ་ཤོར་སོང་ཟེར། ཁ་ནས་སོ་རུལ་པའི་དྲི་མ་དང་མཉམ་དུ་མ་ཎི་ཡི་གླུ་དབྱངས་ལེན་ཏེ་ “ཧ་ལམ་དམྱལ་བར་མ་གཡུག་རོགས་གྱིས་”ཟེར་ནས་ཞུ་བ་འཐེན་པ་འདྲ་བོ་འདུག་ཟེར། གླིང་སྐོར་བའི་སྤོ་སྤོདང་རྨོ་རྨོ་ཚོས་ “བོད་པ་དངོས་གནས་ཟེར་ན་མིའུ་ཕྲུག་འདྲ་བོ་དགོས་ཀྱི་རེད་ཟེར་”ནས་བསྟོད་ར་ཞེ་བོ་བཏང་སོང་ཟེར། རྨོ་རྨོ་སོ་མེད་གཅིག་གི་ཁ་ནས་བྱེ་རིལ་ཟ་འཕྲོ་ཞིག་ཕྱི་འདོན་ནས་མིའུ་ཕྲུག་ལ་སྤྲོད་སོང་ཟེར། མིའུ་ཕྲུག་དགའ་ཐག་ཆོད་ནས་གོམ་པ་ཡང་མགྱོགས་སུ་སྤོས་ཀྱིན་ཕྱིན་སོང་ཟེར།
གསར་འབྱོར་བ་མཁའ་འགྲོ་མཚོ་ཡང་ཕྱི་བ་ནག་པོ་ལྷུག་ལྷུག་ཞིག་གོན་ནས་ཞབས་སྐོར་ལ་ཕེབས་ཀྱིན་འདུག་ཟེར། སྙིང་རྗེ། མོ་རང་གིས་སྐྲ་ལའང་རྒྱུག་ཤད་ཡག་པོ་ཞིག་བརྒྱབ་མིན་འདུག་ཟེར། མཚམས་མཚམས་ལ་མ་ཎི་འདོན་རྒྱུ་བརྗེད་ནས་རྒྱ་གཞས་རྙིང་པ་དེ་འདྲ་ཡང་ཐོན་ཡོང་གི་འདུག་ཟེར།
ལེའུ་རྗེས་མ་རྣམས་སྒྲུང་གི་མི་སྣ་གཙོ་བོ་མིའུས་བྱེད་སྟངས་ལ་བལྟ་གིན་བལྟ་གིན་འབྲི་རྒྱུ་ཡིན་དོ། ཧཧཧ།
མཆན་དང་པོ་དེ་བཏང་ནས་བལྟས་པས་མཐོང་མ་སོང་བས་གཉིས་པ་ཞིག་བསྣུན་པ་ཡིན། ད་བྱས་དུས་གཉིས་ཀ་སླེབས་འདུག བསྐྱར་ཟློས་བྱུང་སོང་བས་དགོངས་དག
མེ་སྒྱོགས་ལགས་དེ་རིང་ཡིན་ན་ཁྱོད་ཀྱིས་ང་ཏག་ཏག་བཟོས་སོང་གསར་འབྱོར་གྱི་ཐ་སྙད་འདི་ཐོས་མ་ཐག་ནས་ངས་མྱོང་ཟིན་པའི་བྱ་བ་དེ་དག་ལམ་མེར་དྲན་ཐལ།
བགྲང་བྱའི་ཉག་མ་མི་ཉུང་འདས་པའི་ཆར།།
སྙིང་ཁམས་འབིག་པའི་ཚོར་སྣང་འབྱིན་པ་ཡི།།
གསར་འབྱོར་ཀ་ཅའི་ཐ་སྙད་རྣ་བའི་གཤེད།།
བདག་གི་ཐོས་པ་འདི་ཉིད་ཉུང་ཉུང་མིན།།
བྱེ་རིལ་ཟ་འཕྲོ་ཟོས་པའི་ཕྱི་ཉིན་ཏག་ཏག་དེར། ཁོ་གོག་མ་ལངས་ཀི་རྡ་ཤོད་ནས་སྣེ་ལེན་ཁང་ལ་ཁ་གཏད་ནས་འགྲོ་དུས། འཇུ་ཆེན་ལགས་ཀྱིས་གཞུང་གི་ལས་ཤག་ཡང་སྟེང་ནས་མཐོང་བ་དང་། ཕ་ཡུལ་གཅིག་པའི་ལ་རྒྱ་དང་མིའུ་ཕྲུག་འདིའི་ཡ་ང་བའི་གནས་སྟངས་མིག་གིས་མ་བཟོད་པར་ལམ་སེང་སྤྲུལ་སྐུ་ཨོ་རྒྱན་ལ་ཁ་དཔར་བཏང་ནས་ཆེས་ཛ་དྲག་གི་གནས་ཚུལ་ཆ་ཚང་ཡར་ཞུ་བྱས་པ་དང་། ཁོའི་འདས་མ་ད་གསུམ་ཀྱང་སྤྲུལ་སྐུ་ལ་བཅོལ་ནས་བཞག གོ་ཐོས་ལ། དེ་ནས་བཟུང་ཁོ་རང་གི་འཚོ་བ་ཡག་རབས་དང་སྤྱོད་པ་རྩིང་རབས་ཟེར། ད་དུང་ནུབ་ཕྱོགས་ཡུལ་གྲུ་ཞིག་ལ་འཕུར་འདོད་པའི་འདུན་པ་འགོག་མེད་ཅིག་གིས་དབྱིན་མོ་རེ་གཉིས་ཀྱི་རྐུབ་ལ་ལྕེ་རྡེག་བྱས་པ་ཡང་གྲངས་ཡོད་མ་རེད་ཟེར། ཨོ་་་་་་་་་་་་་ད་ཡིན་ན་ཁོ་བཙན་བྱོལ་དུ་ལོ་བཅུ་ཕྲག་གཅིག་ལྷག་འདས་སོང་བ་རེད་ལ། འགྲོ་འདུག་མགོ་ཚོས་ནས་ཀྭ་ཅ་དང་གསར་འབྱོར་གྱི་མིང་ཙོར་བོ་དེ་ཀྱང་བཏགས་ཡོད་ས་མ་རེད། ཉེ་ལམ་ཁོས་བལ་ཡུལ་གྱི་སྤ་སེ་ནག་པོ་༼ལག་འཁྱེར་རྫུན་མ༽འཁྱེར་ནས་དབྱིན་རྨོ་ཞིག་ལ་ཞོན་ནས་ཨ་རིའི་མངའ་སྡེའི་ཁ་ལེ་ཕའོ་ནེ་ཡར་འཕུར་སོང་སྐད།
བར་གསེང་ལེའུ། ཧཧཧཧ།
མིའུ་ཕྲུག་སྣེ་ལེན་ཁང་དུ་སྡོད་ཡོད་པས་གསར་འབྱོར་ཡིན་པ་ཚང་མས་ཤེས་ཀྱིན་ཡོད། འོན་ཀྱང་རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་མིའུ་ཕྲུག་རང་ཉིད་ལ་གསར་འབྱོར་བ་ཞེས་འབོད་ཐེངས་རེ་ལ་སྙིང་ལ་གཟེར་ཟུག་རེ་ཡོང་གི་ཡོད། ད་དུང་ཁོང་གི་དྲན་གསོ་བྱས་པར་ལྟར་ན་༼ཀ་ཅ་༽ཡི་མཚན་གནས་ཡང་ཐོབ་ཡོད། སྙིང་རྗེ། རང་ཉིད་སུ་ཡིན་པ་ཤེས་བཞིན་དུ་སྤོབས་པ་ཞུམ་དགོས་དོན་ཅི་ཡིན་ནམ།
སྐྱོ་གླུ་རང་གནོང་གསལ་བའི་མེ་ལོང་བཞུགས་སོ།། །། ཧཧཧ
བགྲང་བྱའི་ཉག་མ་མི་ཉུང་འདས་པའི་ཆར།།
སྙིང་ཁམས་འབིག་པའི་ཚོར་སྣང་འབྱིན་པ་ཡི།།
གསར་འབྱོར་ཀ་ཅའི་ཐ་སྙད་རྣ་བའི་གཤེད།།
བདག་གི་ཐོས་པ་འདི་ཉིད་ཉུང་ཉུང་མིན།།
ལེའུ་གཉིས་པ།
བྱེ་རིལ་ཟ་འཕྲོ་དེ་མིའུ་ཕྲུག་གིས་ཧོབ་ཏུ་ཟས་མེད། ལྕེ་ལེས་ནུར་ཙམ་བྱས་ཙམ་བྱས་ནས་འགྱིག་ཤོག་ཞིག་གི་ནང་དུ་ཉར་ནས་བཞག་ཡོད། སྐབས་དེ་དུས་མཁའ་འགྲོ་མཚོ་དང་གླིང་སྐོར་ལམ་དུ་ཐུག་སྐབས་འགྱིག་ཤོག་ནང་གི་བྱེ་རིལ་དེ་ཐེངས་མ་མང་པོར་ངོམས་སོང་ཟེར། མོས་བྱེ་རིལ་མཐོང་བ་དང་མིའུ་ཕྲུག་ལ་འཕྲུལ་ཤོད་རྒྱུ་འགོ་བཙུགས་སོང་ཟེར། ཡིན་ནའང་སེར་སྣས་བཅུན་ནས་ཆུང་ཆུང་ཆགས་པའི་མིའུ་ཕྲུག་གིས་འགྱིག་ཤོག་བྱེ་རིལ་དེ་སྤྲོད་མ་སོང་ཟེར།
སྐོར་ལམ་ནས་གཙུག་ལག་ཁང་དུ་མཆོད་མཇལ་ཕྱིན་སོང་ཟེར། མི་ཚང་མས་ལྷམ་ཕུད་ཀྱིན་ཡོད་པར་ཤེས་ཀྱང་མིའུ་ཕྲུག་ངོ་ཚ་ནས་ལྷ་ཁང་གི་སྒོ་འགྲམ་དུ་ལངས་ནས་འདུག་ཟེར། གང་ཡིན་ཟེར་ན། མིའུ་ཕྲུག་གི་རྐང་ཤུབས་རལ་བ་མ་ཟད་རྐང་དྲི་ཡི་བྱེད་ཉན་མི་འདུག་ཟེར། ཡིན་ནའང་དད་པས་མ་བཞག་ནས་ལྷམ་ཕུད་ནས་སྒུར་རེ་སྒུར་རེ་ཕྱིན་སོང་ཟེར།
སྟབས་མ་ལེགས་པ་ཞིག་ལ་རྐོ་གཉེར་དཀྲོག་དཀྲོག་ཉིན་དེའི་ལྷ་ཁང་བདག་སྤྲོད་བྱེད་མཁན་རེད་འདུག་ཟེར། ཁོས་ཁ་སྣ་གཟན་ཤམ་གྱིས་བཀབ་ནས་མཛུབ་སྟོན་བྱེད་ཀྱིན་བྱེད་ཀྱིན་མིའུ་ཕྲུག་གི་ཕྲག་པ་ལ་འཇུས་ནས་ཕྱིར་འབུད་སོང་ཟེར། སྙིང་རྗེ།
སྐར་མ་ཁ་ཤས་རྗེས་སུ་མཁའ་འགྲོ་མཚོ་ཡང་རྐང་དྲིས་བཏུམ་ནས་ལྷ་ཁང་ནང་དུ་འཛུལ་སོང་ཟེར། མཁའ་འགྲོ་མཚོས་ལྷ་འབུར་འབུར་རེ་ལ་ཐད་པ་ཐུག་གིན་ཐུག་གིན་འགྲོ་གིན་འདུག་ཟེར། རྐོ་གཉེར་དཀྲོག་དཀྲོག་གིས་མོས་བཏང་པའི་རྐང་དྲི་ལ་ཅི་མི་སྙམ་པར་ལྷ་རེ་ལ་འགྲེལ་བཤད་བརྒྱབ་ཐེངས་རེ་ལ་མཁའ་འགྲོ་མཚོའི་ལོ་རྒྱུས་ཀྱང་འདྲི་བཞིན་འདུག་ཟེར། ལྷ་ཁང་མཇལ་ཚར་བ་དང་རྐོ་གཉེར་དཀྲོག་དཀྲོག་གིས་སྟོན་པའི་ལྷུང་བཟད་ནས་ཧིན་སྒོར་བརྒྱ་ལོ་འགའ་མཁའ་འགྲོ་མཚོ་ལ་སྤྲོད་བཞིན་དུ་ “འདི་དཀོན་མཆོག་གི་གནང་བ་ཡིན་པས་ཡང་སེང་འདིར་མཆོད་མཇལ་ཡོང་ན་ཡག་པོ་ཧོན་འཐོར་ཡོད་རེད་ལོ།”ཟེར་ནས་མོའི་ལག་པ་གཉིས་ལ་འཕུར་འཕུར་བྱེད་ཙམ་བྱེད་ཙམ་དང་བཙིར་ཙམ་བཙིར་ཙམ་བྱེད་བཞིན་ལྷ་ཁང་གི་ཕྱི་རོལ་བར་བསྐྱེལ་སོང་ཟེར།
ལེའུ་གསུམ་པ་དུས་ཚོད་དང་བསྟུན་ནས་འབྲི་རྒྱུ་ཡིན་དོ།
མེ་ལྟར་འབར་བའི་ཤེས་རབ་མི་ལྡན་ཞིང་།།
མེ་ལོང་མ་སོགས་སྙན་གཞུང་མ་སྦྱོང་ཡང་།།
མེ་སྒྱོགས་རྒྱ་མཚོས་བརྒོལ་བའི་སོན་ཕུང་འདི།།
མེ་ལྟར་བསྲེགས་པར་བྱེད་ལ་ཉམས་ངལ་ཅི།།
མི་རིགས་ལ་ཞེན་ཟུངས་ཁྲག་དྲོན་མོ་བཞིན།།
མི་འདོར་དམ་བཅའི་འདུན་པ་བརྟན་པའི་ཕྱིར།།
མི་ཡུལ་འགྲིམ་དུས་སྐྱིད་སྡུག་འདྲེས་མའི་ལས།།
མིའུ་ཕྲུག་བདག་གིས་མ་མྱོང་བསམ་པ་མེད།།
ཀ་ཅ་ཟེར་ནས་ཁ་ངན་ཚིག་མཚོན་གྱིས།།
ག་བར་ཕྱིན་ཡང་ང་ལ་མཐོང་ཆུང་བྱེད།།
ཅ་དངོས་གང་ལ་ཆ་ལུགས་མི་འདུག་ཅེས།།
ཇ་ཕོར་གང་གི་ཉ་ཉུང་བསྲེ་མཁན་བྲལ།།
ཏཱ་ཡང་གཅིག་ཙམ་ཐ་ན་མེད་པའི་ཚུལ།།
ད་ལྟར་དྲན་ཚེ་ན་ཟུག་སེམས་ལ་སྟེར།།
པ་ལོ་བྲེག་ནས་ཕ་རོལ་ཕྱིན་པའི་གཞུང་།།
བ་རེ་བོ་རེ་མ་བྱས་བརྩོན་འགྲུས་ཀྱི།།
ཙ་རི་བསྐོར་བའི་ཚ་གྲང་དཀའ་སྤྱད་ལྟར།།
ཛ་དྲག་ཆེན་པོས་ཝ་ལེར་འཆར་བར་བྱས།།
ཞྭ་གོས་ལ་སོགས་ཟ་མཐུང་ལོངས་སྤྱོད་ལ།།
འ་ཆད་འུ་ཐུག་ཡ་ང་གྱུར་ན་ཡང་།།
ར་བ་གངས་ལྗོངས་ལ་རྒྱ་མི་བརྗེད་པའི།།
ཤ་ཁྲག་རུས་རྒྱུད་ས་མཐོའི་བོད་ཀྱི་བུ།།
ཧ་ལམ་ང་འདྲ་ཨ་ཕོ་རེ་རེ་ཙམ།།
ཕྱི་ཚུལ་འབྱོར་བས་དབུལ་ན་ཡང་།།
ནང་ནས་སྤོབས་པའི་མགོ་བོ་མཐོ།།
འབད་པས་མི་འགྲུབ་བྱ་བ་གང་།།
མེད་པའི་གཏན་ཚིགས་སྙིང་དུ་བྲིས།།
༈ ཨ་མའི་བུ་རྒོད་ལ་བཏང་པའི་འཕྲིན།
ཀ་ར་བུ་རམ་བཞེས་པའི་གཞོན་ནུ་དང་། །
ཁ་ཏ་སློབ་གསོར་མཁས་པའི་རྒན་པོ་ལ། །
ག་པུར་དྲི་བཞིན་འགྲོགས་པའི་བཟང་པོའི་སྤྱོད། །
ང་ཡི་མི་རིགས་འདི་དང་འབྲལ་དུས་མེད །།
ཅ་ལག་དངོས་པོའི་ཡར་རྒྱས་བུལ་ནའང་། །
ཆ་འགྲིག་ཆོས་དང་རིག་གཞུང་དར་བ་ཡི། །
ཇ་འཐུང་རབ་བྱུང་ཆང་འཐུང་སྔགས་པའི་སྡེ། །
ཉ་རྒྱས་ཟླ་བའི་དཔལ་བཞིན་ཆེས་ཆེར་གསལ། །
ཏ་ལེན་ཕྲག་པར་བཀལ་བའི་རོང་པ་དང་། །
ཐ་གུས་ནོར་ཕྱུག་འཁྲིད་པའི་འབྲོག་རུའི་བུ། །
ད་ལྟ་སྙིང་སྟོབས་དར་བའི་རྩེར་ཕྱིན་པས། །
ན་ནིང་ད་ལོ་སྐད་གསེང་ཇེ་མཐོར་གདའ། །
པ་ཅོག་ཐོད་དུ་བཅིང་པའི་ཁམས་པ་དང་། །
ཕ་མེས་རྗེ་བོའི་མདུན་ས་དབུས་གཙང་པ། །
བ་འབྲིའི་འོ་ཞོར་དགྱེས་པའི་ཨ་མདོ་བ། །
མ་ཡུམ་ཇོ་མོ་ལྷ་རིའི་གདུང་རྒྱུད་གཅིག །
ཙ་རི་ཀློ་ཡུལ་ལྷོ་མོན་རྟ་དབང་དང། །
ཚ་བ་རོང་དང་ཁ་བ་དཀར་པོ་སོགས། །
ཛ་ཡས་བསྟན་དང་བྷོ་ཊའི་ཆབ་འབངས་ཀྱིས། །
ཝ་ལེར་ཁྱབ་ཚུལ་ལོ་རྒྱས་རྒྱ་མཚོར་བཞུགས། །
ཞྭ་ལྟར་མགོ་བོར་འཁུར་བའི་བཙན་པོའི་རྒྱུད། །
ཟ་འདོད་ཁྲེལ་མེད་ལས་ལ་འཇུག་ཐབས་མེད། །
འ་འུར་རྣམ་གཡེངས་བྱེད་པའི་ལོང་མི་འདུག །
ཡ་རབས་མིག་ལྟོས་འོས་པའི་མཁས་མཛངས་ཡིན། །
ར་བ་གངས་རིས་བསྐོར་བ་བརྡ་ཞིག་ཡིན། །
ལ་ཆུ་འཕྲང་གསུམ་ཡོད་པ་དཔེ་ཞིག་ཡིན ། །
ཤ་ཞེན་ལ་རྒྱ་ཡོད་ན་བརྡ་དེ་གོ ། །
ས་རྒྱུས་ལོ་རྒྱུས་སྦྱོང་དང་དཔེ་དེ་ཤེས། །
ཧ་ཅང་རྒྱས་མིན་ལུགས་ཟུང་གལ་གནད་བསྡུས། །
ཧ་ཅང་བསྡུས་མིན་ཚིག་དོན་གོ་རིམ་ལྡན། །
ཨ་རིའི་ཡུལ་ནས་རྒྱང་གྲགས་བཏང་བ་བཞིན། །
ཨ་མའི་བུ་ཆུང་བོད་མི་ཀུན་ལ་སྤྲིངས། །
ལྷག་བསམ་རྒྱ་མཚོས། །
ལྷག་བསམ་རྒྱ་མཚོའི་ལྷག་བསམ་ལྷག་པར་ཡངས༎
མེ་སྒྱོགས་རྒྱ་མཚོའི་མེསྒྱོགས་མེ་ལས་ཚ༎
དཀོན་མཆོག་དྲ་ཞུགས་གནང་བ་གསེར་ལས་དཀོན༎
དེ་རིང་རྣམ་པ་ལྷན་རྒྱས་སླར་ཡང་མཇལ༎
ཨ་ཙི་ཙི། དྲ་ཞུགས་ཚོ། འདི་ལ་གཅིག་གཟིགས་དང༌། ཀླུ་སྨྱོན་ཧེ་རུ་ཀ་ཟེར་བ་དེས་བྲིས་པའི་ཁུངས་ལུང་མེད་པའི་བོད་རང་བཙན། ཞེས་པ་འདིར། དེ་སྔོན་ཡིན་ན་ཀླུ་བེ་སྨྱོན་གྱི་སྙན་ངག་ཀློག་རྒྱུར་ཤིན་ཏུ་དགའ། དེ་རིང་ཡིན་ན་སྨྱོན་པ་དེས་སྨྱོན་རྩོན་འདི་འདྲ་ཞིག་བྲིས་འདུག་པ་གཞི་ནས་མཐོང་བྱུང༌། དྲ་གྲོགས་ཚོ། མི་འདི་འདྲ་ལ་འབྲེལ་བ་མ་གནང་རོགས། གཤམ་འདི་ཁོས་བྲིས་པ་ཞིག་རེད།
རྨོངས་པ་དུས་སུ་གཉིད་མ་ལོག
སྤྱོད་འཇུག་ལས་དྲངས།
བོད་རང་བཙན་གཙང་མ་ཟེར་བ་ འདི་ལ་སོག་པོས་བོད་ལ་བཙན་འཛུལ་དང་ལྷག་པར་དུ་རྒྱལ་དབང་བདུན་པའི་དུས་ནས་བཟུང་ སྟེ་རྩད་གཅོད་བྱས་ན་སྒྲུབ་བྱེད་རྣམ་དག་ཅིག་མི་འདུག ལྷག་པར་ཨ་མདོའི་ཡུལ་འདིར་ཙོང་ཁ་རྒྱལ་པོ་ཟེར་བའི་རྒྱལ་ཕྲན་ཞིག་གི་རྒྱལ་པོ་ བྱུང་བ་ལས་མདོ་སྨད་སྤྱི་ལ་དབང་བསྒྱུར་པའི་རྒྱལ་པོ་ཞིག་ལོ་རྒྱུས་སྟེང་བྱུང་ མི་འདུག ལོ་ངོ་ཆིག་སྟོང་གི་རིང་ལ་མདོ་ཁམས་ཀྱི་ཡུལ་འདི་རྒྱལ་ཕྲན་ཆུང་ཆུང་མང་པོ་ཞིག་ གིས་དབང་སྒྱུར་བྱས་ཏེ་གནས་པ་ཞིག་རེད་འདུག དེས་ན་བོད་རང་བཙན་གཙང་མ་ཡིན་ཟེར་བ་འདི་ལ་ཁུངས་ལུང་མི་འདུག་ལ། ལྷག་པར་དུ་ཨ་མདོ་བ་ཞིག་ཡིན་ན་ཚིག་འདི་ལ་འདས་པའི་ལོ་རྒྱུས་ཀྱི་རྒྱབ་རྩ་ཅི་ ཡང་མེད་པ་ལོས་ཤེས། དེས་ན་བོད་ཕྱི་ནང་གི་ཨ་མདོ་བ་ཚོས་ད་ནས་བཟུང་སྟེ་ནང་སྙིང་མེད་པའི་ཚིག་སྐམ་ འདིའི་ཆེད་དུ་རང་གི་རྩ་ཆེ་བའི་ཚེ་སྲོག་ཆུད་ཟོས་སུ་མི་གཏོང་བའི་རེ་སྐུལ་ཞུ་ གི་ཡོད། བོད་རང་བཙན་ག་ལ་ཡིན། ལྷག་པར་དུ་ཨ་མདོ་རང་བཙན་ག་ལ་ཡིན། འདི་ནི་ང་ཚོའི་མགོ་ཐོག་གི་སྐུ་ངོ་ཚོའི་དབང་ཆ་བརྟན་སྲུང་གི་གཡོ་བྱུས་ཤིག་ དང་། ང་ཚོའི་མགོ་ནས་ད་བར་མ་དྭངས་པའི་ཆབ་སྲིད་པའི་གཡོ་འཕྲུལ་གྱི་སྨུག་པ་སྟུག་པོ་ ཞིག་རེད་ཡ། ང་ཚོས་གཡོ་བྱུས་འདི་ཤེས་ན་ལེགས་ལ་སྨུག་པ་འདི་ཡང་དྭངས་ན་ལེགས། གལ་སྲིད་ཨ་མདོ་རང་བཙན་གཙང་མ་ཡིན་ན་རྒྱལ་དབང་འདི་བ་མ་པུའུ་ཧྥང་གི་ལག་ནས་རྡ་ ཡང་འབུམ་ཕྲག་འགའ་སྤྲད་དེ་ཨ་མདོའི་ས་ཆ་ནས་བླུ་དོན་མེད་ཀ བོད་རང་བཙན་གཙང་མ་ཡིན་ཟེར་བ་འདི་ནི་དབུས་གཙང་གི་སྐུ་ངོ་ཚོས་ཨ་མདོ་བ་དང་ཁམས་ པ་ཚོ་བེད་སྤྱོད་བཏང་སྟེ་ཁོ་ཚོའི་ལྟོ་གོས་འཚོལ་བའི་ལག་ཆ་ཡོད་ན་མེད་ན་ཞིག་ རེད། རྒྱལ་དབང་མཆོག་གིས་རང་བཙན་མི་རྩོད་གསུངས་པའི་གནད་འགག་ཀྱང་འདི་ནས་རྙེད་པའི་ རེ་བ་ཡོད། ཨ་མདོ་ནམ་ཞིག་རང་བཙན་གཙང་མ་རེད། ཁམས་ཕྱོགས་ནམ་ཞིག་རང་བཙན་གཙང་མ་རེད། བོད་རང་བཙན་གཙང་མ་ཡིན་ཟེར་བ་ལས་དབུས་གཙང་རང་བཙན་གཙང་མ་ཡིན་ཟེར་ན་འདྲ་ཆགས་ ཐེབས་ཆགས་ཤིག་ཡོད་པ་འདྲ། བོད་རང་བཙན་གཙང་མ་ཡིན་ཟེར་བ་འདི་བདེན་པ་མ་རེད། བོད་རང་བཙན་གཙང་མ་དགོས་དང་མི་དགོས་བལྟ་རྒྱུ་ཞིག་རེད། ས་མཚམས་ཆུ་མཚམས་དེ་རེད། བོང་མཇེའི་ཚོད་མ་འདི་རེད།
ཅེས་བྲིས་འདུག་པར་མཆན་འགྲེལ་ཡང་མང་དག་ཅིག་འདུག མཆན་འགྲེལ་འགོད་མཁན་ཉུང་ཤས་ཀྱང་ཁྱི་རྒན་འདྲ་བོ་རྐྱང་རྐྱང་རེད་འདུག
ཡང་ཁོས་འདི་ལྟར་བྲིས་འདུག
ང་ཚོའི་སྲིད་དོན་རྒྱལ་རབས་ཀྱིས་བོད་རང་བཙན་ཡིན་མིན་བསྒྲུབས་ཐུབ་མ་སོང་།
ང་ཚོའི་གོང་ས་མཆོག་གིས་བོད་རང་བཙན་ཡིན་མིན་གསུང་གིན་མི་འདུག
ང་ཚོའི་ལོ་ལོན་ཚོ་ལ་བོད་རང་བཙན་ཡིན་མིན་བཤད་རྒྱུ་མི་འདུག
ང་ཚོའི་བུ་ཕྲུག་ཚོ་ལ་བོད་རང་བཙན་ཡིན་མིན་གྱི་སེམས་ཁུར་མི་འདུག
ང་ཚོའི་གསར་བུ་ཚོ་ལ་བོད་རང་བཙན་ཡིན་མིན་གྱི་གསལ་ཁ་མི་འདུག
གཅིག་གཟིགས་དང༌། དམ་ཉམས་བླ་ལོག་དེ།
ཨ་ཅེ་མཁའ་འགྲོ་མཚོ་ཉིད།།
ཡེ་ཤེས་རིན་པོ་ཆེ་དང་།།
ཐ་དད་དབྱེར་བ་འབྱེད་མཁན།།
སངས་རྒྱས་ཕེབས་ཀྱང་མེད་ཀྱི།།
རིག་པའི་རལ་གྲི་ལགས། རྩེད་མོ་མ་རྩེ་རོགས། ང་ཀླུ་སྨྱོན་ལ་ཧ་ལས་སོང༌། ཨ་ཁ་ཁ། འདི་འདྲ་ཡིན་ན་རྩོམ་ཡིག་མ་ཤེས་ན་དགའ་ས་རེད། དཀོན་མཆོག་གསུམ། གུང་ཁྲན་གྱི་ཕོག་འདྲ་རག་གི་ཡོད་ན་མེད་ན།
མཁའ་འགྲོ་མཚོ་ཡུག་ས་མ་འདི། འཛིན་ཟེར་ན་འཛིན་རྒྱུ་མེད་པ་མཇའ་ཚོན་འདྲ། བཞག་དང་ན་ཀོ་རོ་རོ་བཅར་ནས་ཡོང་། ད་ཤོག་དང་། kiss གཅིག་ཡ་ད།
………………………………*……..*…………….*………*
……………………..*………………………*………………………*
………………..*………………………………………………………….*
……………..*………………………………………………………………..*
…………….*………………………………………………………………….*
……………..*………………………………………………………………..*
……………….*…………………………………………………………….*
………………….*……………………………………………………….*
……………………..*………………………………………………..*
………………………….*……………………………………….*
……………………………….*……………………………*
……………………………………..*……………….*
………………………………………………*
མཁའ་འགྲོ་མཚོར་ཕུལ་་་་་་་་་་་་་་་་་་་
………………………………*……..*…………….*………*
……………………..*………………………*………………………*
………………..*……………………………I……..…………………….*
……………..*……………………………LOVE….………………………..*
…………….*………………………………………………………………….*
……………..*…………………………….YOU……………………………..*
……………….*…………………………………………………………….*
………………….*……………………KHANDR…TSO…………..…….*
……………………..*………………………………………………..*
………………………….*……………………………………….*
……………………………….*……………………………*
……………………………………..*……………….*
………………………………………………*
རེན་ཆེན་ལགས་དངོས་གནས་མཁའ་འགྲོ་འཚོ་དགའ་པ་འདྲ་་་སུ་ཞིག་གི་ཁྱོད་མེ་ཏོག་འདི་ ཡ་
ང་ཁྱེད་རང་ནང་བཞིན་མོ་ཡོད་ཚད་ཀུན་ལ་དགའ་པའི་ཀུན་དགའ་དེ་འདྲའི་གྲལ་ལ་མ་བསྒྲང་རོགས་་་་་་་་་
ཁྱོད་ཀྱི་མཁའ་འགྲོ་མཚོ་ང་གཉིས་ཀྱི་འབྲེལ་བ་དེ་མི་ཤེས་་་་་་་་་་་་་སྤྱིར་བཏང་ང་གཉིས་ཀྱི་འབྲེལ་བ་དེ་རྟོགས་དཀའ་བ་དང་གཅིག་་་་་་་་་་་་་་་་་་་་་ ཁྱོད་རང་རིག་པ་རྟུལ་བ་དང་གཉིས་་་་་་་་་་་་་་ ང་ལ་འགྲེལ་བཤད་མང་པོ་རྒྱབ་ཡག་གི་དུས་ཚོད་མེད་པ་དང་གསུམ་སྡོམ་ནས་ཡོད་ཙང་བྱེད་ཐབས་རང་མི་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གང་དྲག་་་་་་་་་་་་་་་་་་་
ད་ཉལ་རན་སོང་་་་་་་་་་་་་་་་་་་་་་་ བྷ་ཡེ་་་་་་་་་་་་་ སི་ཡུ་ཀྲུ་མ་རོ་་་་་་་་་་་་་་་་་་་་
རེན་ཆེན་ལགས་ང་ཡང་སྟུ་ཡོད་ཚུད་ལ་ཁྱེད་རང་ནང་བཞིན་དགའ་མཁན་ཞིག་མིན་ལ་གོ་སྐབས་དང་དུས་ཚུད་ཡོངས་རྫོགས་འདི་འདྲའི་ཐོག་བཏང་མཁན་གྱི་མི་ཀླད་མེད་ཞིག་ཀྱང་མིན་
ཡང་ཁྱེད་ཀྱི་མ་ཤེས་ན་ཀུན་དགའ་ཟེར་ན་ཕོ་མོ་དབྱེར་མེད་མི་ཀུན་ང་ལ་དགའ་བའི་གོ་དོན་རེད་ཁྱེད་མ་དགའ་ན་དགོངས་དག་མི་རེ་གཉིས་ཡོང་གི་རེད་ལྷག་དོན་ཁྱེད་རང་ནང་བཞིན་དེ་འདྲ་ཡོང་གི་རེད་དེ་ངའི་ཉམས་རེད་བསམ་གྱི་འདུག་ཨ་རོག་
………………………………*……..*…………….*………*
……………………..*………………………*………………………*
………………..*……………………………ང……..…………………….*
……………..*……………………………དགའ….………………………..*
…………….*………………………………………………………………….*
……………..*…………………………….ཁྱེད་……………………………..*
……………….*…………………………………………………………….*
………………….*…………………མཁས་དབང་དང་དཔའ་བོ་…………..…….*
……………………..*………………………………………………..*
………………………….*……………………………………….*
……………………………….*……………………………*
……………………………………..*……………….*
………………………………………………*
འདི་ཡོད་དྲ་གྲོགས་རྣམས་ཀྱི་བརྗོད་དོན་གང་ཞིག་ཡིན་མི་ཤེས་ཀྱང་ང་མཁའ་འགྲོ་མཚོ་ལ་དགའ་ཟེར་བ་སོགས་སྐུ་འོས་བོད་མི་མང་སྤྱི་མཐུས་དང་རིགས་གནས་ཀུན་ལ་མཁས་དབང་་བེ་རི་འཇིགས་མེད་མཆོག་གི་རྩམ་འདིའི་བརྗོད་གཞི་དང་འབྲེལ་བ་མེད་པའི་གཏམ་བཤད་རེ་གཉིས་མ་ཡིན་པ་གང་མང་ཞིག་དོན་འདུག་དོན་དངོས་ཐོག་ཕོ་ཞིག་ཡིན་ན་བཟང་ངན་གཙོ་བོ་མ་ཡིན་པ་མོ་ཞིག་ལ་དགའ་བ་ནི་ལས་སམ་དཀོན་མཆོག་གི་བཟོས་པ་འདྲ་པོ་རེད་་་་་་དེར་གསལ་བཤད་རིགས་པའི་ལུང་དྲངས་མི་དགོས་པ་མཐོང་
དྲ་གྲོགས་འཚོ་གནས་ཚུལ་གསར་པ་ཡོད་ད་
་དྲ་གཞན་གྱི་བརྗོད་་མཁའ་འགྲོ་མཚོ་ཟེར་བ་དེ་བུ་མོ་ཞིག་མ་རེད་ལ་མོ་ཞིག་ཀྱང་མ་རེད་དེ་ནི་མོ་མིང་ཡིན་པའི་བུ་ཞིག་རེད་འདུག་
ནོར་བཅོས་ དྲ་གྲོགས་གཞན་གྱི་བརྗོད་གསལ་མཁའ་འགྲོ་མཚོ་ཟེར་བ་དེ་བུ་མོ་ཞིག་མ་རེད་ལ་མོ་ཞིག་ཀྱང་མ་རེད་དེ་ནི་མོ་མིང་རྟགས་པའི་བུ་ཞིག་རེད་འདུག་
དེ་ནི། མོ་རིན་པོ་ཆེ་ཞིག་ཡིན་པ་གདོན་མི་ཟ། ཧེ་ཧེ། ཁོང་སྨྱོན་རིན་པོ་ཆེ་དང་གཉིས་སུ་མེད་པར་ཐོས། གང་ཡིན་ན་ཡིན་ཐང་། དྲ་རྒྱ་འདིས་ནང་དུ་བུ་མོ་གཉིས་ཡོད་པ་དེ། གཅིག་མཁའ་འགྲོ་ཚོ་རེད།
དྲ་གྲོགས་བཤད་སྒྲུབ་ལགས་གནས་ཚུལ་དེ་དངོས་གནས་ཡིན་ན་ཡང་མ་གསུངས་ན་བཟང་ས་རེད་གོང་དུ་རེན་ཆེན་ཟེར་བའི་མི་མིག་མེད་མཁན་དེའི་མོ་ཞིག་ཡིན་ཤག་བྱེད་དེ་དགའ་བའི་རྣམས་འགྱུལ་ཇི་རྩམ་ལྟོན་སོང་ད་དུང་ཁོང་གཉིས་ངོ་ཤེས་ཡིན་མདོག་བཤད་གི་འདུག་་ད་མི་ཤེས་གི་ཡ་
དྲ་གྲོགས་རིགས་པའི་རེ་གྲི་ཟེར་བ་ལགས།།
སྟུ་ལྡན་མོ་དགའ་བ་ནའང་རིན་པོ་ཆེ་ཅེས་གསུང་མི་རིགས།།
དོན་དངོས་མི་མཐུན་གཏམ་བཤད་སྨྱོན་པ་མཐོང་།།
མཇེ་ལྡན་སྐྱེ་བོ་གཞན་ལ་ལྟ་ན་ཤེས།།
ཀུན་སྡུག་ལགས་་་་་་་་་
ཁྱོད་རང་གི་བསམ་པར་ང་མཁའ་འགྲོ་མཚོ་ལ་དགའ་དྲག་པ་རེད་བསམ་སྲིད་ལ་ཁག་ཀྱང་མི་འདུག་མཁའ་འགྲོ་མཚོ་ཟེར་བའི་དྲྭ་གྲོགས་དེ་བུ་མོ་ཞིག་བརྟན་བརྟན་རེད་འདུག་བུ་མོ་ཞིག་མིན་ནའང་ཁྱེད་པར་གལ་ཡང་མི་རྙེད་ནི་ཡག་ཐག་ཆོད་ཅིག་བརྐོས་ཡིན་་་་་་་་་་་་་་་་་་་
མ་གཞི་ཀུན་སྡུག་ཁྱོད་ལ་གསང་བ་ཤིག་བཤད་དགོས་ལོ་ང་ཁ་བརྡ་དྲྭ་རྒྱ་འདིར་ཡོང་བ་ནས་བཟུང་སྟེ་བོད་ཡིག་ཡར་རྒྱས་ཡག་པོ་འགྲོ་གི་འདུག་ཅིང་དེ་དྲྭ་རྒྱ་འདིར་ཡོང་བའི་རྒྱུ་མཚན་གཙོ་བོ་ཡིན་ སོམས་དང་མི་ལ་རྙེད་བརྐོ་ས་ཡོད་པ་སོ་སོ་བོད་ཡིག་ཡར་རྒྱས་འགྲོ་བ་ད་དུང་མགོ་ལ་དབྱུག་པ་རེག་མི་དགོས་པ་གང་ནས་བསམ་ཀྱང་ཁེ་བཟང་རྐྱང་རྐྱང་རེད་བཞག་ཁྱོད་རང་མིག་ཚ་ན་སྡུག་གྱོང་རེད་ལོ་་་་་་་་་་་་་་་་་་་་་་
ཁྱད་པར་གལ་ཡང་མི་འདུག་
ཀུན་དགའ་རྩེད་མོ་ཡིན་ཚིག་པ་མ་ཟ་ལོ་་་་་་་་་་ ཚིག་ཀྱོག་ཟ་ན་ན་གི་རེད་ད་་་་་་་་་་་་་་་
ཁ་གཏེ་ངན་སླེབས་དུས་ཀུན་དགའ་དང་རིན་ཆེན་གཉིས་ཀྱིས་ངའི་མཁའ་འགྲོ་མཚོ་ཕོ་མིན་མོ་མིན་ཅིག་བཟོ་སོང་།
གཞོན་ནུ་ང་ལ་དགའ་མཁན་མཚོ་མོ་ཞིག་སླེབ་ཚར་འདུག་ད་མཁའ་འགྲོ་མཚོ་ཁྱོད་རང་ཁྱེར་ནའང་ཁྱད་པར་མི་འདུག་་་་་་་་་་་་་་་་་་་་་ འོ་ཡ་གཅིག་བྱས་ན་མཁའ་འགྲོ་མཚོ་དང་མཚོ་མོ་གཅིག་པ་ཡིན་གྱི་རེད་ད་་་་་་་་་་དེ་ཡིན་ན་གཞོན་ནུ་དགོངས་དག་ཡིན་མ་གཏོགས་མཚོ་མོ་སྤྲད་མི་ཐུབ་ཐག་ཆོད་ཡིན་ད་་་་་་་་་་་་་ གྲོགས་པོ་གྲོགས་པོ་རེད་དགའ་གྲོགས་དགའ་གྲོགས་རེད་མ་གཏོགས་་་་་་་་་་་་་ གྲོགས་པོ་ལ་དགའ་གྲོགས་དང་དགའ་གྲོགས་ལ་གྲོགས་པོ་སྤྲད་ཐུབ་ས་མ་རེད་དྲྭ་གྲོགས་གཞོན་ནུ་ཚིག་པ་མ་ཟ་ལོ་་་་་་་་་་
ཨཡེ་ལྰབ་ཡུ་མཚོ་མོ་་་་་་་
བྷ་ཡེ་གཞོན་ནུ་་་་་་་་་་
ལེའུ་གསུམ་པ།
མཁའ་འགྲོ་འཚོ་མགྱོགས་པོ་རྐོ་གཉེར་གྱིས་སྤྲོད་པའི་དངུལ་སྒོར་རྣམས་སྤར་མོ་ནང་དུ་འཛིན་ནས་གཙུག་ལག་ཁང་གི་ཕྱི་བསྐོར་བརྒྱབ་ནས་ཕྱིན་སོང་། ལམ་འགག་གི་ཟུར་གཅིག་ལ་རྒྱ་གར་བའི་གཅིན་པ་གཏོང་ས་ཞིག་ལ་མིའུ་ཕྲུག་གིས་བོད་ཡིག་ཅིག་ཀློག་བཞིན་འདུག མོས་བོད་ཡིག་གི་དེབ་དེ་གང་ནས་རག་སོང་དྲིས་པར་མིའུ་ཕྲུག་གིས་གད་སྙིགས་ནང་ནས་རྙེད་སོང་ཟེར། མོས་ཤིང་ནགས་གསེང་ནས་དབྱུག་པ་ཞིག་ཡར་བླངས་ནས་གད་སྙིགས་སྔོག་པར་སོང་། ཧོན་འཐོར་དགོས་པ་ཞིག་ལ་མོས་༼བོད་རང་བཙན་ནི་སྲིད་དོན་རྒྱལ་རབས་ཀྱིས་ཀྱང་བསྒྲུབ་མི་ཐུབ༽་ཅེས་པའི་ལོ་རྒྱུས་ཀྱི་དེབ་ཕྲེང་ཞིག་རྙེད། མོའི་གདོང་མདོག་ལོག་བཞིན་མིའུ་ཕྲུག་གི་ཕྱོགས་སུ་རྒྱུག
མིའུ་ཕྲུག་ལ་ལོ་རྒྱུས་ཀྱི་དེབ་ཕྲེང་དེ་བསྟན་པས་”ཨའ། ངས་ལོ་རྒྱུས་ཀློག་ཤེས་ཀྱི་མེད། ང་ནི་སྒྲུང་རྩོམ་ལ་མ་གཏོགས་གཞན་ལ་དོ་སྣང་དེ་ཙམ་མེད་”ཟེར་ནས་མཁའ་འགྲོ་འཚོ་སྣང་མེད་དུ་བཞག
མོ་རང་གིས་ལོ་རྒྱུས་ཀྱི་དེབ་ཕྲེང་དེ་སྐུ་ཞབས་ལྭ་བ་དམར་པོ་གྱོན་མཁན་ཞིག་ལམ་བར་ནས་བཀག་སྟེ་ངོ་སྤྲོད་བྱ་བརྩིས་བྱས། སྐུ་ཞབས་དེས་ “ཨའ། དེ་དང་བཀླགས་ཟིན་”ཟེར་ནས་ཕྲེང་བ་ཞིག་བགྲང་གིན་ཕྱིན་སོང་།
མོས་རྡ་ཤོད་ནས་ཡར་ཡོང་མཁན་གྱི་ལས་བྱེད་ཅིག་ལ་བསྟན་བརྩིས་བྱས། མོའི་དྲི་བ་འགོ་མ་འཛུགས་གོང་ལ་ལས་བྱེད་པས་”ཨའ། ཉོབ་བ་ལ། འདི་བོད་ཡིག་རེད་འདུག་ག ངས་བོད་ཡིག་ཤེས་ཀྱི་མེད་ལོ།”སྤོབས་པ་དང་བཅས་བཤད་ནས་ཕྱིན། མོ་ཁོང་ཁྲོ་ལངས་ཐག་ཆོད་ནས་ཤུགས་ཡོད་ཚད་ཀྱི་དེབ་ཐེར་དེ་གད་སྙིགས་གསོག་སྒམ་གྱི་ཕྱོགས་སུ་གཡུག
མོ་སྣེ་ལེན་ཁང་དུ་སླེབས། དགོང་ཟས་ཡང་ཟ་མ་འདོད་པར་ཉལ། རྒྱུན་རིང་པོ་གཉིད་མ་ཁུག མཚན་དགུང་ཡལ་ནས་ཞོགས་པའི་ཆུ་ཚོད་གཉིས་ཟིན་གྲབས་བྱས་པའི་སྐབས་དེར་ཉིན་མའི་གོང་དུ་གྲ་ཆས་གོན་ཞིང་གཙུག་ལག་ཁང་གི་ཚོགས་ཆོས་ལ་ཕེབས་མཁན་གྱི་སྐུ་ཞབས་གསར་འབྱོར་བ་ཞིག་དང་ཕྲུག་གུ་གསུམ་གྱི་ཨ་མ་རྒྱག་པ་དེ་གཉིས་ལུས་པོ་གཅིག་ཏུ་གྱུར་བའི་ན་ཟུག་གི་འཁུན་སྒྲ་བྱིན་འགོ་བཙུགས། ཨ་ཅེ་མཁའ་འགྲོ་འཚོ་ཡ། ཁྱེད་ཀྱིས་ལས་ཅི་ཞིག་བསགས་པའི་ཉེས་པ་རེད།
དགོང་མོ་དེར་མིའུ་ཕྲུག་སྣེ་ལེན་ཁང་དུ་འབྱོར་ཕྱིས་དྲགས་ནས་སྒོ་སྲུང་རིག་པའི་རལ་གྲི་ཟེར་བ་དེས་གསར་འབྱོར་མིའུ་ཕྲུག་ལ་ཡ་ང་སྙིང་རྗེ་ཅི་ཡང་མ་བྱས་པར་སྣེ་ལེན་ཁང་དུ་འཛུལ་བཅུག་མེད། མིའུ་ཕྲུག་གིས་གད་སྙིགས་ནས་རྙེད་པའི་བོད་ཡིག་གི་སྒྲུང་དེབ་གོས་ཐུང་གི་པོ་པོ་ནང་དུ་བཅུག་ནས་བྷ་སུག་གི་བོད་པའི་ཆབ་ཁང་གི་སྟེང་དུ་ཉལ་བར་ཕྱིན་སོང་། སྤོ་སྤོ་རྡོ་རྗེ་ལགས་ཀྱིས་ཕུ་ཐུང་གཟེར་ནས་མིའུ་ཕྲུག་སྒུག་ནས་འདུག་ཟེར།
སྙིང་རྗེ་མིའུ་ཕྲུག ངན་པ་དགུ་འཛོམས་ཡིན་པ་འདྲ།
འདི་ཡོད་དྲ་གྲོགས་རྣམས་ལ་དགོངས་དག་ཞུ་རྒྱུ་ཡིན་ང་རང་ལས་དཀའ་བྲེལ་བ་བྱེད་བཞིན་ཁ་སང་མཇལ་ཐུག་མ་སོང་
དྲ་གྲོགས་རིན་ཆེན་ལགས་དེ་སྔོན་ཁྱེད་ཀྱི་མཁའ་འགྲོ་མཚོ་ཟེར་ལ་དགའ་མདོག་བཤད་དུས་དྲ་གྲོགས་གཞན་གྱི་མཁའ་འགྲོ་མཚོ་ཟེར་བ་དེ་བུ་མོ་ཞིག་མིན་ཚུལ་གསུངས་སོང་་་་་་་་གཏམ་བཟང་དེ་ངས་གསལ་པོ་བཟོ་ནས་དྲ་ཐོག་དཀོད་ཡོད་པས་ཁྱེད་ཀྱི་མཐོང་ནས་གཤམ་ཏུ་བཀོད་པ་འདི་འཕེལ་ཆེ་ང་ལ་ལན་བསྐུལ་བ་འདྲ་ངོ་མ་བོད་ཡིག་སྦྱང་མཁན་ཞིག་ཡིན་ན་མོ་དང་མོ་མིང་ལ་དགའ་དགོས་དོན་གང་ཡིན་བཤད་དང་ང་རང་གི་བསམ་པ་འདི་གཉིས་རྒྱུ་ཅན་དང་གནས་ལུགས་མི་འདྲ་བ་གསལ་པོ་རེད་སྙམ་
མ་གཞི་ཀུན་སྡུག་ཁྱོད་ལ་ གསང་བ་ཤིག་བཤད་དགོས་ལོ་ང་ཁ་བརྡ་དྲྭ་རྒྱ་འདིར་ཡོང་བ་ནས་བཟུང་སྟེ་བོད་ཡིག་ཡར་ རྒྱས་ཡག་པོ་འགྲོ་གི་འདུག་ཅིང་དེ་དྲྭ་རྒྱ་འདིར་ཡོང་བའི་རྒྱུ་མཚན་གཙོ་བོ་ཡིན་ སོམས་དང་མི་ལ་རྙེད་བརྐོ་ས་ཡོད་པ་སོ་སོ་བོད་ཡིག་ཡར་རྒྱས་འགྲོ་བ་ད་དུང་མགོ་ལ་ དབྱུག་པ་རེག་མི་དགོས་པ་གང་ནས་བསམ་ཀྱང་ཁེ་བཟང་རྐྱང་རྐྱང་རེད་བཞག་ཁྱོད་རང་ མིག་ཚ་ན་སྡུག་གྱོང་རེད་ལོ་་་་་་་་་་་་་་་་་་་་་་
ནོར་བཅོས་ དེ་སྔོན་ཁྱེད་ཀྱི་མཁའ་འགྲོ་མཚོ་ལ་དགའ་མདོག་བྱེད་དུས
མེ་སྒྱོགས་རྒྱ་མཚོ་ལགས་ཁྱོད་ཀྱི་གསུངས་པའི་མཁའ་འགྲོ་མཚོ་ཟེར་བ་དེ་རྩམ་སྒྲུང་གི་མི་སྣ་གཙོ་རེད་འདུག་པས་དངོས་གནས་མོ་ཞིག་ཡིན་པ་དང་བོད་ནས་གསར་ཏུ་འབྱོར་བ་ཞིག་ཡིན་རྒྱུ་རེད་་་ཧཧཧཧཧཧ་རྩེ་མོ་ཡིན་་་་་་་་་ཁྱེད་ཀྱི་མིའུ་ཕྲུག་སྒྲུང་རྩམ་མ་གཏོགས་གཞན་ལོ་རྒྱུས་ལ་དོ་སྣང་མི་འདུག་ཟེར་བ་དངོས་གནས་ད་བར་ཁ་བརྡ་ཟིན་བྲིས་ནས་ཉམས་བྱེད་པའི་གཏམ་ཞིག་རེད་འདུག་སྙམ་
དེ་སྔོན་བེ་རི་འཇིགས་མེད་ཀྱི་ཆུ་སྒང་དཔའ་བོའི་སྐོར་དང་ཧོ་གཙང་འཇིགས་མེད་གི་མདོ་སྨད་ལོ་རྒྱུས་ཆེ་མོའི་སྐོར་སོགས་གསུངས་དུས་ཁོའི་ཚིག་འདི་ཡིན་ཟེར་བ་ཞིག་བཤད་རྒྱུ་མི་འདུག་་་་་་་་ད་དུང་ཁོང་ཕེབས་སའི་ཟིན་བྲིས་ནི་ཀླུ་སྨྱོན་གྱི་ཀ་རྩམ་གླང་མཇེ་ས་བཤགས་ཟེར་བ་དེ་ན་རེད་་་ཁྱོད་ལ་དུས་ཚུད་ཡོད་ན་དེར་གཟོགས་དང་ངས་ཁོ་ལ་དགོས་ངེས་ཀྱི་གཏམ་བཤད་བྱེད་ཡོད་
ཀུན་དགའ་་་་་་་་་་་་་་
མཁའ་འགྲོ་མཚོ་ལ་དགའ་མདོག་མདོག་ཅིག་བཤད་ནས་རྙེད་ཡག་ཐག་ཆོད་ཅིག་བརྐོས་ནའང་དོན་དུ་སོ་སོ་བོད་ཡིག་ཡར་རྒྱས་འགྲོ་གི་འདུག་ཟེར་བ་ཡིན་་་་་་ བོད་ཡིག་ཡར་རྒྱས་འགྲོ་ན་མཁའ་འགྲོ་མཚོ་ལ་རྙེད་བརྐོས་དགོས་པའམ་དགའ་དགོས་པ་རེད་ལབ་མེད་་་་་་་་
ཨ་ཙི་ལས་བསླ་པོ་འདི་འདྲ་ཞིག་ཀྱང་གོ་དཀའ་བོ་དེ་འདྲ་ཅི་ཡིན་ན་་་་་་་་་་་
What is the use of shimmering stars if there is no night?
What is the use of sweet fragrance if there are no flowers ?
What is the use of sun and moon if there are no planets ?
What is the use of beautiful མཁའ་འགྲོ་མཚོ་ if there isn’t an admirer like me ?
ཨཡེ་ལྰབ་ཡུ་་་་་མཁའ་མཚོ་
དྲ་གྲོགས་རེན་ཆེན་ནས་
ལས་བསླ་པོའི་ཚིག་དེ་་གོ་ཁག་པོ་དེ་འདྲ་བྲིས་ན་རང་བཞིན་གྱི་གོ་དཀའ་བ་ཆགས་གི་རེད་
དེ་ངའི་ངོས་ནས་ནོར་འཁྲུལ་ཡིནབསམ་གྱི་མེད་་གལ་ཏེ་ཁྱེད་ཀྱི་དེ་ཀློག་པ་པོའི་ནོར་བ་དྲན་གྱི་ཡོད་ན་ཡིན་པའི་ཁོང་སུ་བཏང་ན་འགྲིག་
མ་གཞི་ནས་གནས་ཚུལ་དེ་ཡག་པོ་མ་རེད་བསམ་སོང་དོན་དངོས་ཐོག་མདོག་མདོག་ཟེར་ན་མ་ཡིན་ཡིན་མདོག་ལ་གོ་བ་རེད་དེས་ན་དེ་ཆོས་དང་འཐིག་རྟེན་གཉིས་ཀའི་ནང་མི་མཐུན་པ་རེད་རྒྱུ་ནོར་གྱི་ཁྱད་དུ་རྐུ་མ་བྱེད་པ་དང་གཅིག་མཚུང་རེད་
ནོར་བཅོས
དེས་ན་དེ་ཆོས་དང་འཇིགག་རྟེན་གཉིས་ཀའི
རིན་ཆེན་ལགས་དབྱིན་ཡིག་གང་ཤེས་ཚང་མ་བྲིས་ཡོད་པས་
ཀུན་དགའ་་་་་་་་
ང་བོད་ཡིག་བྲིས་མ་ཤེས་པ་ཡིན་ནམ་ཁྱོད་བོད་ཡིག་ཀློག་མ་ཤེས་པ་གང་ཡིན་དེ་བརྗོད་དཀའ་བ་ཞིག་རེད་་་་་ གལ་ཏེ་ཁྱོད་སྐྱིད་པོ་བྱུང་རོགས་བྱས་ན་བོད་ཡིག་བྲིས་མི་ཤེས་པ་དེ་ང་རེད་ཟེར་ཡང་རུང་རིན་ཆེན་འདིས་གོ་བསླ་པོ་དེ་དཀའ་པོ་བཟོས་ནས་འབྲི་ཡིན་འདུག་ལབ་ནའང་ཆོག་གི་་་་་་་ ང་ལ་ནི་ཁྱད་དེ་ཙམ་མེད་་་་་་་་་་་་་་་་
དབྱིན་ཡིག་འདི་ཀུན་དགའ་ཁྱོད་ལ་བྲིས་མེད་པས་ཇུས་གཏོགས་གཏན་ནས་མེད་ས་དེ་འདི་རེད་ལོ་་་་་་་་
མཚན་མོ་མེད་ན་སྐར་འོད་གང་ལ་གསལ།
པད་མོ་མེད་ན་དྲི་ཞིམ་བེད་སྤྱོད་ཅི།། མཆན་འདི་ལ་འབྲེལ་བ་གང་ཡང་མི་འདུག
ས་ཆེན་མེད་ན་ཉི་ཟླའི་འཇུག་པ་གང་།
བཀུར་འོས་ང་མེད་མཁའ་འགྲོའི་མཛེས་སྡུག་མེད།།
རིན་ཆེན་གྱི་དབྱིན་ཡིག་ཐབ་ཆགས་སྙན་ངག་ཡིན་པར་རློམ་པ་དེ། ངས་བོད་སྐད་ཐོག་ཏུ་སྙན་པོར་བཟོས་པའི་དགེ་པ་དེས། རིན་ཆེན་གྱིས་མཁའ་འགྲོ་མཚོ་ཐོབ་པའི་རྒྱུ་གྱུར་ཅིག
རིན་ཆེན་
ཁ་བརྡ་དྲ་རྒྱ་ནང་ཇུས་གཏོགས་གཏན་ནས་མེད་ས་དེ་ཁྱོད་ཀྱི་བྲིས་པའི་དབྱིན་ཡིག་གོ་དོན་མེད་པ་དེ་རེད་པས་
ཡང་ན་ཕོ་མོ་གང་ཡིན་མི་ཤེས་པར་་ཁྱོད་ཀྱི་དགའ་མདོག་མདོག་བྱེད་སའི་མཁའ་འགྲོ་མཚོ་ཟེར་བ་དེ་རེད་ཨཨ་ཧཧཧཧཧཧཧཧཧཧཨཨཧཧཧཧ
རིག་པའི་རེ་གྲའི་དབྱིན་ལུགས་སྦྱང་པ་ནས།།
འཁྲིག་སྤྱོད་འཁྲིག་ཚིག་གང་མང་ཤེས་པ་འདྲ།།
ང་གཉིས་ཀླུ་སྨྱོན་མཇེ་རྩམ་ནང་དུ་ཐུབ།།
གང་ལྟར་ཚིག་འདི་དོན་བརྒྱུར་ཡག་པོ་མཐོང།།
དྲ་གྲོགས་རྣམས་ནས་གནས་ལུགས་དང་རྒྱུ་མཚན་གང་ཞིག་གི་དབང་ལས་གསུངས་བ་མི་ཤེས་ཚིག་ངན་མང་པོ་གསུངས་འདུག་ངའི་རེ་བ་ལ་དེ་འདྲ་མ་གསུངས་རོགས་ཚང་མ་སོ་སོ་བོད་པ་ཞིག་ཡིན་པ་དང་སོ་སོའི་བོད་ཡིག་བྲིས་གི་ཡོད་ཙང་ཅུང་མ་འདྲ་བའི་བསམ་བློའི་ཐོག་ནས་བཤད་ན་ཡག་པོ་རེད་ཅེས་ཞུ་འདོད་བྱུང་
མཚོ་མོ་ལགས་་བཀའ་དྲན་ཆེ་་་་་་་་རེན་ཆེན་ཟེར་བ་དེ་མོ་དགའ་ཆེ་བ་ཞིག་རེད་་རྟན་རྟན་ཁྱེད་གྱི་བཤད་པ་དེ་ཁོས་ཉམས་ལན་ཞིག་གི་ཚུལ་དུ་གང་ཐུབ་ཅི་ཐུབ་བྱེད་ཀྱི་རེད་་་་་་་་་སེམས་བདེ་མོ་གྱིས་
H1N1 ཆམ་ནད་རིམ་གྱིས་རྒྱ་ཁྱབ་ཏུ་ཕྱིན་ཏེ་ལྷ་ས་དང་ཀན་སུའུ། མཚོ་སྔོན་བཅས་བོད་མི་འདུས་སྡོད་ཀྱི་གནས་སུ་སླེབས་འདུག་ཟེར།
འདི་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་ H1N1 ཆམ་ནད་རིམ་གྱིས་ཁྱབ་སྟེ་འཛམ་གླིང་གི་ཡུལ་གྲུ་གང་སར་སྔོན་འགོག་གི་ཐབས་ལམ་འདྲ་མིིན་སྤྱོད་ཀྱིན་ཡོད་པ་ལྟར། རྒྱ་གཞུང་གིས་ཉེ་བའི་དུས་ནས་ H1N1 འགོས་ནད་སྔོན་འགོག་ཐད་ནུས་པ་གང་ཡོད་བཏོན་ཏེ་མི་ཁྲི་ ༡༦༥ ལྷག་ལ་ནད་ཡམས་འདི་འགོག་ཐབས་ཀྱི་ཁབ་ཐོན་སྐྱེད་བྱས་ཡོད་ཚུལ་བརྗོད་ཡོད་པ་རེད། དེ་ལྟ་ནའང་། ནད་ཡམས་འདི་རྒྱ་ནག་གི་ཀོང་ཏུང་དང་པེ་ཅིན། ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་ཁག་ནས་རྒྱ་ཁྱབ་དུ་ཕྱིན་ཏེ། མི་མང་པོར་འགོས་ནད་འདི་ཕོག་ཡོད་འདུག་ལ། ནད་ཡམས་འདི་འགོས་པའི་ཚད་གཞི་ཆེ་ཤོས་དེ་རྒྱ་ནག་ནང་ཁུལ་གྱི་སློབ་གྲྭ་ཁག་ཡིན་འདུག ཉེ་དུས་ནས་ནད་ཡམས་འདི་རིམ་གྱིས་བོད་ཁུལ་དུ་སླེབས་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་ལྷ་ས་མལ་གྲོ་གོང་དཀར་རྫོང་གི་སློབ་འབྲིང་གི་སློབ་མ་གཉིས་ལ་ཆམ་ནད་ཡོད་པའི་ངོས་འཛིན་བྱུང་ཡོད་པ་མ་ཟད། ཀན་སུའུ་ཞིང་ཆེན་ཧྲུའུ་ཀྲུང་རྫོང་གི་ལེགས་འགྲུབ་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་མཚོ་སྔོན་གྱི་སློབ་མ་རང་ལོ་ ༡༩ ཡིན་པ་ཞིག་ལ་ཟླ་འདིའི་ཚེས་ ༥ ཉིན་ནད་ཡམས་འདི་ཡོད་པའི་ངོས་འཛིན་བྱས་ཡོད་འདུག
ཚིག་ངན་ཙམ་ལ་ཞེད་པའི་མཚོ་མོ་ཁྱོད།།
ད་དུང་རུས་སྦལ་བཞིན་དུ་བག་ཁུམ་ནས།།
བོད་ཀྱི་བུ་གཡོག་ཁོ་ནས་མི་ཚེ་ནས།།
མི་རབ་བར་དུ་བསྐྱེལ་བའི་གྲབ་བྱེད་དམ།།
འོག་སྒོ་ཆེ་ཡང་མཁྱེན་རྒྱ་མི་ཆུང་བའི།།
བོད་ཀྱི་བུ་མོས་བུ་མོ་གཞན་ནང་བཞིན།།
བོད་ཀྱི་བུ་ཡི་བྲང་གི་ཞབས་ལོག་ནས།།
ནམ་ཞིག་ཐར་བའི་སྨོན་པ་འདེབས་ཀྱི་ཡོད།།
གོང་གི་གནས་ཚུལ་དེ་འདི་བོད་ཀྱི་དུས་བབ་དྲ་རྒྱ་ནས་ཤུས་པ་ཡིན་་གནས་ཚུལ་འདི་གལ་གནད་ཆེ་ལ་དོགས་ཟིན་དགོས་པ་ཞིག་མཐོང་ནས་འདི་དྲ་གྲོགས་འཚོའི་ནད་གཞི་དེ་ལ་དམིགས་གསལ་འགྲེལ་བཤད་འདྲ་ཡོད་ནམ་སྙམ་་
དེ་འདྲ་མ་གསུང་རིག་པའི་རེ་གྲི་ལགས།།
མཚོ་མོ་ཟེར་བ་ཆགས་རྒྱུས་མེད་ན་ཡང་།།
བོད་ཀྱི་བུ་མོའི་གཤིས་བཟང་ང་ཡི་ཤེས།།
ཐམས་ཅད་བྱམས་ཆེ་པོའི་རྣམས་ཐར་འདྲ།།
ནོར་བཅོས་
ཐམས་ཅད་བྱམས་སེམས་ཆེ་མོའི་རྣམས་ཐར་འདྲ།།
རེན་ཆེན་མོ་དགའ་གང་དུ་སོང་བ་ཡིན།།
རིག་པའི་རེ་གྲི་ཟེར་བ་གང་དུ་ཡོད།།
བཤད་སྒྲུབ་ཟེར་བས་གཏམ་ངན་བཤད་ནས་སོང་་།།
མཚོ་མོ་ཟེར་བས་རེ་བཀུལ་བཤད་ནས་སོང་།།
དྲ་གྲོགས་བཤད་སྒྲུབ་ལགས་བཀའ་དྲན་ཆེ་ཁྱེད་ཀྱི་གོ་སྐབས་འདིའི་རྒྱུད་ནས་བསམ་འཆར་བཤད་ཆོག་པར་དང་ལན་གྱི་འདི་འདྲ་ཞིག་བཤད་འདོད་བྱུང་
ད་དུས་ཚོད་གཉན་འཕྲང་གི་དུས་འདི་ལྟ་བུ་ཞིག་ལ་ང་རྒྱ་གཞུང་འདིར་གོ་སྐབས་ལ་རྩིས་ཏེ་་བོད་རིགས་ཡོངས་ལ་གནག་སེམས་གྱི་ན་ཚ་འདི་བོད་ཀྱི་ས་གནས་ག་སར་སྤེལ་མི་སྲིད་པ་མ་རེད་བསམ།
དཔའ་བོ་ལགས་དགོངས་པ་མ་ཚོམས་ཐེངས་གཅིག་བསྐྱར་མགོད་གནང་རོགས་ཁྱེད་ཀྱི་བསམ་འཆར་འདི་ཚིག་དོན་གསལ་པོ་མི་འདུག་པས་གོ་དོན་ཅི་ཡིན་ཤེས་ཁག་པོ་འདུག་
དཔའ་བོ་ལགས་ཁྱེད་ཀྱི་གསུང་པའི་ནང་དོན་ཡག་པོ་འདུག་ཏེ་ཚིག་གསལ་མི་འདུག་ཅེས་བཤད་གི་འདུག་ངས་འདིར་ཚིག་ཅུང་གསལ་རུ་བཏང་ཁུལ་བྱེད་པ་ཡིན་་མ་འགྲིག་ན་ཁྱེད་ཀྱི་སྐྱར་འགོད་བྱེད་རོགས་
དྲ་གྲོགས་བཤད་སྒྲུབ་ལགས་བཀའ་དྲན་ཆེ་ཁྱེད་ཀྱི་གོ་སྐབས་འདིའི་རྒྱུད་ནས་བསམ་འཆར་བཤད་ཆོག་པ་ལ་ངོས་ནས་དང་ལན་གྱི་འདི་འདྲ་ཞིག་བཤད་འདོད་བྱུང་
ད་དུས་ཚོད་གཉན་འཕྲང་འདི་ལྟ་བུ་ཞིག་ལ་རྒྱ་གཞུང་འདིར་གོ་སྐབས་ལ་རྩིས་ཏེ་་བོད་རིགས་ཡོངས་ལ་གནག་སེམས་གྱི་ན་ཚ་འདི་བོད་ཀྱི་ས་གནས་ག་སར་སྤེལ་མི་སྲིད་པ་མ་རེད་བསམ།
ཀུན་དགའ་ཟེར་བའི་སྨྱོན་པའང་གཟའ་གཡོན་འདིས།།
ག་ས་གང་དུ་ཁ་ངན་གད་སྙིགས་ཚོགས།།
གཅིག་ཏུ་སྤུངས་ནས་མ་དག་ཚིགས་རྐུད་ཀྱིས།།
འཕྲེང་བ་སྤེལ་གྱིན་གཞན་ལ་ཞུ་དག་བྱེད།།
ཧམ་པ་ཆེ་ལུགས་ཁམས་པ་ཞིག་ཏུ་ངེས།།
འདོད་པ་ཆེ་ལུགས་གྲྭ་བ་ཞིག་ཏུ་ངེས།།
ལྐུག་རྟགས་ཆེ་ལུགས་གསར་འབྱོར་ཞིག་ཏུ་ངེས།།
བཙོག་གཏམ་མང་ལུགས་མདོག་ངན་ཞིག་ཏུ་ངེས།།
རིག་པའི་རེ་གྲི་ཟེར་བའི་གླེང་པ་ཁྱོད་།།
མི་དགའི་མི་ལ་བསྟོད་པ་བཟང་བ་ལགས།།
ང་རང་སྙིང་སྟོབས་ཅན་གྱི་ཁམས་པའི་བུ་ཡིན་ཟེར་བར་དགའ་
བརྩོན་འགྲུས་ཅན་གྱི་ཨ་མདོ་བ་ཞིག་ཡིན་ཟེར་བར་དགའ་
རྣམས་དཔྱོད་ཅན་གྱི་དབུས་པ་བ་ཞིག་ཡིན་ཟེར་བར་དགའ་
གང་ལྟར་བོད་རིགས་ཡིན་པ་གཅིག་ཏུ་མཐོང།།
དང་པོ་
ཧམ་པ་ཆེ་ལུགས་ཁམས་པ་ཞིག་ཏུ་ངེས།།
ཚིག་དེའི་གོ་དོན་བཤད་ཟིན་འོན་ཀྱང་ཡིད་མ་ཚིམ་ན་ད་དུང་ཡོད་
ཁྱོད་ཀྱི་བཤད་པའི་སྐྱོན
་གཉིས་པ་
འདོད་པ་ཆེ་ལུགས་གྲྭ་བ་ཞིག་ཏུ་ངེས།།
དེའི་ལན་
ཆོས་པའི་དྲི་ཙམ་མེད་པའི་མི་ཁྱོད་ལྟོས་
སྐྱབས་གནས་གསུམ་པོའི་གང་རུང་ལའང་སྨད་
ང་རང་ཡང་དག་དགེ་འདུན་ཡིན་ན་དགའ་
ང་རང་ཚུལ་ལྡན་གྲ་པ་ཡིན་ན་དགའ་
གསུམ་པ་
ལྐུག་རྟགས་ཆེ་ལུགས་གསར་འབྱོར་ཞིག་ཏུ་ངེས།
བོད་ཀྱི་སྲིད་དོན་ལ་རྨོང་པའི་མི་ཁྱོད་ཀྱི་འདི་ཡང་ཤེས་དགོས་
མ་འོངས་བོད་ཀྱི་བདག་པོ་དང་ད་ལྟའི་བོད་ཀྱི་རེ་བཅོལ་གཞིས་ལུས་བོད་རིགས་སྤུན་ཟླ་ནང་ནས་
རྒྱ་གར་ལ་འབྱོར་མཁན་ལ་གསར་འབྱོར་བ་ཅེས་གོ་ན་
ང་རང་རྒྱལ་གཅེས་དཔའ་བོ་གསར་འབྱོར་བ་ཞིག་ཡིན་ན་དགའ་
ང་རང་ཞུམ་པ་མེད་པའི་སྙིང་སྟོབ་ལྡན་ལ་ལས་འབྲས་ལ་རྩི་བསྐུལ་བྱེད་མཁན་གྱི་གསར་འབྱོར་བ་ཞིག་ཡིན་ན་དགའ་
གསུམ་པ་
ལྐུག་རྟགས་ཆེ་ལུགས་གསར་འབྱོར་ཞིག་ཏུ་ངེས།
རིག་པའི་རལ་གྲི
བོད་ཀྱི་སྲིད་དོན་ལ་རྨོང་པའི་མི་ཁྱོད་ཀྱི་འདི་ཡང་ཤེས་དགོས་
མ་འོངས་བོད་ཀྱི་བདག་པོ་དང་ད་ལྟའི་བོད་ཀྱི་རེ་བཅོལ་གཞིས་ལུས་བོད་རིགས་སྤུན་ཟླ་ནང་ནས་
རྒྱ་གར་ལ་འབྱོར་མཁན་ལ་གསར་འབྱོར་བ་ཅེས་གོ་ན་
ང་རང་རྒྱལ་གཅེས་དཔའ་བོ་གསར་འབྱོར་བ་ཞིག་ཡིན་ན་དགའ་
ང་རང་ཞུམ་པ་མེད་པའི་སྙིང་སྟོབ་ལྡན་ལ་ལས་འབྲས་ལ་རྩི་བསྐུལ་བྱེད་མཁན་གྱི་གསར་འབྱོར་བ་ཞིག་ཡིན་ན་དགའ་
ནོར་བཅོས་
རྒྱ་གར་ན་འབྱོར་མཁན་ལ་གསར་འབྱོར་བ་ཅེས་གོ་ན་
བཞི་པ
་བཙོག་གཏམ་མང་ལུགས་མདོག་ངན་ཞིག་ཏུ་ངེས།
རིག་པའི་རལ་གྲི་
ཁ་ནང་གང་ཞིག་བཤད་ན་མདོག་དེ་ལྟར་འགྱུར་འགྲོ་བ་དང་དེ་ལྟར་འདོད་མཁན་མི་ཁྱོད་རིགས་པའི་གཞུང་ལུགས་དང་མཐའ་ནའང་འཛིན་གྲ་དང་པོའི་སློབ་ཚན་ཡང་སྦྱང་མེད་པ་འདྲ་
ད་དགོང་པ་མ་ཚོམ་རིགས་གོང་གི་དེ་དག་ཁྱེད་འཚོ་བོད་ཡིག་སྦྱང་མཁན་ཞིག་ཡིན་ན་ཕན་ཐོག་པ་ལས་གནོད་མི་ཡོང་ཤེས་ནས་བྲིས་པ་ཡིན་
དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་སྔོན་མའི་ནད་རྙིང་རྣམས་རྒྱུན་འཛིན་བྱེད་མཁན་གྱི་རྒྱུག་ཁྱུ་ཡག་ཤོས་ནི་གསར་འབྱོར་ཟེར་བའི་བློ་རིག་གུ་དོག་པའི་རིགས་འདི་ཚོ་རེད།
ཆོས་དང་རིག་གཞུང་གི་རུམ་ནང་དུ་འགོས་ནད་མང་པོ་ཞིག་བཅུག་ནས་ཡོད་པ་ཤེས་དགོས།
ཨ་ཁུ་མེ་སྒྱོགས་རྒྱ་མཚོ་ལགས་
དེ་འདྲ་རང་གསུང་རྒྱུ་ཨ་ཡོད་ཁི་་དོན་དངོས་ཐོག་ཁྱོད་ཀྱི་གནས་ལུགས་རྣམས་ངས་དངོས་ཡོད་ཞིག་ལ་རྩི་ཆོག་འོན་ཀྱང་དེ་ནི་ཁྱོད་རང་སྐྱེ་བོ་ཕལ་པ་ཞིག་གི་མཐོང་སྣང་ཙམ་ལས་དེ་ལྟར་ཡིན་པའི་ངེས་པ་མེད་པ་ནི་ཧ་ཀྱང་གི་གསལ་པོ་རེད་་དེང་གི་དུས་འདིར་ང་རང་གི་མཐོང་སྣང་ལ་གསར་རྙིང་ཟེར་བའི་ཞེན་ཆ་སྡུག་ལྕག་དེ་མེད་པ་དང་ཐོག་སོ་སོ་བོད་རིགས་ཞིག་ཡིན་པའི་འདུ་ཤེས་འཛིན་མཁན་མང་བ་མཐོང་་་་་་་་་་རེ་གཉིས་ནི་གང་སར་ཡོད་སྲིད་པ་རེད་དེ་ལྟར་མཐོང་མཁན་ཡང་ཡོད་སྲིད་པ་རེད་དེ་དངོས་ཡོད་ཡིན་གསུངས་དགོས་ནི་མ་རེད་
ཀུན་དགའ་བོ་ལགས།
ཁྱེད་རང་གིས་གོ་ནོར་ཐེབས་ནས་གནད་དོན་གཞན་ཞིག་གི་སྟེང་དུ་ཕྱིན་འདུག ངས་འདི་ལ་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ཁྱད་པ་ཤོད་ཀྱི་མེད། བཙན་བྱོལ་སྤྱི་ཚོགས་ཀྱི་མགོ་གཞུག་བར་གསུམ་ལ་ལྷོད་ལྷོད་བྱས་ནས་ལྟོས་དང་། གཅིག་བྱས་ན་ང་ནོར་བ་ཡང་ཡིན་སྲིད། ནོར་ཡོད་ན་དགའ་རྒྱུ་ཞིག་རེད།
མཆན་༡༨༤་ནང་དུ་ཡིག་ནོར་མཐོང་བ།
གཙུག་ལག་ཁང་གི་ཕྱི་བསྐོར་་་་་་་་གཙུག་ལག་ཁང་ལ་ཕྱི་སྐོར་བརྒྱབས་
ཤུགས་ཡོད་ཚད་ཀྱི་་་་་་་་་་་་ཀྱིས་
ཕྲུག་གུ་་་་་་་་་་་་་་ཕྲུ་གུ་
ཨ་མ་རྒྱག་པ་་་་་་་་་རྒྱགས་པ་
འབྱོར་ཕྱིས་དྲགས་་་་་་་་འབྱོར་བ་ཕྱིས་དྲགས་
སྒྲུང་དེབ་གོས་ཐུང་་་་་་སྒྲུང་དེབ་དེ་གོས་ཐུང་
ཨ་ཁུ་མེ་སྒྱོགས་རྒྱ་མཚོ་ལགས
བཙན་བྱོལ་སྤྱི་ཚོགས་ཀྱི་མགོ་གཞུག་བར་གསུམ་ལ་ལྷོད་ལྷོད་བྱས་ནས་ལྟོས་དང་ཟེར་ན་བདེན་པའི་གནས་ལུགས་དང་འགྲེལ་བཤད་གཞན་ཞིག་ཁྱེད་ལ་གསུངས་རྒྱུ་ཡོད་སྲིད་པ་རེད་དེ་ནི་ངས་དངོས་ཡོད་ཡིན་པའི་ཁོངས་སུ་་བཏང་བ་ཆོག་་་་་་་་་་ད་དུང་་ཁྱོད་ཀྱི་ཨུ་་ཚུག་བྱེད་པའི་གཏམ་བཤད་འདི་ལྟས་ན་ང་རངབཙན་བྱོལ་སྤྱི་ཚོགས་སུ་་སྡོད་མཁན་ཞིག་གི་མཐོང་ཐོས་མ་བྱུང་བའི་གསང་བ་ཞིག་་ཡོད་པ་འདྲ་་་་་་་་་་་་ངོ་མ་ཡིན་་་་དེ་འདྲ་ཡོད་པ་ཧ་ལས་དགོས་མི་འདུག་་ང་རང་མཐོང་ཐོས་ཡང་པའི་མི་ཞིག་མིན་་་་་་་་་་་་་་་རྩ་བས་་སོ་སོའི་ཕྱོགས་ཞེན་གྱི་གཏམ་བཤད་བྱེད་ན་མི་གཞན་གྱི་དེ་ལྟར་བཤད་པའི་འཚོ་བ་རང་བཞིན་གྱི་ཡོང་གི་ཡོད་་་་་་་་་དུས་དེ་ནས་འཇུག་སྒྲིགས་རྒྱུ་མེད་པའི་བློ་ངན་ཞིག་གི་རང་སེམས་ནང་མ་སྐྱེད་པ་བྱེད་ལ་ནམ་ཡང་འགྲན་སྯུར་དང་རྣམ་རྟོགས་གི་ཁ་ཕྱོགས་སུ་འགྲོ་ཏེ་རང་གི་་བསམ་བློ་དེ་ལྷོད་དང་བདེ་སྐྱེད་ལྡན་པ་ཞིག་ཡོངས་དཀའ་བ་གསལ་པོ་རེད་་་་་་་་དེས་ན་གནས་ལུགས་འདི་འདྲ་ལ་ལྟོས་ནས་དམ་པ་གོང་མའི་གསུངས་ལས་ཡོད་པ་བཞིན་དག་སྣང་ཟེར་བ་ཞིག་སྦྱང་དགོས་པ་རེད་་་་་་་་
ཨ་ཁུ་མེ་སྒྱོགས་རྒྱ་མཚོ་ལགས
འོན་ཀྱང་སྐུ་ཉིད་ཀྱི་ཕྱོགས་རེས་གསུངས་གི་འདུག་ཞུ་བ་མིན་་
གཞན་གྱི་གང་བཤད་རིགས་པས་ཡིན་མིན་དཔྱད་།།
ཐམས་ཅད་དགེ་བའི་ལམ་ཏུ་མ་སོང་ནའང་།།
ཕྱོགས་རེས་མ་སོང་བདེན་པའི་གཏམ་སྨྲ་བའི།།
ཆོས་སྲིད་གཉིས་ནང་ལམ་ཕྱོགས་དབུས་མ་ཡིན།།
མོ་མིང་གང་ཡིན་དགའ་བའི་རིན་ཆེན་དང།།
ཧམ་པ་རི་ལས་མཐོ་བའི་རལ་གྲི་གཉིས།།
ཁ་བརྡ་དྲ་རྒྱ་ནང་གི་གུང་ཁྲན་དངོས།།
རང་སྐྱོན་རང་གི་མ་མཐོང་ཚུལ་འདི་སྐྱོ།།
དྲ་གྲོགས་ཀུན་དགའ་ལགས། ཁྱེད་ཀྱིས་གསུངས་བ་ལྟར་རེད། འདིར་མི་སྒེར་ལ་དམིགས་ནས་བཤད་རེས་བྱེད་པ་མ་རེད། ཆེ་ས་ནས་རྩ་དོན་བརྟན་པོ་དང་འཐུས་སྒོ་ཇེ་ཚང་དུ་ཡོང་ཕྱིར་སྐྱོན་རེ་ཟུང་འདོན་གྱིན་པ་དེ་རེད།
དེ་དང་རིན་ཆེན་ལགས་མོ་ལ་དགའ་བ་ནི་དངོས་གནས་ཡིན་ས་རེད། སྣེ་ལེན་ཁང་གི་སྒོ་སྲུང་རིག་པའི་རལ་གྲི་འདི་ཧམ་པ་ཆེ་བ་ལས་སྤོབས་པ་དེ་ཙམ་ཆེན་པོ་ཨ་ཡོད་ན་དྲན་སོང་། ངས་ཁོང་ལ་སྔོན་འགྲོའི་ཆོ་ག་བཤད་ཚར་ནས་དབང་ངོ་མ་བསྐུར་ཡོང་བསམས་ཞེད་ཐག་ཆོད་ནས་བྲོས་ཚར་འདུག ཧཧཧཧ།
བེ་རི་འཇིགས་མེད་ནི་ནུབ་ཕྱོགས་པའི་གཤིས་ཀ་ལྡན་ལ་ཆོས་ཕྱོགས་ཀྱི་དྲི་མ་ཧ་ལམ་དགེ་ཆོས་དང་འདྲ་བ་ཞིག་རེད་ཅེས་གསུང་མཁན་ཡོད་པ་དེ་ནི་གཤམ་ཏུ་ཁོང་གི་རྩམ་པའི་ཚིག་དུམ་ཀྱི་དོན་འདི་འདྲ་ཞིག་ལ་ཐུག་པ་ཨ་ཡིན་
ངོ་མ་ཡང་མཚན་ཞིག་ཁོའི་ཐ་སྙད་རིག་པ་ཅེས་པ་ནི་ཀུན་རྫུབ་པའི་ཆོས་ལ་བཞག་ནས་དོན་དམ་ཅེས་པ་ལྟོང་ཉིད་དངོས་ལ་འཇོག་ན་ངན་བརྟན་མེད་པ་ཞིག་རེད་འདས་ཟིན་པའི་རྒྱ་བོད་ཀྱི་མཁས་དབང་རྣམ་གྱི་ཉམས་ལན་གཙོ་གསུང་པ་ལས་བརྡ་དག་རིག་པ་གཙོ་བོ་མ་གསུང་པ་དེ་ནི་ཁོང་རྣམ་པས་མ་ཤེས་པ་ག་ན་ཡིན་་གལ་ཏེ་བེ་རི་འཇིགས་མེད་ཁྱོད་ཀྱི་འདོད་པ་ལྟར་ཐོས་བསམ་སྒོམ་གསུམ་བྱེད་པ་ན་བརྡ་དག་རིག་པའི་ཡི་གེ་མ་ཤེས་ན་དེ་གསུམ་མི་ཡོངས་བ་འདོད་དགོས་ན་་་་དེ་དང་དེའི་དོན་ཤེས་པ་ལ་དེའི་ཡི་གེ་ཤེས་དགོས་ཟེར་བ་གྱུར་བས་ཧ་ཀྱང་མི་མཐད་པ་མཐོང་་་་་་་་་་་་ཀ་བ་དང་བུམ་པ་སོགས་དངོས་སུ་མཐོང་མྱོང་ལ་བོད་ཡིག་མི་ཤེས་པའི་མི་ཞིག་ཡིན་ན་ཀ་བ་དང་བུམ་པའི་དོན་མི་གོ་བ་ཇི་ལྟར་བཞག་ཐུབ་་་་་་་་་་དེ་བཞིན་ལྡོག་ཕྱོགས་ནས་བཤད་ན་་བེ་རི་འཇིགས་མེད་ཁྱོད་ཀྱི་ལྟོང་ཉིད་ཅེས་པའི་ཚིག་དེ་ཡིག་ནོར་གཅིག་ཡང་མེད་པ་འབྲི་ནུས་ཀྱང་དོན་ཐོག་བསམ་བློ་ཞིག་བཏང་ན་ཧ་ལམ་ལྟོང་པ་ནི་ལྟོང་པ་རང་ཡིན་རྒྱུ་རེད་་་་་་་དེ་ཡང་རྗེ་གུང་ཐང་པའི་གསུང་ལས་རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་གསུངས་ཡོད་་་་་དེའི་དོན་ནི་གཞུང་ཆེན་མོར་སློབ་གཉེར་གཙོ་གཟུང་རྒྱུ་ལས་ཁྱོད་ཀྱི་འདོད་པའི་བརྡ་དག་རིག་པ་ལ་གཙོ་བོ་གཟུང་མི་རིག་གསུང་་ཡིན་་་་་་དངོས་གནས་རེད་དེ་སྔོན་གདན་སར་གཞུག་པའི་བེ་རི་འཇིགས་མེད་ཟེར་བའི་དཔེ་ཆ་བ་དེ་དེང་སང་སྡ་སར་ཡོད་སྲིད་དོན་པ་ཞིག་ཏུ་གྱུར་བ་དང་་་་་་་་་་ཀླུ་སྨྱོན་ཡང་གནས་ལུག་དེའི་འོག་ཏུ་དང་པོ་བླ་མ་བཟོ་བ་དང་ད་འཆར་གྲ་ལོག་ཞིག་ཡིན་ས་རེད་
ཐ་སྙད་རིག་པས་གོ་བརྡ་མ་སྤྲོད་པར།།
དོན་དམ་གཤིས་ལུགས་ཨ་མའི་འཛུམ་ཞལ་དེ།།
ཐལ་སྐམ་རིགས་པའི་ལམ་ནས་རྙེད་ནུས་ཞེས།།
ཇི་ཙམ་བཤད་ཀྱང་ལྐུགས་པའི་ཨུ་ཚུགས་ཡིན།།
་དེང་སང་སྡ་སར་ཡོད་པའི་སྲིད་ དོན་པ་ཞིག་ཏུ་གྱུར་བ་དང་་་་་་་་་་ཀླུ་སྨྱོན་ཡང་གནས་ལུག་དེའི་འོག་ཏུ་དང་པོ་ བླ་མ་བཟོ་བ་དང་ད་འཆར་གྲ་ལོག་ཞིག་ཡིན་ས་རེད་་་་་་་་ཧོ་གཙང་འཇིགས་མེད་ཟེར་མཁན་དེ་ཡང་དེ་འདྲའི་གནས་ལུགས་འོག་གྲ་ལོག་ཞིག་ཆགས་པ་འདྲ་
ནོར་བཅོས
དེང་སང་སྡ་སར་ཡོད་པའི་སྲིད་དོན་པ་ཞིག་ཏུ་གྱུར་བ་དང་་་་་་་་་་ཀླུ་སྨྱོན་ཡང་གནས་ལུག་དེའི་འོག་ཏུ་དང་པོ་ བླ་མ་བཟོ་བ་དང་ད་འཆར་གྲ་ལོག་ཞིག་ཡིན་ས་རེད་་་་་་ཧོ་གཙང་འཇིག་མེད་ཡང་དེ་འདྲའི་གནད་དོན་འོག་གྲ་ལོག་ཞིག་ཡིན་པ་འདྲ
ཨ་རོ་གྲོགས་ཀུན་དགའ་ལགས།
གྲ་བ་བྱེད་པ་དང་། གྲ་སར་སྡོད་པ་དང་མ་སྡོད་པ་དང་། གྲ་བ་ལོག་པ་སོགས་ནི་མི་སོ་སོའི་ཇུས་གཏོགས་ཡིན་པ་ལས་སྤྱི་དོན་དང་འབྲེལ་བ་ཞིག་འདུག་གམ།
བེ་རིས་བསྡོམ་པ་ཡར་ཕུལ་ནས་བོད་པའམ་དབྱིན་ཇིའི་སྐྱེ་དམན་ཞིག་དང་གཉེན་སྒྲིག་བྱས་སོང་ན་ཁྱེད་ངེད་གཉིས་ལ་ཕན་གནོད་ག་རེ་གཏོང་བར་འདུག ཁོང་དགེ་ལུགས་པའི་སྤྱི་འཐུས་ནས་ཏན་ཏན་བུད་རྒྱུ་རེད། དེས་ཁོང་དང་ཁྱེད་དང་ང་དང་བོད་པ་ཚང་ལ་ཕན་གནོད་ག་རེ་ཡོད་རེད། ཁོང་གི་སྙན་ངག་དེ་ཚོའི་འཇུག་ཏུ་སྤྱི་འཐུས་ཚོགས་ཁང་ནས་ཟེར་བ་དེ་དག་མེད་པར་ཆགས་ངེས་རེད། དེ་ལ་སེམས་ཕམ་བྱེད་དགོས་དོན་ཨ་ཡོད་ན། ཧཧཧཧ
ཧོར་འཇིགས་གྲ་བ་ལོག་པ་དེ་ཁོང་རང་གི་རང་དབང་རེད། དེ་ལ་ཁྱེད་ཀྱིས་ཇུས་གཏོགས་བྱེད་དགོས་ཀྱི་འདུག་གམ།
ཀ་བ་ནག་རིང་ལུས་རྒྱབ་བསྙེས་ནས་ཆོས་ཀྱི་དབྱངས་རྟ་བསྐྱོར་དུས་སུ།
ཁ་ཏོན་འདོན་པ་ཙམ་ཞིག་མ་གཏོགས་མིག་གི་ཟུར་མདའ་བུ་མོ་ལྷུང།
ག་ལེ་བསམ་ན་རང་མགོ་རང་གཡོག་མི་ཚེ་དགོན་པར་ཟད་པ་འདི།
ང་ཡི་རིགས་འདིའི་ལས་ཞིག་མ་རེད་ང་དང་མཉམ་དུ་གྲོང་དུ་འགྲོ།
ཅ་ནེ་བཟུང་ནས་ཚོགས་ལ་ཞུགས་ཀྱང་ཆགས་སེམས་མེ་རླབས་འགོག་ཐབས་དབེན།
ཆ་བ་ཆོབ་བེ་དགེ་སློང་སྒྲུབ་ཡང་འདུལ་ཁྲིམས་སྲུང་བ་ངས་མ་མཐོང་།
ཇ་རྒོད་འཐུང་དུས་མཇེ་རྒོད་ལངས་དུས་བཙུན་པའི་སྡུག་འདི་སུ་ཡིས་རྟོགས།
ཉ་མོ་ལྟ་བུའི་གཤིས་ཀ་དོར་ལ་ང་དང་མཉམ་དུ་གྲོང་དུ་འགྲོ།
ཏྰ་རེའི་སྐུ་ཡི་ཞལ་ཐང་མཐོང་དུས་འཇིག་རྟེན་མཛེས་མའི་ཆགས་ཉམས་དྲན།
ཐ་སྙད་ཚད་གྲུབ་ཚད་མ་མཁས་ཀྱང་འདོད་པའི་སྒྱུ་རྩལ་རིག་ལམ་མཆོག
ད་ནི་མི་ཚེ་གཅིག་གི་བདེ་བ་མཆོག་གྱུར་འདོད་ཆགས་རོལ་ཆེད་དུ་།
ན་ཚོད་འདི་ལ་འདང་ཞིག་མ་རྒྱག་ང་དང་མཉམ་དུ་གྲོང་དུ་འགྲོ།
ཨ་ཁུ་མེ་སྒྱོགས་རྒྱ་མཚོ་ལགས
ངས་གོང་ཏུ་རྗེ་གུང་ཐང་པའི་གསུངས་ལས་གཞུང་ཆེན་ཆེན་མོ་རྩ་བ་དང་བརྡ་དག་རིག་གནས་ཡལ་ག་ལྟར་བུ་གསུང་པའི་ནང་དོན་ལ་འགྲེལ་བཤད་བྱེད་དུས་དངོས་བྱུང་གི་དཔེ་རྩམ་ཧོ་གཙང་འཇིགས་མེད་ཁོང་འཚོ་བཀོད་པ་དེ་མི་ཆོག་པ་དང་མིརུང་བ་ཞིག་ཡོད་ན་མ་ཏོགས་དགོས་མིན་ཇུས་གཏོགས་བྱེད་པ་ཞིག་མ་རེད་དྲན་གྱི་འདུག་་་བོད་སྤྱི་དོན་ཞིག་ཡིན་མི་ཤེས་ངས་སྐབས་བབ་བེ་རི་འཇིགས་མེད་ཀྱི་རྩམ་ཆོས་ཞིག་ལ་ཇུས་ཏོགས་བྱེད་པ་འམ་དོགས་འཆར་བྱེད་ཀྱེད་གྱི་ཡོད་་་་་་་་་་ད་དུང་ཁྱོད་ཀྱི་གཟིགས་དང་བེ་རི་འཇིགས་ཀྱི་འདི་ལྟར་ཟེར་
ཐ་སྙད་རིག་པས་གོ་བརྡ་མ་སྤྲོད་པར།།
དོན་དམ་གཤིས་ལུགས་ཨ་མའི་འཛུམ་ཞལ་དེ།།
ཐལ་སྐམ་རིགས་པའི་ལམ་ནས་རྙེད་ནུས་ཞེས།།
ཇི་ཙམ་བཤད་ཀྱང་ལྐུགས་པའི་ཨུ་ཚུགས་ཡིན།།
ཨ་ཁུ་མེ་སྒྱོགས་རྒྱ་མཚོ་ལགས
གྲ་བ་བྱེད་པ་དང་། གྲ་སར་སྡོད་པ་དང་མ་སྡོད་པ་དང་། གྲ་བ་ལོག་པ་སོགས་ནི་མི་སོ་སོའི་ཇུས་གཏོགས་ཡིན་པ་ལས་སྤྱི་དོན་དང་འབྲེལ་བ་ཞིག་འདུག་གམ་་་་་་་་་ཟེར་ན་ཕལ་ཆེ་ཡོད་ས་རེད་ང་འཚོའི་གཞུང་འདི་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་ཡིན་ན་གྲ་པ་ཟེར་བ་དེ་ད་ལྟ་ནང་བཞིན་ཆོས་རིག་ལས་ཁུང་གི་ཁོང་སུ་ཡོད་པའི་སྡེ་ཚན་ཞིག་རེད་་ད་དུང་གྲ་པ་ཟེར་བ་དེ་སྡོམ་མ་གཙང་མ་ཞིགདང་སྤུས་ཚད་ཡང་དག་པ་ཞིག་དགོས་པ་དེ་ཡང་གལ་ཆེན་ཆེ་པོ་རེད་་འདི་དངོས་གནས་བོད་སྤྱི་པས་དོན་རེད་བསམ་ཀྱི་འདུག་་ཁྱོད་ཀྱི་དོ་སྣང་ཡོད་ཤག་རེད་ང་འཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གྲ་བ་ག་ཚོད་འདུག་་་་བོད་རིགས་དེ་རྒྱ་རིགས་ནང་བཞིན་མི་འབོར་མང་པོ་ཞིག་ཡིན་ན་སྐྱེ་སྒོ་མི་དམིགས་གསལ་བཀག་མི་དགོས་པ་ཞིག་རེད་་་་་་་་་་་འོན་ཀྱང་བོད་རིགས་ནི་དེ་འདྲ་མ་ཡིན་པ་ས་ཡ་དྲུག་གི་གནས་ཚད་ལས་བརྒལ་རྒྱུ་མི་འདུག་་ཧཧཧཧཧཧ་
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
རྒྱ་ཡིག་བེད་སྤྱོད་གཏོང་ས་འདི་མ་རེད་ཡ་་་་ཨ་རོག་ཚོ།
ཀ་ཡེ་གསོན་དང་རང་བཙན་རྩོད་མཁན་དག།།
ཁ་ནས་བཤད་པས་སྙན་མོ་ཚིག་འདི་དག།།
ག་དུས་ཡིན་ན་སེསམ་ལ་བཟུང་ཡོད་ན།།
ང་ཚོའི་རང་བཙན་སྐད་གཅིག་ཉིད་ལ་ཐོབ།།
ཀ་རེ་ཀོ་རེ་མེད་པར།།
ཁ་བའི་ལྗོངས་ཀྱི་ཆེད་དུ།།
ག་ལེར་བོད་ལ་ལོག་མཁན།།
ང་ཚོའི་ཁྲོད་ཀྱི་དཔའ་བོ།།(ཚེ་བརྟན་རྡོ་རྗེ་མ་མད་གསུམ)
གྲྭ་བ་བོད་ཀྱི་སྣེ་ཁྲིད་རེད།།
གྲྭ་བ་བོད་ཀྱི་ཚེ་སྲོག་རེད།།
• གྲྭ་བ་བོད་ཀྱི་རྒྱན་ཆ་རེད།།
• གྲྭ་བ་བོད་ཀྱི་སྙིང་ནོར་རེད།།
• གྲྭ་བ་བོད་ཀྱི་རིག་མཛོད་རེད།།
• གྲྭ་བ་བོད་ཀྱི་གཙུག་རྒྱན་རེད།།
• གྲྭ་བ་བོད་ཀྱི་རེ་བསམ་རེད།།
• གྲྭ་བ་བོད་ཀྱི་མི་རིགས་རེད།།
• གྲྭ་བ་བོད་ཀྱི་ཤེས་རིགས་རེད།།
• གྲྭ་བ་བོད་ཀྱི་མགོ་ཁྲིད་རེད།།
• གྲྭ་བ་བོད་ཀྱི་སྤྱི་མཐུས་རེད།།
• གྲྭ་བ་བོད་ཀྱི་དབུ་འཛིན་རེད།
• ། གྲྭ་བ་བོད་ཀྱི་སེམས་གསོ་རེད།།
• ཟམ་གདོང་བླ་མ་གྲྭ་བ་རེད།།
• ཏ་ལའི་བླ་མ་གྲྭ་བ་རེད།།
• ་ཚུལ་ཁྲིམས་བློ་གྲོས་གྲྭ་བ་རེད།།
• ལོ་ཙྭ་བསོད་དར་གྲྭ་བ་རེད།།
• བོད་ཀྱི་ཡོད་ཚོད་གྲྭ་བ་རེད།།
• གྲྭ་བ་མེད་ན་བོད་སྟོང་རེད།།
• གྲྭ་བ་མེད་ན་བོད་དོན་ཤོར།།
• གྲྭ་བ་མེད་ན་བོད་ས་ཤོར།།
• ་གྲྭ་བ་ཁ་བའི་རྣམ་ཤེས་རེད།།
• གྲྭ་བ་གཞིས་བྱེས་གཉིས་ཀྱི་མགོན།།
• གྲྭ་བ་མེད་ན་བོད་ཡིག་མེད།།
• གྲྭ་བ་མེད་ན་ནང་ཆོས་མེད།།
• གྲྭ་བ་མེད་ན་སློབ་གྲྭ་མེད།།
• གྲྭ་བ་མེད་ན་དགོན་སྡེ་སྟོང་།།
• གྲྭ་བ་མེད་ན་མཆོག་གསུམ་མེད།།
• གྲྭ་བ་མེད་ན་ཡོང་དགོས་མེད།།
• གྲྭ་བ་མེད་ན་ཐབས་ཤེས་མེད།།
• གྲྭ་བ་མེད་ན་མཁས་དབང་མེད།།
• གྲྭ་བ་མེད་ན་རིགས་གཞུང་མེད།།
• གྲྭ་བ་མེད་ན་མཐུན་སྒྲིལ་མེད།།
• གྲྭ་བ་མེད་ན་ཞལ་ལག་མེད།།
• གྲྭ་བ་མེད་ན་སྣེ་ཁྲེད་མེད།།
• གྲྭ་བ་མེད་ན་རྩོད་ལེན་མེད།།
• གྲྭ་བ་མེད་ན་རིན་ཐང་མེད།།
• གྲྭ་བ་མེད་ན་ཕུགས་བསམ་མེད།།
• གྲྭ་བ་ལྷག་བསམ་མེད།།
• གྲྭ་བ་མེད་ན་མགོ་རྔ་མེད།།
• གྲྭ་བ་མེད་ན་སྙིང་སྟོབས་མེད།།
• གྲྭ་བ་མེད་ན་དཔལ་འབྱོར་མེད།།
• གྲྭ་བ་མེད་ན་ཞི་བདེ་མེད།།
• གྲྭ་བ་མེད་ན་སེམས་ཁོང་སྟོང་།།
• གྲྭ་བ་མེད་ན་ཕུགས་བསམ་བརླགས།།
• གྲྭ་བ་མེད་ན་རྒྱ་ནག་དགའ།།
• གྲྭ་བ་མེད་ན་བོད་གཞུང་སྟོང་།།
• གྲྭ་བ་མེད་ན་བོད་སྨན་མེད།།
• གྲྭ་བ་མེད་ན་བོད་སྐད་མེད།།
• གྲྭ་བ་མེད་ན་ལྷ་བྲིས་མེད།།
• གྲྭ་བ་མེད་ན་སྲོལ་རྒྱུན་མེད།།
• གྲྭ་བ་མེད་ན་མགོན་དཔུང་མེད།།
• གྲྭ་བ་མེད་ན་དམངས་གཙོ་མེད།།
• གྲྭ་བ་མེད་ན་ཁ་ཕྱོགས་མེད།།
• གྲྭ་བ་མེད་ན་ཅི་ཡང་མེད།།
• གྲྭ་བ་མེད་ན་གྲུབ་ཐོབ་མེད།།
• གྲྭ་བ་མེད་ན་སྟོད་ཁང་མེད།།
• གྲྭ་བ་མེད་ན་བྱམས་སེམས་མེད།།
• གྲྭ་བ་མེད་ན་གང་ཡང་མེད།།
• གྲྭ་བ་མེད་ན་ཆོལ་གསུམ་མེད།།
• གྲྭ་བ་མེད་ན་སྡོམ་པ་མེད།།
• གྲྭ་བ་མེད་ན་གཞུང་ལུགས་མེད།།
• གྲྭ་བ་མེད་ན་འཇོན་ཐང་མེད།།
• གྲྭ་བ་མེད་ན་ལྷ་ཁང་མེད།།
• གྲྭ་བ་མེད་ན་སློབ་ཁང་མེད།།
• གྲྭ་བ་མེད་ན་སློབ་གྲ་མེད།།
• གྲྭ་བ་མེད་ན་བདེ་སྐྱིད་མེད།།
• གྲྭ་བ་མེད་ན་ཡོད་ཚོད་ཚར།།
• གྲྭ་བ་མེད་ན་ཐམས་ཅད་ཤོར།།
• གྲྭ་བ་མེད་ན་གསེར་བསོད་མེད།།
• བོད་ཀྱི་སྙིང་ནོར་གྲྭ་བ་ཡིན།།
• མདོར་ན་ཡོད་ཚོད་གྲྭ་བའི་དྲིན།།
• གྲྭ་བའི་སྐུ་ཚེ་བརྟན་པར་ཤོག།
• གྲྭ་བའི་མི་ཡུལ་འགང་བར་སྨོན།། གྲྭ་བའི་གངས་ལྗོངས་བོད་པ་སྐྱངས།།
• གྲྭ་བའི་ལོ་རྒྱུས་ཤིན་དུ་རིང་།།
• གྲྭ་བའི་བཀའ་དྲིན་གཞལ་མཐའ་བྲལ།། གྲྭ་བའི་དྲིན་ལན་བརྗོད་མཐའ་བྲལ།། གྲྭ་བའི་རང་བཞིན་གཞན་ཕན་རེད།།
• གྲྭ་བའི་སྤྱི་ཆེ་ཁོ་ན་སྒྱུབ།།
• གྲྭ་བའི་འཕེལ་ཁ་རྒྱས་པར་ཤོག།
• གྲྭ་བའི་སྤྱི་ཚོགས་རྟག་བརྟན་ཤོག། གྲྭ་བའི་ཚོགས་དང་མི་འབྲལ་ཤོག།
• གྲྭ་བའི་བྱམས་སྐྱོང་བརྗེད་མེད་ཤོག།
• གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་འབོད་
• པས་དྲང་བདེན་འོད་ཀྱི་རང་བཞིན་ཡིག་ཐོག་ཏུ་གློ་བར་ཞིག་ལ་
• ཐོལ་གྱིས་ཤོས་སོ།། ༢༠༡༢ ༥ ༡
དཔའ་བོ་ཚེ་བརྟན་རྟོ་རྗེ་ཁྲི་ལོ་བརྟན་པར་ཤོག།
འབའ་སྲས་བོད་རིགས་ནང་ལ་འབའ
ཡང་ཉི་མ་ལྷ་སར་གྲ་བ་གཉིས་དམར་བསད་གཏོང་འདུག།