རྩོམ་པ་པོཿ ཐེ་ཀོར།
སྒྱུར་མཁནཿ རེབ་ཐོག་མདའ།
བདག་གི་གླུ་གཞས་གཙང་པོའི་ཕ་རོལ་ན།།
དུས་རྒྱུན་ཁྱོད་རང་ཁེར་རྐྱང་བགྲེང་ནས་འདུག།
གཞས་གདངས་སྙན་མོ་རླབས་ལྟར་འགུལ་བཞིན་དུ།།
ཁྱོད་ཀྱི་རྐང་པ་བཀྲུ་བར་བསམ་ན་ཡང་།།
ཅི་ལྟར་ཁྱོད་ཕྱོགས་སླེབས་དགོས་ཆ་མ་འཚལ།།
ང་རང་ཁྱོད་དང་མཉམ་ཏུ་རྩེ་འདོད་ཀྱང་།།
ཁྱོད་རང་རྒྱང་རིང་ཞིག་ན་གནས་པ་ཡིས།།
བདག་གི་གླིང་བུའི་གདངས་དབྱངས་སྙན་མོའི་ཁྲོད།།
གྱེས་བྲལ་ན་ཟུག་མ་ལུས་ཡོངས་སུ་བཞུས།།