བཀྲ་དོན་ནས།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་བོད་བསྟན་པ་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་མོས། སྨྲ་བརྗོད་རང་དབང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་དགོས་པ་སོགས་ཀྱི་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་མུས་བཞིན། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༦ པའི་འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་དང་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ། ནོར་གླིང་ས་གནས་མི་མང་བཅས་མི་གྲངས་བཞི་བརྒྱ་ལྷག་མཉམ་འཛོམས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བོད་བསྟན་སྲིད་ཆེད་རང་ཌྷུས་མེར་སྲེག་གིས་འདས་གྲོངས་སོང་བ་ཨ་མདོ་བླ་བྲང་འབོ་ར་རྒྱང་རིང་སྡེ་བའི་རྒྱལ་གཅེས་དཔ འ་བོ་དཀོན་མཆོག་སྐྱབས་ཀྱིས་གཙོས་ད་བར་རང་ལུས་མེར་བསྲེགས་གནང་མཁམ་རྒྱལ་གཅེས་དཔའ་བོ་དཔའ་མོ་དགུ་བཅུ་གོ་དགུ་ལ་གདུང་སེམས་མཉམ་སྐྱེད་ཆེད་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པའི་གསར་གནས་སུ།