སྤོབས་པ་མཐའ་ཡས།
དེ་ཡང་བོད་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཚོང་ལས་པ། འགྲན་ཟླ་བྲལ་བའི་ཁང་བཟོ་འཆར་འགོད་པ། ས་བདག་ཞིང་ཕྱུགས་ཀྱི་མ་རྩ་གསོག་གཉེར་བ་ཆེན་པོ། འགྲུལ་བཞུད་པ་དང་འཚོལ་ཞིབ་པ་གྲགས་ཅན། ངལ་རྩོལ་བའི་དཔེ་སྟོན་དབུ་ཁྲིད་ངོ་མཚར་ཅན་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཉིད་སྐུ་འཁྲུངས་ནས་ལོ་ཆིག་སྟོང་འདས་ཟིན། དམ་པ་འདི་ཉིད་ཀྱིས་ཞལ་བཀོད་བཞིན་བཞེངས་པའི་ལྷོ་བྲག་སྲས་མཁར་དགུ་ཐོག་ནི་བོད་རང་གི་མཁར་བཞེངས་སྲོལ་བཞིན་བཞེངས་ཡོད་ལ་ཐོག་བརྩེགས་དགུ་ཡོད་པ་ཞིག་ཡིན། དེ་ནི་དེང་དུས་སུ་ཡང་སྔར་གྱི་བཟོ་བཀོད་མ་ཉམས་པར་མཇལ་དུ་ཡོད། བོད་ལྷོ་བྲག་ཁུལ་གྱི་ས་གནས་ལ་ལར་ཤིང་ཆ་འབེལ་བོ་ཡོད་མོད་གྲོ་བོ་ལུང་ནི་ས་སྐམ་འབྲོག་སྟོང་ལྟ་བུ་ཞིག་ཡིན་པས་ཤིང་ཆའི་ཐོན་ཁུངས་ཀྱང་ཐག་ཉེར་མེད་པས་མཁར་ཆེན་པོ་དེ་འདྲ་ཞིག་གི་རྨང་བཏིངས་ནས་ཐོག་འགེབས་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན། ལྷག་པར་ཡང་དམ་པ་འདི་ཉིད་ནི་ཁང་བཟོའི་སྤུས་ཀ་ལ་དང་དོད་བྱེད་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས་མཁར་ཆེན་འདི་ཉིད་སྲ་བརྟན་བརྗིད་ཆགས་དང་བཟོ་དབྱིབས་གསར་བཏོད་ཀྱི་རང་བཞིན་ཅན་ཞིག་ཡོང་བའི་འབད་པས་ཐེངས་ཁ་ཤས་ཤིག་ཚོད་ལྟ་བརྒྱུད་བསྐྱར་བཞེངས་མཛད་པ་རེད། མཁར་ཆེན་པོ་འདི་ནི་གནའ་བོའི་མཁར་གྱི་བཟོ་བཀོད་དུ་བཞེངས་ཡོད་པས་དགོན་པ་སོགས་དང་མི་འདྲ་བར་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། ཐོག་བརྩེགས་དགུའི་མཐོ་ཚད་ཡོད་པས་མཐོང་སྣང་ལ་བརྗིད་ཅིང་དགྲ་ཇག་གི་གཡུལ་ངོ་བཟློག་སླ་བ། ཐོག་ཁང་ལས་མཐོང་རྒྱ་ཡངས་པས་ནང་དུ་བཞུགས་པར་ཉམས་སྤྲོ་བ། ཐ་ན་རྩིག་པ་བཟོ་བའི་རྡོ་ལ་ཡང་དབྱེ་བསལ་འདེམས་སྒྲུག་གི་འབད་པ་ཆེན་པོས་གྱད་རྡོ་སོགས་སུ་མིང་བཏགས་པས་རྩིག་པ་སྲ་ཞིང་བརྟན་པ་སོགས་སྐབས་དེའི་བོད་མིའི་ཤེས་རིག་ལག་རྩལ་སྤྱི་དང་ལྷག་པར་ཡང་ཁང་བཟོའི་ལག་རྩལ་གྱི་ཐོན་རྫས་དཔེ་མཚོན་དུ་བགྲང་བར་རུང་ངོ་། །དེ་ལྟར་མར་པ་ལོ་ཙཱ་བའི་དཀའ་སྤྱད་དང་ཞིབ་ཚགས་གཟིགས་རྒྱང་རིང་པོའི་གཤིས་ཀ་དང་དེའི་འབད་པ་ལ་བརྟེན་ནས་ད་དུང་ཡང་བོད་ཀྱི་ཁང་བཟོའི་དཔེ་སྟོན་ལྟ་བུར་ལོ་རྒྱུས་རང་བཞིན་ཅན་གྱི་མཁར་འདི་མཇལ་དུ་ཡོད་པ་འདི་ཡིན།
དེ་ཡང་རྗེ་མི་ལའི་རྣམ་ཐར་དུ་ཐོག་མར་རྗེ་འདི་མཇལ་སྐབས་ཞིང་ཀའི་ནང་དུ་རྨོས་དོར་གྱི་རྗེས་དེད་ནས་ཞིང་ལས་མཛད་བཞིན་ཡོད་ཚུལ་དང་བླ་མ་ཆེན་པོ་འདི་འདྲ་ཞིག་གིས་ཞིང་ལས་མཛད་པར་ཡིད་མ་ཆེས་པའི་ཚུལ་སོགས་གསལ་ཡོད། དེ་ཡང་ལྷོ་བྲག་མར་པ་ལོ་ཙཱ་བ་ཆེན་པོ་འདི་ནི་ཆོས་པའི་འབགས་འོག་ཏུ་སྐྱིད་ཉལ་བྱེད་མཁན་ཞིག་མ་ཡིན་པར་ངལ་རྩོལ་བ་མཛུབ་མོར་སེར་ཀ་གས་པར་འཚེར་སྣང་མེད་མཁན་ཞིག་ཡིན་པ་གསལ་པོ་ཡིན། སྤྱིར་ན་སྐབས་དེར་མར་པ་ལོ་ཙཱ་བའི་སྙན་གྲགས་ཆེན་པོ་རྒྱས་ཟིན་པ་དང་ཁོང་གིས་རྒྱ་གར་སྐད་ནས་བསྒྱུར་བའི་ཆོས་གཞུང་རྣམས་ཁུངས་དག་པ་དང་འགྱུར་གྱི་སྤུས་ཚད་མཐོ་བས་ཡོན་ཆེན་པོ་ཐོབ་བཞིན་ཡོད་པས་འཚོ་ཐབས་ཞིང་ལས་ཁོ་ནར་བརྟེན་དགོས་པ་ཞིག་མིན་ན་ཡང་། སྤྱིར་ཁོང་ནི་ཞིང་པའི་ཁྱིམ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས་ངལ་རྩོལ་ལ་སྤྲོ་སྣང་ལྡན་པ་དང་། ཁོང་གིས་འགྲུལ་བཞུད་དང་སློབ་གཉེར་གནང་ཡུལ་རྒྱ་གར་དང་བལ་པོའི་ཡུལ་དུ་ཁོང་གིས་ཞིང་ལས་མཛད་ཡོད་མེད་མི་ཤེས་མོད་ཞིང་ལས་ཐོན་སྐྱེད་ཕྱུག་པའི་ཡུལ་ལུང་ཡིན་སྟབས་དེ་དག་ནས་ཞིང་ལས་ལག་རྩལ་རིགས་མང་པོ་ཞིག་ལ་གོམ་འདྲིས་བྱུང་ཡོད་པར་ངེས། ལྷག་པར་ཡང་ཟ་དགའ་ཉལ་སྐྱིད་ཀྱི་ཆོས་པ་ཚོའི་ངན་གོམ་ལངས་ཤོར་གྱི་གོམས་སྲོལ་ལ་དགའ་རྒྱག་དང་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་སློབ་མ་གསར་པ་ཚོར་མིག་དཔེ་སྟོན་ཆེད་དུ་ཁོང་ཚོའི་མཐོང་སར་ཆེད་དུ་དམ་པ་འདིས་ཞིང་ལས་སོགས་ངལ་རྩོལ་ལ་འཇུག་བཞིན་ཡོད་པར་ཐེ་ཚོམ་མེད།
མར་པ་ལོ་ཙཱ་བ་ནི་ཁྱིམ་ཚང་གི་བདེ་སྐྱིད་ལ་དགྱེས་ཚོར་ཡོད་མཁན་ཞིག་ཡིན། ཁོང་རང་ཉིད་ཀྱང་སེར་མོ་མ་བྱས་ཤིང་དགའ་རོགས་ངོ་མ་སྔ་ཕྱིར་དགུ་ཙམ་བསྒྲིགས། དེ་དག་གི་ནང་ནས་ཀྱང་སྙིང་གི་ཕྱེད་ཀ་ལྟ་བུའི་མཛའ་གྲོགས་བདག་མེད་མ་དང་ལྷན་དུ་མི་ཚེ་སྐྱེལ་བའི་ཐུགས་ཐག་བཅད། ལྷོ་བྲག་གྲོ་བོ་ལུང་དུ་འཁོར་བ་བཟུང་བས་མར་པ་ཚང་ཞེས་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་ཡིད་སྨོན་ཤོར་འོས་པ་ཞིག་ཚུགས། བདག་མེད་མ་དང་བཟའ་སྒྲིག་མཛད་ཅིང་བཟའ་ཚོ་ལམ་ལྷོངས་བྱུང་ནས་སྐུ་ཚེ་མཐར་ཕྱིན། བུ་དར་མ་མདོ་སྡེ་བར་ཆད་ཀྱིས་གྲོངས་སྐབས་ཀྱང་ཚུལ་འཆོས་མེད་པར་ཐུག་སྡུག་ཆེན་པོ་མཛད་པ་སོགས་ལས་ཀྱང་ཁོང་ནི་ཁྱིམ་ཚང་གི་བདེ་སྐྱིད་དང་ནང་མིའི་བརྩེ་དུང་ལ་བསྟོད་གླུ་ལེན་མཁན་ཞིག་ཡིན་པ་གསལ་པོ་ཡིན། བཟའ་ཚང་གི་མི་ཚེ་ནི་ལོ་སྐོར་ཟླ་བ་བཅུ་གཉིས་ཉི་མ་སུམ་བརྒྱ་དྲུག་ཅུའི་རིང་ལ་ང་དགའ་ཁྱོད་ཡག་ཁོ་ནས་དུས་ཚོད་འགྲོ་བ་ཞིག་མིན་ལ་འགྲོ་དགོས་པ་ཞིག་མིན་པས་མཚམས་མཚམས་སུ་ལོ་ཙཱ་བ་ཁོང་དང་བདག་མེད་མའི་བར་ལ་ཡང་བཟའ་ཚང་དང་སློབ་མ་སྐྱོང་སྟངས་ཐད་ཞལ་རྩོད་འབྱུང་། ཡིན་ན་ཡང་དོན་དམ་པའི་བརྩེ་བ་ཡོད་ཕྱིན་ཚིག་རྩོད་རེ་འབྱུང་མིན་ལ་མ་ལྟོས་པར་དུས་རྟག་ཏུ་གཅིག་གིས་གཅིག་ལ་འཁྲི་ནས་འདུག་པ་ཆོས་ཉིད་ཡིན་སྟབས་དོན་དུ་ཁོང་བཟའ་ཚོ་གཉིས་ནི་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་བའི་བརྩེ་དུང་ཅན་གཉིས་ཡིན།
དེ་ཡང་དཔེར་ན། སྲས་མཁར་གྲུབ་པའི་ཁང་སྟོན་གྱི་སྐབས་སུ་གཞུང་གི་རྔོག་སྟོན་ཆོས་རྡོར་ཟེར་བའི་བླ་ཆེན་དེས་ཕྱུགས་ལུག་ཡོད་ཚད་གཙོ་བོར་གྱུར་པའི་ཁོང་གི་ཁྱིམ་དུ་ཡོད་ཚད་ཀྱི་ནོར་རྫས་ཚང་མ་འབུལ་བར་ཁྱེར་ནས་ཕེབས། མར་པའི་ཁྱིམ་གཞིས་དང་ཐག་མི་རིང་བ་ཞིག་ཏུ་སླེབས་སྐབས་མི་ཞིག་སྔོན་དུ་བཏང་ནས་ཡུམ་ལ་བསུ་ཆང་ཞིག་གནང་བའི་རེ་བ་ཕུལ། དེ་ནི་རྔོག་སྟོན་ཆོས་རྡོར་གྱིས་མི་ཆེན་པོའི་ཆེ་བ་ངོམ་སྟངས་ཤིག་ཡིན། སྐབས་དེར་མར་པ་ལོ་ཙཱ་བ་ལ་ཞུས་དུས་མར་པས་བསུ་ཆང་མ་གནང་། ངས་རྒྱ་གར་ནས་ཆོས་ཟབ་མོ་དེ་འདྲ་ཞིག་ཁྱེར་ཡོང་དུས་ཆང་ཁྱེར་ནས་བསུ་མཁན་ཞིག་མ་བྱུང་། ཁོས་དུད་འགྲོ་ཁ་ཤས་དེད་ནས་ཡོང་བ་ལ་ངས་བསུ་བ་མི་བྱེད་ཅེས་གསུངས། དེར་ཡུམ་བདག་མེད་མས་དེ་ལྟར་མི་རུང་། རྔོག་པ་འདི་མི་ཆེན་ཡིན་པས་བསུ་ཆང་ཅིས་ཀྱང་འཁྱེར་དགོས་གསུངས་ནས་བསུ་ཆང་ཁྱེར་ནས་བསུ་བ་བྱས། དེ་ནི་མར་པས་རང་གི་ཆོས་ཀྱི་ཆེ་བ་འདོན་པའི་ཆེད་དུ་བསུ་ཆང་མི་གནང་བར་གསུངས་པ་དང་། ཡུམ་གྱིས་མི་ཆེན་བླ་ཆེན་ཚོའི་སེམས་འཛིན་ཐབས་སུ་ཆང་གནང་བ་སྟེ་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་རང་རང་གི་ཐུན་མིན་གྱི་འཇོན་ཐང་མི་འདྲ་བ་སྤྱད་ནས་ཁྱིམ་ཚང་དེའི་རིག་གནས་ཚོང་ལས་སྤེལ་བ་ལམ་ལྷོངས་ཡོང་བཞིན་ཡོད་པ་གསལ་པོ་ཡིན།
སྐབས་དེར་བོད་དུ་གྲགས་ཆེ་བའི་འབྲོག་མི་ལོ་ཙཱ་བ་དང་། རྒྱ་གར་ན་སྐད་གྲགས་ཆེ་བའི་བླ་མ་མཁས་པ་ན་རོ་པ་དང་། མེ་ཏྲི་པ། བལ་ཡུལ་ན་སྐད་གྲགས་ཆེ་བའི་ཕམ་མཐིང་བ་སོགས་ཀྱི་ཞབས་ལ་གཏུག་ནས་སངས་རྒྱས་པའི་གསང་སྔགས་ཀྱི་ཆོས་ལ་སློབ་གཉེར་དང་། སྔགས་ཀྱི་རྒྱུད་སྡེ་མང་པོ་བོད་སྐད་དུ་བསྒྱུར་བ་རྣམས་ནི་གསང་སྔགས་གསར་མ་ཞེས་པའི་གཞི་རྐང་འཛུགས་ས་ཉིད་དུ་གྱུར་ཡོད་པས་གསང་སྔགས་གསར་མའི་ལོ་ཙཱ་བ་ཆེན་པོ་མར་འབྲོག་འགོས་གསུམ་ཞེས་པའི་ཡ་གྱལ་ལས་ཐོག་མར་བགྲང་བ་ཡིན་ནོ། །
དམ་པ་ཁོང་གི་རྣམ་ཐར་ནི་ཆེས་ངོ་མཚར་ཅན་ཞིག་ཡིན། དེ་ཡང་ཁོང་གིས་དགའ་རོགས་མང་པོ་བསྒྲིགས་ཚུལ་སོགས་ལ་བསམ་སྐབས་ན་གཞོན་སྣང་བ་སྐྱིད་པའི་རྩེ་དགར་རོལ་ནས་བསྡད་བསྡད་པ་ལྟ་བུ། མི་འདིས་མཁར་ལས་ཞིང་ལས་བྱས་ཚུལ་ལ་བལྟས་ན་མི་ཚེ་གང་བོར་ངལ་རྩོལ་ཁོ་ན་ལ་འབད་པ་ལྟ་བུ། ཁོང་གིས་འགྲུལ་བཞུད་བྱས་ཚུལ་ལ་བསམ་ནས་མི་ཚེ་གང་བོར་རྒྱ་བལ་དུ་འཁྱམས་པ་ལྟ་བུ། ཆོས་ལ་སློབ་སྦྱོང་བྱས་ཚུལ་ལ་བསམ་ན་དཔེ་ཆ་བ་རྐམ་པོ་ཞིག་གི་བཟོ་ལྟ་མིག་ལམ་དུ་ཤར་དགོས་པ་ལྟ་བུ། སློབ་མ་བསྐྱངས་ཚུལ་དང་སློབ་མ་རེ་རེའི་ཆེད་དུ་ནུས་ཤུགས་མང་པོ་བཏོན་ཚུལ་ལ་བསམ་ན་དགེ་རྒན་སྡུག་རུས་ཅན་ཞིག་ཁོ་ན་ལས་གཞན་མིན་པ་ལྟ་བུ། སྐད་རིགས་སྦྱངས་ཤིང་ཆོས་གཞུང་མང་པོ་བསྒྱུར་ཚུལ་ལ་བསམ་ན་ཚེ་གང་བོར་འབྲི་བསུབ་ལ་ཁ་ལག་མ་དལ་བར་བསྡད་པ་ལྟ་བུ་ཞིག་ཡིན། དེ་ལ་དོག་པ་མེད་དེ། མི་ཕལ་བ་མང་པོ་ཞིག་གི་མི་ཚེའི་ནང་དུ་སྒྲུབ་དགོས་པའི་བྱ་བ་ཚང་མ་མི་འཇོན་ཐང་ཅན་མི་གཅིག་ལག་གཅིག་གིས་སྒྲུབ་ནུས་པ་ཞིག་ཡིན། དེས་ནི་མི་འཇོན་ཐང་ཅན་དང་འཇོན་ཐང་མེད་མཁན་གྱི་དབྱེ་བ་འབྱེད་བཞིན་ཡོད་འདུག
མདོར་ན་མར་པ་ལོ་ཙཱ་བ་ཆེན་པོ་ནི་འགྲན་རྩོད་མང་པོ་ཞིག་ལས་རྣམ་པར་རྒྱལ་བའི་སྐྱེས་བུ་ཞིག་ཡིན། དཔེར་ན། ཐོག་མར་འབྲོག་མིའི་མདུན་དུ་སློབ་སྦྱོང་བྱས་ཀྱང་འབྲོག་མི་སློབ་ཡོན་ཆེ་བས་སློབ་མ་དབུལ་པོ་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པ་ལ་མགོ་བོ་མ་རྒུར་བར་ཁོང་རང་ཉིད་རྒྱ་གར་དུ་ཕེབས་ནས་སློབ་གཉེར་བྱས། ཁོང་བལ་ཡུལ་དུ་སླེབས་སྐབས་གཉོས་ཁ་རག་པ་ཟེར་བའི་བོད་མི་སློབ་གཉེར་བ་ཕྱུག་པོ་ཞིག་གིས་མར་པ་ཆོས་ཀྱི་བློ་གྲོས་ལ་གསེར་མང་པོ་མེད་པར་བསྙད་ནས་ཁོའི་གཡོག་པོ་བྱས་ན་ཁོང་དང་ལྷན་དུ་སློབ་སྦྱོང་བྱེད་ཆོག་པར་བཤད་པ་ལ་མགོ་མ་རྒུར་བར་ལོ་གསུམ་ཙམ་དུ་བལ་ཡུལ་ཡས་མས་སུ་ས་ཆུ་འདྲིས་པས་བྱས་ནས་རང་ཉིད་རྒྱ་གར་གྱི་བླ་མ་མཁས་པ་ཚོའི་རྩར་གཏུག་ཐུབ་པ་བྱས། བལ་པོའི་ས་མཚམས་སུ་ལམ་ཁྲལ་སྡུད་མཁན་གྱིས་བོད་མི་ཚོ་འགྲུལ་བཞུད་པ་ཚོ་ཡུན་རིང་པོར་འགོག་པ་སོགས་དཀའ་ངལ་གཏད་བཞིན་པ་ལ་མགོ་མ་རྒུར་བར་བྲོས་བྱོལ་བྱས། ལྷོ་བྲག་གྲོ་བོ་ལུང་དུ་ཁྱིམ་གཞིས་འཛིན་སྐབས་ཀྱི་སྔ་ཕྱིར་ཡུལ་དེའི་གྲོང་པ་ཁྱིམ་མཚེས་ཚོ་དང་འགལ་ཟླ་མང་དུ་བྱུང་བ་ལ་མགོ་བོ་མ་རྒུར་བར་འཐབ་མོ་མང་དུ་བྱས་མཐར་མར་པ་རྒྱལ། མདོར་ན་དམ་པ་འདི་ནི་ཕྱི་ནང་གི་གནོན་ཤུགས་གང་ལ་ཡང་མགོ་བོ་མི་རྒུར་མཁན་གྱི་དཔའ་བོ་ཆེན་པོ་ཞིག་ཡིན་པར་ཐེ་ཚོམ་མེད་དོ།།
ཁྱེད་ཀྱིས་དེ་ལྟར་མར་པ་ཆོས་བློ་ཁོང་བོད་ཀྱི་སྔགས་པ་ཚད་ལྡན་འགྲོ་བ་མི་སྤྱི་མཚུངས་པ་ཞིག་གི་ཚད་ནས་བཞག་སྟེ་གླེང་ན། ངས་ཀྱང་མར་པ་རྒྱ་གར་དུ་ནྰ་རོ་པའི་དྲུང་ན་ཡོད་དུས་གྲུ་དཔོན་ཞིག་གི་བུ་མོར་དགའ་རོགས་བསྒྲིགས་མྱོང་ཡོད་པ་དྲན་སོང་། ཁོང་གི་མགུར་ལས། དེད་དཔོན་གྱི་བུ་མོ་སྔོ་བསང་མ། །མཚན་ལྡན་གྱི་ཕྱག་རྒྱར་བསྟེན་བསྟེན་ནས། །འབྲལ་མི་ཕོད་པ་ལ་དེ་གཅིག་བྱུང་། །ཞེས་གསུངས། བུ་མོ་སྔོ་བསང་མ་དེ་དེང་སང་གི་རྒྱ་གར་བའི་མི་ཚང་དཀྱུས་མའི་བུ་མོ་གདོང་མདོག་ལ་སྔོ་ཞད་ཏོག་ཙམ་ཡོད་པ་དེ་འདྲ་ཞིག་ཡིན་ཚོད་ལས། ཅན་སྡི་སྒར་སོགས་ནས་མཚན་མོ་ཁོ་ནར་མ་གཏོགས་མཐོང་མི་ཐུབ་པའི་མི་ཚང་ཕྱུག་པོའི་བུ་མོ་དཀར་ལས་དམར་ཆགས་པ་དེ་འདྲ་ཞིག་ནི་མིན་ཚོད་གདའ།
བདག་མེད་མ་ཡི་བདག་པོ་ལགས། །
དར་མ་མདོ་སྡེའི་ཨ་ཕ་ལགས། །
མི་ལ་རས་པའི་བླ་མ་ལགས། །
ཆོས་ཀྱི་བློ་གྲོས་ཁྱོད་ལ་འདུད། །
རྟོགས་བརྗོད་སྙན་པོ་བྲིས་འདུག། བླ་མ་མར་པ་འདི་དངོས་གནས་ཆོས་པ་སྐྱ་བོ་ཞིག་གི་མིག་དཔེ་ཡག་པོ་རེད། བཀའ་བརྒྱུད་པ་ཚོས་ཁོང་དཔེ་ལ་འཛིན་ནས། ཆོས་ཡོད་པ་ལ་ཁྱིམ་སྐྱང་ཐུབ་པ་ཞིག་བྱུང་ན། བོད་མི་རིགས་འདིར་ཇི་འདྲ་ཕན་པ་ཆེན་པོ་བྱུང་ཚོད།
བླ་མ་མར་པ་འདི་ངོ་མ་དཔལ་མཉམ་མེད་རེད། ཁོང་ལྟ་བུ་བོད་ཀྱི་བླ་མ་ཚོའི་དཀྱིལ་ལ་སྟོན་ཡས་མེད། ཆོས་སྒོ་ཐོན་པ་འཇིག་རྟེན་ཐོན་པ་གཉིས་ཀ་སུ་འདུག།
དང་པོ་སྤྲང་པོའི་ལམ་ལ་ཞུགས།
མདོ་སྔགས་ཡོན་ཏན་ཐམས་ཅད་བསླངས།
བར་ལ་ཁྱིམ་པའི་ལམ་ལ་ཞུགས།
སྤངས་རྟོགས་ཁྱིམ་གཞིས་རྩ་བ་ཚུགས།
མཐའ་མ་བླ་ཆེན་ཁྲི་ལ་ཕེབས།
ས་གསུམ་སློབ་མ་ཆེན་པོས་བཀང་།
མར་པ་ཆོས་ཀྱི་བློ་གྲོས་དེ།
ཆོས་པའི་ནང་གི་ཆོས་པ་དང་།
བླ་མའི་ནང་གི་བླ་མ་སྟེ།
ཁྱེད་ལས་གཞན་པ་ས་འདིར་དཀོན།
མར་པ་རྗེ་ལ་ཕྱག་གསུམ་འཚལ།
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་་་་))>> །ཉམས་ཞིབ་བྱེད་པའི་རྩ་འཛིན་དང་། བྱེད་ཐབས་སོགས་ཀྱི་དཀའ་གནད།
༡ ༽༽ ཞིབ་འཇུག་བྱེད་ལུགས་ལ། དེང་རབས་ཀྱི་ཉམས་ཞིབ་གནས་ཚད་ལྡན་པ་ཡོང་ཐབས་ལ།བརྗོད་གཞི་མི་འདྲ་བ་རེ་ལ་ཉམས་ཞིབ་བྱེད་སྟངས་མ་འདྲ་བ་རེ་ཡོད་ཅིང་། དེ་རིང་དབུ་འབྱེད་བྱས་པའི་༸པཎ་ཆེན་ཨེར་ཏེ་ནི་ཉམས་ཞིབ་འདི་ནི་བྱུང་བ་རིག་པ་སྡེ་ཚན་གྱི་ཁོངས་ཡིན་སྟབས། དེར་ཉམས་ཞིབ་བྱེད་སྟངས་ཐ་དད་ཅིག་ཆགས་ཡོད། ད་ལྟའི་བར་བོད་དུ་རིག་པའི་གནས་མང་པོ་ཞིག་དར་ཡོད་མོད། བྱུང་བ་རིག་པ་འབྲི་སྟངས་དར་ཁྱབ་གཏན་ནས་བྱུང་མེད། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་གྱི་ང་ཚོ་བོད་པའི་བྱུང་བ་རིག་པ་དང་། སྒྲུང་གཏམ། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ། རྟོགས་བརྗོད། སྐྱེས་རབས་ཚང་མ་ཕན་ཚུན་མཉམ་བསྲེས་ཀྱིས་གཅིག་པ་ཆགས་ཡོད་སྟབས། བྱུང་བ་རིག་པའི་ཉམས་ཞིབ་བྱེད་སྟངས་དང་། བྱུང་བ་རིག་པའི་སྡེ་ཚན་གྱི་རྩོམ་ཡིག་འབྲི་སྟངས་ཐད། བོད་ནང་སློབ་གཉེར་བྱེད་མཁན་དང་སློབ་ཁྲིད་བྱེད་མཁན་ཧ་ལམ་བྱུང་མེད་པ་རེད།” ཅེས་བརྗོད་དེ། ཉམས་ཞིབ་བྱེད་ཡུལ་བྱུང་བ་རིག་པ་ལ་ཆེས་སྔ་བའི་དུས་རབས་ཀྱི་བྱུང་བ་རིག་པ་དང་། ཅུང་ཟད་སྔ་བའི་བྱུང་བ་རིག་པ། འདས་མ་ཐག་པའི་བྱུང་བ་རིག་པ་གསུམ་དུ་དབྱེ་ཡོད་ལ། འདས་པའི་ལོ་རྒྱུས་དང་བྱུང་རབས་ལ་ཕྱིར་སློག་རྒྱག་དགོས་དུས་དན་རྟགས་རག་སྟངས་ཐད། ཡིག་ཐོག་གི་དན་རྟགས་དང་། ངག་རྒྱུན་གྱི་དན་རྟགས། ཡུལ་དུས་གནས་སྐབས་ཀྱི་དན་རྟགས། དངོས་པོའི་དན་རྟགས། གཞན་གྱི་ལྟ་སྣང་མཐོང་ཚུལ་གྱི་དན་རྟགས་བཅས་རིགས་ལྔ་ཡོད་ལ། དེ་བཞིན༌དན་རྟགས་མང་པོ་མཁོ་སྒྲུབ་ཟིན་རྗེས་དཔྱད་རྩོམ་དངོས་གཞི་འབྲི་བའི་སྐབས་སུའང་། བློ་གཟུ་བོར་གནས་པ་དང་། རྣམ་དཔྱོད་ལྡན་པ། དོན་གཉེར་ཡོད་པ་གསུམ་འཛོམས་དགོས་པ་དེ་ནི། ཉམས་ཞིབ་བྱེད་མཁན་གང་ཟག་གི་ཁྱད་ཆོས་མེད་དུ་མི་རུང་བ་ཞིག་ཆགས་ཡོད་ལ། ཉམས་ཞིབ་བྱེད་སྐབས་ཀྱང་། ཐོག་མཐའ་མ་ལས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟག་ནས། །བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །ཅེས་གསུངས་པ་ལྟར། ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། བལྟོས་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་བཅས་རིག་པ་བཞི་པོ་རྣམས་ཀྱང་གོ་རིམ་འདི་ལྟར་གྱི་ཐོག་ནས་དཔྱད་ཞིབ་བྱེད་དགོས་པ་གལ་གནད་ཆེ་སྐོར་ལམ་སྟོན་བཀའ་སློབ་གནང་།།
གོང་གསལ་མཆན་བུ་དེ་བཞིན་མཁས་མཆོག་ཟམ་གདོང་པས་པན་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གི་ལོ་རྒྱུས་ཉམས་ཞིབ་གནང་མཁན་གཙང་ཕྲུགས་སྟོབ་ལགས་ཀྱིས་རྩོམས་ཆོས་དེབ་དབུ་འབྱེད་སྐབས་སུ་བཀའ་གནང་བ་ཞིག་རེད། བརྗོད་གཞི་དང་འབྲེལ་བ་ཆེ་ཙམ་འདུག་པའི་འདིར་བསྐྱར་འགོད་བྱས་པ་ཡིན།
དུང་དཀར་གྲུབ་མཐའི་ནང་ལྷོ་བྲག་མར་པ་དེ་ཙམ་གྱིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཅིག་ཡིན་ནའང་།ཚེ་ཐོག་འདིར་བུ་མེད་བསྟེན་པའི་རྒྱུ་མཚན་གྱིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་མེད་པར།བར་དོར་སངས་རྒྱས་པར་གསུངས་འདུག
དུང་དཀར་གཙོས་པའི་ཕོ་རྒྱོ་མཁན་དེ་ཚོ་ཚེ
འདིར་འཚང་རྒྱ་རྒྱུ་ཡིན་པ་འདྲ།
དེས་རྗེ་ཙོང་ཁ་པ་ལྟ་བུའི་དགེ་སློང་ཞིག་ལ། བར་དོར་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ། །མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། །ཞེས་པའི་རྒྱུ་མཚན་ཅི།
ཨ་ལེ།མེ་དཀར་དང་ཀླུ་སྨྱོན་སྤོབས་མཐའ་བཅས་ལགས།དེས་ན་འཁྲུགས་སྤྱོད་བསྟེན་པ་དང་ཚོང་ལས་གཉེར་བ།རྒྱལ་ཁམས་ཉུལ་བ་སོགས་སངས་རྒྱས་བྱེད་ཡིན་ན།ནང་པ་ཚོ་ལས་ཀྱང་ཕྱི་རྒྱལ་བ་ཚོ་ཚང་མ་སངས་རྒྱས་ཡོད་ས་རེད།
ཉོན་མོངས་གཉེན་པོར་མ་སོང་བསྒོམ་སྒྲུབ་དེ། །
སངས་རྒྱས་རྒྱུ་རུ་གཞར་ཡང་སོང་ཐབས་མེད། །
ཐབས་ཀྱིས་ཟིན་ན་རྒྱོ་དང་མ་རྒྱོས་ཅི། །
རིག་པ་ཡེ་ཤེས་རང་ངོ་འཕྲོད་པའི་རྒྱུ། །
སྡེ་སྣོད་བཅུ་གཉིས་བློ་ལ་འཆད་ནུས་པའི། །
ལེགས་སྐར་ངན་སོང་སྐྱེ་བའི་ལོ་རྒྱུས་དང་། །
ཐོས་བསམ་མེད་པའི་བརྒྱད་ཅུའི་རྒད་པོ་སྟེ། །
སྤྲང་པོ་མི་ཕམ་འཇའ་ལུས་གྲུབ་ལ་ལྟོས། །
ཁྲི་རལ་པ་ལགས། ངས་ནི་སངས་རྒྱས་སྤྱད་གང་ཡིན་མིན་ཞིག་བཤད་གི་མེད། མི་ལོ་ཆིག་སྟོང་གི་གོང་དུ་འཁྲུངས་པའི་བུ་འཇོན་ཐང་ཅན་ཞིག་གི་སྐོར་བཤད་གི་ཡོད། སངས་རྒྱས་པ་ལ་ཕྱི་རྒྱལ་ནང་རྒྱལ་གྱི་ཁྱད་པར་ཞིག་ཡོད་རྒྱུ་མ་རེད།
ང་ཚོ་ལ་མི་ཡི་ནང་ནས་མིའི་ཕུད་འདྲ་བ་མང་པོ་བྱུང་བ་དང་། འབྱུང་བཞིན་པ། འབྱུང་བར་འགྱུར་བ་ཡིན་པ་རེད། ཡིན་ན་ཡང་ང་ཚོའི་མི་ཕལ་མོ་ཆེས་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་གྱི་ཕྱོགས་གཅིག་མ་གཏོགས་མཐོང་ཐུབ་གི་མེད་པ་རེད། དེ་ནི་མི་དེ་ལ་ཆོས་ཕྱོགས་ཀྱི་ཡོན་ཏན་མང་པོ་ཞིག་ཡོད་པ་དེ་དག་དང་མེད་ན་ཡང་སྒྲོ་འདོགས་བྱ་རྒྱུ་དེ་རེད། ཆོས་གཅིག་པོ་མ་གཏོགས་དོ་སྣང་བྱེད་མ་ཤེས་ནས་ང་ཚོའི་རང་མགོ་མི་ལ་ཤོར་སོང་བ་རེད། ཁར་སང་དེ་རིང་ང་ཚོའི་ཆོས་པ་ཚོས་མར་པ་ལོ་ཙཱ་བ་ལ་རྗེས་དྲན་མཛད་སྒོ་སྤེལ་གྱིན་འདུག ཡིན་ན་ཡང་གསང་བ་འདུས་པ་བསྒྱུར་མ་བསྒྱུར་ཞིག་ལས་གླེང་ཤེས་གི་མི་འདུག སྟབས་མ་ཡག་པ་ཞིག་ལ་ཟམ་གདོང་སྤྲུལ་སྐུས་གསང་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་ཞེས་བཤད་པ་དེ་བོད་ཀྱི་བང་ཆེན་གསར་འགོད་པས་འཕགས་ལུགས་ཟེར་བ་མ་ཤེས་པར་གསང་འདུས་ཕ་ལུགས་ཤེས་བྲིས་འདུག སྔོན་མ་ཞིག་ལ་རྒྱལ་བ་རིན་པོ་ཆེས་རེག་དུག་གི་ན་ཚ་གསུངས་པ་དེ་ལ་གསར་འགོད་པས་རིགས་སྡུག་གི་ན་ཚ་ཞེས་བྲིས་པ་དང་། ༢༠༠༩ལོར་ཀརྨ་པ་ཨོ་རྒྱན་ཕྲིན་ལས་མཆོག་གིས་ཞལ་འདོན་བྱེད་ཁོམ་གི་མི་འདུག་གསུངས་པ་དེ་སྐད་སྒྱུར་བས་མ་གོ་བར་གཞན་དོན་བྱེད་ཁོམ་གི་མི་འདུག་ཅེས་པར་བསྒྱུར་བ་སོགས་ཁྱད་མཚར་མང་པོ་ཡོང་གིན་འདུག
དཀའ་ལས་བརྒྱབ་མི་དགོས་པའི་མྱུར་ལམ་སངས་རྒྱས་ཀྱིས་མ་གསུངས་པ་དེ་འདྲ་ཅིག་ཡོད་པ་ཡ་མཚན་པོ་རེད།རྒྱ་གར་ནས་བོད་ཀྱི་མཁས་གྲུབ་གང་ཡིན་ནས་མདོ་སྔགས་ཟུང་འབྲེལ་ལ་སློབ་སྦྱོང་དང་ཉམས་ལེན་རྡོ་རུས་ཐུག་པ་བྱས་ཏེ།གྲུབ་པའི་གོ་འཕངས་མཐོན་པོར་གཤེགས་པ་ཚོས་ཀྱང་སྔགས་ཟབ་པ་མདོ་ཡིས་དྲིན་ཡིན་གསུངས་འདུག་པ་མ་གཏོགས།འབད་བརྩོན་བསྟེན་མི་དགོས་པར་ཉོན་མོངས་ཀྱི་ནང་འཐོམས་བསྡད་ན་སངས་རྒྱས་འགྲོ་བ་དེ་འདྲ་གསུངས་མི་འདུག་ག འོན་ཀྱང་།སྔ་མོ་བོད་ནང་དུའང་དེ་འདྲའི་རིགས་ལ་ཆེ་བ་འདོན་པ་དང་ཆོས་བརྒྱུད་བྱེ་བྲག་རེ་ཟུང་གི་མཚན་སྙན་ལ་དམིགས་ཏེ་རྒད་པོ་སྔགས་ཞད་ཅན་རེ་ཤི་འགྲོ་དུས་མཚན་མོ་རོ་གཙང་པོར་དོར་ནས་གཞན་ལ་འཇའ་ལུས་སུ་དྭངས་ལུགས་སྒྲོག་པ་དང་།ཡང་སྔགས་པ་རེ་ཟུང་འཆི་ཁ་ཚུལ་འཆོས་ཀྱི་རང་གཟུགས་ཕྱི་ལ་མི་མངོན་ཆེད་ཁང་པའི་སྒོ་དང་སྒེའུ་ཁུངས་ཡོངས་བརྒྱབས་ཏེ་རང་ཉིད་ཆུ་ལ་མཆོངས་ནས་འཇའ་ལུས་སུ་གྲུབ་མདོག་སྟོན་མཁན་ཁ་ཤས་བྱུང་མྱོང་ཡོད་པ་རེད།
ཡིན་ནའང་།དེ་ཚོའི་རིགས་ལ་༧གོང་ས་མཆོག་གིས་སྔ་ལོར་ཐེ་ཝན་གྱི་ཆོས་ཞུ་ཚོར་ཟུར་མཇལ་གྱིས་དྲི་བར་བཀའ་ལན་གནང་སྐབས།སངས་རྒྱས་ཀྱི་ཆོས་ཟེར་བ་དེ་ཚེ་རབས་གྲངས་མེད་པར་ཉམས་ལེན་ལ་དམིགས་ཏེ་བསམ་བློ་གཏོང་དགོས་པ་རེད་མ་གཏོགས།དེང་སང་ཁ་ཤས་ཀྱིས་ལོ་གསུམ་ཆོས་གསུམ་ཟེར་བ་འདྲ་བོ་དུས་ཚོད་ཐུང་ཐུང་ནང་སངས་རྒྱས་ཀྱི་ཐབས་ལམ་ཡོད་པར་སྒྲོག་པ་ནི།རྒྱ་དམར་གུང་བྲན་གྱི་དྲིལ་བསྒྲགས་ནང་བཞིན་རེད།གྲུབ་འབྲས་ཅི་གང་འཐོན་རྒྱུ་ཡོད་པ་མ་རེད་ཅེས་བཀའ་གནང་སོང་ང་།
ཁྲི་རལ་པ་ལགས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་རྒྱུ་ཡོད་ལུགས་ནི་བླ་མེད་རྒྱུ་སྡེ་སྔགས་གསར་རྙིང་གཉིས་ཀའི་ལུགས་རེད། ལོ་གསུམ་གྱིས་སངས་རྒྱས་དང་མི་རྒྱས་ཟེར་བ་དེ་མི་རང་རང་གིས་སྐྱེ་བ་སྔོན་མར་ཚོགས་བསགས་ཡོད་མེད་དང་། བླ་མ་དང་ལམ་ཁྱད་པར་ཅན་དང་འཕྲད་མིན། རང་རང་གིས་ཉམས་ལེན་ལ་གནད་ཁེལ་དང་བརྩོན་པ་སྐྱེད་ཐུབ་མིན་ལ་རག་ལས་ཡོད་པ་རེད། སྟོན་པ་ཤཀྱཱ་ཐུབ་པས་ཀྱང་རྡོ་རྗེ་གདན་དུ་སྐུ་མཚམས་ལ་བཞུགས་ནས་ཡུན་རིང་པོ་ཞིག་མ་འགོར་བར་བདུད་བཅོམ་བཞག་འདུག་ག
སྤོབས་མཐའ་ལགས།ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སུ་ཡོད་མ་རེད་ངས་གང་ན་བཤད་འདུག སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་གདན་དུ་སངས་མ་རྒྱས་ལུགས་གང་ན་བཤད་འདུག དཀའ་ལས་མ་བརྒྱབ་པར་སངས་རྒྱས་རྒྱུ་ཡོང་གི་མ་རེད།དེ་ལས་འབྲས་དང་འགལ་རེད་ཅེས་བཤད་ཀི་ཡོད་ལགས།
དཔལ་ལྡན་སྤོབས་པ་མཐའ་ཡས་ཀྱིས་བླ་མ་མར་པའི་མཛད་སྟངས་འགའ་བྲིས་པ་ཀློག་བདེ། ལྷག་པར་དུ། སྲས་མཁར་དགུ་ཐོག བསམ་མཁར་དགུ་ཐོག་ཅེས་ང་བྱིས་པའི་སྐབས་སུ། དྲིན་ཅན་མའི་ཞལ་ནས་ཐོས། མའི་མིང་པོ་རྒྱུད་སྨད་ཀྱི་དགེ་སློང་འདོན་ཆོག་ལེགས་ཞིག་ཡིན་པས། སྲས་མཁར་དགུ་ཐོག་གི་མཁན་པོར་བསྐོས། དེས་ན། མཁར་འདི་སྐོར་ལ་ཀློག་འདོད་བྱུང་། སྟེས་དབང་གིས་དི་རིང་འདིའི་སྔོན་དུ། བོད་ཀྱི་རྒྱལ་རབས་སྐོར་ཨིན་སྐད་དེབ་ཅིག་ན། མཁར་འདིའི་གློག་སྤར་ཞིག་ཀྱང་མཐོང་།
་
ཆོས་སྐད་དང་མི་མཐུན་པའི་མིང་ཚིག་དཔྱད་དགོས་པ་མང་ཡང་། ཐེངས་ཞེས་པ་ང་བོད་ལ་ཡོད་སྐབས་སུ། ཐང་མ་གཅིག་ཟེར་བ་སོགས་ཐོས། ད་ལྟ་ཨ་ཨིག་ཨེ་ཡིག་ཏུ་གྱུར་པ་ལ་ས་ཡང་འཇུག་ཀྱང་རྒྱབ་པ་ཞིག་ཆགས་འདུག། ཐང་མ་ཞེས་པར་ལན་ཞེས་ཆོས་སྐད་དང་མཐུན་པར་ལ་དྭགས་སོགས་ལུང་པ་མང་པོའི་ཁ་སྐད་དུ་ཡང་འདུག
་
ཡོང་བ་ཞེས་པ་ངའི་ཁ་སྐད་དུའང་ཡོད། ཆོས་སྐད་སླར་གསོ་དགོས་པའི་དབང་དུ་བྱས་ན། འོང་ཞེས་འབྲི་དགོས། འདི་ལ་རང་གི་ལང་ཤོར་འདོར་བ་ལས་གཞན་དཀའ་ངལ་ཞིག་ཅང་འདུག་གམ།
དཀའ་ལས་བརྒྱབ་ནས་སངས་རྒྱས་རྒྱུ་ཞིག་ཡིན་ན་ནེ་པ་ལིའི་ཁུར་ཙ་ཁུར་མཁན་ཚང་མ་བྱ་ཁྱུ་འཕུར་འཕུར་བྱས་ནས་སངས་རྒྱས་འགྲོ་ས་རེད། ས་འོག་གི་རྡོ་སོལ་འབྲུ་མཁན་ཚང་མ་སངས་རྒྱས་འགྲོ་ས་རེད། དེ་ཁྱེད་རང་གི་བཤད་ལུགས་རེད། དགོངས་དག
བཀུར་འོས་རྒན་ལ་དྭགས་པ་ལགས། ང་སྔོན་དུས་སུ་སྲས་མཁར་དགུ་ཐོག་འདི་ལ་མཇལ་སྐོར་བྱེད་དུ་འགྲོ་མྱོང་།
རི་ཁ་བའི་ལྗོངས་སུ་མཚན་ལྡན་གྱི་བླ་མ་དང་འཇལ།རང་གི་ལས་དང་བསོད་ནམས་ཀྱིས་འཁྱོགས་ཏེ་ཡོངས་གྲགས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་གྲགས་པ་ཁག་ཅིག་ཡོད་པ་རེད།དཔེར་ན།༧རྒྱལ་བ་དབེན་ས་པ་དང་གྲུབ་ཆེན་ཆོས་རྡོ་རྗེ།མཁས་གྲུབ་ནོར་བཟང་རྒྱ་མཚོ།༧རྗེ་བཙུན་མིད་ལ་རས་པ་སོགས་བྱུང་ཡོད་པ་རེད་དེ།ཁོང་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ་ཚེ་གང་བོར་སྒྲུབ་པ་ཉམས་ལེན་བྱས་པ་ཆོས་འབྱུང་རྣམ་ཐར་ཡོངས་ཁ་གཅིག་གྲགས་ཀྱིས་གསུངས་འདུག་མ་གཏོགས།དེ་ཚོ་ལོ་རེ་ཟུང་ནང་མཚམས་ལ་བཞུགས་ཙམ་གྱིས་རྟོགས་པ་བརྙེས་ལུགས་དང་།ཡང་ན་འཁོར་བ་བཟུང་།རྒན་མོ་བླངས།ཕྲུ་གུ་གསོས་ཏེ་ཚོང་ལས་གཉེར་བ་འདྲ་བོ་འཇིག་རྟེན་པའི་བྱ་བ་རྐྱང་ལ་དབུ་འཁོར་ཏེ་སངས་རྒྱས་སོང་བའི་ལོ་རྒྱུ་ཅི་མཐོང་མ་མྱོང་ལགས།
སངས་རྒྱས་གར་བཞུགས་མི་གོ། རྐུན་མ་གར་ཡོད་མི་ཤེས། གོང་དུ་ཁྱེད་ཀྱིས་དྲངས་པ་དེ་ཚོ་ཁྱེད་རང་གིས་བསྟོད་འདོད་པ་དེ་ཚོ་ཡིན་རྒྱུ་རེད། སངས་རྒྱས་ཡོད་མེད་སུས་ཤེས། ཁོང་ཚོའི་རྣམ་ཐར་ཡང་འདྲ་གི་མ་རེད། མི་ལ་རས་པ་ལྟ་བུ་ཡིན་ན་ཆང་གསོལ་བ་སོགས་ལ་འཛེམས་གི་མ་རེད། ཁོང་ཚོའི་མཛད་པ་དེ་སངས་རྒྱས་པའི་ལམ་ཁ་བརྟེན་སྟངས་གཅིག་རེད། སྤྱིར་ཐེག་པའི་རིམ་པ་མང་བ་དང་། ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པ་ནི། ཐབས་མང་དཀའ་བ་མེད་པ་དང་།།དབང་པོ་རྣོན་པོའི་དབང་བྱས་ནས།།ཞེས་ཐབས་མང་བ་དང་དཀའ་བ་མེད་པ་ནི་ལམ་དེའི་ཁྱད་ཆོས་ཡོད་ན་མེད་ན་རེད། ཁྱེད་ཀྱིས་བསྟོད་འདོད་པའི་སངས་རྒྱས་དེ་ཚོས་ཀྱང་དཀའ་བ་མེད་པའི་གསང་བ་སྔགས་ཉམས་ལེན་བྱས་པ་རེད། གཡག་ཞར་གྱིས་རྩྭ་ཟ་བ་བཞིན་ཁྱོད་ཚོས་ཕྱོགས་གཅིག་མ་གཏོགས་མི་མཐོང་བར་ཧམ་པ་ཆེན་པོས་འདི་ནི་བདེན་གྱིས་གཞན་ནི་གཏི་མུག་གོ་ཟེར་ནས་སྒྲོ་སྐུར་བྱེད་བཞན་ཡོད་པ་རེད།
སྤོབས་མཐའ་ལགས།དཀའ་ལས་བརྒྱབ་ཙམ་གྱིས་སངས་རྒྱས་འགྲོ་བ་དེ་འདྲ་ནམ་ཡང་བཤད་མྱོང་མེད་ལགས།
དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཞེས་དང་།བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་།།བརྩོན་གང་དགེ་ལ་སྤྲོ་བའོ།།ཞེས་གསུངས་འདུག་པ་དང་།གལ་ཏེ་བརྩོན་འགྲུས་མི་དགོས་པའི་མྱུར་ལམ་འདོད་པ་ཚོར།བརྩོན་མེད་འབྲས་བུ་འདོད་པ་དང་།།བཟེ་རེ་ཅན་ལ་ཅན་གནོད་མང་ཞིང་།།འཆི་བས་བཟུང་བཞིན་ལྷ་འདྲ་བ།།ཀྱེ་ཧུག་སྡུག་བསྔལ་དག་གིས་བཅོམ།།ཞེས་གསུངས་འདུག་པ་སོགས་ལ་སོམས་དང་ཉིད་ནས་ངས་བཤད་འདོད་པ་གང་ཡིན་ཧ་གོ་ངེས་རེད།
ལོ་གསུམ་ཕྱོགས་གསུམ་གྱིས་འཚངས་མི་རྒྱ་བར་ཐག་གཅོད་མཁན་ཁྱོད་རེད། ལོ་གསུམ་ལ་མཚམས་ནག་སྒོ་བཅད་བྱེད་ཐུབ་པ་དེ་ཡང་ཡུན་རིང་རུང་ཐུང་རུང་འཇིག་རྟེན་སྤངས་པ་རེད། བརྩོན་འགྲུས་བརྩམས་པ་རེད། དེས་སངས་མ་རྒྱས་ན་གང་ཞིག་གིས་འཚངས་རྒྱ་དགོས་པ་རེད། སངས་རྒྱས་རང་ཉིད་ཀྱང་ལོ་གསུམ་ཕྱོགས་གསུམ་ཕར་ཞོག་ཟླ་བ་ཁ་ཤས་སྒོམ་ལ་བཞུགས་ནས་སངས་རྒྱས་སོང་འདུག་ག ཐོས་བསམ་སྒོམ་གསུམ་གྱི་ནང་ནས་གཅིག་མི་དགོས་ཟེར་མཁན་སུ་ཡང་མེད་པ་རེད། དེ་གསུམ་ཡ་བྲལ་དུ་ཤོར་ན་མ་འགྲིགས་པ་རེད། ལོ་གསུམ་ཕྱོགས་གསུམ་ལ་སྡོད་མཁན་ཚོས་ཀྱང་དང་པོ་ཐོས་པ་བྱས། དེ་ནས་བསམ་པ་བྱས། དེ་ནས་སྒོམ་ལ་བཞུགས་པ་མ་གཏོགས་ཉེས་ཅན་བཙོན་ཁང་དུ་འཇུག་འཇུག་བྱས་ནས་ཟོག་འཚོ་ས་དང་ཞིང་རྨོ་ས་ནས་ཁྲིད་ཡོང་ནས་མཚམས་ཁང་ལ་བཅུག་འཇོག་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། ད་ཁྱོད་ཀྱི་སྔ་རྒོལ་སུ་རེད།
༼དེང་སང་ཁ་ཤས་ཀྱིས་ལོ་གསུམ་ཆོས་གསུམ་ཟེར་བ་འདྲ་བོ་དུས་ཚོད་ཐུང་ཐུང་ནང་སངས་རྒྱས་ཀྱི་ཐབས་ལམ་ཡོད་པར་སྒྲོག་པ་ནི།རྒྱ་དམར་གུང་བྲན་གྱི་དྲིལ་བསྒྲགས་ནང་བཞིན་རེད།གྲུབ་འབྲས་ཅི་གང་འཐོན་རྒྱུ་ཡོད་པ་མ་རེད་༽ཅེས་བཀའ་གནང་སོང་ང་། ༧གོང་ས་མཆོག་གི་བཀའ་འདི་ཁྱད་མཚར་རེད། ང་ལྟ་བུ་བླུན་པོ་ཞིག་གིས་ལས་སླ་པོར་གོ་མི་ཐུབ་པ་ཞིག་རེད། འཇམ་དཔལ་མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་རྒྱས། །གསུངས་པ་དང་། མངའ་རིས་པཎ་ཆེན་གྱིས། རྟོགས་གྲོལ་དུས་མཉམ་ཨིན་དྲ་བུ་དྷི་བཞིན། །ཞེས་སོགས་དུས་ཡུན་ཐུང་ངུའི་ནང་འཚང་རྒྱ་བ་དང་སངས་རྒྱས་པའི་མཚན་གཞི་བཅས་ཡོད་ཡོད་པ་རེད། ལར་ནས་༧གོང་ས་མཆོག་གིས་བཀའ་རྙིང་ལ་གཟིར་ནས་གྲོང་ཆོག་རྐྱང་རྐྱང་འགྲོ་ན་མི་འགྲིག་ཚུལ་ཡང་ཡང་བཀའ་སྩལ་མོད་དོན་ལ་གྲོང་ཆོག་འགྲོ་མཁན་ངོ་མ་དེ་དགེ་ལུགས་པ་རེད། ཁོ་ཚོས་རྡ་ས་དང་ས་གནས་ཁག་ཏུ་དམིགས་བསལ་གྱི་ཞབས་བརྟན་པ་ཞེས་གྲྭ་པ་ཁྱུ་དང་ཁྱུ་བྱས་ཏེ་གཏོང་གི་འདུག་ག
གང་ལྟར་ང་ལས་ངན་པའི་དབང་གི་༧བཀའ་འགའ་ཞིག་ངེས་དོན་དུ་ཁས་བླང་ཐུབ་པ་མིན་འདུག
ལོ་གསུམ་ཆོས་གསུམ་མི་འགྲིག་པ་གསུངས་པ་ཡང་བཀའ་རྙིང་ཕྱོགས་ལ་གསུངས་པ་རེད། དེ་འདྲའི་ཕྱག་བཞེས་དེ་བཀའ་རྙིང་ཁོ་ན་ལ་ཡོད་པས་སོ།།
དེ་འདྲ་ཡིན་ན་རྩོད་པ་རྐྱང་རྐྱང་རྒྱབ་ནས་སངས་རྒྱས་རྒྱུ་མེད་པ་ངེས་གཏན་རེད། སྒྲོལ་བསྟོད་ལས། རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་རྩོད་པ་དེ་སེལ་བྱ་ཞིག་ཡིན་པར་གསུངས་འདུག
སྤོབས་མཐའ་ལགས་ཁྱེད་རང་ག་དུས་ཡིན་ན་ཐག་གཅོད་བྱེད་སྔ་དྲག་གིས།མི་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་ཏེ་རྣམ་དཔྱོད་ལྡན་པའི་ལམ་ནས་གུས་བརྟག་གི་བརྩོན་འགྲུས་བསྟེན།མཚན་ལྡན་གྱི་བླ་མ་དང་མཇལ།རང་གི་སྔ་མའི་བསོད་ནམས་ཀྱིས་འཁྱོགས།སྡོམ་དམ་ཚིག་ཚུལ་བཞིན་དུ་སྲུང་ན་རང་བཞིན་གྱིས་མྱུར་བོར་མིང་ག་རེ་བཏགས་མིན་ལ་མ་ལྟོས་པར་སངས་རྒྱས་རྒྱུ་ཡོད་ས་རེད།ཡོད་པ་མ་རེད་ཅེས་ནམ་ཡང་ཞུས་མེད་ལགས།འོན་ཀྱང་།སོ་སོའི་བརྙེད་བཀུར་དང་སྦྱིན་བདག་གི་ངོ་སྲུང་སོགས་ཀྱི་ཆེད་གསང་སྔགས་འདི་ཐབས་མང་ལ་ལམ་མྱུར་བ་སོགས་ཁ་ལ་ཁྱེར་ཏེ་ཧ་ལམ་སློབ་གཉེར་དང་སྡོམ་དམ་ཚིག་གང་ཡང་སྲུང་མ་དགོས་པར།ཚེ་གང་བོར་འཇིག་རྟེན་གྱི་བྱ་བ་རྐྱང་སྒྲུབ་བསྡད་ནའང་།གློ་བུར་ལོ་ཁ་ཤས་ནང་མཚམས་ལ་བསྡད་ན་སངས་རྒྱས་འགྲོ་བ་དེ་འདྲ་མདོ་རྒྱུད་གང་དུའང་གསུང་མི་འདུག
དེ་ལ་རྒྱབ་རྟེན་ཅིག་དགོས་ན།འཕགས་པ་གོ་ཆ་བཀོད་པ་བསྟན་པའི་མདོ་ལས།གང་ལ་ལ་ཞིག་སྐྱེ་བ་མེད་པ།འགག་པ་མེད་པ།ཤིན་ཏུ་ཟབ་པ་སྟོང་པ་ཉིད་ཀྱི་ཆོས་འདི་ནན་ཏན་ཅེན་པོ་དང་།བརྩོན་འགྲུས་ཀྱིས་ཡོངས་སུ་སྒྲུབ་པར་བྱེད་ན།མྱུར་དུ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ལ་མཁས་པ་དང་།གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ་དང་།བླ་ན་མེད་པའི་ཆོས་ཡོངས་སུ་སྡུད་པ་འཐོབ་ཅིང་།སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པ་བརྗོད་པ་དང་།ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་།བཟོད་པ་རྣམ་པར་དག་པ་དང་།བླ་ན་མེད་པའི་བརྩོན་འགྲུས་དང་།དམིགས་པ་མེད་པའི་བསམ་གཏན་དང་།ཤེས་རབ་ཆེན་པོ་འཐོབ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་།ཅེས་གསུངས་འདུག་ག་
གྲངས་མེད་གསུམ་དང་། བདུན་དང་། སོ་གསུམ་དུ་སངས་རྒྱས་པར་གསུངས་པའང་ཡོད།
བཀའ་རྙིང་ནང་ལ་གྲགས་པ་དེ་ལ་ལོ་གསུམ་ཆོས་གསུམ་མིན་པར་ལོ་གསུམ་ཕྱོགས་གསུམ་ཟེར་བཞིན་འདུག། ངས་རྙིང་མ་པའི་སྒྲུབ་སྡེ་ཞིག་གི་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱའི་སྒྲིགས་གཞི་ཞིག་མཇལ་བྱུང་། དེར་ལོ་གསུམ་ཕྱོགས་གསུམ་བཅད་རྒྱར་གཞོལ་བ་ཙམ་གྱིས་སངས་རྒྱས་ཀྱི་སར་བསྙེགས་ཚུལ་གསུངས་པ་མཐོང་བ་མི་དྲན། གང་ལྟར་ལོ་གསུམ་ཕྱོགས་གསུམ་ཟེར་བ་དེ་ལོ་གསུམ་དང་ཟླ་གསུམ་ཞག་གསུམ་ལ་ལོ་གསུམ་ཕྱོགས་གསུམ་ཚང་གི་རེད་ཟེར། དེ་ཡང་རྙིང་མའི་བླ་མ་ཆེ་གེ་མོ་ཞིག་གིས་ཐོག་མར་སྲོལ་གཏོད་པ་རེད་ཟེར། དེ་འདྲའི་སྲོལ་གཏོད་པ་དེ་ཡང་ཉོན་མོངས་པའི་ལས་རླུང་དང་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་ལ་བརྟེན་ནས་རེད་ཟེར་ནས་རླུང་གི་རྒྱུ་བའི་གྲངས་དང་བཅས་པ་གསུངས་པ་དྲན་གྱི་འདུག་ཀྱང་རབ་རིབ་ཙམ་ལས་གསལ་པོ་མ་དྲན། མདོར་ན་ལོ་གསུམ་ཕྱོགས་གསུམ་ནི་གསང་སྔགས་གསར་རྙིང་སོ་སོའི་རྒྱུད་དང་སྒྲུབ་གཞུང་ནས་གསུངས་པའི་སྒྲུབ་པ་ཉམས་སུ་ལེན་ཚུལ་གྱི་སྦྱོང་བརྡར་རམ་སློབ་སྦྱོང་ལྟ་བུ་ཞིག་གམ་སྔོན་འགྲོའི་ལས་རིམ་ལྟ་བུ་ཞིག་ཏུ་གསུངས་འདུག། ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་གྲོལ་ནས་དེ་ནས་མུ་མཐུད་དུ་ཉམས་ལེན་བྱེད་དགོས་ཞེས་གསུངས་འདུག། ལོ་གསུམ་ཕྱོགས་གསུམ་གྲོལ་བའི་རྗེས་སུ་ཁེ་ཕན་གང་ཡོད་ཟེར་ན་དེ་ནས་བླ་མ་ལ་བསྟེན་མི་དགོས་ཤིང་མཚམས་བཅད་ནས་བསྡད་མི་དགོས་པར་རང་ཉིད་གར་འགྲོ་གར་འདུག་ཉམས་ལེན་དང་ཡ་མ་བྲལ་བར་གནས་ཐུབ་ཀྱི་ཡོད་ས་རེད། དེ་ཡིན་དུས་ངས་བལྟས་བཀའ་རྙིང་སུ་ཞིག་གིས་ཀྱང་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་གྲོལ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད་ཟེར་བཤད་མི་སྲིད་ལ། རྒྱལ་བ་རིན་པོ་ཆེས་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་ལ་དགག་པ་ཡང་གནང་གི་མ་རེད་བསམ་མོ། །
གཡུ་འབྲུག་གིས་ལེགས་ཤོམ་བཤད་ནུག
ཧ་ཧ་ཨིན་ན་མེ་དཀར་ལགས། ཁྱེད་ར་སྒྲིག་གཞི་དེ་ཀློག་འདོད་ཡོད་པ་ཅིན་ང་གིས་སྒྲིག་གཞི་དེ་འཚོལ་ཞིན་ན་ནཱ་ལུ་བཀོད་གེ་སྨ་རེད།
མཆོག་ཏུ་བཀུར་བ་འོས་དྲ་བདག་ལྷན་རྒྱས་ལགས། སྤྱིར་དྲ་ལམ་འདི་ནི་བསམ་ཚུལ་བཤད་སའི་གླེང་སྟེགས་ཆེས་ལེགས་ཤོས་ཤིག་ཡིན་པར་ངོས་ནས་ཡིད་རངས་ཞུ་རྒྱུ་ཡིན། ཡིན་ཡང་མི་ངན་ཁ་ཤས་ཀྱིས་བེད་སྤྱོད་ལོག་པར་གཏང་བ་ནི་ཆེས་མ་འོས་པ་ཞིག་མཐོང་། དཔེར་ན་ཆོས་ལུགས་དང་ཆོལ་ཞེན་གླེང་མཁན་གྱི་མི་ངན་འདི་ཚོ་མཐོང་ཡོང་དུས་མཆན་ཡང་འབྲི་མ་འདོད་པ་འདྲ་ཡོང་གིན་འདུག །ཡིན་ཡང་མ་བྲིས་ན་འགྲིག་པས་འོ་ན་ཁྱོད་ཀྱིས་ཅིའི་ཕྱིར་འབྲི་བཞིན་ཡོད་བཅས་དྲི་བ་ཞིག་ཡོང་གི་ཡོད་པ་རེད། ངས་དྲི་བ་དེར་ལེན་འདི་ལྟར་ཕུལ་འདོད། སྐབས་དུས་དང་མཚམས་པས་རྣག་ཐོག་གཙགས་འཁེལ་རེ་མ་བྱས་ན་ངན་པར་ལོང་ཤོར་འགྲོ་ཉེན་ཆེར་འདུག་པས་རྒྱུ་མཚན་དེ་རང་ཡིན། དཔེར་ན་གོང་གསལ་བརྗོད་གཞིའི་བགྲོ་གླེང་ལ་ཁ་གཡར་ཏེ་ཁྱི་སྨྱོན་གྱི་སོ་བཏབ་པ་བཞིན་ཕྱོགས་སར་ངན་སྐུར་དང་སྒྲོ་འདོགས་སྣ་ཚོགས་དགོས་མེད་ནང་ཁུལ་དུ་དཀྲུགས་བྱེད་ཁོ་ན་གྱུར་བཞིན་འདུག་ན་ངེས་པར་དུ་གོང་གསལ་དྲ་འབུ་དག་ལ་བཏང་འཛིན་མི་དགོས་སམ།
སྤོབས་པ་མཐའ་་ཡས་འདི་་་ཁ་བརྡ་དྲ་བ་གསར་དུ་འགོ་བཙུགས་དུས་ནས་ཡོད་ཅིང་་་་དུས་བསྟུད་་མར་རྩོམ་ཡིག་རིན་ཐང་ཅན་སྤེལ་བའི་དྲ་ཐོག་གི་རྩོམ་པ་པོ་་དཔེ་ལེགས་ཤིག་ཡིན་པ་ངས་དུས་་རྟག་ཏུ་ངོས་འཛིན་བྱེད་བཞིན་ཡོད་་་་ད་རེབ་ཀྱང་དེ་བཞིན་ཡིན་་་སྐུ་དྲིན་ཆེ་་་་
ཁ་བརྡའི་ཚིག་ལས་བཟང་ངན་གང་ཐོས་ཀྱང་།།
ཆོལ་ཁ་ཆོས་ལུགས་སྣ་ཚོགས་གང་བཤད་ཀྱང་།།
མཐོ་དམན་ཚིག་གིས་བསྟོད་སྨད་གང་བྱས་ཀྱང་།།
ཞེ་འཁོན་མ་འཛིན་སྒྲ་བརྙན་ལྟ་བུར་ལྟོས།།
རུལ་དྲི་ཁ་ས་ལ་འཁོར་འགྲོ་བའི་སེམསས་ཅན་གྱི་རིགས་ལས་སྤྲང་ནག་ཁྱུ་ཚོགས། གཞང་ལམ་ནས་དོར་བའི་སྙིགས་མ་སྐྱག་པའི་རིགས་ལ་དུང་བ་ཟབ་ཞིང་། ཞེན་ཆགས་ཆེ་བས་ན་སྤྲང་ནག་ཁྱུ་ཚོགས་ཀྱི་བླང་དོར་བྱེད་ཕྱོགས་ལ། གཟུར་བོ་གནས་མཁན་དག་གིས་འཛེམས་དོགས་བྱེད་པ་ལས་འགྲིག་མིན་དང་འོས་མིན་དབྱེ་འབྱེད་བྱེད་མི་རུང་སྟེ། མཁས་བ་ཡིན་ཁུལ་གྱིས་ལོག་པར་སྨྲ་མཁན་དང་ཆོས་བ་ཡིན་བཟོ་བསྟན་ནས་ཕྱོགས་སུ་འཆད་འགྲོ་མཁན་འདི་རིགས་ཀྱི་བློའི་འཁྱེར་སོ་ལ་དགག་སྒྲུབ་ཅིས་ཀྱང་གཏོང་རུང་བའོ།
དཔེར་ན། སྤོབས་པ་མཐའ་ཡས་ལྟ་བུ་སྟེ། ནམ་རྒྱུན་ལོག་པར་སྨྲ་སྤྲོ་བ་གང་ཞིག་ལ་རྒྱུ་མཚན་ལྡན་པའི་གནས་ལུགས་དེ་ཡེ་ནས་བཤད་མི་ཤེས་བ་ལྟ་བུ་རེད། དེ་སྔོན་ཞིག་ལ་བསམ་གླིང་ཚེ་རིང་ལྷ་མོ་འབོད་པས་ཡུལ་གྱར་བོད་མི་ཡོངས་སྡེབས་ལངས་བྱས་ནས་བོད་ལ་ལོག་འགྲོ་དགོས་བའི་དགོངས་ཚུལ་ཁྲོད། སྤོབས་པ་མཐའ་ཡས་འབོད་པས་སྡེབས་ལངས་བྱས་ན་སྡེབས་གསོད་བྱེད་རྒྱུ་རེད་ལབ་པ་ཙམ་ལས། ཅི་ལྟར་གསོད་དང་ཅིའི་ཕྱིར་གསོད་ཅེས་བའི་དྲིས་ལན་རྐང་གཅིག་ཀྱང་མེད་པར་ཁུ་སུམ་མེར་བསྡད་སོང་། རབ་བྱུང་ན་མུ་མཐུད་ནས་ལན་འདེབས་བྱེད་ཐུབ་པའི་རེ་བ་ཡོད།
ཉེ་སྔོན་འདིར་སྤོབས་པ་མཐའ་ཡས་འབོད་པས་ཡང་བསྐྱར་བོད་མི་སྤྱི་ཡོངས་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་དགོས་སྐོར་ལབ་ནས། བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལྟ་ཕྱོགས་འདིས་དགག་བྱེད་ཀྱིན་ཡོད་པའི་བསམ་ཚུལ་རེ་བཏོན་གནང་སྟེ། འགྱེལ་བའི་སྒང་ལ་རྡོག་རྫིས་ཞེས་བའི་དཔེ་ལྟར། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལ་ལྟ་ཚུལ་ཡན་གར་བ་ཞིག་བཟུང་ནས་སླེབས་སོང་སྟེ། མཐར་གཏུག་ན་དགེ་ཕན་ཡོད་ལུགས་ཀྱི་རྒྱུ་མཚན་ཞིག འདི་དང་དེའོ་ཞེས་བ་གང་ཡང་བྱུང་མ་སོང་།
སྐབས་ཀྱི་བརྗོད་དོན་འདི་ཡང་སྔར་དང་སྔོན་བཞིན་རྒྱུ་མཚན་དང་གནས་ལུགས་དགེ་ཕན་ཡན་གར་བ་གང་ཡང་མི་འདུག་ལ། དོན་དངོས་ནས་བཤད་ནས་༼བོད་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཚོང་ལས་པ། འགྲན་ཟླ་བྲལ་བའི་ཁང་བཟོ་འཆར་འགོད་པ། ས་བདག་ཞིང་ཕྱུགས་ཀྱི་མ་རྩ་གསོག་གཉེར་བ་ཆེན་པོ། འགྲུལ་བཞུད་པ་དང་འཚོལ་ཞིབ་པ་གྲགས་ཅན། ངལ་རྩོལ་བའི་དཔེ་སྟོན་དབུ་ཁྲིད་ངོ་མཚར་ཅན་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་༽ཅི་ལྟར་རིག་གནས་ཚོང་ལས་ཕུལ་དུ་བྱུང་བ་ཡིན་ནམ། ཚུལ་ཅི་ལྟར་འགྲན་ཟླ་བྲལ་བའི་ཁང་བཟོ་འཆར་འགོད་ཞིག་གྲུབ་པ་ཡིན་ནམ། ས་རྡོ་སོགས་ལས་གྲུབ་པའི་མཁར་རྫོང་འདིའི་སྤུས་ཀ་དང་བཟོ་བཀོད་ཅི་ལྟར་ཡིན་ནམ། ཐབས་དང་ལག་ཤེས་གང་དང་ཅི་ལ་སྟེན་ནས་བསམ་གྱིས་མི་ཁྱབ་པ་དེ་གྲུབ་སམ། ས་བདག་ཞིང་ཕྱུགས་ཀྱི་མ་རྩ་གསོག་གཉེར་ཅི་ལྟར་བྱས་སམ། ཅིའི་ཕྱིར་བྱེད་དམ། དགེ་ཕན་གང་ཡིན་ནམ། དུས་སྐབས་གང་ཞིག་ལ་འབངས་མི་སེར་གྱི་མིག་དཔེ་ཅི་ལྟར་གྱུར་རམ། གང་ལ་འགྲུབ་བཞུད་དམ་ས་ཕྱོགས་གང་ཞིག་ནས་འཚོལ་ཞིབ་ཅི་ཞིག་ཆེད་དུ་སམ། དྲི་བ་འདི་དག་རེ་རེ་བཞིན་རྒྱུས་ལོན་གང་ཡང་བྱས་མི་འདུག་སྙམ་སོང་བ་ན། རབ་བྱུང་ན་ལན་འདེབས་རེ་བྱེད་ཐུབ་དབང་བཏང་ན། བོད་མི་སྤྱི་ཡོངས་ཕན་པས་སོ།
གོང་གི་དྲི་བ་འདི་དག་ལ་ལན་འདེབས་བྱེད་ཐབས་མ་བྱུང་ན་སྐུ་ཉིད་ཀྱི་བསམ་པ་འདི་དག་སྒྲོ་འདོགས་ཡིན་ལ། སྐུར་འདེབས་ཀྱང་ཆགས་སྲིད། དེ་ག་ནང་བཞིན་མི་ལ་རས་བའི་གནས་སྟངས་དང་བསམ་བློའི་ཁྱེར་སོ་སོགས་རྩ་བ་ཉིད་ནས་ཁྱེད་ཅག་གིས་ཤེས་རྟོགས་བྱེད་ཐབས་མེད་པ་དང་། སྨྲ་བསམ་བརྗོད་འདས་ཀྱི་བྱ་བ་དང་བྱ་ཡུལ་ཞིག་ཡིན་པ་ཁས་ལེན་རོགས། མུ་མཐུད་ནས་དེད་ན་ཁྱེད་ཅག་ལྟ་བུའི་ཆོས་བ་ཡིན་བཟོ་དག་གི་སྨྲ་བ་ཐ་དག་བརྟག་ཅིང་དཔྱད་པའི་འབྲས་བུ་མིན་པའང་ཁས་ལེན་བྱེད་རོགས།
དམིགས་ཡུལ་གཞན་གང་ཡང་མེད། མི་ལོ་འདི་དག་གི་རིང་ལ་དྲ་མྱུལ་བྱས་བའི་ཁྲོད་རྒྱུན་དུ་མཐོང་དང་ཐོས་བསྡད་པ་སྤོ་པ་མཐའ་ཡས་ལགས་ན། ང་ཚོས་བརྟག་ཅིང་དཔྱད་ནས་ཞིབ་ཀྱིས་འཇུག་སྒོ་ཞིག་གཏོད་ཐུབ་པའི་ཆེད་དུ་ཡིན། དགོངས་འགལ་མེད་པ་ཞུ།
འཇམ་གཅེས་ཀྱི་རྡོ་རྗེའི་ཚིག་འདི་དཔེ་ཡག་པོ་འདུག ངས་ཀྱང་འདི་ལག་བསྟར་བྱ་གི་ཡིན། ༼སྐབས་དུས་དང་མཚམས་པའི་རྣག་ཐོག་གཙགས་འཁེལ་རེ་མ་བྱས་ན་ངན་པ་ལང་ཤོར་འགྲོ་ཉེན་ཆེར་འདུག༽ཐུགས་རྗེ་ཆེ།
སྐབས་འདི་ལ་བོད་ཀྱི་ཁང་པ་རྒྱབ་སྟངས་ཀྱི་སྐོར་ལ་ཤོད་འདུག་པས་ཀུན་གྱིས་བོད་ཀྱི་ཁང་པའི་རིག་གནས་ཐོག་ཏུ་བསལ་ཚུལ་རེ་གསུང་ན་བསམས་ཀྱི་འདུག
བོད་ཀྱི་ཁང་པ་རྒྱབ་སྟངས་ག་འདྲ་ཡིན་མིན་ང་རང་ཚོ་ཀུན་གྱིས་མཁྱེན་གསལ་རེད། ཀ་རྡོ་ཡི་ཐོག་ཏུ་ཀ་བ་བཙུགས། དེའི་ཐོག་ཏུ་གདུང་མ་བཞག དེའི་ཐོག་ཏུ་ས་བླུགས་ནས་བཟོས་ཡོད། ས་ཡོམ་རྒྱབ་ན་མགོ་ཐོག་ཏུ་མར་ཟག་ཆོག་ཆོག་རེད། བོད་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་བ་ཆགས་བསྡད་ཡོད།
ཡུ་ཤུལ་ས་ཡོམ་བརྒྱབ་སྐབས་སུ་བོད་མི་ཧང་ཅང་མང་པོའི་ཚེ་སྲོག་ཤོར་སོང་། ས་ཡོམ་གྱིས་འཇིག་པ་སྔོན་འགོག་བྱ་ཐུབ་པ་ལ་ཆ་གཞི་དང་རྣམ་དཔྱོད་གསར་པ་ག་རེ་ཡོད་ནའང་སྟོན་དགོས་པར་གལ་ཆེན་དུ་མཐོང་གི་འདུག ཚན་རིག་པས་བཤད་སྲོལ་བལྟ་ན་ས་ཡི་འོག་ཏུ་བྲག་ཕུག་ཆེན་པོ་ཡོད་པ་རྣམས་མར་ལྡུད་ཡོང་དུས་ས་ཡོམ་རྒྱབ་ཡོང་བ་བཤད།
བོད་མི་རིགས་ཀྱི་ཆེད་དུ་ས་ཡོམ་སྔོན་འགོག་བྱ་ཐུབ་ཆེད་དུ་ཁང་པ་རྒྱབ་སྟངས་འགྱུར་བ་གཏོང་དགོས་ན་འདྲ། ག་རེ་བྱ་དགོས་མིན་སྐོར་ལ་བོད་མི་བསམ་ཡོད་ཚོས་ཐུགས་བཞེས་དགོས་པ་འདོད། འདི་གནད་འགག་ཆེན་པོ་རེད། འཇར་པན་རྒྱལ་ཁབ་ཀྱི་རྩ་མེད་ནས་ལེགས་ཆ་འདྲ་ལེན་ཐུབ་པ་ཡིན་ན་ཕན་ཐོགས་ཡོད་ཀྱི་རེད་བསམས་ཀྱི་འདུག བཙན་བྱོལ་བོད་གཞུང་གིས་ངོས་ནས་གནད་དོན་འདི་དག་གི་ཐོག་ཏུ་ཐུགས་བསམ་བཞེས་དགོས་པ་ཞིག་རེད་བསམ་གྱི་འདུག
འཇར་པན་རྒྱལ་ཁབ་ཀྱི་རྩ་ནས་ལེགས་ཆ་འདྲ་ལེན་ཐུབ་པ་ཡིན་ན་ཕན་ཐོགས་ཡོད་ཀྱི་རེད་བསམས་ཀྱི་འདུག་་ཅེས་བཅོས་རོགས་གནང་།
ཧཧ།དྲ་གྲོགས་རྣམ་པ་ལགས།གནས་ཚུལ་ཅིག་གི་སྣེ་ཙམ་མཐོང་མ་ཐག དེ་འདྲས་དོགས་འདྲོགས་དང་ཧོལ་རྒྱུགས།བཀའ་བཀྱོན་ཚ་ནན་གནང་རྐྱང་མ་གནང་རོགས་ཀྱིས་དང་།ཁ་ཤས་ནས་ཚིག་ཟུར་ཙམ་ལ་ཁག་བཞག གཞན་རྣམས་ཀྱང་རང་ཉིད་ལ་དཔེ་བླངས་ཏེ་བགྲོ་གླེང་ཙམ་ཡང་བྱེད་རྒྱུའི་རང་དབང་མེད་པར།དོགས་འདྲོགས་ཀྱིས་ལམ་སེང་བསམ་ཚུལ་མི་མཐུན་པ་ཙམ་བཤད་མཁན་ཅིག་མཐོང་མ་ཐག དེའི་སྟེང་ཚིག་ངན་གང་བྱུང་གིས་སྤྱོས་རྐྱང་བྱེད་པ་ཡག་པོ་མ་རེད།དེ་འདྲ་བྱས་ན་མ་མཐའ་ཡང་མིའི་བཟང་སྤྱོད་དང་འགལ་གྱི་ཡོད་པ་རེད།ལར་ཕན་ཚུན་ལྷག་བསམ་བཟང་པོས་བསླབ་བྱ་གནང་རེས་བྱས་ན་ལོས་ཆོག་མ་གཏོགས།སོ་སོ་དང་བསམ་ཚུལ་མི་མཐུན་པ་ཚང་མ་ཡན་པོར་གཏོང་མི་འོས་ཞེས་གཞན་གྱི་སྨྲ་བརྗོད་རང་དབང་འགོག་ཐབས་བྱེད་པ་ནི་འགྲུབ་ཐབས་མེད་པའི་རྨི་ལམ་ཅིག་རེད།
དྲ་གྲོགས་སྤོབས་པ་མཐའ་ཡས་སོགས་ཁག་ཅིག་ནང་ཆོས་དང་ལོ་རྒྱུས་སོགས་བོད་ཀྱི་རིག་གཞུང་ཐད་ང་རང་དང་བསྡུར་ན་ངེས་དོན་གྱི་མཁས་དབང་རེད་འདུག་པས།ཁོང་གི་ལྡོག་ཕྱོགས་ནས་བསམ་ཚུལ་འདོན་ཁུལ་གྱིས་བགྲོ་གླེང་བྱས་ཏེ་རང་ལ་བློ་བསྐྱེད་འདྲ་ཡོང་ཐབས་བྱས་ཡིན་མ་གཏོགས།དེ་འདྲ་ཆོས་ལུགས་ཆོལ་ཁ་འཐབ་རྩོད་ཀྱི་ཚབ་ཆེའི་སྤྱོས་རེས་འདྲ་གང་ཡང་བྱས་མེད་ལ།དེ་འདྲ་རྨི་ལམ་དུའང་འཁོར་མྱོང་མེད་དོ།།
དེ་ནས་སྤོབས་མཐའ་ལགས་ཀྱིས་(མི་ལ་རས་པ་ལྟ་བུ་ཡིན་ན་ཆང་གསོལ་བ་སོགས་ལ་འཛེམས་གི་མ་རེད།)ཅེས་བཀའ་གནང་འདུག་མོད།འོན་ཀྱང་།མིད་ལའི་རྣམ་མགུར་དུ།བུ་དང་ཆུང་མ་ངོ་བསྲུང་གསུམ།།དེ་གསུམ་རྣལ་འབྱོར་གྱི་འཆིང་བ་ཡིན།།ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ།།རྫས་དང་ལོངས་སྤྱོད་ཁེངས་དྲེགས་གསུམ།།དེ་གསུམ་རྣལ་འབྱོར་གྱི་བར་ཆད་ཡིན།།ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ།།ཆང་དང་ངལ་དུབ་གཉིད་དང་གསུམ།།དེ་གསུམ་རྣལ་འབྱོར་གྱི་ཆོམ་པོ་ཡིན།།ཆོས་མཛད་རྣམས་ཀྱིས་སྤང་འཚལ་ལོ།།ཞེས་གསུངས་འདུག་པས་མིད་ལ་རས་པ་ཆང་ལ་མི་འཛེམས་མཁན་ཅིག་ཨེ་ཡིན་ནམ།
རྗེ་མི་ལས།
ཕ་དྲིན་ཆེན་མར་པའི་༸ཞབས་ལ་འདུད། །
དགའ་གྲོགས་བརྒྱད་པོ་དེ་དག ལྷ་མོ་བརྒྱད་དང་སྦྱར་བའང་ཐོས། ཀླུ་སྨྱོན་ལགས་ཀྱིས་དྲངས་པའི་མགུར་ལས། དེད་དཔོན་གྱི་བུ་མོ་སྔོ་བསང་མ། །མཚན་ལྡན་གྱི་ཕྱག་རྒྱར་བསྟེན་བསྟེན་ནས། །འབྲལ་མི་ཕོད་པ་ལ་དེ་གཅིག་བྱུང་། །འདི་ནི་ཐོས་པ་དང་པོ་ཡིན། སྤོབས་ཀླུ་གཉིས་ལ་ཐུགས་རྗེ་ཆེ་ཞེས་ཐུའོ། །
མེ་དཀར་ལ་མཆིས་པ།
རྒྱལ་བ་རིན་པོ་ཆེས་ལོ་གསུམ་ཟླ་གསུམ་གྱི་སྒོམ་སྒྲུབ་བྱས་པ་ཙམ་གྱིས་སངས་རྒྱས་ཀྱི་ས་ལ་འགྲོ་མི་ཐུབ་གསུངས་པ་དྲན། གསུང་ཆོས་འདི་ད་ལྟ་གོང་ས་མཆོག་གི་དྲ་རྒྱའི་ཐོག་ལ་འདུག ཁོང་གིས་ལོ་གསུམ་ཟླ་གསུམ་གྱི་སྒོམ་སྒྲུབ་ལ་སྐྱོན་བརྗོད་གནང་བ་མ་རེད། ཁོང་གི་སྐྱོན་བརྗོད་འདི་གཙོ་འདི་རེད།
༡༽ ཐེ་ཝན་དང་ཨ་རི་སོགས་ལ་ལོ་གསུམ་ཟླ་གསུམ་མཚམས་ལ་བསྡད་རྗེས་ཁྲོམ་བསྒྲགས་ཤུགས་ཆེ་སྤེལ་ནས། མི་ཆོས་བླ་མའི་རྫུན་གྱི་ལས་གསོག་མཁན་དེ་ཚོར་སྐྱོན་བརྗོད་གནང་བ་རེད་འདུག
༢༽ གོང་ས་མཆོག་གིས་སྙེན་པ་ཁྲལ་འཇལ་བ་ལྟ་བུ་ཞིག་བསྒྲུབས་རྗེས་རྟོགས་པ་ངོམས་ཁན་གྱི་ཆོས་པ་དེ་ཚོ་ཆོས་ཀྱི་ཉམས་ལེན་མ་ཤེས་པ་རེད་གསུངས། གཙོ་བོ་བྱང་ཆུབ་སེམས་དང་སྟོང་ཉིད་ལ་ཤུགས་རྒྱག་དགོས། སྔགས་ཀྱི་གྲངས་བུ་ལོན་འཇལ་བ་ལྟ་བུས་ཆོས་ཀྱི་ཡོན་ཏན་སྒྲུབ་པར་ངོས་འཛིན་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཤེས་མེད་པས་འདི་ཐབས་སྐྱོ་པོ་རེད་གསུངས། གོང་ས་མཆོག་གིས། སངས་རྒྱས་ཀྱི་བསྟན་པ་གཙོ་བོ་ལུང་དང་རྟོགས་པའི་ཆོས་རེད། དེ་ཐོས་བསམ་ལ་བརྟེན་པ་གཙོ་བོ་རེད་མ་གཏོགས་སྔགས་བསགས་པ་ལྟ་བུ་སངས་རྒྱས་ཀྱི་ཡོད་ན། དེ་ཕྱི་པའི་ཆོས་ལ་ཡང་ཆོ་ག་འདི་ལས་རྒྱས་པ་ཡོད་པས་ཁོང་ཚོ་ང་ཚོ་ནང་པ་དང་ཁྱད་པར་ག་རེ་འདུག་གསུངས།
སྔགས་ལམ་ལ་བཞུགས་ཕྱིན། བླ་མ་རྡོ་རྗེ་འཆང་ཚེ་དང་ལྡན་པ་དེ་སྐུ་ཚེ་དེ་རང་ངམ། ཡང་ན། བར་དོ་དེ་མ་ཐགལ་རང་ལ་འཚང་རྒྱ་དགོས་པ་གསུང་མཁན་ཚོ་ནི་རང་གི་དག་སྣང་དང་བྱིན་རླབས་འཇུག་པར་ཕན་ཐོགས་སྲིད་ཀྱང་། མཐའ་གཅིག་ཏུ་ཚེ་འདིའམ་དར་དོ་རང་དུ་འཚང་རྒྱ་བར་འདོད་པ་དེ་འདྲ་འདོད་པ་ནི། ཅུང་བློ་གྲོས་རྩིང་པར་མཐོང་བས་རང་རང་སོ་སོས་དཔྱད་པ་ལའང་རག་ལས་པས་སོ། །ང་ནོར་ཡོད་ན་མཐོལ་ལོ་བཤགས་སོ། །
རྒད་པོ་ལ་ཟློ་བ། ༧གོང་ས་མཆོག་གིས་ཁྲལ་དང་སྲོལ་རྒྱུན་ལྟ་བུར་སོང་བའི་རྩོད་པས་སངས་རྒྱས་ཐབས་མེད་པས་དེ་སངས་རྒྱས་ཀྱི་བསྟན་པ་ངོ་མ་མ་རེད། སངས་རྒྱས་ཀྱི་བསྟན་པ་གཙོ་བོ་ལུང་དང་རྟོགས་པའི་ཆོས་རེད། ཅེས་ཅིའི་ཕྱིར་མ་གསུངས་སམ།
སྔགས་བླ་མེད་རང་ལུགས་སུ། དུས་ཡུན་ཉུང་མཐར་ལོ་གསུམ་ཕྱོགས་གསུམ། ཚེ་གཅིག་ལུས་གཅིག་གམ་ཚེ་གཅིག བར་དོ། མི་ལུས་བཅུ་གཉིས་དང་བཅུ་དྲུག་སོགས་ནང་འཚང་རྒྱ་བར་གསུངས་པ་ནི། གདུལ་བྱ་ཁྱད་པར་བའི་དབང་གིས་གསུངས་པར་གོ་དགོས་སྙམ་ལགས། འདི་ཡང་བླ་མེད་གསར་རྙིང་གཉིས་ཀའི་སྤྱི་སྐད་ཙམ་ལས། བཀའ་རྙིང་ཙམ་དུ་འདོད་པར་འདོད་པ་ནི། མི་འཐད་སྙམ་མོ། །
ཧེཧེཧེ་་་ཁྲི་རལ་ལམ་ནོར་ཐེབས་བཞིན་པ་མིན་འགྲོ། གནས་ལུགས་རྒྱུ་མཚན་ཡང་དག་ཞིག་འདྲེན་པར་ཞིབ་གྱིས་བརྟགས་ཅིང་དཔྱད་པའི་གོ་རིམ་ཞིག་དགོས་བ་རེད། ཅི་ཡང་མེད་པར་སེམས་ཀྱི་འཆར་སྒོ་ཙམ་ལ་བརྟེན་པའི་བློ་འཁྱེར་ཕྱོགས་ཀྱི་རྗེས་སུ་འབྲང་ན། ཐོབ་འབྲས་གང་ཡང་མེད་པའི་ཁར་ལམ་ནོར་བྱུང་བཞིན་པ་མངོན་གསལ་རེད། མི་ལ་རས་བ་སྤྱི་ལོ་ནམ་ཚོད་ཞིག་གི་མི་ཡིན་མིན་ཀྱང་གསལ་ཁ་འབྱེད་ཐབས་དཀའ་བས་ན། ཁྱེད་ཅག་གི་མི་ལའི་མཛད་པ་ཅི་ལྟར་སྐྱོངས་མིན་གང་ནས་ཤེས་ཐུབ། ཞིབ་འཇུག་བྱེད་འདོད་མེད་མི་ལས་རྣམ་ཐར་ཁ་དོན་དགེ་སྤྱོར་ནང་བཞིན་ཡང་ནས་བསྐྱར་དུ་ཀློག་འདོན་བྱེད་རྒྱུ་ཡིན་ལབ་ན་དེ་གས་འགྲིག
སྤོབས་མཐས་གཏམ་དེ་ཤིན་ཏུ་ལེགས།
སྔོན་ནས་ལན་མང་ཞུས་པ་ཡིན། སྲས་མཁར་ཡིན་མདོག་མེད། གསས་མཁར་རང་འབྲི་དགོས་པར་སེམས། ཕུགས་རིང་བའི་ལོ་རྒྱུས་ཡོད། དབུས་གཙང་བའི་དམངས་སྲོལ་ལ་ཁང་ཐོག་ཏུ་གསས་མཁར་བཞེངས། གསས་མཁར་ལ་བསང་མཆོད་འབུལ་བ་དང་དར་ལྕོག་སྒྲོན་ནས་ལྷ་ལ་འདོད་གསོལ་ཞུ། ཕལ་ཆེར་གྲོང་པ་རེ་རེའི་ཁང་པའི་ཐོག་ཏུ་གསས་མཁར་རེ་ཡོད། ལོ་རྒྱུས་རིང་མོ་འདུག། ཡུལ་རི་ས་ཕྱོགས་གང་སར་གསས་མཁར་མང་པོ་མཇལ་རྒྱུ་ཡོད། སྔོན་བོད་རྒྱལ་བཙན་པོ་རེའི་སྐུ་རིང་ལ་གསས་མཁར་རེ་བཞེངས་བའི་ལུགས་སྲོལ་ཡང་ཡོད། མིང་བརྡ་གལ་ཆེན་ཁག་སོར་བཞག་བྱས་ན་ལེགས་པའི་ཡོན་ཏན་རྒྱས་པར་བྱེད། རྒྱུ་མཚན་མང་པོ་འདུག་ཤོད་རྒྱུའི་དུས་ཚོད་མེད་དགོངས་འགལ་མེད་པ་ཞུ། །
དཔལ་ མར་མི་དྭགས་པོ་གསུམ་མཁྱེན་ནོ། །
ཕ་ མར་པ་ད་གཟོད་བཞུགས་གྱུར་ན། །
བུ་ ང་ཡིས་བློ་སྐྱེད་མགུར་བླང་ངེས། །
རྗེ་ མི་ལའི་བྲག་ཕུག་མཇལ་ཐུབ་ན། །
གྲོགས་ ང་ཡང་བདེ་དྲོད་ཨ་འོང་ལྟ། །
ཡུལ་ དྭགས་པོའི་བླ་མ་འདིར་ཡོད་ན། །
ཆོས་ ཐར་རྒྱན་ཚིག་འགྲེལ་འབུལ་ཐུབ་པ། །
ཆོས་ བཀའ་བརྒྱུད་བསྟན་པ་ཡུན་གནས་ཤོག །
སྲས་མཁར་ཞེས་བྲིས་དགོས་ཏེ། སྲས་དར་མ་མདོ་སྡེའི་མཁར་ཡིན་པས་སོ།།
མེ་དཀར།
ཁྱེད་ཚོ་འབྲུག་པ་ཚོར་སྐྱོན་ཅིག་ཡོད་པ་ནི། ཐོག་མཐའ་བར་གསུམ་ལ་རྒྱལ་བ་རིན་པོ་ཆེར་གང་ཐུབ་ཀྱིས་ཁ་ལག་གཉིས་ཀྱིས་རྒོལ་ཐབས་བྱེད་པ་འདི་རེད། གལ་ཏེ་ཁྱེད་ཀྱི་འདོད་པ་བཞིན་རྒྱལ་བ་རིན་པོ་ཆེས་འདྲི་བ་འདི་འདྲ་དྲིས་དགོས་ཟེར་ན། ཅིའི་ཕྱིར་ལྟས་ངན་ཁྱོད་ང་ཚོ་བོད་པའི་ནང་ཚང་ཡོང་གི་ཡོད་དམ། ཅིའི་ཕྱིར་ཁྱོད་འབྲུག་པ་བོད་པར་གསོན་སྲེག་གཏོང་མཁན་འདི་ཚོ་མཉམ་དུ་འདུག་ནས་ཀླ་ཀློའི་སྤྱོད་པར་མི་རོལ་ལམ།
ཁྱེད་ཚོས་འབྲུག་པས་ཕྱག་ཆེན་དང་སྙིང་རྗེ་ཟེར་བ་གཅིག་ཁ་ནས་ཤོད་ཀྱི་འདུག དོན་ལ་ཁྱེད་ཚོའི་བླ་མའི་བ་སྤུ་ཡིན་པའི་བོད་པ་མང་པོར་གསོན་པོར་ལྕགས་དམར་བཙུགས་ནས་སྡུག་གཅོད་བཏང་སོང་། ཁྱོད་ཚོ་འབྲུག་པའི་ཉམས་ལེན་འདི་རེད་དམ།
ཅོ་རི་ཉི་མས་བོད་ཀྱི་ཁང་བཟོ་ལ་སྐྱོན་རྗོད་བྱས་པ་དེ་ལ་བདེན་པའི་ཆ་འདུག་མོད་མི་བདེན་པའི་ཆ་ཡང་འདུག བོད་རང་གི་ཁང་བཟོའི་ལག་རྩལ་ཚད་ལྡན་དེ་ལ་ལེགས་ཆ་ཧ་ཅང་མང་པོ་འདུག དཔེར་ན་ཕོ་བྲང་པོ་ཏཱ་ལ་བཞེངས་ནས་ལོ་ལོ་སུམ་བརྒྱ་དྲུག་ཅུ་ཡས་མས་འགོར་བ་རེད། ལོ་རྒྱུས་ཐོག་ཏུ་འཁོད་པ་ཁོ་ནར་ཡང་ས་ཡོམ་བཅུ་བདུན་ཙམ་བརྒྱབ་འདུག སྐྱོན་གང་ཡང་གཏོང་ཐུབ་མི་འདུག ཐོག་འགེབས་བྱེད་ས་ཡིན་པ་དེ་ལ་ཡང་ཁྱད་ཆོས་ཆེན་པོ་ཡོད་འདུག ཉེ་བའི་ལོ་ཤས་སྔོན་སྲིད་གཞུང་གིས་ཉམས་གསོ་བྱེད་སྐབས་ཁང་མིག་ལ་ལའི་གདུང་ལྕམ་སོགས་རུལ་ནས་མར་ལྷུང་ཡོང་འདུག་ཟེར། ཡིན་ན་ཡང་ཐོག་འགེབས་བྱེད་ས་ཨར་པོ་གཅགས་སྐབས་བརྡུངས་མནནན་འཁྲེགས་པོ་བྱས་ཡོད་སྟབས་ད་དུང་ཡང་བྲག་ཕུག་གི་ཐོག་བཞིན་དུ་གྱུར་ནས་ལས་སླ་པོར་མར་ལྷུང་གི་མི་འདུག་ཟེར། ལྷོ་བྲག་སྲས་མཁར་ཡང་དེ་མཚུངས་རེད། རིག་གསར་སོགས་ཀྱི་སྐབས་སུ་བདག་གཉེར་མ་བྱས་ནས་ཉམས་རྒུད་དུ་སོང་བ་ཅུང་ཟད་མ་གཏོགས་རྩ་བའི་ཆ་ནས་ཆག་འཇིག་སོང་མེད་པ་རེད། སྤྱིར་ན་བོད་ཀྱི་གྱང་རྡུང་སྟངས་སོགས་ནི་འཛམ་གླིང་ཁྱོན་ཡོངས་གྱིས་ཤེས་དགོས་པའི་ཁང་བཟོའི་ལག་རྩལ་རྨད་དུ་བྱུང་བ་ཞིག་རེད་སྙམ།
རྒད་པོ་ལགས། སྙིང་རྗེ།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །འདི་༧གོང་ས་མཆོག་རང་གི་ཞལ་གསུངས་མ་བྱིན་ཅན་ལགས་པས་མང་ཙམ་འདོན་ལ་གཟིམས་འཇགས་གནང་།
དེ་འདྲ་ཡིན་ན་་་མར་མཁར་་་་ལོབ་མར་པས་ཇུས་བཀོད་བྱས་པའི་ཕྱིར། །
དེ་འདྲ་ཡི་་རྗེ་ཡབ་གསས་གསུམ་ལོབས།
དེ་འདྲ་ཡིན་ན་རྗེ་ཡབ་གསས་གསུམ་ལོབས།
རྗེ་ཡབ་སྲས་གསུམ་གྱི་སྲས་ལ་་་སྲས་་་་རང་འབྲི་དགོས་པ་རེད། དེ་ལ་གསས་བྲིས་པ་ཡིན་ན་རིང་ལུགས་དང་མི་མཐུན་པའི་མིང་བརྡ་་་་སྲས་མཁར་་་བྲིས་པ་འདྲ་པོ་ཆགས་འགྲོ་བ་རེད། །
མེ་དཀར། སྔོན་མ་འདས་པོ་ཨ་རི་བ་འཇམ་དབྱངས་རྣམ་རྒྱལ་གྱིས་ཁྱོད་རྒྱལ་བ་རིན་པོ་ཆེར་ཤིན་དུ་སྡང་པོ་ཡོད་པ་གསུངས་མྱོང་བས། བརྟག་པ་བྱ་སྙམས་ནས་འབྲིང་ལ་བཞག་པ་ཡིན། ད་ལྟ་དངོས་སུ་འདི་ལྟར་རེད་འདུག ལས་ངན་འབྲུག་པ་ཟེར་བ་རང་རེད།
བོན་པོ་ལགས། གསས་མཁར་ཞེས་པ་ཞིག་ཡོད་པ་ཡང་ཁས་ལེན། ཡིན་ཡང་མར་པའི་ལོ་རྒྱུས་བཀླགས་ཡོད་མཁན་ཞིག་ཡིན་ཚེ་མི་ལས་བཞེངས་པའི་མཁར་དེ་མར་པའི་སྲས་ཀྱི་ཆེད་ཡིན་པ་རྟོགས་ཐུབ།
ཀླུ་སྨྱོན་ལགས་་་་་བོན་གྱི་ལོ་རྒྱུས་དང་དཔེ་གཞུང་རྣམས་སུ་གསས་མཁར་དགུ་ཐོག་ཅེས་པ་མང་དུ་ཡོད། དེས་ན་མར་པའི་སྲས་ཀྱིས་བཞེངས་པའི་རྒྱུ་མཚན་གྱིས་དེ་ལྟར་འགྲེལ་ན་ཆོག་མོད་འོན་ཀྱང་ལོ་རྒྱུས་ངོ་མ་དེ་ལྟར་ཡིན་ནམ། མི་ལའི་རྣམ་ཐར་ལ་མི་འདྲ་བ་བཅུ་ཕྲག་མང་པོ་ཡོད་འདུག བྱང་ཙང་གང་དག་གང་རྫུས་སུས་ཤེས། འོན་ཀྱང་མི་ལ་རང་གིས་བྲིས་པ་ཞིག་དང་མི་ལ་རང་གིས་སྲས་མཁར་དགུ་ཐོག་ཅེས་མིང་བཏགས་པ་ཡིན་ན་དེ་གནས་ཚུལ་ཁ་ཁ་རེད།
འོན་ཀྱང་གསས་མཁར་ཅེས་པར་་་་་་རྒྱ་བོད་ཚིག་མཛོད་ནང་དུ་བོན་པོའི་ལྷ་ཁང་ཞེས་བྲིས་འདུག་བྱས་ཙང་བོད་ཀྱི་ཚིག་མཛོད་རྒྱས་ཤོས་འབྲི་མཁན་དེ་ཚོས་དེ་ལྟར་འགྲེལ་བཤད་བྱས་ན་ཨབ་་་་་་དེ་ཅིས་སྨོས་དགོས
བནྡེ་ལགས། མི་ལའི་རྣམ་ཐར་ཡོངས་གྲགས་ནི་གཙང་སྨྱོན་ཧེ་རུ་ཀའི་མཛད་པ་དེ་ཡིན། དེ་མིན་ལོ་རྒྱུས་ཆོས་འབྱུང་རྣམས་སུ་ཡོད་པའི་ཁུངས་དེ་རྣམ་ཐར་དེ་རང་རེད། རྣམ་ཐར་གྱི་མཚན་བརྗེད་འདུག དགོངས་དག
བླ་མ་བཞུགས་སའི་ཁང་པར་བླ་བྲང་དང་བླ་མའི་སྲས་བཞུགས་སའི་ཁང་པར་སྲས་མཁར་ཞེས་བཏགས་ཆོག གསས་མཁར་ནི་མཐའ་གཅིག་ཏུ་ལྷ་ཁང་ལ་གོ་བ་ལས་མི་སྡོད་སའི་ཁང་པར་གོ་ཆོག་པ་ཞིག་མ་རེད་སྙམ།
ང་ཚོའི་གནའ་མིའི་ངག་རྒྱུན་ན་གསེར་མཁར་དགུ་ཏོག་ཟེར་ནིས་འབོད་ནི་རེད། མང་པོ་མང་པོ་ཟིག་མི་ཤེས། འདི་མོ་གོ་མྱོངས་ཡོད།
གསས་མཁར་ནི་ལྷ་ཀླུ་སོགས་གནས་པའི་ས་ཁྱད་པར་ཅན་ནམ་ས་འབུར་དམིགས་བསལ་ཅན་ལ་རྡོ་ཨ་དཀར་སྤུངས་ནས་མཆོད་འབུལ་སོགས་བྱེད། དེ་བཞིན་ལ་རྩེ་ལ་ཨ་དཀར་སྤུངས་ནས་དར་ལྕོག་བཙུགས་པ་དེ་ལ་ཡང་གསས་མཁར་ཞེས་འབོད་སྲོལ་ཡོད། བྱས་ཙང་སྔོན་མའི་གསས་མཁར་སྤུངས་པའི་ས་ཁྱད་པར་ཅན་ཞིག་ལ་མཁར་བཞེངས་པ་གོ་བ་ལེན་མི་ཆོག་གམ
གསས་མཁར་ནི་བོན་པོའི་ལྷ་ཁང་ལ་འབོད་པའི་ཐ་སྙད་ཅིག་ཡིན། མི་ལ་རས་པའི་བཞེངས་པའི་མཁར་དེ་ལ་སྲས་མཁར་ཞེས་འབོད་ཀྱི་རེད་མ་གཏོགས་གསས་མཁར་ཞེས་བོན་པོའི་ལྷམ་ངན་དེས་ལྷན་པ་མ་རྒྱོགས་རོགས།
འོ་གསས་མཁར་ཅེས་པ་ནི་བོད་སྐད་ལས་བོན་སྐད་མིན་པས་རང་སྐད་ལ་ཞེན་པ་ཡོད་ན་དེ་ཚོའི་རིགས་ཀྱང་བདག་པོ་རྒྱབ་རོགས་མེད་ཧིན་དྷུའི་ཆོས་དང་སྐད་རྒྱབ་སྟེ་བསྡད་དེ་བོད་རང་དབང་དགོས་ཞེས་སྐད་ཡིག་རང་དབང་དགོས་ཞེས་དེ་ཚོ་དོན་མེད་ཀྱི་ཅ་ཅོ་རང་རེད། གསས་མཁར་ཅེས་པའི་དོན་ནི། འཇིགས་འབྲལ་མི་མངའ་བ་དང། མི་མཐུན་ལོག་པའི་ཕྱོགས་ཀྱིས་འཇོམ་ཅིང་བསྐྱེད་དུ་མེད་པས་ན་དེ་ལྟར་གོ་བ་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཡིད་པའི་བོད་ཀྱི་བརྡ་ཡང་དག་པ་ཡིན། ད་དུང་ཨུ་ཚུགས་ཀྱིས་བཅོས་འདོད་ཡོད་ན་བཅོས་རོགས། ཁ་ཡིས་བོད་རང་གི་ཐུན་མོང་མ་ཡིན་པ་མ་ཡིན་པ་ཟེར་ནས་དོན་དུ་བོད་ཀྱི་སྐད་ཡིག་ཐམས་ཅད་ཧིན་དྷུ་ལ་བཏུགས་པ་འདི་ལ་ཡ་ཆ་བ་ཞིག་མི་འདུག
དུས་ཕྱིས་བོད་རང་སའི་རིག་གནས་ལ་དོ་སྣང་ཇེ་ཆུང་དུ་འགྲོ་བའི་སྐབས་ཤིག་ནས་རྗེ་བཙུན་མི་ལ་རས་པས་དུས་རབས་བཅུ་གཅིག་ནང་བཞེངས་གནང་བའི་གསས་མཁར་དགུ་ཐོག་དེའི་མཚན་བྱང་ཙམ་ཡང་ཚད་ལྡན་ཞིག་འབྲི་མ་ཐུབ་ནས་ལུས་པ་འདྲ། དཔེར་ན་ཁ་བརྡ་དྲྭ་བར་དྲྭ་གྲོགས་རྣམས་ཀྱིས་བརྗོད་སྟངས་ལ་གཞིག་ན་མི་འདྲ་བ་ཁ་ཤས་ཤིག་ཐོན་ཡོང་གི་འདུག་དེ་ཡང་འདི་ལྟར། གསས་མཁར། སྲས་མཁར། ས་མཁར། བསམ་མཁར། གསེར་མཁར། བརྗོད་ཚུལ་མི་འདྲ་བ་འདི་ཚོ་ལ་བལྟས་ན་གཏན་གཏན་གོ་ནོར་ཞིག་ཐེབས་ཡོད་ས་རེད་བསམས་པ་རང་བཞིན་གྱིས་བྱུང་བ་རེད། དེར་བརྟེན་སྔ་རབས་ཀྱི་ལོ་རྒྱུས་དང་མི་ལ་རས་པ་སྐུ་གཞོན་དུས་ཀྱི་གནས་སྟངས་སོགས་ལ་ཕྲན་བུའི་བསམ་བློ་བཏང་ནས་མཚན་བྱང་འབྲི་ཚུལ་འདི་དོན་མཐུན་ཞིག་ཡོང་བ་ལ་ང་ཚོས་འབད་པ་བྱེད་དགོས། གོ་ཚུལ་ལྟར་བྱས་ན་མི་ལ་རས་པས་ལྷ་ཁང་དེ་དཀའ་སྤྱད་སྙིང་རུས་དང་ཁོང་རང་གི་ཚོགས་བསག་སྒྲིབ་བྱང་གི་ཆེད་དུ་བཞེངས་བ་ཞིག་ཡིན་པར་ཤོད་ཀྱི་ཡོད་པ་དང་། དམིགས་ཡུལ་མར་པའི་སྲས་ཀྱི་ཆེད་དུ་བཞུག་གནས་ཤིག་བཞེངས་བསྡད་པ་ཡིན་ན་དེ་ལ་རྒྱུ་མཚན་དོན་མཐུན་དེ་ཙམ་མེད་པ་ལྟ་བུ་རེད། བླ་མས་ཀྱང་ཁྱོད་ང་ཡི་སྲས་ཀྱི་ཆེད་དུ་ས་བརྐོ་རྡོ་རློག་བྱེད་ཤོག་ཟེར་མི་གསུང་བ་ལྟ་བུ་རེད་བསམས། ཡིན་ནའང་སུས་ཤེས། མི་ལ་རས་པ་སྐུ་གཞོན་དུས་བོན་པོ་ཡིན་པ་རེད། མ་ཚད་བོད་ཀྱི་་སྤྱོ་ཚོགས་ལ་བོན་ལུགས་རིག་གཞུང་གི་གོམས་གཤིས་ཆེན་པོ་ཡོད་པའི་ཐོག་ནས་དེ་དུས་ལྷ་ཁང་དེ་ལ་་་་གསས་མཁར་དགུ་ཐོག་་་བཏགས་ཡོད་པ་དོན་གྱིས་ངེས་ཀྱང་། ཆོས་ལུགས་གསར་པའི་རུ་ཞེན་ཀྱིས་དབང་དུ་ཆེར་སོང་ན་སྔ་རབས་ཀྱི་བརྡ་རྙིང་ཚང་མ་འདི་བཞིན་ག་ལེར་མེད་པ་ཆགས་འགྲོ་རྒྱུ་ཡིན་པ་ཉག་གཅིག་རེད་དོ། །
གསས་མཁར་དགུ་ཐོག་ནི་བོན་པོའི་ལྷ་ཁང་ཡིན་ལ། གསས་མཁར་དགུ་ཐོག་གྱི་ཡང་སྟེང་ནས་དམུ་ཐག་ལ་འཇུས་ཏེ་ནམ་མཁའ་ལ་འགྲོ་རབས་ཀྱི་བོན་ལུགས་རྨོངས་དད་འཁྱོག་བཤད་ཀྱིས་སྒྲུང་གཏམ་ཞིག་ལས་གསས་མཁར་དགུ་ཐོག་ཟེར་བ་ཞིག་གང་ན་ཡང་མེད་དོ། མི་ལ་རས་པ་ལ་མཁར་བཞེངས་བཅུག་མཁན་དེ་མར་པ་ལོ་ཙ་ཡིན་པས། མར་པ་ནི་རྒྱ་གར་གྱི་གྲུབ་ཆེན་ནཱ་རོ་པའི་དངོས་སླབ་ཡིན་པས་རང་གི་སྲས་དར་མ་མདོ་སྡེ་བཞུགས་ས་ལ་མཐའ་འཁོབ་ཀླ་ཀློའི་ལོག་ཆོས་བོན་ནག་པོའི་ཐ་སྙད་ཀྱི་གསས་མཁར་དགུ་ནག་ཅན་ཞེས་མིང་མི་བཏགས་པ་དེ་ནི་དཔྱོད་ལྡན་སུ་ཞིག་ཡིན་རུང་རྟོགས་ཐུབ་ཀྱི་རེད།
ཡ་ཡ། ད་བོན་པོ་དང་བན་པོ་གཉིས་ཀྱི་གཡུལ་རྭ་སྒྲིག་བཞིན་འདུག། ཚང་མ་གཟབ་གཟབ་གྱིས། ཞར་ལ་རྡོ་ཕོག་ཡོང་།
མར་པ་མཆོག་རྒྱ་གར་མི་དགོས་བྱང་ཤམ་སྦ་ལ་ལ་ཕེབས་ཡོད་ནའང་བོད་ཡུལ་དུ་འབྱོར་དུས་བོད་སྐད་སྐྱོན་དགོས་པ་རེད། བོད་མི་དང་བསྟུན་དགོས་པ་རེད། བོད་ཆས་བསྣམ་དགོས་པ་རེད། བོད་ཟས་མཆོད་དགོས་པ་རེད། བོད་ལུགས་ཀྱི་སྐྱིད་སྡུག་ནང་དུ་བཞུག་དགོས་པ་རེད། ལྟ་བ་ལྷ་དང་མཉམ་ནའང། སྤྱོད་པ་མི་དང་བསྟུན་དགོས་པ་གསུངས་ཡོད། སྤྱིར་ཁྱེད་ཚང་གིས་མི་སྣ་གལ་ཆེ་བ་རྣམས་རྒྱ་གར་ལ་སོང་རབས་མང་པོ་བཤད་པ་དེར་ངས་ནི་ཡིད་ཆེས་དེ་ཙམ་བྱེད་མི་ཐུབ་བོ། རྒྱུ་མཚན་ནི་དངོས་ཡོད་ཀྱི་གནས་ཚུལ་མི་མཐུན་པས་སོ། འོན་ཀྱང་དད་པ་དང་དག་སྣང་ནི་ལོས་བྱེད། །
མཁས་དབང་ཀླུ་སྨྱོན་ལགས་ཀྱི་གསུངས་དེ་བཀླགས་ཡོད་ཞུ། མར་པའི་སྲས་ཀྱི་ཆེད་དུ་བཞེངས་པ་རེད་ཟེར་ན་དགེ་བའི་གཞུང་ལུགས་དང་ཅུང་མི་མཐུན་པ་ལྟ་བུ་འདུག། ཡང་ན་སྲས་ཀྱི་གཙོས་པའི་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བཞེངས་ཞེས་གསུངས་དགོས་པ་འདྲ། དེ་འདྲ་ཡིན་ན་་་་སྲས་སེམས་མཁར་་་་ཟེར་ན་ཡག་ས་རེད། ཡང་ན་ཐེག་ཆེན་པ་ཞིག་གིས་སྲས་གཙོ་བོར་དམིགས་སེམས་ཅན་ཕལ་བར་དམིགས་ཡོད་ན་ནི་མི་ཤེས། ཀུ་རེ་ཞུས་པ་ཡིན། །
འོ་ལགས་སོ་བོན་པོ་སྐུ་ཚེ་རིང་། དེ་ཡིན་ན་ཁྱེད་ཀྱིས་བོད་རང་གི་ཕ་སྐད་ཀྱི་ཡི་གེ་སྤྱོད་ས་ལ་དབྱིན་ཡིག་གྱི་་ཡིག་འབྲི་ཆེན་པོ་གསས་མཁར་དགུ་ཐོག་འདྲ་བ་ཞིག་ག་རེ་བྱས་ནས་བཙན་བཅུགས་བྱས་པ་ཡིན། ཁྱེད་ཡང་བོད་ལོག་བོན་བསྒྱུར་ཞིག་ཡིན་པས་ཕ་སྐད་ལ་དོ་སྣང་རེ་བྱེད་དགོས་པར་བསམ། ངེད་ཚང་གི་རྒྱ་གར་ནས་ཤཱཀ་ཆོས་བཀའ་དྲིན་ཅན་དེ་བླངས་མེད་ན་ཁྱེད་ཚང་གི་གདོད་བོན་ནག་པོ་ལ་དེང་སང་གི་བསྒྱུར་ཆོས་བོན་ཐེག་པ་རིམ་དགུ་དང་བཀའ་བསྟན་ཡོངས་རྫོགས་དེ་ཡང་གནམ་ནས་མར་དམུ་ཐོག་ལ་དཔྱངས་ནས་གསས་མཁར་དགུ་ཐོག་ལ་ནི་བབས་མི་འདུག་པས་གང་ནས་ཐོབ་སོང་བསམ་གྱི་་ཡོད། ཤཱཀ་ཆོས་དར་ནས་བོན་ཆོས་བསྣུབས་ཏེ་དམར་མཆོད་དང་སྲོག་གཅོད་ཀྱི་སྡིག་པས་ལས་མཚམས་བཅད་ནས་དེང་སང་གི་བསྒྱུར་བོན་འདྲ་ཆག་པོ་དེ་རག་པ་ལ་ད་དུང་ང་རྒྱལ་དང་ཁེངས་དྲགས་བྱས་ནས་ག་རེ་རྩོད་འདོད་ཡོད་ན་བསམ་དུས་དགོད་ཡང་བྲོ་གྱི་འདུག
ཤཀ་ཆོས་བོད་ལ་སླེབས་ནས་བོན་ཆོས་བསྣུབ་པ་དང་ཀྲུང་གོ་བོད་ལ་སླེབས་ནས་སྤྱི་ཚོགས་རྙིང་པ་མགོ་བཏིང་སློག་པ་སོགས་ཡིན་ཚུལ་གྱིས་བསྒྲུབ་བྱེད་དཀར་ན་དཀར་མཉམ་བདེན་ན་བདེན་མཉམ་རྫུན་ན་རྫུན་མཉམ་རེད་མི་འདུག་གམ
ད་ཡང་སྤྲུལ་གོག་གི་ཚོགས་གཙོ་དེ་སླེབས་འདུག་གཉེན་པོ་མེ་དཀར་ཕེབས་ཐུབ་པའི་རེ་བ་ཡོད།
སྤྲུལ་གོག་སྤྲུལ་རྫུས་འདི་ཚོས་ཁ་ནས་དག་སྣང་རིས་མེད་རང་ལས་གཞན་དོན་གཙོ་རབས་བཤད་ལག་ཏུ་བསམ་སྦྱོར་ཐམས་ཅད་ཕྱིན་ཅི་ལོག་ཏུ་བཤད་ནས་ཡོང་གི་རེད། སྤྲུལ་གོག་སྤྲུལ་སྐུའི་མིང་དེ་དོར་ནས་ཐ་མལ་གྱི་ཚུལ་དུ་ཤོག་དང་། སྤྲུལ་གོག་འདི་ཚོའི་ཉིན་རེའི་ཉམས་ལེན་དང་དགེ་རྒན་དེ་ཚོར་བརྟག་དཔྱད་ཅིག་དགོས་ངེས་རེད། ཁ་ལག་གི་སྤྱོད་པ་རྒྱབ་འགལ་དུ་འགྲོ། ཁ་འདོན་དང་ལག་ལེན་གཉིས་ལྟག་སྤྲོད་དུ་ཕྱིན། འདི་ཚོའི་རིགས་ཀྱི་ཉམས་སུ་ཅི་ཞིག་ལེན་གྱི་ཡོད་མེད་ཞིབ་འཇུག་བྱེད་རན་འདུག
སྤྲུལ་གོག་སྤྲུལ་སྐུའི་རིང་ལུགས་ནམ་ཡང་མི་དར་བར་ཤོག
སྲས་དར་མ་མདོ་སྡེ་སྐུ་གཞོན་པའི་སྒང་ལ་སྐུ་གཤེགས་པས། མཁར་འདི་གྲུབ་ཚར་དུས་སུ་ཞལ་བཞུགས་པ་ཡིན་ནམ། བཞུགས་པ་ཡིན་ན། མཁར་འདིའི་ནང་ལ་ལོ་ཇི་ཙམ་བཞུགས་ལོང་བྱུང་ངམ།
ནམ་རྒྱུན་བོན་པོ་ཚོས་བོན་ནི་བོད་ཀྱི་རིང་གཞུང་ཐུན་མོང་མ་ཡིན་པ་དང་བོན་གྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་གཙོར་འདོན་མཛད་པའི་རྣམ་འགྱུར་ཞིག་སྟོན་གྱི་འདུག། ངས་མཐོང་བའི་བོན་དཔེ་ཚོ་ལ་བལྟས་དུས་དེ་ག་རང་ལྟ་ཡིན་བསམ་བསམ་ཞིག་མི་འདུག། དཔེར་ན་བོན་དཔེར་ཐོག་མར་ཞང་ཞུང་སྐད་དུ་ཟེར་བ་ཞིག་ཡོང་གི་འདུག། ཐོག་མར་ཞང་ཞུང་སྐད་དུ་སྨོས་པའི་དགོས་པ་བཤད་ཡོང་དུས་ཐོག་མཐའ་བར་གསུམ་དུ་བྱིན་ཆགས་པའི་དགོས་པ་ཡོད་སོགས་གསུངས་ཀྱི་འདུག། དེས་བོད་སྐད་ལ་གཙོར་འདོན་མི་མཛད་པ་ཡིན་པ་ངང་གིས་རྟོགས་ཐུབ་པ་འདུག། གལ་ཏེ་བོད་སྐད་ལ་གཙོར་འདོན་མཛད་པ་ཡིན་ན་བོད་སྐད་ཀྱིས་བྱིན་ཆགས་པའི་དགོས་པ་འགྲུབ་མི་ཐུབ་པ་གང་ཡོད།
མི་ལའི་རྣམ་ཐར་དུ་བུད་མེད་ཆེད་དུ་བཀག་པ་མེད། སྒམ་པོ་པ་ཙམ་མ་ཟད་མི་ལའི་སློབ་མ་མང་ཆེ་བ་ཁྱིམ་པ་རེད། རས་ཆུང་པས་མཁའ་འགྲོ་མང་པོ་བསྟེན་པས་མ་ཚད་གཟའ་འཁོན་ཡང་བྱུང་མྱོང་ཡོད། མི་ལ་རས་པས། མཆོད་པ་རྣམས་ཀྱི་ནང་ནས་ཀྱང་། །མཚན་ལྡན་ཕྱག་རྒྱ་འབུལ་བ་འདི། །ཁྱད་པར་འཕགས་པའི་འབུལ་བ་ཡིན། །ད་ཕྱག་རྒྱ་བཞི་ལ་མཚན་ཉིད་འཚལ། །པད་ཅན་མདངས་ལྡན་བདེ་བ་རྒྱས། །དུང་ཅན་ཉམས་དགའ་བདེ་བ་མྱུར། །རི་མོ་གཏིང་ཟབ་ཟག་པ་མེད།། གླང་པོས་དངོས་པོའི་གནས་ལུགས་རྟོགས། །ཞེས་བུད་མེད་འདམས་ཚུལ་ཀྱང་གསུངས་ཡོད། །འོན་ཀྱང་། མི་ལ་རས་པ་ཡོད་ན་བཀའ་བརྒྱུད་པ་ལ་དཔེ་ཆ་རྩོད་པ་དང་། སྲུང་མ་སྒྲུབ་རྒྱུ་སོགས་དར་འཇུག་ས་མ་རེད། མི་ལས། འོ་སྐོལ་ལ་རྩོད་ཡིག་དང་མི་སྟེགས་ཀྱི་ངན་སྔགས་ལ་དོན་མེད། ཅེས་དང་། ཐ་སྙད་འདི་ཡི་མང་ལུགས་ཀྱིས། །ཀུན་ཤེས་གཅིག་བརྡུགས་བྱུང་གིས་དོགས། །ཁྱོད་དམ་ཆོས་འཚོལ་དུ་བཏང་བ་ལ། །ལས་ཚོགས་འདི་ཡི་མང་ལུགས་ཀྱིས། །ཆགས་སྡང་མཁན་ཞིག་བྱུང་གིས་དོགས། །དེ་བཞིན་འཆད་ཉན་དར་ཏེ་བཀའ་་བརྒྱུད་པའི་ཁྱད་ནོར་སྒྲུབ་པ་ཉམས་ལེན་རྒུད་པར་མཁས་པ་རྣམས་ཐུགས་སྐྱོ་བའི་གསུང་ཡང་མི་ཉུང་པ་གསུངས་ཡོད་དེ། །རྒྱལ་དབང་ལྔ་བ་ཆེན་པོས། །བཀའ་བརྒྱུད་པར་མར་མི་ནས་བརྒྱུད་པའི་སྒྲུབ་ཚུགས་བཟང་པོ་བཞུགས་མོད། འབྲུག་པད་དཀར་སྤྲུལ་སྐུས་སྣེ་ཁྲིད་དེ་ཐ་སྙད་རིག་གནས་ཀྱི་གྲགས་པ་ལ་དབུ་འཁོར་ནས་རོ་སྙོམ་ཀྱི་མལ་སར་ཆགས་སྡང་གི་བྲོ་བ་ཆེར་བསྐྱེད་དེ་བསྟན་པ་ཉམས་དམས་པ་བཟོས། ཞེས་གསུངས་པ་ལྟ་བུ་ལགས། །
ཡང་ཁ་ཅིག་གིས་མི་ལ་སྐུ་ན་གཞོན་དུས་སུ་བོན་པོ་རེད་གསུངས་འདུག། ཁོང་གི་རྣམ་ཐར་དུ་ནི་ཁོང་བོན་པོ་ཡིན་པ་གཅིག་གཏན་ནས་གསུངས་པ་མ་ཐོས། མར་པ་དང་མ་ཐུག་སྔོན་དུ་ཁོང་གིས་རྙིང་མའི་སྔགས་བླ་སྣུབས་ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པ་ཡིན་ནམ་ཞིག་གི་སློབ་མ་བྱས་ནས་མཐུ་བསྒྲུབས་པ་དང་། དེའི་རྗེས་རྫོགས་ཆེན་པའི་བླ་མ་ཞིག་གི་གམ་དུ་བཅར་ནས་མཐུ་བརྒྱབས་པའི་སྡིག་སྒྲིབ་འདག་ཐབས་ཞུས་པས་མར་པའི་སྐུ་མདུན་དུ་བཏང་ཚུལ་སོགས་བྱུང་གི་ཡོད་རེད། དེ་ལ་དཔྱད་པ་ཞིག་གཏོང་ན་སྔར་ནས་རྫོགས་ཆེན་པའི་སྐུ་མདུན་ནས་རྫོགས་ཆེན་མཐར་ཕྱིན་ཚར་བའི་རྗེས་ལ་གདུལ་བྱའི་སྣང་ངོར་མཐུ་བརྒྱབས་པའི་སྡིག་སྒྲིབ་འདག་ཐབས་བསྟན་པ་ཞིག་ལོས་ཡིན་སྙམ། དེ་ཡང་རྣམ་ཐར་རྣམས་སུ་མར་པའི་སྐུ་མདུན་ཕེབས་ཚར་བའི་རྗེས་སུ་རྫོགས་ཆེན་པའི་བླ་མ་གཞན་ཞིག་བསྟེན་པའི་ལོ་རྒྱུས་མེད་ཀྱང་ཁོང་གི་མགུར་འབུམ་དུ་་་་་་ང་ཕྱི་ལྟར་ཕྱག་རྒྱ་ཆེན་པོ་ཡིན། །ནང་ལྟར་རྫོགས་པ་ཆེན་པོ་ཡིན། །སོགས་དང་། རྒྱབ་ནས་རྫོགས་པ་ཆེན་པོའི་གཟེར། །མདུན་ནས་རྫོགས་པ་ཆེན་པོའི་གཟེར། །སོགས་གསུངས་ཡོད་པས་ཤེས་ནུས།
དེ་བཞིན་མར་པས་སྲས་མཁར་བཞེངས་པ་ཡང་སྤྱིར་སེམས་ཅན་གྱི་དོན་དུ་ཡིན་ཏེ་གདུལ་བྱའི་སྣང་ངོ་ལ་སྲས་མཁར་དུ་བཞེངས་ཚུལ་བསྟན་པ་རེད། རྣམ་ཐར་དུ་ཡང་མར་པས་མི་ལ་རས་པར་ངའི་སྲས་དརྨ་མདོ་སྡེའི་ཆེད་དུ་མཁར་ཞིག་བཞེངས་ཤིག་ཅེས་གསུངས་ཞེས་བྱུང་། དེ་ཡིན་དུས་སྲས་མཁར་རང་རེད་མ་གཏོགས་གསེར་མཁར་དང་གསས་མཁར་སོགས་ཀྱི་བསྙོན་གདིང་རྒྱུའི་ས་གོ་གཏན་ནས་མེད་པ་རེད། སྲས་མཁར་ཞེས་བཏགས་པས་མར་པས་བོད་ཀྱི་ཁ་ཟས་མི་མཆོད་པ་དང་བོད་ཀྱི་རིག་གཞུང་དང་མི་བསྟུན་པའི་རྒྱུ་མཚན་གང་ཡང་སྟོན་གྱི་མིན་འདུག། བོན་གྱིས་སྤྱད་པའི་ཐ་སྙད་འབའ་ཞིག་བོད་ཀྱི་རིག་གཞུང་དངོས་དང་བན་གྱིས་སྤྱོད་པའི་ཐ་སྙད་རྣམས་བོད་ཀྱི་རིག་གཞུང་དངོས་མིན་སྙམ་པ་ནི་བོད་དབུས་གཙང་པ་ཚོས་ཁམས་པ་དང་དབུས་གཙང་པའི་མི་གཉིས་འཐབ་མོ་རྒྱག་དུས་ཁམས་པ་དང་མི་འཐབ་མོ་རྒྱག་གི་འདུག་ཅེས་བརྗོད་པ་དང་གཅིག་མཚུངས་རེད།
ཕ་མར་པ་ལོ་ཙ་པས། སྲས་དར་མ་མདོ་སྡེ་ལ་རྒྱ་སྐད་བསླབས་པས། སྲས་དེ་ཆིབས་རྟས་གཡུག་ནས་འཆི་ཁ་མར་འཕོ་བ་གྲོང་འཇུག་གི་གདམས་ངག་གིས་བྱ་ཕུག་རོན་གྱི་རོ་གཅིག་ལ་བཞུགས་ནས་མཐར་རྒྱ་གར་ཕྱོགས་སུ་འཕུར་ནས་དུས་ཁྲོད་གཅིག་ལ་བུ་ཆུང་གཅིག་རོའི་སར་འང་གུ་འགྱེལ་ནས་འཆི་བས།
སླར་ཡང་འཕོ་བ་གྲོང་འཇུག་གིས་བུ་དེ་ཡང་ཕ་མར་པས་དྲིན་གྱིས་། རྒྱ་སྐད་ཐར་ཐོར་ཡང་ཤེས་ལ་ཡབ་ཡུམ་གསར་པ་གཉིས་གུས་རྩི་སྔར་ལས་ཆེ་བའི་བུ་འདས་ལོག་བྱས་སྟབས། ཕ་མས་ཀྱང་བྲཙེ་ཤིང་མཐོང་ཆེ་བ་དང་། ནང་ཆོས་སྤྱི་དང་མཐར་སྔགས་མྱུར་ལམ་ལམ་ལ་བཞུགས་ནས་ཏི་ཕུ་གསང་སྔགས་ཀྱི་སྡོང་པོ་ཞེས་པའི་མཚན་སྙན་པར་གྱུར་པ་གྲགས་སོ། །
དེས་ན་ཕ་མར་པ་ལོ་ཙ་པར་དད་ན། སྲས་མཁར་དང་གསས་ཁར་ལ་མ་རྩོད། འཕོ་བ་དང་གྲོང་འཇུག་ལ་རྩོད་ཅིག
མི་དགོས་པ།
སྲས་མཁར་བཏགས་ནས་བན་སྡེ་རྒྱལ་མདོག་མེད། །
གསས་མཁར་བསྒྲུབས་པས་བོན་སྡེ་བཟང་མདོག་མེད། །
དགོས་པ།
དགོས་པའི་འཕོ་བའི་གདམས་ངག་བཙལ་ནས་སྦྱོངས། །
བྱུང་ན་གྲོང་འཇུག་བྱས་ནས་རྫུ་འཕྲུལ་སྟོནད། །
བོད་ཀྱི་བོན་པོ་ཚོས་དེང་སང་ཡང་གསས་མཁར་མང་པོ་བཞེངས་གི་ཡོད་རྒྱུ་རེད་པ། མར་པས་མཁར་དེ་སྲས་དར་མ་མདོ་སྡེ་ལ་སྟེར་རྒྱུ་ཡིན་དངོས་སུ་གསུངས་འདུག དེ་མི་ལའི་རྣམ་ཐར་ན་ཡང་འདུག བོན་པོའི་ལུགས་ལ་གསས་མཁར་ཟེར་བ་དེ་ཚོ་བུ་དང་བུ་མོ་འདུག་ས་ལ་བེད་སྤྱོད་ཆོག་གི་ཡོད་དམ།
སྤོབས་པ་ལགས་ཀྱི་མར་པ་བུ་འཇོན་ཐང་ཅན་ཞིག་ལ་ངོས་འཛིན་གནང་བ་འདི་དོན་ལ་གནས་པ་འདུག།