རེབ་ཐོག་མདའ།
བོད་བཟོས་སྟོད་གོས་དམར་སྨུག་གོ
ཆུང་ཆུང་བུ་མོ་འཛུམ་མདངས་ཅན་པོ།
ཀ་ཁ་སུམ་ཅུའི་ཁ་ལྕེ་བར་ནས།།
བཀུར་བསྟི་ཤེས་པའི་ཡ་རབས་བུ་མོ།
མེ་ཏོག་མིང་དེ་བཏགས་པ་ཡག་གི།
སྟོད་ལྭ་དམར་སྨུག་ལུས་ལ་འཛའ་གི།
བོད་སྐད་དག་མའི་ཁ་བརྡའི་ཁྲོད་ཀྱི
ཆུང་ཆུང་བྱིས་པ་སྙིང་ལ་རྗེ་གི།
ཨ་མ་བཟང་བོའི་སློབ་གསོའི་ཁྲོད་
བོད་སྐད་གཙང་མ་ངག་ན་བདེ་བ།།
ཕྱི་རོལ་གྲོང་གི་བྱིས་པའི་ཁྲོད་
ཁྱོད་འདྲའི་བུ་མོ་ཧ་ཅང་ཉུང་གི།།
འཛུམ་ཆུང་མེ་ཏོག་གདོང་ན་དགོད་
ཁ་བརྡ་བྱེད་དུས་གོ་རིམ་ཡོད་པའི།།
བུ་མོ་ཁྱོད་ཀྱི་ཁ་ལྕེ་དག་མོ།།
བྱེས་ཀྱི་གྲོང་ནས་ཐོས་ན་སྤྲོ་གི
བོད་ཕྲུག་ཚོགས་པའི་བོད་ཁྱིམ་ཚང་
ཉིན་ཚོགས་སློབ་གྲྭ་གང་ལ་ཉན་ཀྱང་
བོད་སྐད་དག་མའི་བོད་སྐད་ཁྲོད་ན།
སྨྲ་བའི་ཁ་ལྕེ་ཡོད་པ་ཉུང་ཉུང་།།
ལོ་གསུམ་བུ་ཆུང་ཁ་ལ་རྩེ་དུས།།
ཁ་ནས་ཐོན་པ་ཧ་ལོ་ཚིག་རེད།།
གངས་རིའི་སོན་རྩར་སྙིང་གཏམ་གླེ
དབྱིན་སྐད་ཧིན་སྐད་བསྲེས་མའི་སྐད་
ད་ནངས་ལམ་གྱི་གྲུ་ཟུར་དེ་ནས།།
བོད་ལྭ་གྱོན་ཅིང་བོད་སྐད་འཆད་པའི།།
ཆུང་ཆུང་གངས་རིའི་བུ་མོ་ཞིག་ལ།།
ཁ་བརྡ་འཆད་པའི་སེམས་ཀྱི་ཚོར་བ།།
ལད་ཟློས་ཚིག་གིས་བཅོས་པ་མེད་ལ།།།
འུར་སྟོད་བྱེད་པའི་དགོས་པ་མེད་
དྲང་མོའི་གཏམ་གྱི་ནང་རོལ་འདི་
ཚིག་གསུམ་མ་ཁོགས་འདི་ལྟར་ཤོར་