ཀླུ་སྨྱོན་ཧེ་རུ་ཀ
བཅོམ་ལྡན་འདས་ཀྱིས་སྡོམ་པ་བསྲུངས་ཞེས་འདུལ་བའི་གཏམ་རྒྱུད་ནང་དུ་གསུངས། །
ཉན་ཐོས་འདི་ཡི་སྡོམ་པ་ཤོར་ཞེས་དེ་ཡང་འདུལ་བའི་ནང་དུ་བྲིས། །
ཅུང་ཟད་རེར་ཡང་འདི་མི་ཆོག་དང་དེ་མི་ཆོག་ཅེས་སྡོམ་མཛད་པའི། །
སྡོམ་པའི་ལྕགས་ཐག་དགུ་སྒྲིལ་རྡུང་བའི་སྡོམ་བརྩོན་ཤྰཀྱ་ཐུབ་པར་འདུད། །
བུ་མོ་ཞིག་ལ་སེམས་པ་ཤོར་ན་སྡོམ་པ་ད་དུང་ཡོད་དམ་མེད། །
ཞི་ལི་ཞིག་ལ་ལག་པས་རེག་ན་སྡོམ་པ་ད་དུང་ཡོད་དམ་མེད། །
རྒྱུ་ནོར་ཞིག་ལ་ཧམ་སེམས་སྐྱེས་དུས་སྡོམ་པ་ད་དུང་ཡོད་དམ་མེད། །
མེད་ན་ས་སྟེང་འདི་ཀོ་སྡོམ་ཤོར་ལུང་པ་གང་གིས་གང་ནས་འདུག །
མོ་སྡོམ་ཡོད་ན་སྡོམ་པ་ཡོད་ཚེ་ང་ལ་སྡོམ་པ་ཡོད་པ་འདྲ། །
བྱང་སྡོམ་མེད་ན་སྡོམ་པ་མེད་ཚེ་ང་ལ་སྡོམ་པ་མེད་པ་འདྲ། །
སྔགས་སྡོམ་མེད་ན་སྡོམ་པ་མེད་ཚེ་ང་ལ་དེ་ཡང་མེད་པ་འདྲ། །
སྡོམ་གསུམ་མཉམ་དུ་རྒྱ་མར་བཀྱགས་ན་ང་ལ་སྡོམ་པ་མེད་པ་འདྲ། །
སྡོམ་པ་ཟེར་བའི་སྡོམ་སྤྱད་འདི་ཡིས་འཁོར་བའི་ནང་དུ་རྐང་ལག་བསྡམས། །
སྡོམ་པ་ཟེར་བའི་སྡོམ་སྤྱད་འདི་ལ་རུལ་རྒྱུ་ཡོད་ན་རུལ་སོང་ཟིག །
ལྕགས་ཐག་གསེར་ཐག་གང་གིས་བསྡམས་ཀྱང་རྐང་ལག་རྐྱོང་དབང་མེད་པ་ལ། །
གཅིག་པ་ཡིན་པས་དེ་རིང་ནས་བཟུང་སྡོམ་པའི་འོག་ནས་འབུད་ན་འདོད། །
བྱིས་པ་སྣབས་ལུག་སྡོམ་པས་བཅིངས་ནས་ཀ་ར་ཞིམ་པོ་རྐུ་ཐབས་བྲལ། །
གསར་བུ་རྫིག་པོ་སྡོམ་པས་བསྡམས་ནས་གསར་མོ་མཛེས་མར་རྒྱོ་ཐབས་ཟད། །
གསར་མོ་འདོད་ལྡན་སྡོམ་པར་འཇིགས་ནས་གསར་ཡག་སྔུན་ན་འདར་སིག་སིག །
སྡོམ་པ་འདི་ཡིས་ལུས་ཅན་གང་དག་རང་དབང་མེད་པར་བསྡམས་ནས་འདུག །
སོ་ཐར་སྡོམ་པས་ཐར་པ་འཐོབ་ན་གྲྭ་པ་སུ་ཡིས་ཐར་བ་ཐོབ། །
བྱང་སྡོམ་བསྲུངས་པས་བྱང་སེམས་འགྱུར་ན་སྡོམ་བརྩོན་སུ་ཞིག་སྟོན་རྒྱུ་ཡོད། །
སྔགས་སྡོམ་བསྲུངས་པས་གྲུབ་པ་འཐོབ་ན་གྲུབ་ཐོབ་སུ་ཡིན་བརྗོད་ན་ལེགས། །
སྟོན་རྒྱུ་མེད་ན་རྒྱུ་རྐྱེན་འདི་ཞེས་ཞིབ་ཏུ་གསུངས་ན་དགའ་བ་ལ། །
གྲྭ་རྫིག་ང་འདྲ་སྡོམ་པས་བསྡམས་ཚེ་ཕུན་རོན་ལྕགས་དྲར་བཙུད་པ་འདྲ། །
ཨ་ནེ་མཛེས་མ་སྡོམ་པས་བསྡམས་ཚེ་ཤེལ་སྒོའི་ནང་གི་མོ་མོ་འདྲ། །
མཇེ་རྒོད་སྟུ་རྒོད་སྡོམ་པས་བསྡམས་ཚེ་ཆུ་མགོ་ལག་པས་བཀབ་པ་འདྲ། །
ཐུར་དུ་མནན་ན་གྱེན་དུ་འཕྱུར་ནས་སྲིད་པོ་གསུམ་པོ་རློན་པར་བྱེད། །
འགྱིག་གི་བུ་མོར་རྒྱོ་བ་ཡིན་ན་སྡོམ་པ་ཡོད་དམ་སྡོམ་པ་མེད། །
འགྱིག་ཤུབས་གྱོན་ནས་རྒྱོ་བ་ཡིན་ན་སྡོམ་པ་ཡོད་དམ་སྡོམ་པ་མེད། །
འགྱིག་གི་ཕོ་མཚན་སྟུ་ཕུགས་བརྫངས་ན་སྡོམ་པ་ཡོད་དམ་སྡོམ་པ་མེད། །
སྡོམ་པ་ཤོར་བའི་ས་མཚམས་འདི་ལ་དགེ་བཤེས་རྣམ་པས་ཐིག་ཅིག་འཐེན། །
བརླ་དང་ལག་པས་ཁུ་བ་ཕྱུངས་ནས་བདེ་བ་མྱོང་བཞིན་སྡོམ་ལྡན་ཞེས། །
མི་ཚེ་ཧྲིལ་བོར་ཆོས་གོས་སྣམ་སྦྱར་སེར་ལྷང་གྱོན་ན་ཅང་མི་ཟེར། །
བུ་མོ་ཞིག་གི་བྷ་ག་དང་ནི་ཞི་ལི་ཞིག་གི་ལིང་ག་ལས། །
བདེ་ཚོར་ཚར་གཅིག་མྱངས་པའི་ཚེ་ན་སྡོམ་པ་ཤོར་ཞེས་འཇིགས་འཇིགས་བྱེད། །
སྡོམ་པའི་སྡོམ་ཐག་འདི་ཡིས་མི་གློད་ཀི །
ཁྲ་ཁྲ་རིག་རིག་འོག་ནས་མི་ཐར་གི །
གཅིག་སྡོམ་གཉིས་སྡོམ་མི་ཚེ་ཡོངས་རྫོགས་བསྡམས། །
སྡོམ་ཐག་ནང་གི་ཕྱེ་མ་ལེབ་དང་འདྲ། །
ཞི་མོ་རིག་དུས་སྡོམ་པ་འདི་ཡིས་སྡོམ། །
ཞིམ་པོ་རིག་དུས་སྡོམ་པ་འདི་ཡིས་སྡོམ། །
སྒོར་མོ་རིག་དུས་སྡོམ་པ་འདི་ཡིས་སྡོམ། །
བསྡམས་ནས་ཐར་བ་འཐོབ་ན་འཐོབ་རན་རེད། །
ཐར་བའི་ལམ་ལ་བསླེབས་པའི་དུས་མེད་ཅིང་། །
ངན་འགྲོར་མི་སྐྱེའི་གདེང་ཡང་མེད་པ་ཡི། །
སྡོམ་པའི་སྡུག་བསྔལ་འདི་ཡི་དོང་ནང་ནས། །
ནམ་ཡང་ཐར་མེད་སྐྱེ་བོ་སུ་དང་གང་། །
སྡོམ་པའི་ར་སློག་གྱོན་ན་དྲོས་རྒྱུ་མེད། །
སྡོམ་པའི་ཆུ་འཁྱགས་འཐུངས་ན་བརྒྱགས་རྒྱུ་མེད། །
སྡོམ་པའི་རྡོ་ཁང་ནང་ན་བདེ་སྐྱིད་མེད། །
མེད་པའི་རྩ་བ་ངེས་འབྱུང་མེད་པར་ཐུག །
ངེས་འབྱུང་མར་ལོ་སྣུམ་པོ་མེད་པ་ཡི། །
སྡོམ་པ་སྡོམ་པ་ཟེར་བའི་རྩམ་སྐྱ་འདིས། །
མི་ཚེའི་བདེ་སྐྱིད་མགྲིན་པ་བརྣངས་པ་ཡི། །
ངང་ཚུལ་ཤེས་མཁན་དཀོན་ལ་བཤད་མཁན་དཀོན། །
སྡོམ་པའི་རི་བོ་འདི་ཡི་ཕ་རོལ་ན། །
ཐར་བའི་གྲོང་ཁྱེར་ཡོད་མེད་དཔྱད་པའི་ཚེ། །
ཐར་བ་དེ་ཡང་རང་དབང་ཡོད་པ་ཡི། །
མི་ཚེ་སྐྱིད་པོ་ཞིག་ལས་ཅི་ཡང་མིན། །
སྡོམ་པ་ལེན་དུས་བྱིས་པ་སྣབས་ལུག་ཅིག །
སྡོམ་པ་འཆོར་དུས་རྒན་པོ་མགོ་དཀར་ཞིག །
སྡོམ་པའི་མགོ་རྔ་གཉིས་ན་ངེས་འབྱུང་ཞིག །
མེད་དུས་སྡོམ་པ་སྡོམ་ཐག་འཇིགས་པོ་ཞིག །
གལ་སྲིད་ཀུན་གྱིས་སྡོམ་པ་བསྲུངས་ན་རྒྱལ་བ་པཎ་ཆེན་གང་ནས་འཁྲུངས། །
ཕོ་མོ་མ་སྦྱར་མི་ལུས་རྙེད་ཐབས་ཡོད་ན་ད་ལྟ་ཉིད་དུ་ཤོད། །
གྲྭ་པ་ཨ་ནེས་བོད་ཡུལ་ཁེངས་ན་མི་རབས་ཕྱི་མ་གང་ནས་འཚོལ། །
འདི་དག་ཐམས་ཅད་སྡོམ་ཤོར་ཞིག་གི་ཚབ་ཏུ་ངལ་བ་བསྟེན་ནས་བྲིས། །
དགོངས་པ་མ་ཚོམས་ཞུ་རྒྱུ་ཞིག་ལ་ང་ལ་ད་དུང་མོ་སྡོམ་ཡོད། །
སྲོག་གཅོད་སྡོམ་པར་བསམས་བཞིན་མ་འགལ་གང་ཐུབ་ཅི་ཐུབ་འཛེམ་བཞིན་ཡོད། །
མ་བྱིན་ལེན་དང་མི་ཆོས་རྫུན་ལ་ཆུང་དུས་ཤིག་ནས་གྲངས་མེད་འགལ། །
བྱང་སྡོམ་སྔགས་སྡོམ་སོ་སོར་ཐར་བའི་སྡོམ་པ་གསུམ་པོར་ཆག་གྲུམ་ཤོར། །
ཡིན་ཡང་ཉིན་རེར་གང་ཐུབ་ཅི་ཐུབ་གཉེན་པོ་སྟོབས་བཞིའི་ཆོ་ག་ཡིས། །
སྡོམ་གསུམ་འགལ་བའི་ཉེས་ལྟུང་མ་ལུས་དམིགས་མེད་ལྟ་བས་རྒྱས་བཏབ་སྟེ། །
ཐོག་མེད་བསགས་པའི་སྡིག་པའི་ཚོགས་དང་ལྷན་ཅིག་མཐོལ་བཤག་མི་འཆབ་ཅིང་། །
མི་སྦེད་སླན་ཆད་གང་ནུས་སྡོམ་ཞེས་གསོལ་བ་ཉིན་མཚན་མེད་པར་འདེབས། །
སྐུ་ཉིད་ཀྱིས་རང་ཉིད་གྲྭ་བ་ལོག་པར་ཁྱབ་བསྒྲགས་མང་པོ་ཞིག་གི་ངལ་བ་བསྟེན་དགོས་དོན་མེད། ད་དུང་རྒྱལ་བ་པན་ཆེན་གང་ནས་འཁྲུངས་མིན་གྱིས་མཚོན་པའི་བོད་པའི་མི་རབས་ཕྱི་མ་གང་ནས་སྐྱེ་བར་ཐུགས་འཁུར་གནང་དགོས་དོན་དེ་བས་ཀྱང་མེད།
སྡོམ་པའི་ས་མཚམས་གང་ཡིན་ངས་མི་ཤེས། འོན་ཀྱང་ཚིགས་བཅད་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག
ཨ་ཁུ་ཀླུ་སྨྱོན་ལགས།དེང་རབས་ཀྱི་གྲྭ་བ་དང་ཨ་ནེ་གཉིས་ཀྱི་སྡོམ་པའི་སྐོར་ལ་མཐོང་ཐོས་དང་ལུང་རིག་པ། འདུལ་གཞུང་དྲངས་པའི་ཚིགས་བཅད་འདི་དངོས་ནས་ཡག་པོ་བྲིས་འདུག དངོས་ནས་ཁྱེད་ཀྱིས་གསུངས་པ་བཞིན་འགྱིག་གི་བུ་མོ་དང་འགྱིག་ཤུབས་སོགས་བེད་སྤྱད་ནས་འཁྲིག་པ་སྤྱད་པ་ཡིན་ན། འདུལ་བའི་སྡོམ་ཁྲིམས་ལ་འགལ་མི་འགལ་དེ་ཁྱེད་ཀྱི་སེམས་ཀྱི་ཁྲིགས་སེ་ཡོད་ནི་རེད།
སྡོམ་པ་ཡོད་དུས་བུ་མོ་ཁོ་ན་དྲན། །སྡོམ་པ་ཤོར་རྗེས་ཆོས་ལས་དྲན་རྒྱུ་མེད། །རྒྱ་གར་བསྡད་དུས་ཨ་རི་སེམས་ལ་འཁོར། །ཨ་རིར་རྒྱ་གར་ཡང་ཡང་ཡིད་ལ་ཤར། །
༄༅།། སྐུ་ཉིད་ཀླུ་སྨྱོ་ལགས་སུ་ཞུ་འདོད་ལ།།
ཕྲན་ནི་འདུལ་ཁྲིམས་གསྲུང་བའི་གྲ་མིན་ཡང༌།།
ཅུང་ཙམ་ཐོས་པའི་སྐྱ་བོ་ཡིན་པས།།
གྲ་སེམས་མོ་ལ་ཤོར་ཙམ་ཞིག་གི་ནི།།
སྡོམ་པ་མེད་པ་མ་གསུངས་ཀྱང༌།།
སྡོམ་བརྒྱུད་ཉམས་པའི་རྒྱུ་ཡིན་ནོ༌།།
ཞི་ལིར་ཕྱག་ཞིག་འཕྱང་བས་ན།།
སྡོམ་པ་མེད་པ་མ་གསུངས་སོ།།
སྡོམ་བརྒྱུད་སྟོང་བའི་རྒྱུ་ཡིན་གསུངས།།
སྡོམ་པའི་ས་མཚམས་གང་ན་ཡོད་པ་ཁྱེད་ཀྱི་སེམས་ན་ཁྲིགས་སེར་ཡོད་ཀྱི་རེད།
ཁྱོད་ལྟ་བུས་འདི་འདྲ་བཤད་ན་གཞན་རྣམས་ལ་ཅི་ཁག
ད་ཡིད་སྐྱོ་བྱུང༌།
དངོས་གནས་ཡིད་སྐྱོ་བྱུང༌།
ཀླུ་སྨྱོན་ཡིན་ན་ཆགས་སྨྱོན་ཡིན་ན་འདི་ད་དངོས་གནས་སྨྱོ་སོང་བ་ཡིན་རྒྱུ་རེད། ཆགས་བཤད་རྐྱང་རྐྱང་མ་གཏོགས་བཤད་རྒྱུ་ཅང་ར་མེད་གི ད་བྱས་དུས་མགོ་སེར་མ་ཞིག་གི་བརླ་བར་ནས་ཤི་རྒྱུ་ཡིན་པ་འདྲ།
ཁ་ནས་ཅི་བྱུང་བཤད་པར་ཕོད་ན་དགེ་འདུན་ཆོས་འཕེལ་ཡིན་མདོག་མདོག།
འདུལ་བའི་གསང་ཚིག་ཁྲོམ་དུ་བསྒྲགས་ནས་འདུལ་འཛིན་སྐྱེས་བུ་ཡིན་མདོག་མདོག།།
གསེར་སྒྲོག་ལྕགས་སྒྲོག་མཉམ་པོར་སྦྱར་ན་ལྟ་བའི་ཕུ་ཐག་ཆོད་མདོག་མདོག།།
ཕོ་རྟགས་མོ་རྟགས་ཁ་ཏོན་བྱས་ནས་གྲུབ་ཐོབ་གླུ་སྨྱོན་ཡིན་མདོག་མདོག།།
ཁ་ནས་ཅི་བྱུང་བཤད་ཁུལ་ཡིན་རུང་མ་སྤོབ་པ་ནི་ད་དུང་མང་།།
གསེར་སྒྲོག་ལྕགས་སྒྲོག་ལྷོད་མདོག་ཡིན་རུང་བཤད་རྒྱུ་མང་ན་དེ་ལས་དམ།།
ཕོ་མོའི་རྟགས་ཀྱི་གྲངས་ཀ་བགྲང་ནས་གསལ་བཤད་མི་དགོས་ཁྱེད་རང་གིས།།
རྒྱུན་དུ་སེམས་ལ་བརྟན་པོར་ཉོར་དང་སྨྱོན་པའི་སྨྱོ་ཐག་མྱུར་དུ་ཆོད།།
འདུལ་འཛིན་ཡིན་ན་ལྷོད་པོར་བཞུགས་དང་གང་བྱུང་ཁ་ནས་གསུང་མི་དགོས།།
སྔགས་པ་ཡིན་ན་དམ་ཚིག་བསྲུངས་དང་གཙོག་གཏམ་ཁྱབ་བསྒྲགས་བྱེད་མི་དགོས།།
ཆགས་ལྡན་ཡིན་ན་རང་གིས་སྤྱོད་དང་འདོད་ལྡན་ཐབས་ཀྱིས་འཕོངས་མི་སྲིད།། སྨྱོ་བཤད་བཞག་ནས་སྙན་ཚིག་བྲིས་ན་ཀུན་ལ་མཐུན་པ་མ་ཡིན་ནམ།།
རྩོམ་དེ་གོ་མ་ཐག་སྙིང་ལ་ཟེར་རྒྱག་གི་འདུག སྔོན་མ། དབྱིན་ཇིའི་ཨ་ནེ་ཞིག་མཉམ་དུ་རྡ་ས་ནས་ལྡི་ལིར་ཡོང་སྐབས། རླངས་འཁོར་ནང་སྡོད་ས་གཅིག་པ་འཁེལ། ང་ཁོལ། མོ་ཡང་ཁོལ། གང་ཙམ་ཞིག་ནས། ནག་ཁུང་ནང་། ངའི་འདྲེ་ལག་དེ་མོའི་བརླ་གཉིས་ཀྱི་འོག་ལ་ཤོར། མོས་ཀྱང་གཉིད་ཁུག་ཁུལ་གྱིས་ཡ་མ་བྱས། གང་ཙམ་ནས་དེའི་འོག་ནས་ཆུ་འདོན་བཞིན། མོ་ངུ་ངུ་འགྲབ། བརྡར་བརྡར་འགྲབ། ལངས་ལངས་འགྲབ། ཉལ་ཉལ་འགྲབ་བྱས་སོང་། གང་ཙམ་ཞིག་ནས། མོས་ངའི་ལག་པ་འདི་ན་ཟིན་ནས། དེ་ཐད་ཀར་ཁོང་གི་ཇ་ལེའི་ཏོག་དེའི་སྟེང་མནན་ནས་ཕུར་ཕུར་བྱེད་བཞིན། འཁུན་སྒྲ་དབུགས་ལྗིད་པོ་ལྡན་པ་ཞིག་ཕྱུང་བཞིན། ཁ་ནས། ”oh dear, oh dear, I am coming, coming sorry……..”ཟེར་ནས། སྐད་ཆེན་པོ་རྒྱག་བཞིན། འཚོར་བ་མཐར་ཐུག་དེ་བཏོན་སོང་།
དེའི་རྗེས་ལ་ཆུ་ཚོད་གཅིག་ཕྱིན་རྗེས། ཡང་མོའི་འདྲེ་ལག་འདི་ངའི་བརླའི་བར་ལ་རྐྱང་ཡོང་གི་འདུག ང་རང་དོར་མ་གྱོན་ཡོད་སྟབས། སྟབས་བདེ་པོར་འཆང་སྟབས་མེད་སྟབས། ཨ་ནེ་དེ་བྱ་ཐབས་བྱུང་མ་སོང་།
དེའི་སང་ཉིན་དེར། ང་རང་གཉིས་ཀར་འགྱོད་པ་ཚད་མེད་ཞིག་རྩོལ་མེད་ཤར་བྱུང་། རྗེས་མ་ལྡི་ལིར་ཡང་སྐྱར་ཐུག་སྐབས། མོ་རང་གྲྭ་ཆས་དེ་མགྱོན་ནས་རྫིག་པོ་བྱས་ནས་ཕྱིན་སོང་། ངའི་སེམས་ལ་མི་བདེ་བ་ཞིག་བྱུང་ནས། ག་དུས་ཡིན་ནའི་སྡོམ་པའི་སྐོར་གླེང་སྐབས། གནས་ཚུལ་དེ་དྲན་གསོ་ཡོང་གི་འདུག ངའི་སེམས་ལ། ཁ་སྔོན་གྱི་གནས་ཚུལ་དེས་མོ་སྡོམ་པ་ཤོར་བར་རྩིས་སམ།
ཡ་ཀིའི་ལྷ་རུ་གྲགས་པའི་རློམས་སེམས་སྤངས། །མ་ཀའི་འདྲེ་རུ་སྒྲོགས་པའི་འཇིགས་སྔངས་དོར། །མདོ་མིན་སྔགས་མིན་ངང་ནས་འཆལ་གཏམས་སྨྲ། །གླེན་ལྐུག་ཀླུ་འདི་སྨྱོན་པ་དངོས་གནས་འདྲ། །བྱང་ཆུབ་ཐོབ་འདོད་མདུན་པ་མ་དོར་ན། །སྨོན་སེམས་སྡོམ་པ་བཏང་པའི་སྐབས་མ་མཆིས། །ལུས་ངག་ལག་ལེན་དངོས་སུ་མ་བསྟར་ན། །སོར་སྡོམ་དྲི་མས་གོས་པའི་སྐབས་མ་མཆིས། །རྩ་ལྟུང་བཅུ་བཞི་གང་རུང་མ་བྱུང་ན། །སྔགས་སྡོམ་རྩ་བཏང་འགྲོ་བའི་སྐབས་མ་མཆིས།
རྩོམ་ཡིག་ཅི་ཞིག་འབྲི་བའི་རང་དབང་དང་། །
རྩོམ་ཡིག་ཇི་ལྟར་འབྲི་བའི་རང་དབང་གཉིས། །
རྗོར་རྗེ་ཝ་ཤིང་ཁྲོན་གྱིས་ཡུལ་འདིར་གནང་། །
འདི་ལ་མི་དགའ་ན་ཡང་བྱ་ཐབས་ཟད། །
སྡོམ་པའི་མགོ་བོ་སྔོན་ནས་ཆད་གྱུར་པའི། །
སྡོམ་མེད་འདྲེ་རྒོད་འཇིགས་སུ་རུང་བ་ཞིག །
རྒྱ་གར་ལྷོ་ཕྱོགས་ཡུལ་དུ་བྱུང་བའི་གཏམ། །
ད་དུང་མུན་པའི་ཁྲོད་དུ་གསོན་ཉམས་རྒྱས། །
ཞེས་པ་ཡང་ལྷོ་ཕྱོགས་སུ་བཞུགས་མྱོང་བའི་དྲ་གྲོགས་ཚོར་རྩེད་མཚར་ཞིག་གི་ཚབ་ཏུ་ཕུལ། འདྲེ་མགོ་མེད་ཅིག་བལ་ཡུལ་དུ་བྱུང་། ཕལ་ཆེར་ལྷོ་ཕྱོགས་ཀྱི་དེ་དང་དུས་མཉམ་ལྟ་བུ་རེད།
སོ་སོར་ཐར་བས་ལུས་ངག་སྡོམ་པར་བྱེད།།
ལུས་ངག་ཞི་བ་དུལ་བ་བྱེད་པ་ནི།།
གཞན་ལ་དང་བ་བསྐྱེད་པའི་དགོས་བ་ཡོད།།
ཡིད་ལ་དྲན་པར་སྟོན་པས་བཀག་པ་མེད།།
བྱང་སེམས་རྩ་ལྟུང་ཡིད་ཀྱི་སྡོམ་པར་གསུངས།།
ཡིད་ལ་དྲན་པ་ཙམ་ཡང་འཇིགས་སུ་རུང་།།
གཞན་གྱི་དོན་དུ་རང་གིས་ཉམས་ལེན་པ།།
རང་ཉིད་ཐར་བར་བགྲོད་པའི་དགོས་པ་ཡོད།།
བླ་ན་མེད་པ་སྔགས་ཀྱི་སྡོམ་པ་ནི།།
ལུས་དང་ངག་དང་དེ་བཞིན་ཡིད་ལ་གནང་།།
རང་དང་གཞན་གཉིས་ཐར་བའི་གྲོང་ཁྱེར་དུ།།
བགྲོད་པར་བྱེད་པ་ཐར་བའི་ཐེམ་སྐས་དངོས།།
ཨ་རིའི་ནག་རྡོའི་ནུ་མ་མཐོང་ཚེ་དགེ་སློང་ཡིན་ཡང་དཀའ་ལས་ཡོད།།
ཧ་ཅང་གཙང་མའི་ཤར་ཕྱོགས་བུ་མོའི་འཛུམ་པའི་ཞལ་རས་དེ་ལས་ཐུ།།
ཨ་མའི་བུ་ཁྱོད་ཆགས་པས་གཟེར་རུང་རླུང་ཙིའི་ནང་གི་བྱེའུ་ལྟར།།
ཧ་ལམ་སྡོམ་པར་འཁེང་ར་བྱེད་བཞིན་ད་དུང་ལྷག་པར་ཡིད་སྨོན་ཡོད།།
ས་སྟེང་འདི་ནས་མ་ཤི་བར་དུ་ད་དུང་འཚོ་བ་རོལ་དགོས་པས།།
ཤྰ་རིའི་བུ་ཡི་རྣམ་ཐར་དཀའ་རུང་འཆར་ཀའི་རྗེས་འཇུག་བྱས་ན་ཡང་།།
ལ་མོ་ཡོངས་འཛིན་དག་པའི་དབྱིངས་ནས་དགྱེས་བའི་འཛུམ་ཞལ་ཁྱོད་ལ་སྟོན།།
རྭ་ཅོ་ལྟ་བུའི་མཇེ་རྒོད་ལངས་ན་ཕྱི་རྒྱུགས་ནང་རྒྱུགས་བྱས་དང་ཕན།།
ཡ་མ་ར་ཛའི་རྐང་པར་འཇུས་ནས་གསོལ་བ་སྙིང་ནས་འདེབས་ཞོར་དུ།།
འ་འུར་འཁོར་བའི་སྡུག་ལ་བསམ་ན་མཇེ་རྒོད་ལངས་བའི་སྐབས་མ་མཆིས།།
ཟ་མ་མིན་ན་མཇེ་རྒོད་ལངས་པར་ཡ་མཚན་སྐྱེས་རྒྱུ་ཅི་ཞིག་ཡོད།།
ཞྭ་མོ་ཟུར་བཀོན་མཛེས་མར་ཆོས་བཤད་ཕྱེད་ཆག་དགེ་སློང་ལས་དབང་འདྲ།།
འགྲོ་བ་མི་ཡི་རིགས་འདི་ཆགས་པ་ནས། །རང་གི་ཕ་མའི་བར་དུ་ཕོ་དང་མོས། །ལོ་ངོ་སྟོང་ཕྲག་བཅུ་བཞི་ཙམ་གྱི་རིང་། །འདོད་པའི་བདེ་བ་འདི་ཉིད་ལ་རོལ་ལོ། །ལུས་ལ་ཕོ་མོའི་རྟགས་ཞིག་ལས་ཀྱིས་གྲུབ། །སེམས་ལ་འདོད་པའི་ཟུག་ཞིག་ཀུན་ལ་ལང་། །ངེས་པར་འབྱུང་བྱང་ཆུབ་སེམས་ཕྱིར་མ་གཏོགས་པར། །དེ་མིན་ཐམས་ཅད་རྫུན་གྱི་འཁོར་ལོ་ཙམ། །
སྙིགས་མ་ལྔ་རྡོལ་དུས་འདིར་འཆར་ཀ་པའི་། སྤྲུལ་བ་ཡིན་ནམ་མཉམ་པའི་དགེ་སློང་ཁྱེད་། སོམ་ཉི་ཐེས་ཚོམ་ཐག་གི་མི་ཆོད་ན་། འཛམ་གླིང་ནང་ཆོས་ཚོགས་འདུ་སྐོང་རེ་རན་། འགྱིག་གི་བུ་མོ་འགྱིག་མཇེ་བེད་སྤྱོད་པ་། མི་ཚངས་སྤྱོད་ཀྱི་ཕྱོགས་མཐུན་ཉེ་བ་ལས་། སྟོང་བ་མི་འབྱུང་སེམས་ལ་ཤར་གྱི་འདུག་། ཁ་དང་ཤང་ལམ་འགྱིག་ཤུབ་བེད་སྤྱོད་སོགས་། སྟོང་བ་འབྱུང་ལ་ཐེས་ཚོམ་མི་འདུག་སེམས་། འདི་རི་གང་བྱུང་མང་བྱུང་བཤད་པ་ཡིས་། འོས་བབས་སྡོམ་ཤོར་ང་ལ་མེད་ནའང་། མི་ལོ་བཅོ་ལྔ་གྲྦ་ཆོས་གྱོན་པ་ཡིས་། བགས་ཆགས་ཟབ་མོའི་དབང་གི་ཇུས་ཏོག་ཚིག་། རང་དབང་མེད་པར་ཁ་ནས་ཤོར་སོང་ངོ་། མཚན་མའི་བློ་དང་འགལ་ན་ཐོད་བཤག་བྱེད་། དགོངས་དག་ཐལ་མོ་སྦྱར་ནས་ཞུ་རྒྱུ་ཡིན་། །
ལྔ་བདོ་དུས་ཀྱི་དགེ་སློང་ཁ་ཅིག་གིས།།
ལྔ་བཅིངས་ཁུར་ཚུས་གླེན་ཀ་སྡོམ་པར་བྱེད།།
ལྔ་སྡེ་བཟང་པོ་ནས་བརྒྱུད་འདུལ་བ་ལུང་།།
ལྔ་བརྒྱ་ཕྲག་བཅུར་གནས་བར་ཐེ་ཚོམ་མེད།།
སྙན་ངག་མཁས་པ་ཀླུ་སྨྱོན་རིན་པོ་ཆེའི་ནཞལ་ནས།
མ་བྱིན་ལེན་དང་མི་ཆོས་རྫུན་ལ་ཆུང་དུས་ཤིག་ནས་གྲངས་མེད་འགལ། །
ཞེས་བྲིས་འདུག་པས་སེམ་ཚོར་ཞིག་བྱུང་།
ཀྱེ་ཧུད་ཉོན་དང་ཀླུ་སྨྱོན་ཁྱོད་ནི་མི་རྒྱུད་དྲང་བའི་ཉམ་ཞིག་ཤར། །
སོ་སོར་ཐར་བའི་སྡོམ་པ་སྲུང་ན་ཕམ་པ་བཞི་པོ་མཉམ་དུ་སྲུངས། །
ཕམ་པ་གཅིག་བྱུང་སྡོམ་པ་ཤོར་ལ་ཁྱད་པར་མེད་ཕྱིར་ཁྱེད་ཀྱིས་ནི། །
མ་བྱིན་ལེན་སོགས་སྔར་ནས་བྱས་ན་ད་ནི་ཁྱོད་ཀྱིས་ཅི་ཞིག་སྲུང་། །
སྐྱེ་དམན་ཞིག་དང་འབྲེལ་བ་མེད་ཚེ་སྡོམ་ལྡན་འདོད་པ་དགེ་ཌྷལྡན་ལུགས། །
ཕམ་པ་བཞི་ཀས་སྡོམ་པ་ཤོར་བ་རྒྱལ་བ་ཤཱཀྱ་སེང་གེའི་ལུགས། །
བྱང་སེམས་དང་ནི་སྔགས་ཀྱི་ལུགས་ཌྷལ་སྐྱེས་དམན་མཐའ་གཅིག་བཀག་པ་མེད། །
རབ་བྱུང་ཡིན་ན་ཤིན་ཏུ་བཟང་མོད་ཁྱིམ་པའི་རྟེན་ཅན་སྔགས་པ་མང་། །
ཁྱིམ་ན་གནས་ཀྱང་ཐར་པ་ཡོད་ཅེས་བདེ་བར་གཤེགས་པའི་བཀའ་ལས་གསུངས། །
དེང་སང་དུས་ཀྱི་རབ་བྱུང་དག་ནི་མོ་སྡོམ་སྲུང་ལ་དཀའ་ངལ་ཆེ། །
དེ་ཕྱིར་ད་ནི་སྐལ་བཟང་ཁྱེད་ཉིད་རིག་འཛིན་སྔགས་པའི་གྲལ་དུ་བཞུགས། །
ལྔ་བདོ་དུས་ཀྱི་དགེ་སློང་ཁ་ཅིག་གིས།།
ལྔ་བཅིངས་ཁུར་ཚུས་གླེན་ཀ་སྡོམ་པར་བྱེད།།
ལྔ་སྡེ་བཟང་པོ་ནས་བརྒྱུད་འདུལ་བ་ལུང་།།
ལྔ་བརྒྱ་ཕྲག་བཅུར་གནས་བར་ཐེ་ཚོམ་མེད།།
ཨ་རིའི་ནག་རྡོའི་ནུ་མ་མཐོང་ཚེ་དགེ་སློང་ཡིན་ཡང་དཀའ་ལས་ཡོད།།
ཧ་ཅང་གཙང་མའི་ཤར་ཕྱོགས་བུ་མོའི་འཛུམ་པའི་ཞལ་རས་དེ་ལས་ཐུ།།
ཨ་མའི་བུ་ཁྱོད་ཆགས་པས་གཟེར་རུང་རླུང་ཙིའི་ནང་གི་བྱེའུ་ལྟར།།
ཧ་ལམ་སྡོམ་པར་འཁེང་ར་བྱེད་བཞིན་ད་དུང་ལྷག་པར་ཡིད་སྨོན་ཡོད།།
འཆི་བདག་སྐྱབས་ཡིན་ན་འདིས་ངས་བྲིས་བ་དག་བསྐྱར་ཞུས་བྱས་བསྡད་ནོ་སུས་ལས་ཀ་འདི་ཁྱོད་ལ་སྤྲད་པ་རེད།
གལ་ཏེ་ཁྱེད་རང་གིས་སྡོམ་པ་དེ་ཚུལ་བཞིན་སྲུང་མི་ཐུབ་ན་སླར་ཕུལ་ན་ཆོག་པ་ནི་རང་དབང་རེད།དེ་བས་ཁ་བརྡ་དྲ་ངོས་བརྒྱུད་ནས་རང་མཚང་སྟོན་མི་དགོས་པས་རྗེས་ཕྱོགས་སྤྱི་ལ་སྨན་པའི་རྩོམ་ཡིག་འགའ་སྤེལ་དང་ཁྱེད་ཀྱི་པུར་རྩལ་ང་ཤིན་ཏུ་དགའ་བོ་ཡོད།ཁྱེད་རང་འཕགས་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆགས་སྤྱོད་ཀྱི་སྐོར་མང་པོ་མ་གསུང་ན་ལེགས་སྙམ། ཁྱེད་ལ་ངོ་མ་གཞན་དང་མི་མཐུན་པའི་ཉམས་མྱོང་གསར་བ་རེ་ཡོད་ན་འདིར་སྤེལ་དང་ཆོག འོན་ཀྱང་དེ་ཁེག་པོ་ཡིན་རྒྱུ་རེད་བསམ་ཀི་འདུག དེ་བས་ནང་ཆོས་སྤེལ་ན་ངེས་པར་དུ་དགེ་སློང་ཞིག་ཡིན་དགོས་པའི་ངེས་པ་མེད ལྷག་པར་ཏུ་ཨ་རིའི་མི་འདི་ལྟ་བ་གསར་བ་ལ་དགའ་བས་དྲུང་པ་རིན་པོ་ཆེ་དང་འདྲ་བར་སྤྱི་ཚོགས་འདིའི་ནང་དངོས་སུ་ཞུགས་ནས་དམ་པའི་ཆོས་ཀྱི་སྙིང་པོ་ཁོར་ཡུག་དང་བསྟུན་ཅི་ཐུབ་ཀྱིས་སྤེལ་ན་ལེགས་སྙམ།།
འདིར་དྲ་གྲོགས་ཤིག་གིས་སྡོམ་པ་སྲུང་མི་ཐུབ་ན་ཕུལ་ན་ཆོག་གསུངས་འདུག ང་རང་སྐྱབས་བཅོལ་དུ་ཡོང་དུས་ངའི་ལམ་གྲོགས་སྨོན་ལམ་ཟེར་བ་ཞིག་གིས་ལྷ་སའི་ཇོ་བོར་སྡོམ་པ་ཕུལ་བ་ཡིན་ཞེས་བཤད་མྱོང་། རྗེས་སུ་རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་འགྲེལ་ཆེན་མོ་བཀླགས་དུས། བསླབ་པ་འབུལ་ས་དེ་མཚན་ཉིད་ལྔ་ལྡན་གྱི་མི་ཞིག་དགོས་པ་མ་གཏོགས། ལྷ་སོགས་འགྲོ་བ་གཞན་དག་ལ་ཕུལ་ན་མི་རུང་བ་ཞིག་གསུངས་འདུག་པས། འདིའི་ཕྱོགས་ནས་དགེ་བཤེས་རྣམ་པར་གསུང་བཤད་རེ་གནང་རྒྱུ་ཡོད་དམ། གལ་སྲིད་ལྷ་སའི་ཇོ་བོར་སྡོམ་པ་ཕུལ་བ་ཡིན་བསམས་པའི་རྗེས་སུ་མི་དེའི་སེམས་ནང་དེ་རིང་ནས་བཟུང་སྟེ་ང་རང་གྲྭ་པ་ཡིན་བསམས་པའི་འདུ་ཤེས་དེ་དོར་ཚར་བས། འདུ་ཤེས་མེད་པའི་རྗེས་སུ་སྡོམ་པ་ད་དུང་གནས་ཡོད་དམ་མེད།
སྡོམ་པ་ཕུལ་ཡུལ་དེ་སྨྲ་ཤེས་དོན་གོ་ཡིན་པའི་ཐོག སྡོམ་པ་ཕུལ་མཁན་གྱི་དགེ་སློང་དེས་སྡོམ་པ་ཕུལ་ཟིན་སོང་སྙམས་པའི་འདུ་ཤེས་སྡོམ་པ་ཕུལ་ཡུལ་དེ་ལ་མེད་ན། སྡོམ་པ་ཕུལ་མཁན་གྱིས་སྡོམ་པ་ཕུལ་ཐུབ་མེད་པ་དང་། དེའི་རྒྱུད་ལ་སྡོམ་གཏོང་ཡོད་ནི་མ་རེད་།
དེས་ན་ལྷ་སོགས་འགྲོ་བ་གཞན་ལ་ཡུལ་ན་མི་འགྲིགས་པའི་རྒྱུ་མཚན་ཅི། འགྲོ་བ་གཞན་དེ་དང་དེ་དག་གིས་མི་འདིས་སྡོམ་པ་འདི་ཕུལ་སོང་ཞེས་བསམ་མི་ཐུབ་བམ། ཡང་ན་འགྲོ་བ་དེ་དང་དེ་གནས་དེ་དང་དེར་ཡོད་མེད་ཀྱི་ཐེ་ཚོམ་ཡོད་པས་ཡིན་ནམ། ལྷ་སའི་ཇོ་བོ་ལྟ་བུ་ཡིན་ན་སྐྱོན་དེ་འབབ་བམ། ད་དུང་ཡོད། ངའི་ངོ་ཤེས་ཤིག་གིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་ནས་མཆོད་རྟེན་གྱི་བང་རིམ་རེ་རེའི་སྟེང་དུ་སངས་རྒྱས་བྱང་སེམས་མང་པོ་ཞིག་གསལ་བཏབ་པའི་མདུན་ནས་སྡོམ་པ་ཕུལ་བ་ཡིན་ཟེར་བས། ཁོང་གིས་གསལ་བཏབ་པའི་སངས་རྒྱས་བྱང་སེམས་དེ་དག་འདུ་ཤེས་ལྡན་པའི་གང་ཟག་ཡིན་ནམ་མིན། ཡིན་ན་དེས་འགྲོ་བ་མི་ཡི་གོ་ཆོད་དམ་མི་ཆོད། སྡོམ་པ་འབུལ་ཡུལ་འདི་ལ་ངེས་པར་དུ་འགྲོ་བ་མི་ཞིག་དགོས་པའི་རྒྱུ་མཚན་ཅི། སྡོམ་པ་ལེན་དུས་སྟོན་པས་མཆོད་རྟེན་རྣམ་དག་གི་དྲུང་ནས་སྡོམ་པ་བླངས་པ་ཡོངས་གྲགས་ཡིན་པས། སྡོམ་པ་འབུལ་ཡུལ་དེ་མཆོད་རྟེན་ཡིན་ན་མི་ཆོག་པའི་རྒྱུ་མཚན་ཅི། ས་སྐྱའི་བདག་ཆེན་ཨ་མེས་ཀྱིས་འཇམ་དབྱངས་གཟི་འོད་འབར་བའི་དྲུང་དུ་སྡོམ་པ་ཕུལ་ལུགས་ཁོང་གི་རྣམ་ཐར་དུ་གསལ་ཡང་དེ་དུས་འབུལ་ས་ངོ་མ་དེ་དགེ་སློང་ཞིག་ཡིན་པའི་གསལ་ཁ་མི་འདུག
ནོར་བཅོས། ཡུལ་ན་ ཕུལ་ན་་་
སྡོམ་པ་འབུལ་ཡུལསྨྲ་ཤེས་དོན་དགོས་པ་སོགས་མང་པོ་ཞིག་ཌྷའདུལ་བ་མཚཽ་ཆེན་ནང་དུ་གསལ་ཡོད་དེར་
གཟིགས། ལྷ་ལ་མཁྱེན་པ་ཡོད་ཀྱང་དེ་འདུལ་བའི་ལུགས་ལ་འགྲིག་གི་མ་རེད།
སྡོམ་པ་འབུལ་འདོད་ན་འདུལ་བ་ན་གང་ཡོད་པ་དེ་མ་བྱས་པར། འདུལ་བ་ན་མེད་པ་ཅིག་བཙལ་དགོས་པ་གང་ཡིན་ནམ། ཁྱེད་རང་གིས་སྡོམ་པ་དེ་སངས་རྒྱས་ནས་བརྒྱུད་པའི་འདུལ་བ་ཡིན་ན། སངས་རྒྱས་ཀྱིས་གསུངས་པ་ལྟར་བྱེད་དགོས་ཀྱིས། དེ་ལས་གཞན་པའི་ལམ་ལུགས་སྲོལ་ཅིག་ཅི་ལྟར་འབྱུང་།
འདུལ་བ་ན་ཡོད་པ་ནི་འབུལ་ཡུལ། སྡོམ་ལས། ཡུལ་ལ་ཐ་སྙད་ལྔ་ལྡན་ལུས་ཐ་མལ།། རྟེན་ལས་རྒྱུད་ཐ་དད་པ་བདུན་ལྡན་དགོས། གསུངས་པ་ལྟར་ཁྱད་པར་བདུན་དང་ལྡན་པ་ཅིག་དགོས་ནི་རེད། དེ་ཡང་འབུལ་བའི་ཆོ་ག་བརྡ་འཕྲོད་དགོས་པས་སོ། ལྷ་ནི་སྡོམ་པའི་གནས་མ་ཡིན་ན་འབུལ་ཡུལ་ཇེ་ལྟར་ཡིན། དེ་ཡང་ལྷ་དང་བྱིས་པའི་དགེ་སློང་ནི།། འདུལ་བའི་སྡེ་སྣོད་དག་ལས་བཀག། གསུངས་པ་ལྟར་རོ།
ད་དུང་བསྙེན་པར་རྫོགས་ཚུལ་ལ་སྔོན་ཆོག་གི་སྒོ་ནས་བསྙེན་པར་རྫོགས་པ་དང་། དར་ཆོག་གི་སྒོ་ནས་བསྙེན་པར་རྫོགས་པ་གཉིས་སམ། ཡང་ན་སྡོམ་ལས། འདྲེན་པ་རང་རྒྱལ་རང་བྱུང་ཚུལ་གཅིག་དང་།། ཡེ་ཤེས་ཁོང་ཆུད་ཚུར་ཤོག་སྐྱབས་འགྲོ་དང།། སྟོན་པར་ཁས་བླངས་དྲི་མཉེས་ལྕི་ཆོས་སྤང་། འཕྲིན་དང་ལྔ་ཚོགས་བཅུ་ཚོགས་བཅུར་གསུངས་ལ།། གསུངས་པ་ལྟར་རྫོགས་ཚུལ་བཅུ་ཡོད་པ་ལས་རང་ཉིད་གང་གི་སྒོ་ནས་བསྙེན་པར་རྫོགས་པ་ཤེས་པར་བྱས་ནས། དེའི་སྒོ་ནས་ཕུལ་དགོས་སོ།།
ང་ལྟ་བུ་ལ་མཚོན་ན་རང་བྱུང་གི་བསྙེན་པར་རྫོགས་པ་དང་ཡེ་ཤེས་ཁོང་ཆུད་གང་གི་སྒོ་ནས་མིན་པས། སངས་རྒྱས་ཆོས་ཅན་ཟེར་ས་མེད། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཡིན་ན། འཕྲིན་གྱིས་སྒོ་ནས་ཕུལ་ན་ཡང་འགྲིག་རྒྱུ་རེད་བསམ་མོད། བོད་མ་ཤོར་གོང་དུ་ཤྲི་ལིང་ཀའི་མི་ཅིག་གིས་གོང་ས་མཆོག་ལ་ཁོང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་རྒྱུར་གསོལ་བ་བཏབ་འདུག འོན་ཀྱང་༧ གོང་ས་མཆོག་ནས་བོད་ལ་དེའི་ལུགས་སྲོལ་མ་དར་བའི་ལོ་རྒྱུས་གསུངས་སོང་།
དེ་མ་ཟད། དེང་སང་རྒྱ་བརྒྱུད་དགེ་སློང་མ་མང་པོ་ཅིག་གིས་བོད་ལ་དགེ་སློང་མའི་སྡོམ་རྒྱུན་སྤེལ་རྒྱུའི་འཆར་གཞི་འདིང་གི་ཡོད་པ་༧གོང་ས་མཆོག་ལ་ལན་གཅིག་མ་ཡིན་པར་ཡང་ཡང་ཞུ་གི་ཡོད་པ་རེད། འོན་ཀྱང་ ༧གོང་ས་མཆོག་གིས་ལན་ཁོང་གིས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། ཕྱོགས་ཕན་ཚུན་ནས་དགེ་སློང་ཕ་མའི་འདུལ་བ་འཛིན་པ་དག་གིས་བཤད་སྦྱང་བྱས་དེ། ཆོས་བཞིན་འདུལ་བ་བཞིན་མཐུན་གྱི་འདུག་ན་དེ་བཞིན་དགེ་མཚན་ཆེ། འོན་ཀྱང་འདུལ་བ་བཞིན་མཐུན་གྱི་འདུག་མི་འདུག་ལ་སྦྱང་བྱེད་ཡག་པོ་བྱེད་དགོས་གསུངས་པ་ལྟར། ཐེངས་ཁ་ཤས་བགྲོ་གླེང་འཚོགས་ཚར་བ་རེད། འདི་དག་ལ་གུས་བས་དཔྱད་ན་བསྟན་རྩ་འདུལ་བའི་སྐོར་ལ་གང་དྲན་ཐོ་ཅོ་མ་བྱས་ན་སྤྱི་བ་ལ་ཕན་ནོ།།
སངས་རྒྱས་ཀྱི་སྐུ་འདྲ་ལ་ཕུལ་བ་འདིར་དགེ་མཚན་ཆེན་པོ་ཡོད་པའི་སྐབས་ཡོད་ཀྱི་རེད་བསམ་ནས་ངས་ཀྱང་མཁས་པ་ཁ་ཤས་ལ་དྲི་བ་བཏོན་མོད། འོན་ཀྱང་ལན་རེག་མ་སོང་། དེ་ནི་གསལ་ཁ་མེད་པ་འམ་ཕྱག་ལེན་མེད་པ་གང་ཡིན་མི་ཤེས་གི
དེ་ཡང་སྔར་ ༡༩༦༢ ལོ་ནས་འགོ་བཙུགས་རྒྱ་ནག་གིས་དགོན་སྡེ་གཏོར་ནས་དགེ་འདུན་པ་རྣམས་སྐྱ་སར་ཕབ་པའི་ལས་འགུལ་དྲག་པོ་རྩོམ་པའི་ཛ་དྲག་གི་སྐབས་སུ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དགོན་པ། གནས་བྱ་ཁྱུང་བྲག་དགོན་པ་ནས། ཕྱག་ལེན་འདི་ལག་བསྟར་བྱས་ཕུལ་འདོད་ཡོད་པ་ལོ་ཆུང་མང་ཆེ་བས་གསེར་གདོང་ཆེན་མོ་ནང་གི་ཆོས་རྗེ་དོན་རིན་པའི་སྐུ་འདྲ་ལ་ཕུལ་འདུག
འོ་ཡ། གང་ལྟར་ཐུགས་རྗེ་ཆེ། འདི་འདྲའི་རིགས་མཁས་པ་དགེ་བཤེས་དག་གིས་ལམ་སྟོན་གནང་ན་ལེགས། ངའི་ཆོས་གྲོགས་ཨ་རི་ནས་ཡོད་པའི་བརྒྱ་ཆའི་དགུ་ཅུ་གོ་དགུ་བོ་གྲྭ་པའི་སྡོམ་པ་དང་ཞལ་གྱེས་ཟིན་ན་ཡང་། དེ་དག་གིས་ཆོས་བཞིན་འདུལ་བ་བཞིན་བསླབ་པ་ཕུལ་བ་ཞིག་ཕལ་ཆེར་ཡོད་ས་མ་རེད། སྐུ་འདྲ་ལ་འབུལ་མཁན་དང་མཆོད་རྟེན་ལ་འབུལ་མཁན་སོགས་གང་མང་ཞིག་ཡོད་ས་རེད། གལ་སྲིད་སྡོམ་པ་མ་ཕུལ་བར་དུ་སྡོམ་རོ་ཡོད་པའི་གསུང་ལུགས་བཞིན་ཁོང་ཚོར་ཡང་སྡོམ་རོ་ཡོད་ན་གང་ཟག་དང་སྐུ་གསུང་ཐུགས་རྟེན་རེར་འབུལ་རོགས་ཞུ་རྒྱུ་ཡིན།
བོད་ཀྱི་རབ་བྱུང་རྣམས་ནི་ཡོད་པར་སྨྲ་བའི་སྡོམ་རྒྱུན་རེད། ངས་བོད་ཀྱི་དགེ་སློང་གཉིས་ཐེ་ལེན་ཊའི་དགོན་པར་ཞུགས་མྱོང་བར་སྐད་ཆ་དྲིས་པ་ཡིན། ཁོང་གཉིས ཀྱིས་བཤད་ན། བོད་ཀྱི་དགེ་སློང་ཡིན་ན་ཡང་། ཐེ་ལན་ཊའི་དགོན་པར་ཞུགས་དགོས་ཚེ་དགེ་སློང་བསྐྱར་སྒྲུབ་བྱེད་དགོས་ལ། གལ་ཏེ་ཕྱིར་ཡོང་སྐབས་སྡོམ་པ་དེ་ཡང་བསྐྱར་མཁན་པོ་ལ་འབུལ་དགོས་ཟེར།
དེ་ད་གང་ཡིན་མི་ཤེས། ང་ཡི་གྲོགས་པོ་ཚོའི་ནང་ཨ་རི་ནས་ཡོད་པ་ཚོའི་ནང་ནས་མི་ལྔ་ཡིས་དགེ་འདུན་པར་ཕུལ་བ་ངས་ཤེས། དེ་ལས་ཀྱང་གཅིག་གིས་སྒོ་མང་མཁན་པོ་ལ་ཕུལ་འདུག
གོང་གི་མཆན་༢༢ ལན་ནི་
སྡོམ་པ་གཏོང་བའི་རྒྱུ་ལ་དགུ་ཡོད། དེ་ཡང་སྡོམ་ལས། དགུ་ནི་བསླབ་ཕུལ་ཤི་འཕོས་མཚན་གཉིས་འབྱུང་། ལན་གསུམ་འགྱུར་དང་རྩ་ཆད་མཐུན་མོང་ལྔ།། ཉིན་ཞག་མཐའ་འདས་བསྟན་ཕྱིར་ཁས་བླངས་འདས།། མ་ལོན་དེར་ཤེས་མ་ནིང་འགྱུར་བསྟན་དགུ། མཚོ་ཊིཀ་བསྟན་ཕྱིར་མ་བགྲང་ཕུལ་ཉམས་གཉིས།། ཐ་དད་ཟ་མར་འགྱུར་བསྟན་བཅུར་གསུངས་སོ།།
དེས་ན་ཁས་བླངས་ལས་འདས་ཡོད་པས་སྡོམ་པ་ཅི་ལྟར་གནས། དགེ་སློང་གི་སྡོམ་པ་ནི་ཅི་སྲིད་འཚོ་བའི་མཐའ་ཅན་དུ་ཁས་ལེན་དགོས་ནི་རེད།།
ངའི་ངོ་ཤེས་ཨ་མདོའི་གྲྭ་པ་ཞིག་ཐེ་ལན་དུ་བསྡད་དུས། ཁོས་དགོང་མོར་ཟ་ཁང་ཉུལ་ནས་ཕྱི་དྲོའི་ཁ་ཟས་ཟོས་ཤིང་། སྐབས་རེར་ཁྲོམ་ནས་གླང་ཤ་ཉོས་ནས་དགུང་མོའི་འཐེན་ཐུག་བཟོས་པས། ནམ་ཞིག་གི་དུས་སུ་ཁོ་རང་ཁྲོམ་ལ་བསླེབས་དུས་སུ་ཁྲོམ་པ་དག་རང་རང་སར་བྲོས་འགྲོ་གིན་འདུག་ཟེར། འདི་ནི་བོད་པའི་ཐེག་ཆེན་གྲྭ་པའི་མཛད་པ་འཕྲིན་ལས་ཐེ་ལན་ཐེག་དམན་ཡུལ་དུ་རླུང་རྟ་མ་བརྒྱུགས་པའི་སྒྲུང་ཐུང་ཞིག་རེད། འདི་ནི་དགེ་ཆོས་ཀྱིས། མི་རྐང་གླིང་བུ་ཅན་རྣམས་ནི་གང་ལ་ཡང་ཐོག་རྫིས་ཆེ། ལྷུང་བཟེད་ནག་པོ་ཅན་རྣམས་ནི་ཅི་ལ་ཡང་འཁུ་འཕྲིག་ཟ། ཞེས་པ་དེ་མིན་ནམ།
དེ་བཞིན་ལོ་ཤས་སྔོན་རྒྱ་ནག་གི་དགེ་སློང་འདུལ་བ་འཛིན་པ་ཞིག་གིས་བོད་ཡུལ་དུ་མདོ་སྔགས་གཉིས་ལྡན་གྱི་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་དར་ཡོད་པའི་སྐད་ཆ་ཞིག་ཐོས་ནས་རང་གི་སློབ་དཔོན་གྱིས་བཀག་ཀྱང་མ་ཉན་པར་ཅ་ལག་ཚང་མ་བསྡུ་གསོག་བརྒྱབ་ནས་ལྷ་སར་བརྒྱུགས་ཡོང་དུས། གྲྭ་པ་དག་གི་མགོ་སྐྲ་རིང་ཞིང་ཤ་དང་ཕྱི་དྲོའི་ཁ་ཟས་བཟའ་བ་སོགས་མང་པོ་ཞིག་མཐོང་བས་ཞེད་ཐག་ཆོད་ནས་རང་གི་སློབ་དཔོན་ལ་དགོངས་དག་ཐུགས་བདེན་ཞུས་ནས་ཕྱིར་ལོག་སོང་ཟེར་བ་ཡང་ཐོས་པས། ཐེག་དམན་དང་ཐེག་ཆེན་གྱི་བསམ་པའི་ཁྱད་པར་རམ། ཡུལ་སྲོལ་དང་གོམས་འདྲིས་ཀྱི་དབང་གིས་སམ། ཡང་ན་སྙིང་ཁམས་ཆེ་ཆུང་གི་དབང་གིས་འདུལ་བ་ལག་ལེན་དུ་འདེབ་ལུགས་ཀྱང་མི་འདྲ་ཞིག་ཡོང་གིན་ཡོད་ས་རེད།
ཕྱི་དྲོའི་ཁ་ཟས་ལྟ་བུར་མཚོན་ན་བོད་ཡུལ་དུ་ཚིག་དེ་ཞལ་ནས་སྐྱོར་བ་མ་གཏོགས་ཡོངས་ཁྱབ་ནས་དགག་བྱ་ཆེན་པོ་ཞིག་མི་གནང་བ་དང་། ང་རང་ཉིད་ལ་མཚོན་ན་གཞོན་དུས་ལོ་ངོ་དྲུག་གི་རིང་ལ་སེམས་ཅན་ལ་སྙིང་རྗེ་ཟེར་ན་འདྲ་གང་ལྟར་རྟ་ཟོག་དུད་འགྲོ་ལ་མ་ཞོན་པར་དུད་འགྲོ་བསྟེན་དགོས་སའི་ཐག་རིང་ཐུང་ཚང་མར་རྐང་ཐང་ལ་སོང་བ་དང་། ལོ་ངོ་གཅིག་གི་རིང་ལ་ཕྱི་དྲོའི་ཁ་ཟས་གཏན་སྤོང་བྱས་པ་སོགས་དགེ་སྡིག་ལུང་མ་བསྟན་གྱི་རྫུ་བག་གང་མང་ཞིག་འཁྲབས་པ་ཡིན།
རྒྱ་ཡུལ་ཡིན་ན་ཀོ་ལྷམ་གཏན་སྤོང་དང་བོད་ཡུལ་དུ་དགོན་སྡེ་མང་པོ་ཞིག་ནས་ཀོ་ལྷམ་མ་གྱོན་པས་འགྱིག་ལྷམ་གྱོན་ན་ཆད་པ་གཅོད་པ་དང་། རྒྱ་ཡུལ་གྱི་དགོན་སྡེ་ཁག་ཏུ་ཁོར་ཡུག་ཕྱི་ནང་གང་སར་རྩྭ་དང་མེ་ཏོག་སྐྱེ་ཆོག་པ་དང་། བོད་ཡུལ་དུ་ཨ་མདོའི་དགེ་ཕྱོགས་ཀྱི་དགོན་པ་མང་པོར་དབྱར་ཁར་གླིང་གསེབ་ཀྱི་རྩྭ་ལྡུམ་བཀོག་དགོས་པ་སོགས་ཡུལ་དུས་དང་བསྟུན་པའི་བཅས་ཁྲིམས་ཤིན་ཏུ་མང་།
ངའི་ཕ་ཡུལ་དུ་གྲྭ་པ་ཞིག་གིས་རབ་བྱུང་བསྒྲུབས་པའི་ཉིན་ཐོག་མ་གསུམ་གྱི་རིང་ལ་ཕྱི་དྲོའི་ཁ་ཟས་བཟའ་མི་ཆོག་པ་དང་། དེའི་རྗེས་སུ་གང་འདོད་དུ་བཟའ་བའི་ལུགས་སྲོལ་ཞིག་ཀྱང་འདུག་སྟེ་ཁུངས་གང་ལ་གཏུགས་མི་ཤེས།
སྡོམ་པ་ནི་ལྕགས་སྒྲོགས་ནང་བཞིན་དུ་མཐོང་ན། སྲུང་བ་ལ་དགོས་པ་ཆེར་མ་མཐོང་། སྡོམ་པ་ཕུལ་ཡུལ་སྨྲ་ཤེས་དོན་གོ་བ། ཕན་ཚུན་བརྡ་འཕྲོད་དགོས་པ་ནི། དཔེར་ན་སྡོམ་པ་ཞུ་ས་མི་ཡོད་དགོས་པ། ཞུ་མཁན་གླིང་གསུམ་གྱི་སྐྱེས་པ་དང་བུ་མེད་གང་རུང་ཡིན་དགོས་པ་སོགས་ཀྱི་རྒྱུ་མཚན་དང་མཚུངས་པས་དེའི་རྒྱུ་མཚན་འཚོལ་དྲན་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་འཚལ།
རབ་བྱུང་གི་གནང་དཀག་བཅས་མཚམས་ཕྲ་བ་དེ་རྣམས་ནི་ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་དུ་སོང་བས་རང་རེས་རབ་བྱུང་གི་སྡོམ་པ་འབོག་ལེན་དང་སྲུང་བ་དང་ཉམས་པ་ཕྱིར་བཅོས། སྡོམ་པ་ཕུལ་ཚུལ་སོགས་ནི་འདུལ་བའི་སྡེ་སྣོད་དང་དེ་དག་གི་དགོང་འགྲེལ་ཚད་ལྡན་ལ་གཞི་བཅོལ་དགོས་མ་གཏོགས་གང་ཟག་ཆེ་གེ་མོ་ཞིག་གིས་བཟོ་བཅོས་དང་གསར་གཏོད་བྱས་ན་འདུལ་བསྟན་དཀྲུགས་ཚབ་དེ་ལས་ཆེ་བ་མེད།
ལྷ་སའི་ཇོ་བོའི་མདུན་དང་། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་བེམ་པོའི་རྟེན་ཅན་ལ་སྡོམ་པ་ཕུལ་བ་ནི། སྡོམ་པ་གུས་པ་མཚོན་ནུས་ཀྱང་། སྔར་འབྲི་གུང་པའི་སྒོམ་ཆེན་ཁ་ཤས་ཀྱིས ཆོས་རྗེ་ས་པཎ་གྱི་བཀའ་དྲིའི་ལན་དུ། འོག་མིན་ལ་ག་བ་ག་བ། སྟེང་མིན་ལ་གཤེགས་སོང་། ཕྱག་རྒྱ་ཆེན་པོའི་གསེར་སྐུ་ཁྲུ་གང་ཙམ་ཞིག་འཁྲུངས་འདུག་ཟེར་པའི་རྣམ་མཐར་ལས་མ་འདས་སོ།
ལོ་ཤས་སྔོན་དུ་དགེ་མ་ཞིག་རྡོ་རྗེ་གདན་གྱི་མཆོད་རྟེན་མདུན་དུ་དགེ་ཚུལ་མ་བསྒྲུབས་སོང་། འོན་ཀྱང་སྡོམ་པ་ལེན་ས་དེ་འདུལ་འཛིན་ཆེན་པོ་ཞིག་གི་མདུན་ནས་བླང་པ་རེད་མ་གཏོགས་མཆོད་རྟེན་ལས་བླངས་པ་མ་རེད། དེ་ནང་བཞིན་འཇམ་མགོན་ཨ་མེས་ཞབས་ཀྱིས་སྡོམ་པ་འཇམ་མགོན་གཟི་འོད་འབར་བའི་མདུན་དུ་ཕུལ་བ་ཡང་ཕུལ་ཡུལ་དངོས་ནི་ཕུལ་ཡུལ་མཚན་ཉིད་ལྡན་པ་ཞིག་ལ་ཕུལ་བ་ཡིན་པར་ཐེ་ཚོམ་མེད།
སྡོམ་པ་ཞུ་ས་མི་ཡིན་དགོས་པ། དག་བཅོས།
སྡོམ་པར་གུས་པ་མཚོན་ནུས་ཀྱང་། དག་བཅོས།
ཀོ་སྤགས་ཀྱི་སྐོར་ལ་འདུལ་བ་སྡོམ་ལས། ཀོ་སྤགས་སྡེ་ལྔ་སྤྱིར་བཀག་དམིགས་བསལ་ནི། །ས་ཚིགས་མཐའ་འཁོབ་ས་ཕྱོགས་གྲང་དང་རྩུབ། །སྲོགས་ཆགས་གནོད་ཡོད་དེས་ཕན་ནད་པར་གནང་། ། གསུངས་པ་ལྟར་ཡུལ་དབུས་སུ་བཀག་ན་ཡང་། ས་ཚིགས་ཀྱིས་དབང་གིས་གནང་བ་དང་། ན་ཚའི་དབང་གིས་གནང་བ་སོགས་ཡོད། ཕྱི་དྲོས་ཁ་ཟོས་འདི་ནད་པ་ལ་མ་གཏོགས་གནང་བ་མེད་སྙམ།
སྡོམ་པ་ཕུལ་ས་དེ་སྐྱ་སར་བབས་སའི་བུད་མེད་ལ་ཕུལ་ན་ཡང་། བུད་མེད་དེས་རབ་བྱུང་འདིས་སྡོམ་པ་ཕུལ་ཟིན་སོང་། ད་འདི་ལ་སྡོམ་པ་ཡོད་མ་རེད་བསམ་པའི་འདུ་ཤེས་སྐྱེས་ན་སྡོམ་པ་ཕུལ་ཐུབ་ཀྱི་ཡོད་རེད། འདི་དག་ཤེས་དགོས་རྒྱུ་གནད་འགག་འདུག།
ཁྱིམ་པས་འདུལ་བ་ཅུང་ཟད་ཤེས་པ་ལ་དགེ་མཚན་ཡང་མཐོང་། ཡིན་ནའང་། ལྟུང་བ་དང་ལས་ཀྱི་ཚིགས་རྣམས་ཁྱིམ་པ་ལ་སྨྲ་བ་འཛེམས་ན་ལེགས།
ཁ་ཤས་ཀྱིས་སྡོམ་པ་ཕུལ་ཡུལ་དེ་མཁན་པོ་དགེ་བཤེས་འདུལ་འཛིན་ཞིག་ཡིན་དགོས་རེད་བསམ་ན་དེ་ལྟར་ངེས་པར་མེད། ཡིན་ནའང་སྡོམ་པ་ཕུལ་ཡུལ་གྱིས་སྡོམ་པའི་འབུལ་ཆོག་ཤེས་ན་བཟང་བ་ནི་སྨོས་ཅི་དགོས།
དེ་དང་སྡོམ་པ་ཕུལ་བའི་ཆ་རྐྱེན་མ་འཛོམ་ནས་ཆགས་བས་རང་དབང་མེད་པར་སྐྱ་སར་བབས་དགོས་བྱུང་ན། ཕྱིས་སུ་ཆ་རྐྱེན་འཛོམ་སྐབས་སུ་སྡོམ་རོ་དེ་ཕུལ་ན་ལེགས། འདི་དག་ལ་རྒྱུ་མཚན་མང་པོ་འདུག་དེ་སྨྲ་བར་དགོས་པ་ཆེར་མ་མཐོང་།
རིག་པའི་རལ་གྲི་ལགས་ཀྱི་ལྗགས་ལན་གསལ་བོ་འདུག ཐུགས་རྗེ་ཆེ་ཞུ། ད་དུང་བཀའ་འདྲི་ཡོད། མངོན་པ་མཛོད་སོགས་ལས་ཚ་གྲང་གི་དམྱལ་བ་ཞེས་པ་ཞིག་རྡོ་རྗེ་གདན་གྱི་འོག་ནས་མར་ས་འོག་ན་ཡོད་པར་གསུངས། སྔ་ལོར་གོང་ས་མཆོག་གི་གསུང་ཞིག་ལས་རྡོ་རྗེ་གདན་ནས་ཁ་ཐུག་ལྕགས་རྒྱུགས་འདྲ་བོ་ཞིག་གིས་བཙུགས་ན་ཨ་རིའི་ཡུལ་ཞིག་ནས་འབུད་ཡོང་གི་རེད། དེའི་བར་ན་དེ་ལྟ་བུའི་དམྱལ་བ་ཞིག་གང་ན་ཡོད་ལྟ་བུ་ཞིག་གསུངས་པ་ཐོས་སོང་། དེ་ལ་ལྗགས་ལན་རེ་ཡོད་དམ། མཆིམ་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་དུ་དམྱལ་བ་ས་འོག་ན་ཡོད། དེ་རུ་དམྱལ་སྲུང་ཡོད། དམྱལ་སྲུང་ཡང་སེམས་ཅན་ལ་སྡུག་བསྔལ་སྤྲད་པའི་ལས་ངན་གྱི་མཐུས་དམྱལ་བར་སྐྱེ་བ་ཡོད་ལྟ་བུ་ཞིག་གསུངས་འདུག་པ་ལམ་ཙམ་དྲན། དེ་བཞིན་སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །ནས། སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པའི་དོན་ཅི། གོང་ས་མཆོག་གིས་མངོན་པ་མཛོད་ལ་དོགས་སློང་གཞན་དང་མི་མཚུངས་པ་ཞིག་རྟག་པར་གནང་གིན་འདུག་པའི་རྒྱུ་མཚན་ཅི་ལགས།
ཨ་མདོ་མགོ་ལོག་ཕྱོགས་སུ་མང་ཙམ་དང་བོད་ཡུལ་གཞན་དུ་ཡང་གང་འཚམ་ཡོད་པ། དཔེར་ན་མི་འགའ་རེ་ཤི་ནས་ཞག་བདུན་དམ་དེ་ལས་མང་ཉུང་མ་ངེས་པའི་རིང་ལ་ཕུང་པོ་མ་རུལ་བར་སྡོད་པ་དང་། དེ་ནས་གསོན་པོར་གྱུར་ནས་ང་རང་ཚེ་ཕྱི་མ་ལ་སོང་། ས་ཆ་འདི་དང་དེའི་མི་འདི་དང་དེ་འདྲས་དམྱལ་བ་འདི་དང་འདི་ནས་ལན་འདི་དང་འདི་བསྐུར་སོང་ཞེས་ཧ་ཅང་ཐིགས་པོ་འདྲ་ཞིག་བཤད་སྲོལ་ཡོད་པ་དེ་ག་རེ་རེད། འདས་ལོག་གླིང་བཟའ་ཆོས་སྐྱིད་དང་སྣང་ས་འོད་འབུམ། ད་དུང་རེ་ཟུང་རྡ་ས་བོད་གཞུང་དཔེ་མཛོད་དུ་འདུག སྐབས་དེར་མི་དེ་ཚོའི་མང་ཤོས་ཀྱིས་རང་རང་གི་གཟུགས་ཕུང་དེ་ཕག་གི་རོ་མིན་ན་ཁྱི་ཡི་རོ་རུ་མཐོང་གིན་འདུག་པས། དེའི་རྒྱུ་མཚན་ཡང་ཅི། བླ་མ་ཉི་ཟླ་བཟང་པོའི་རྨི་ལམ་ནང་ཁོང་གི་གཅུང་བོར་འཕྲད་པའི་སྐོར་དེ་ལང་དེ་ལུགས་ཀྱི་གསལ་བཤད་རེ་གནང་ཐུབ་བམ། ཁ་དྲོས་ན་ཡོད་ཚད་དོགས་པའི་གནས་རེད་ལགས།
དེ་ལས་ངས་འདིར་འདུལ་བ་དང་འབྲེལ་བའི་རྩོད་པ་ཅིག་བཀོད་ཀྱི་ཡིན། ཚང་མས་རང་རང་ས་ནས་ཕན་སེམས་ཀྱིས་ལན་གནང་རོགས་ཞུ། དེ་ཡང་གཙོ་བོ་དགེ་ལུགས་མ་ཡིན་པ་ཆོས་བརྒྱུད་གཞན་དག་ནས་ལེན་གནང་ན་ལེགས། ང་ཚོས་ལམ་རིམ་ལྟར་ཅི་བཟའ་ཅི་འཐུང་གི་ཕུད་དཀོན་མཆོག་ལ་ཕུལ་གྱི་ཡོད། དེ་ཕུལ་ཚར་བའི་རྗེས་ལ་འདུལ་བ་མ་བྱིན་ལེན་སྐབས་སུ་རྫས་དབང་ཚུལ་ལ་མཆོད་རྟེན་ལ་ཕུལ་བ་དཀོན་མཆོག་ལ་དབང་བ་ཡིན་གསུངས། དེས་ན་མཆོད་པ་ཕུལ་ནས་ཡང་བསྐྱར་རང་གིས་ལོངས་སུ་སྤྱད་ན་རྐུ་ཕམ་མི་འབྱུང་ངམ། ཁུངས་ལུང་ཡོད་པའི་སྒོ་ནས་ལེན་གནང་རོགས་ཞུ།
ཕུད་དེ་ཕུལ་ཚར་ན་དེའི་བཅུད་དཀོན་མཆོག་གིས་བཞེས་ཚར་བས་ང་ཚོས་འཐུང་དུས་སུ་དཀོན་མཆོག་ལ་མ་ཕུལ་གོང་གི་བྲོ་བ་དེ་ཙམ་ཞིག་ཡོད་ཀྱི་མ་རེད། ཀུ་རེ་དང་རྩེད་མོ་གཉིས་ཀ་ཡིན། འདིའི་སྐབས་ཀྱི་ཕུལ་ཞེས་པ་དེ་ནི་རང་གི་ལག་པར་ཡོད་པའི་ཇ་སོགས་བཟའ་བཏུང་གི་དངོས་པོ་དེ་གཞི་རྟེན་ལྟ་བུ་བྱས་ནས་དེ་ལས་ལྡབས་འབུམ་ཕྲག་གིས་བཟང་བའི་མཆོད་པའི་དངོས་པོ་གྱ་ནོམ་པ་དག་ཡིད་ཀྱིས་སྤྲུལ་ནས་ཞིང་ཁམས་རྒྱ་མཚོ་ཁྱབ་པར་འབུལ་བ་ཞིག་ལོས་ཡིན། དེའི་ཕྱིར་ལག་ནང་གི་བཟའ་བཏུང་དེ་མཆོད་པའི་དམིགས་རྟེན་ཙམ་ཞིག་ལས་དངོས་སུ་འབུལ་བ་ཞིག་མ་རེད་སྙམ། དེ་ཡིན་ན་ཏིང་ཕོར་ནང་གི་ཆུ་དང་སྤོས་ཕོར་ནང་གི་སྤོས་ནང་བཞིན་དཀོན་མཆོག་གི་དཀོར་རྫས་སུ་འགྱུར་ཚར་གི་རེད་དེ་དེ་ལྟར་ཡིན་པར་མ་གསུངས་པར་རྒྱུ་མཚན་ལོས་ཡོད། སྐབས་འདིར་དཀོན་མཆོག་ལ་དབང་དང་མི་དབང་ནི་འབུལ་མཁན་དེའི་སེམས་ནས་ཕུལ་ཡོད་མེད་ཀྱི་ཀུན་སློང་ལ་རག་ལས་པ་ཞིག་རེད་སྙམ།
ངས་ནི་རང་གིས་བརྩམས་པའི་ཟས་དང་ཇ་མཆོད།
ཞིང་ཁམས་རྒྱ་མཚོ་མཆོད་པས་འགེང་གྱུར་ཅིག །
རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་གྱུར་ཅིག །
རིགས་དྲུག་སེམས་ཅན་སྡུག་བསྔལ་ཞི་གྱུར་ཅིག །
སངས་རྒྱས་བསྟན་པ་རྟག་ཏུ་འབར་གྱུར་ཅིག །
ཅེས་པ་འདིའི་སྒོ་ནས་འབུལ་གིན་ཡོད།
བལ་ཡུལ་དང་རྒྱ་ཡུལ་དུ་ཁྱབ་ཧ་ཅང་ཆེ་བའི་གུ་རུའི་ཚོགས་མཆོད་ལྟ་བུའི་སྐབས་སུ། ཚོགས་རྫས་ཧ་ཅང་མང་པོ་ཞིག་སྤུངས་ནས་ཚོགས་མཆོད་ཕུལ་རྗེས་སུ་མི་ཚང་མས་འཚང་ཁ་ཤིག་ཤིག་གིས་ཧབ་འཐོབ་དང་བཅས་ཚོགས་རྫས་འཕྲོག་རྩོད་ལྟ་བུ་བྱེད་པ་དང་། དཔའ་བོ་དཔའ་མོའི་ཚོགས་འཁོར་གྱི་འདུ་ཤེས་མེད་པར་བཟའ་བཏུང་དཀྱུས་མའི་ལུགས་སུ་སྤྱོད་པ་འདི་ནི་དགེ་སྡིག་གང་དུ་འགྱུར་མིན་མི་ཤེས་ཤིང་། གང་ལྟར་དང་པོར་དཀོན་མཆོག་ལ་ཕུལ། དེ་ནས་དཀོན་མཆོག་གིས་བཞེས་པའི་ལྷག་མ་དག་དངོས་གྲུབ་ཀྱི་ཚུལ་དུ་ཟོས་ན་ལོས་འགྲིག་ཀྱང་བསམས། ང་རང་ཆུང་དུས་མཆོད་མདུན་གྱི་ཀ་ར་སིལ་ཏོག་བཟའ་འདོད་ཆེན་པོ་ལངས་དུས་ངའི་ཕ་མ་གཉིས་ཀྱིས། ཨ་ཁུ་ལྷ། ངས་བརྐུས་ནི་མིན་ལ་འཕྲོག་ནི་ཡང་མིན། ངས་ཁྱོད་ལ་བསླངས་ནི་ཡིན། ཞེས་ལབ་པའི་རྗེས་སུ་ཟོས་ན་བྱིས་པ་ཆུང་ཆུང་ལ་ཉེས་པ་ཡོད་ནི་མ་རེད། གསུངས་པ་བཞིན་ཟོས་པ་གཅིག་པོར་ཡང་གྲངས་ཀ་ཞིག་མེད།
ངའི་བླ་མའི་གྲས་སུ་བཞུགས་པའི་རྙིང་མའི་བླ་མ་སྐྱབས་རྗེ་རྡོ་རྗེ་འཆང་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་རང་རྣམ་དུ། ཁོང་སྐུ་ན་ཆུང་ཆུང་ཡིན་དུས་གྲྭ་གྲོགས་རེ་ཟུང་གིས་བག་ཚ་མར་ཁུ་བཟོ་ཕྱིས་ཁོང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་གྱི་མདུན་དུ་མཆོད་མེའི་མར་ཁུ་སློང་དུ་མངགས་ཤིང་། ཁོང་གིས་ཀྱང་ངས་བྱས་པ་བཞིན་རྗེ་ཡབ་སྲས་གསུམ་ལ་མར་ཁུ་སློང་དུས། རྗེ་སྐུ་བཞད་མོ་བཞད་ཅིང་འཁོར་རྣམ་གཉིས་ཀྱང་དེ་བཞིན་ཞལ་ཚེམས་ཚུན་ཆད་དཀར་ཀྲིག་ཀྲིག་བཞད་མོ་བཞད་ལུགས་བྲིས་གནང་འདུག་པས། བྱིས་པ་ཆུང་ཆུང་གིས་སེམས་བསམ་པའི་གཏིང་ནས་དཀོན་མཆོག་གི་དཀོར་ལ་སློང་མོ་རྒྱག་སྟངས་ཤིག་ཡོད་པ་དང་། དེ་བཞིན་བོད་ཀྱི་རྐུན་པོ་ཞིག་གིས་ར་མ་ཞིག་བརྐུས་ནས་ལྷ་ཁང་ཞིག་གི་ནང་དུ་ཤ་བཙོས་ནས་བཟའ་དུས་སུ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཡོད་པ་དེར་མཆོད་པ་ཞིག་ཕུལ་བ་དང་། རྗེས་དེ་མ་ཐག་ར་བདག་བསླེབས་ནས་རྐུན་མ་འཇུས་ཏེ་ལྕག་གིས་བྲབས་
དུས་སྤྱན་རས་གཟིགས་ཀྱི་སྐུ་དེས། ཁོ་རང་གཅིག་པོ་མིན། ངས་ཀྱང་མཉམ་དུ་ཟོས་པ་ཡིན་གསུངས་པའི་ལོ་རྒྱུས་ཀྱང་འདུག་ག།
དམྱལ་བའི་སྐོར་འདི་ངས་ཝེ་ཏི་ནམ་དང་ཨ་རིའི་དམག་བརྒྱབ་པའི་གློག་བརྙན་ལ་སྦྱར་ནས་བཤད་ཀྱི་ཡིན། ཨ་རིའི་དམག་དཔོན་ཚོས་ཨ་མི་རི་ཀའི་ཁང་པ་ཞིག་གི་རྩིག་ངོས་སུ་ས་བཀྲ་བཞག་ནས་ང་ཚོའི་དམག་འདི་ནས་འདིར་རྒྱག་དགོས་སོགས་བཀོད་སྒྲིག་ཡག་ཐག་ཆོད་བྱེད་ཀྱི་ཡོད། ངོ་ནས་བཤད་ན་རྩིག་པ་དེའི་ངོས་སུ་ཨ་རིའི་དམག་མེད་ལ་ཝེ་ཏི་ནམ་ཡང་མེད། འོན་ཀྱང་དེ་ལ་རྟེན་ནས་དམག་དཔོན་རྣམས་ཀྱི་དམག་རྒྱག་སའི་ཝེ་ཏི་ནམ་ས་ཆ་དེ་བློ་ལ་ངེས་འགྲོ་གི་ཡོད། དེའི་རྐྱེན་གྱིས་དམག་དཔོན་རྣམས་ཀྱིས་རྩིག་པའི་ངོས་ན་དམག་མི་འདུག་ལ་ཝེ་ཏི་ནམ་ཡང་མི་འདུག་ཅེས་མི་རྩོད་ལ་རྩོད་དགོས་ཀྱི་ཡང་མ་རེད།
དེ་བཞིན་དུ་མངོན་པ་མཛོད་དང་། སངས་རྒྱས་ཞལ་བཞུགས་དུས་ནས་གཙུག་ལག་ཁང་གི་ཁྱམས་རར་འབྲི་སྲོལ་ཕྱག་ལེན་ཡོད་པའི་སྲིད་པ་འཁོར་ལོ་སོགས་ནས་དམྱལ་བ་ལ་ས་ཕྱོགས་ཡོད་འདྲ་ཅིག་གསུངས་པ་ཡང་རྗེས་རབས་པའི་བློ་ངོ་ལ་ཤར་བདེའི་ཆེད་དུ་གསུངས་པ་ལོས་ཡིན། དོན་དུ་ན་སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས།། སུ་ཞིག་གིས་ནི་ཆེད་དུ་བྱས།། ལྕགས་སྲེག་ས་གཞི་སུ་ཡིས་བྱས།། མོ་ཚོགས་དེ་དག་ཅི་ལས་བྱུང་།། དེ་འདྲ་དེ་དག་ཐམས་ཅད་ནི།། སྡིག་སེམས་འབྱུང་བར་ཐུབ་པས་གསུངས།། ཅེས་གསུངས་པ་ལྟར་རང་གི་སེམས་ངོའི་སྣང་ཆ་ཙམ་མོ།།
དེས་ན་སྔོན་གྱི་གླིང་བཟའ་ཆོས་སྐྱིད་དང་ཉེ་རབས་དུས་ཀྱི་ལྕགས་མདུད་སྤྲུལ་སྐུའི་མ་ཡུམ་སོགས་ཀྱིས་དམྱལ་ཁམས་ནས་གཤིན་པོའི་འཕྲིན་ཡིག་ཁྱེར་ཡོང་བ་དེ་ག་རེ་རེད། དེ་ཚོའི་གྲས་ལ་ལ་ཞིག་ཤིན་ཏུ་ཐིགས་པོ་ཡོད་དོན་ཅི།
འོ་ན་འཆིམ་མཛོད་ལས་གསུངས་པའི་ཨ་བ་གླང་མགོ་ལ་སོགས་པའི་ལས་མཁན་དེ་དག་སེམས་ཅན་ངོ་མ་ཞིག་མ་རེད་དམ། གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ཞེས་པའི་གླང་མགོ་མཇེ་གོག་ཅན་དེའི་ལས་ཀ་ཡང་ཨ་རིའི་མི་སེར་གང་མང་ཞིག་དང་མཉམ་དུ་ཤོར་རྒྱུ་ཡིན་ནམ། སྟོན་པའི་ཉན་ཐོས་གཉིས་དམྱལ་ཁམས་སུ་ཕེབས་ནས་ཕྱི་རོལ་བའི་སྟོན་པའི་འཕྲིན་ཁྱེར་ཡོང་པའི་རྒྱུ་རྐྱེན་ལ་བརྟེན་ནས་ཕྱི་རོལ་བ་ཚོས་ཉན་ཐོས་ཆེན་པོ་མོའུ་གལ་གྱི་བུ་བརྡུངས་ནས་བགྲོངས་པའི་ལོ་རྒྱུས་འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག ད་འདི་འདྲ་རེད། དོགས་སློང་གཅིག་གིས་དོགས་པ་བརྒྱ་ཡི་སྒོ་ཕྱེས་སོང་། དམྱལ་ཁམས་ཀྱི་ཡིག་སྐྱེལ་བའི་ལས་ཀ་འདི་བྱེད་མཁན་བོད་པ་གཅིག་པོ་གང་ནས་ཡིན།
ཨ་ཨ། ད་དུང་འདུག སྟོན་པས་ཁོང་གི་གཅུང་དགའ་བོ་ཁྲིད་ནས་དམྱལ་བའི་ཟངས་དམར་བསྟན་གནང་མཛད་པའི་ལོ་རྒྱུས་འདི་གང་ལ་འཁྱེར། ས་འོག་ཐམས་ཅད་མེ་ཡིས་གང་ཡོད་བསམས་ན་ཚ་དམྱལ་ཞིག་ལོས་ཡོད་བསམས། ས་འོག་ན་གངས་རི་དང་ཁ་བ་འབབ་ཀིན་མེད་པས་གྲང་དམྱལ་ལ་དོགས་པ་གང་འཚམ་ཞིག་འདུག དེ་བཞིན་ཡི་དྭགས་ཀྱང་དོགས་པའི་གནས་རེད། ལྕགས་ཀྱི་ཤལ་མ་ལི་སོགས་ཀྱང་ལྕགས་ངོ་མ་ཞིག་གིས་གྲུབ་པ་ཨེ་ཡིན་ནམ།
འདི་དག་མི་བདེན་ན་སྟོན་པའི་སྐྱེས་རབས་ཕྱེད་ཀ་ཡང་སྐྱར་འབྲི་དགོས་ཀྱི་མ་རེད་དམ། དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དེ་ལ་ཡང་ལས་ཀ་མི་འདུག་ག། ཨ་ཨ། འདི་འདྲ་ལ་དམིགས་ཏེ། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས་པ་ལོས་ཡིན།
ཚན་རིག་གི་ཞིབ་འཇུག་འདི་འདྲ་ལ་བསམས་ནས་ཡེ་ཤུ་སོགས་ཆོས་ལུགས་གང་མང་ཞིག་གིས་ཚན་རིག་པ་གསོན་བསྲེགས་བྱེད་དགོས་བྱུང་བ་ལོས་ཡིན། གོང་ས་མཆོག་གིས་ཐོག་མར་ཚན་རིག་ལ་ཐུགས་སྦྱོང་གནང་དུས་ཕྱི་རྒྱལ་བ་སེམས་བཟང་འགའ་རེས་དེས་ཏྰ་ལའི་བླ་མའི་ཆོས་དད་ལ་གནོད་སྐྱོན་བཟོ་སྲིད་གསུངས་པ་ཡང་འདི་འདྲ་ལ་བསམས་པ་ལོས་ཡིན་བསམས།
དམྱལ་བ་སྐྱེས་ཕྱིན་རྫུས་སྐྱེས་རེད། རྫུས་སྐྱེས་ཡིན་ཕྱིན་མངོན་ཤེས་ཡོད་ནི་རེད། ཡང་བསྐྱར་ཚུར་སླེབས་དུས་མངོན་ཤེས་ཀྱི་དྲན་པ་མ་མཉམ་པར་ཡོང་ཆོག་གི་རེད། འཕྲིན་ཟེར་བ་ཞིག་ཁས་ཡོང་ཡོད་ན་དེ་འདྲ་ཡིན་རྒྱུ་རེད། ལར་བར་སྲིད་ནས་ཕྱིར་ཡོང་བ་འེ་ཡིན་སྙམ། དམྱལ་བར་སྐྱེས་ཕྱིན་ཕྱིར་ཡོང་ཐུབ་མིན་མི་ཤེས། སྐྱེས་འཆི་ལ་རང་དབང་འབྱོར་བ་ཡིན་ན་དམིགས་བསལ་མིན་འགྲོ ང་ལ་བཟང་ཆ་ཅིག་ཡོད་པ་ནི་ཚད་ལྡན་གྱི་གཞུང་གཉིས་གསུམ་རེ་མ་མཐོང་ན་ཁ་ཚོན་བཅད་ནས་བཤད་མི་ཐུབ་པ་དེ་ཡིན།
དོགས་པ་འདི་འདྲ་མང་དུས་སློབ་དཔོན་སྒོམ་སྡེ་བ་ཡང་སྒོམ་ལ་བཞུགས་ཚར་བ་འདྲ་ལ། གཞོན་ནུ་ཟླ་མེད་ཀྱང་རྒན་པོ་ཟླ་ཡོད་ཅིག་ཆགས་སོང་བ་མ་ཡིན་ནམ།
ལྡོག་ལྡོག་བྱས་ནས་བཤད་ན་གཞུང་ག་ཚོད་ཡོད་ན་ཡང་ཕྱོགས་གཉིས་རེད། དེ་ཡང་ཕྱི་རོལ་ན་ཡོད་ཡོད་གསུང་པ་དང་། སེམས་སྣང་ཙམ་དུ་གསུངས་པའི་གཞུང་གཉིས་ལ་འདུ་བསྡད་ཡོད་པ་རེད། དེ་གཉིས་གོང་དུ་གསལ་བཤད་བྱས་པ་བཞིན་ཡིན།
འོ་ན་དམྱལ་བའི་སེམས་ཅན་དེ་དག་བརྫུས་ཏེ་སྐྱེ་སའི་གནས་དེ་གང་དུ་ཡོད་དམ། དམྱལ་བའི་སེམས་ཅན་ནི་གཟུགས་མེད་པའི་གྲས་སུ་མི་འཇོག་པར་འདོད་ཁམས་པའི་གྲས་སུ་འཇོག་པས། སེམས་ཅན་ཚ་དམྱལ་བ་ལྟ་བུར་མཚོན་ན་འདོད་ཁམས་ཀྱི་ཕྱོགས་གང་ཞིག་ཡོད་དམ། མངོན་པ་མཛོད་ཀྱི་དམྱལ་བའི་བཤད་ཚུལ་དེ་ཁས་མི་ལེན་མཁན་ཞིག་ཡིན་པའི་དབང་དུ་བཏང་ན།
དོན་ངོ་མར་ཕྱི་དོན་དུ་གྲུབ་པ་བདེན་ནམ་སེམས་ཙམ་དུ་གྲུབ་པ་བདེན། འདི་ནི་ངས་ཉི་མ་རྟག་པར་འདྲི་ན་འདོད་པའི་དྲི་བ་ཞིག་ཡིན། སྐུ་མཁྱེན་ལན་ཞིག་གསུངས། སེམས་ཙམ་དུ་གྲུབ་པ་བདེན་ན་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་དེ་གྲུབ་མཐའི་ཡང་རྩེ་ཞིག་ཏུ་ཇི་ལྟར་ཁས་ལེན།
སྤྱོད་འཇུག་ལས། སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་འདི་སློབ་དཔོན་ཞི་བ་ལྷའི་རང་ལུགས་ཡིན་ན་སློབ་དཔོན་ཁོང་ཡང་སེམས་ཙམ་པར་མི་འགྱུར་གྲང་།
སེམས་སྣང་ཙམ་ཡིན་ཟེར་དུས་ཕྱོགས་འཇོག་ནི་མ་རེད། ཕྱོགས་སྣང་ན་དེ་ཡང་སེམས་སྣང་ཙམ་རེད། ཕྱོགས་གང་ན་ཡང་ཡོད་ནི་མ་རེད། སེམས་སྣང་ཙམ་རེད་ཟེར་དུས་མངོན་པ་མཛོད་ཁས་མ་བླངས་པ་ཡང་མ་རེད། གོང་དུ་ཞུས་པ་བཞིན་། ཨ་རིའི་དམག་དཔོན་དེ་ཚོས་ཨ་དམག་ཝེ་ཏི་ནམ་ལ་ཡོད་པ་ཁས་ལེན་རྒྱུ་རེད་ལ། རྩིག་ངོས་ཀྱི་ས་ཁྲ་ཡང་ཁས་ལེན་གྱི་རེད། འོན་ཀྱང་དེ་གཉིས་འགལ་བ་མིན་པར་ཁས་ལེན་གྱི་རེད།
ཐམས་ཅད་སེམས་ཙམ་ཡིན་ན་མགོན་པོ་ཀླུ་སྒྲུབ་ལ་རྒྱལ་བ་གཉིས་པ་ལྟ་བུར་བསྟོད་ཚིག་ཅིའི་ཕྱིའི་འབྲི།
དམྱལ་བ་སེམས་སྣང་ཙམ་དུ་ཁས་ལེན་པས་སེམས་ཙམ་པར་ག་ལ་འགྱུར། དབུ་མ་བས་ཀྱང་རྨི་ལམ་སེམས་སྣང་ཙམ་དུ་ཁས་ལེན་པ་གང་ཞིག་མཚུངས་པའི་ཕྱིར། སེམས་ཙམ་པ་ཡིན་པ་ལ་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཟེར་བའི་མདོ་དེ་སྒྲ་ཅི་བཞིན་པར་ཁས་ལེན་མཁན་ཅིག་དགོས་ནི་རེད།
ཨ་རིའི་དམག་དཔོན་ཚོས་རང་གི་དམག་མི་ཡོད་སའི་ས་ཆ་དངོས་དང་ས་ཆ་དེ་མཚོན་པའི་ཤོག་བུའི་རི་མོ་གཉིས་ཁ་ཁ་ཡིན་པར་ཅིའི་ཕྱིར་ཁས་མི་ལེན། འདི་ངོ་མ་དགོད་སྤྱད་མ་རེད་དམ། འོ་ན་ཨ་རིའི་དམག་དཔོན་ཚོས་ཐ་མག་འཐེན་དུས་མེ་སྟག་ལྷུང་ནས་ས་ཁྲ་ཚིག་ན་ས་ཆ་ཚིག་པས་ཁས་ལེན་ནམ། དེ་འདྲ་དཔེ་མི་སྲིད། འདི་དཔེ་དོན་མི་འགྲིག་གི
དམྱལ་བ་སེམས་སྣང་ཙམ་དུ་ཁས་བླང་བས་ཐམས་ཅད་སེམས་སྣང་ཙམ་དུ་ཅི་ལྟར་སྒྲུབ།
སེམས་ལ་སྣང་ཙམ་དང་སེམས་སྣང་གཉིས་ལ་ཁྱད་པར་ག་རེ་འདུག སེམས་ལ་སྣང་ཙམ་མ་གཏོགས་དོན་ལ་མེད་ཅེས་དང་། སེམས་སྣང་མ་གཏོགས་དོན་ལ་མེད་ཅེས་པ་གཉིས་མི་འདྲ་འམ། འོ་ན་སེམས་སྣང་ཟེར་ན་ག་འདྲ་ཞིག་ལ་གོ་དགོས། སེམས་ཙམ་པའི་འདོད་པ་ལྟར་ཕྱི་དོན་དུ་མ་གྲུབ་པར་སེམས་ཀྱི་འཆར་སྣང་ཙམ་ཞིག་ལ་མི་གོ་འམ།
རྨི་ལམ་སེམས་སྣང་ཙམ་དུ་ཁས་བླངས་པས་ཐམས་ཅད་སེམས་སྣང་ཙམ་དུ་ཁས་ལེན་མི་དགོས་པ་བཞིན་ནོ།
འོ་ན་དམྱལ་བ་སེམས་སྣང་ཙམ་དུ་ཁས་ལེན་ཐུབ་ས་ནས་ཐམས་ཅད་སེམས་སྣང་ཙམ་དུ་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཅི། དེ་ནི་དམྱལ་བ་ཞེས་པའི་འཇིགས་སུ་རུང་བ་ཞིག་དོན་ལ་མེད་པའི་ཕྱིར་རེད་དམ། དེ་ཡིན་ན་དེ་ལས་དགའ་བ་ཞིག་དང་སྐྱིད་པ་ཞིག་གང་ན་ཡོད། དངོས་ཡོད་མ་ཡིན་ན་སེམས་སྣང་ཟོ་ཡིན་ན་ཡིན་གི་ཆུགས།
འོ་ན་རྨི་ལམ་ནང་གི་དགེ་སྡིག་གི་བྱ་བ་དེ་དག་སེམས་སྣང་ཙམ་ཞིག་ཡིན་ནམ་མ་ཡིན། ཡིན་ན་དེ་དག་གིས་ལས་གསོག་པར་འགྱུར་རམ་མི་འགྱུར། མི་འགྱུར་ན། རྨི་ལམ་ན་ཡང་སྡིག་སེམས་མི་བྱ་ཞིང་། །ཞེས་པའི་དོན་ཅི།
སྡུག་པོ་མྱོང་སའི་དམྱལ་བ་རྨི་ལམ་ལྟ་བུར་སེམས་སྣང་ཡིན་ན་སྐྱིད་པོ་གཏོང་སའི་ལྷ་ཡུལ་རྨི་ལམ་ལྟ་བུར་སེམས་སྣང་ཅིའི་ཕྱིར་མིན།
རྨི་ལམ་གྱི་གླང་བོ་དེ་སེམས་སྣང་ཙམ་རེད། དེ་སེམས་ལ་སྣང་བ་མ་གཏོགས་སེམས་ལ་སྣང་བ་བཞིན་སྣང་ས་དེར་གླང་པོ་མེད། ཡོད་ན་ངའི་ཉལ་ཁང་ཆུང་ཆུང་འདིའི་ནང་དུ་གླང་བོ་དེ་ཤོང་དགོས་པ་ལ་མི་ཤོང་པའི་ཕྱིར་རོ། དེ་བཞིན་དུ་ང་ཤི་སོང་ནས། ཚ་དམྱལ་དུ་སྐྱེས་ན་ང་རང་མེའི་ངོ་བོར་སོང་ཚར་བས་དེར་གལ་ཏེ་སྣང་བ་ལྟར་ཡོད་ན་ང་ཤི་སའི་ཁང་པ་དེ་འབར་དགོས་པ་ལ་མི་ཚིག་པའི་ཕྱིར་རོ།
འོ་ན་རྨི་ལམ་སེམས་སྣང་ཙམ་དུ་ཁས་ལེན་ཐུབ་ས་ནས་ཐམས་ཅད་སེམས་སྣང་ཙམ་དུ་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན།
གལ་སྲིད་ལྷ་ཡུལ་དང་དམྱལ་ཁམས་གཉིས་ཀ་སེམས་སྣང་ཙམ་ཞིག་ཡིན་ན། དེའི་བར་གྱི་འཇིག་རྟེན་མི་ཡུལ་འདི་ཡང་ཅིའི་ཕྱིར་སེམས་སྣང་ཙམ་ཞིག་མ་ཡིན་ནམ། གལ་སྲིད་འདི་གསུམ་སེམས་སྣང་ཙམ་ཞིག་ཡིན་ན་འཁོར་འདས་ཐམས་ཅད་ཅིའི་ཕྱིར་སེམས་སྣང་ཙམ་ཞིག་མ་ཡིན་ནམ།
རིགས་པ་གཉིས་པ་དེ་མི་འགྲིག་སྟེ། ཁྱོད་ཤི་ནས་དམྱལ་བའི་སྐྱེས་པའི་དུས་སུ་ཁྱོད་ཀྱི་ལུས་དེའི་ཁོག་པ་ན་ཁྱོད་ཀྱི་རྣམ་ཤེས་མེད་པའི་ཕྱིར་རོ། །དེའི་དུས་ཀྱི་རོ་ཁང་དེ་ཆོས་ཅན། ཁྱོད་དམྱལ་བའི་མེས་མི་འཚིག་པར་ཐལ། དམྱལ་མེའི་རེག་བྱ་མྱོང་བའི་སེམས་ཅན་དེ་གནས་དེ་ན་མེད་པའི་ཕྱིར།
ལྷ་ཡུལ་ཟེར་ན་རྣམ་གྲངས་མ་འདྲ་བ་མང་པོ་ཡོད་ནི་རེད། དཔེར་ན་བདེ་བ་ཅན་ལྟ་བུ་ནི་སངས་རྒྱས་འོད་དཔག་མེད་ཀྱིས་ཞིང་སྦྱང་བའི་སྟོབས་ཀྱིས་གྲུབ་པ་རེད། དེ་བཞིན་དུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཡང་དེ་བཞིན་རེད། དེ་དག་ལ་ལས་ཀྱིས་སྐྱེས་པ་མ་རེད།
འ་ཁ་ཁ་ ཀླུ་སྨྱོན་འདི་ད་འདི་འདྲའི་རགས་མོ་ཅིག་རེད། ལུས་དང་ཁ་བྲལ་མ་ཐག་པ་དང་དམྱལ་བའི་བར་སྲིད་གྲུབ་པ་དུས་མཉམ་འེ་རེད། དེ་ཁང་པ་དེར་གྲུབ་པ་འེ་རེད། མིན་ན་ཁང་པ་དེ་ནས་བར་སྲིད་གང་གི་ངོ་བོ་ནས་ཕྱི་ལ་ཐོན་པ་རེད། ཤོད་ཅིག
གལ་སྲིད་དེ་ཡོད་ན་དེས་འཚིག་པ་ཡང་སྲིད་པར་ཐལ། མདོ་མཛངས་བླུན་ལས་སོར་མོའི་ཕྲེང་བ་ཅན་གྱིས་རང་གི་སྡོད་ཁང་དུ་གསོན་པོར་དམྱལ་མེའི་སྡུག་བསྔལ་མྱོང་བའི་དུས་སུ་དགེ་སློང་གཞན་གྱིས་སྒོ་ལྕགས་ཁོང་གི་ཁང་པའི་ཟྭ་ཁོག་ཏུ་བཅུག་པ་ན་ལྕགས་སྲེག་ལ་མར་རྡོག་རེག་པ་བཞིན་ཞུན་མར་ཞུ་བའི་ལོ་རྒྱུས་ཡོད་པའི་ཕྱིར།
ཚེ་འདིའི་རྣམ་ཤེས་ལུས་འདི་དང་འབྲེལ་ཐག་ཆོད་པ་དང་ཕྱི་མའི་བར་སྲིད་གྲུབ་པ་དུས་མཉམ་རེད། འདི་བར་དོ་ཁས་ལེན་མཁན་ཚང་མ་ཁ་གཅིག་གྲགས་རེད། དམྱལ་བའི་བར་སྲིད་ལ་ཡང་དམྱལ་བའི་ཚ་བ་དེ་མྱོང་གི་ཡོད་པ་རེད།
མནར་མེད་ལྟ་བུར་བར་སྲིད་མེད་པར་གསུངས་པ་བརྗེད་ཚར་སོང་ངམ། མནར་མེད་དང་ལྷ་ལ་སྐྱེ་བར་བར་སྲིད་ག་ལ་ཡོད། ཚ་དམྱལ་བ་ལྟ་བུར་ཡང་དེར་སྐྱེ་བའི་སྔ་ལྟས་སུ་ལུས་ལ་གྲང་བའི་ཚོར་སྣང་སྐྱེས་ཏེ་ཚ་བའི་འདུ་ཤེས་ཤིག་ལ་རེ་བས་རྐྱེན་བྱས་ནས་ཚ་དམྱལ་དུ་སྐྱེ་བར་ལམ་རིམ་ལས་མ་གསུངས་སམ། ཡིན་ན་ཡང་བར་སྲིད་གྲུབ་པའི་གནས་སྐབས་སུ་རོ་ཁོག་དེ་ན་རྣམ་ཤེས་མེད་པར་ཁས་ལེན་པ་མ་ཡིན་ནམ། ཤི་མ་ཐག་བར་སྲིད་གྲུབ་པ་མ་ཡིན་པར་ཤེས་པ་བརྒྱལ་ནས་འགྲོ་བ་ཡང་མ་ཡིན་ནམ།ན
ངའི་རྒྱུ་མཚན་ལ་ཁྱོད་ཀྱིས་ཁ་སྣོད་བྱེད་དགོས་ཀྱི་མ་རེད། དེ་ལས་ཁྱོད་ཀྱིས་རང་གི་ཁས་ལེན་ལ་ཁ་སྣོན་དང་ཇེ་གསལ་ལ་གཏོང་དགོས་པ་ལྷག་འདུག་ཀ
ད་འདི་གཉིད་བཤད་རྒྱག་གི་ཡོད་ས་རེད། དམྱལ་བ་དང་ལྷ་ལ་བར་སྲིད་མེད་པར་གང་ན་གསུངས་འདུག འདི་ཤིང་བཟོ་གསར་བ་ལྟར་རྟ་མ་རྟེའུ་འཕེན་གི་འདུག ཧཧཧཧཧ
“ཚེ་འདིའི་རྣམ་ཤེས་ལུས་འདི་དང་འབྲེལ་ཐག་ཆོད་པ་དང་ཕྱི་མའི་བར་སྲིད་གྲུབ་པ་དུས་མཉམ་རེད། ”
ཁྱོས་འདི་ཁས་ལེན་ན་རྣམ་ཤེས་དེས་ལུས་འདི་དང་འབྲེལ་ཐག་ཆོད་ཚར་ན་ལུས་འདི་འཇོག་སའི་ཁང་པ་དེ་དང་འབྲེལ་བ་ཅང་མེད་ཀ དེ་མེད་ན་ཁང་བ་དེ་མེས་འཚིག་པའི་སེམས་ཁྲལ་ཡང་མི་དགོས་ཀ རྣམ་ཤེས་འཁྱམ་པོ་དེ་ནི། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་བ་ཞིག་ཡིན་པས་ཁང་བ་མེར་འབར་བའི་ནང་དུ་ཨུ་ཚུགས་བྱས་ནས་སྡོད་དགོས་ཀྱི་ག་ལ་ཡོད།
དམྱལ་བ་དང་དང་ལྷ་ཡུལ་གཉིས་སུ་བརྫུས་ཏེ་སྐྱེ་བས་དེ་རུ་སྐྱེ་བ་ལ་བར་དོའི་གནས་སྐབས་འགྲིམ་མི་དགོས་པ་ཞིག་གསུངས་ཡོད་པ་མ་ཡིན་ནམ། རྫུས་སྐྱེས་ལ་བར་དོ་མེད་པར་མ་གསུངས་སམ།
གཟིམས་ཅ་གནང་། ང་ཉལ་རྒྱུ་ཡིན། ཁམས་གསུམ་ལས་གཟུགས་མེད་ལ་བར་སྲིད་མེད་པར་གསུངས། དེ་མིན་བར་སྲིད་མེད་ཟེར་བ་ཅིག་གང་ན་འདུག འདི་ལྟར་ཚོད་བཤད་བྱས་ནས་གང་ཡོང་།
ཡ་ཡ། ངས་མངོན་པ་མཛོད་སོགས་ལ་ཡང་སྐྱར་གཅིག་བལྟ། ཁྱོས་ཀྱང་གཅིག་ལྟོས་དང་།
དྲིན་ཆེན་པོ། སྤྱང་ལྟུག་མ་འཕེན། ད་ཉལ་རྒྱུ་ཡིན། ཁྱོད་རྫོགས་སོང་ཟིག ཧཧཧ
ཀུན་རྫོབས་ཀྱི་ཆོས་ཀུན་ཡང་དག་པའི་ཚད་མས་གྲུབ་བ་གང་ཡང་མེད་པས། མཐའ་གཅིག་ཏུ་འཇིག་རྟེན་གྱི་ཁམས་འདིའི་ཚད་འདི་ཙམ་ཞིག་དང་། དབྱིབ་འདི་འདྲ་ཡིན་ཟེར་ནས་འཇོག་པར་མི་ནུས། གོང་ས་མཆོག་གིས་གདུལ་བྱའི་དགོས་དབང་གིས་གསུང་ཚུལ་ཅི་རིགས་ཡོད་པ་ཡང་ཤེས་དགོས།
མ་དག་པའི་སྣང་བ་ནི་སྤྱོད་འཇུག་ལས་གསུངས་པ་ལྟར་སེམས་སྣང་ཡིན་པ་ལེགས་ཤོས་སུ་སྣང་། འོན་ཀྱང་སེམས་ཙམ་པ་ནང་བཞིན་དུ་ཁས་ལེན་མི་དགོས་དེ། དེ་དག་ཀུན་རྫོབ་ཏུ་སེམས་སྣང་ཡིན་པར་འདོད་ཀྱང་སེམས་སྣང་དུ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་འདོད་མི་དགོས་པའི་ཕྱིར།
མདོར་ན། སངས་རྒྱས་བཞུགས་པའི་སྐབས་སུ་བྱ་རྒོད་ཕུང་པོའི་རི་བོ་མཐོ་བ་དང་ཟླུམ་པར་བཤད་པ་ལྟར། སྐབས་དེ་དུས་ཀྱི་གདུལ་བྱས་དེ་ནང་བཞིན་སྣང་བར་འདོད། སེམས་ཅན་གྱི་ལས་སྣང་དེ་དུས་ཚོད་ཀྱི་འགྱུར་འགྲོས་བཞིན་དུ་འགྱུར་གྱི་ཡོད་དུས་འཇིག་རྟེན་གྱི་བཀོད་དབྱིབ་ཆེ་ཆུང་གི་ཚད་ཀྱང་འགྱུར་བཞིན་ཡོད་པ་ནི། གློག་ཞུའི་ཁ་ཕོར་དམ་ལྷོད་བྱས་ན་དེ་ལས་བྱུང་པའི་གློག་འོད་ཆེ་ཆུང་དང་། བྱད་དབྱིབ་སྣ་ཚོགས་སུ་འགྱུར་གྱིན་ཡོད་པར་ལྟར་སྣང་།
རྗེ་བཙུན་མི་ལ་གཡག་གི་ར་ཅྭོ་ནང་ལ་བཞུགས་སྐབས། རས་ཆུང་གིས་ཕྱི་ལོག་ནས་བལྟ་སྐབས་གཡག་ར་ཆེ་མ་སོང་ཡང་། ནང་དུ་བལྟ་སྐབས་མི་ལིའི་སྐུ་ཆུང་ངུར་མ་སོང་པ་ནང་བཞིན་དུ། སངས་རྒྱས་པའི་རྗེས་འཇུག་ལུང་ཚད་མ་བྱེད་པ་རྣམས་ཀྱི་ངོར་། དམྱལ་བ་རྡོ་རྗེ་གདན་ཀྱི་འོག་ནས་འོག་དུ་འགྲོ་སར་ཡོད་པར་སྣང་བ་དང་། མཚན་རིག་པ་དང་དེང་དུས་ཀྱི་རིག་པ་སྨྲ་བའི་བགས་ཆགས་འཐུག་པོར་སྒོས་པ་རྣམས་ཀྱིས། རྡོ་རྗེ་གདན་ནས་འོག་ནས་འོག་ཏུ་འམ། ཐད་ནས་ཐད་དུ་འགྲོ་ཐུབ་ན་ཨ་རིས་རྒྱལ་ཁམས་སུ་སླེབས་ཐུབ་པ་སྣང་ཞིང་། སངས་རྒྱས་ཀྱིས་འགྲེལ་བཤད་མཛད་པ་ནང་བཞིན་གྱི་དམྱལ་བ་གང་ཡོད་ཡིད་ཆེས་ད་དུང་བརྙེད་མེད་ལ། ད་དུང་མཚན་རིག་ཀྱི་ལམ་ལས་ནི་དམྱལ་བ་གར་ཡོད་ནམ་ཡང་བརྙེད་མི་ཐུབ་མ་ཟད་པར་དམྱལ་བ་ཡོད་པ་ཙམ་ཡང་བརྙེད་མི་ཐུབ།
སྤྱིར་མཚན་རིག་པས་དེ་སྔོན་འཛལ་གླིང་རིལ་པོ་ཞིག་ཏུ་བརྙེད་ཡོད་ཀྱང་། དུས་རབས་བཅུ་ཕྲག་གི་རྗེས་སུ་འཛམ་གླིང་ཟུར་གསུམ་དུ་བརྙེད་སྲིད། དཔེར་ན་དུས་རབས་བཅུ་དགུ་པའི་སྔོན་ལ་ཉི་མ་སྡོད་ས་གཅིག་ལ་སྡོད་པ་ལས། འགུལ་བསྐྱོད་བྱེད་པ་ཞིག་མིན་པ་འདོད་ལ། དེ་ལྟར་མཚན་རིག་པའི་ངོར་སྣང་། དུས་རབ་ཉི་ཤུ་པའི་ནང་དུ་ཉི་མ་ཡང་འགྲོ་བཞིན་འདུག་པ་བརྙེད་ནས་ད་ནི་མཚན་རིག་པ་རྣམས་དང་། དེ་དང་དེའི་རྗེས་འཇུག་རྣམས་ཀྱིས་ཉི་མ་ཡང་འགྲོ་བཞིན་ཡོད་པར་སྣང་བ་ལྟར་ལགས། སུའི་ངོ་དེ་བདེན་པ་རེད་ཟེར་དྲིས་ན། དཔལ་ལྡན་ཟླ་བས། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་དང་། །དོན་གསལ་མཐོང་ན་གཉིས་ཆར་བརྫུན་པ་ཡིན་གསུང་པ་འདོད།
འདས་ལོག་དེ་རྣམས་ནི་སངས་རྒྱས་ཀྱི་མདོ་སྔགས་གང་ནས་མ་གསུངས་པས། བཟང་པོ་དང་ཐིག་པོ་འདྲ་སྣང་ན་ཡང་། བཟང་ངན་གཉིས་ཆར་དུ་ལུང་བསྟན་དཀའ་སྙམས།
།འཆི་བས་འཇིགས་ནས་བྲེལ་ཟིང་མི་ཆེ་ཡང་། །ཁྱིམ་མིན་ཁྱིམ་འདིའི་བྱ་གཞག་མང་དྲགས་པས།
།དལ་བོར་བྲིས་དང་དག་བཅོས་བྱེད་པ་ཙམ། །དུས་ཚོད་དམ་པའི་རྐྱེན་གྱིས་ཁོམས་མ་སོང།
རིག་པའི་རལ་གྲི་ནས་མཆན་གང་བཏབ་ཕལ་ཆེར་ཕན་ཐོག་ཡོད་པ་རྐྱང་རེད། བསྟོད་བསྔགས་ཡོད། དེ་དང་མཉམ་དུ་དྲི་བ་ཅིག་ཡོད། སྡོམ་པ་ཕུལ་ཡུལ་ལ་དགེ་འདུན་པ་ཅིག་མི་དགོས་པར་རང་ཉིད་སྐྱ་སར་འབབ་སའི་བུད་མེད་དེ་ལ་ཕུལ་ན་འགྲིག་ཟེར། འདི་ལ་ཁུངས་ཅིག་འགོད་རོགས།
ཞེ་སྡང་འབར་བའི་མེས་ནི་རང་བརྒྱུད་བསྲེགས།།
གཏི་མུག་མུན་པ་འཐིབས་པས་ཤེས་རབ་རྨོངས།།
འདོད་ཆགས་རྒྱ་མཚོ་འགྲམ་དུ་རྣམ་ཤེས་བྱིངས།།
ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན།།
ཕྲག་དོག་རླུང་དམར་འཚུབ་པས་འཁོར་བར་གཡེངས།།
བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས།།
འདོད་པ་མེ་འདག་དོང་འདྲའི་འོབས་སུ་ལྷུང།།
སྡུག་བསྔལ་དྲག་པོ་མི་བཟོད་ཆར་ལྟར་འབེབས།།
འཇིག་རྟེན་འདི་ན་སྙིང་བོ་ཅི་ཡང་མེད།།
དེ་བས་བསམ་རྒྱུ་དྲན་རྒྱུ་མ་མང་པར།།
ཁ་རོག་སྡོད་དང་དེ་ལས་ལྷག་ཞིག་མེད།།
གདུལ་འདུལ་རོལ་རྩལ་འདི་ཉིད་ངོ་མ་མིང་དོན་མཚུངས་པའི་གཏེར་ཆེན་ཞིག་ཡིན་པ་འདྲ་གཏེར་ཆོས་མང་པོ་ཤར་མ་སྤེལ་སོང་།
དྲ་ངོས་འདི་ན་མཚན་བརྗོད་ལས། །
ཚིག་ལ་དབང་བ་ཚིག་མཐའ་ཡས། །
ཞེས་པའི་དཔེ་མཚོན་འགའ་རེ་འདུག །
དགའ་བ་ལ་དང་སྐྱིད་པ་ལ། །
གོང་དུ་དྲྭ་གྲོགས་ཚོས་སྡོམ་པ་འབུལ་ཚུལ་སྐོར་གསུང་གིན་འདུག་པས་ངས་འདིར་སྡོམ་པ་འབུལ་ཆོག་སྨིན་གླིང་ཆེན་ལོ་ཆེན་དྷརྨཱ་ཤྲཱིས་མཛད་པ་དེ་
ཆ་ཚང་བྲིས་ནས་བསྐུར་ཡོད།
༄༅། །འབུལ་ཆོག་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱགས་འཚལ་ལོ། འདིར་བསླབ་པ་བསྲུང་མི་ནུས་པས་སླར་འབུལ་
བར་འདོད་ན། གང་ལ་འབུལ་ཡུལ། མིའི་འགྲོ་བ་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་མ་ཡིན་པ་སྟེ་
ཐ་སྙད་ལྔ་དང་ལྡན་པའི་སོ་སྐྱེས་ཕལ་པ་ལྟ་བུ་གང་ཟག་གི་དྲུང་དུ་དབེན་པ་མ་ཡིན་པའི་གནས་སུ། གང་གིས་འབུལ་བ་པོ་སྨྱོ་བ། སེམས་འཁྲུག་པ། མྱོས་པ།
གླེན་པ། ལྐུག་པ། འོན་པ། གཉིད་ལོག་པ། སྙོམ་འཇུག་སོགས་སྤྲུལ་པ། དུད་འགྲོའི་གཟུགས་བརྙན། དབེན་པ་མ་ཡིན་པའི་གང་ཟག་གིས་འབུལ་འདོད་ཀྱི་
ཀུན་སློང་དང་ལྡན་པས་སླར་འབུལ་བར་བྱ་སྟེ། དེའི་འབུལ་ཆོག་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་༼མིང་འདི་༽ཞེས་བྱ་བས་དགེ་ཚུལ་གྱི་སྡོམ་
པ་འབུལ་ལོ། བདག་དགེ་བསྙེན་དུ་བཟུང་དུ་གསོལ། ཞེས་བརྗོད་དུ་གཞུག །དེ་ལྡར་ཕུལ་བའི་ཕན་ཡོན་ཀྱང་། ཇི་སྐད་དུ། གང་ཞིག་བསླབ་ལ་མི་གནས་པ། །
བདེ་གཤེགས་རྒྱལ་མཚན་འཆང་བ་ལས། །བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་བོར་ཁྱིམ་པར་གནས་པ་བཟང་། །ཞེས་དང་། བདེ་བར་གཤེགས་པའི་
རྒྱལ་མཚན་འཛིན། །གཟུགས་ཙན་ལ་ནི་བརྟེན་ནས་སུ། །གླང་ཆེན་སྣ་ལ་རལ་བཏགས་སམ། །སྤྲུམ་མ་སྐྱུར་རྩི་འཐུངས་པ་ལྟར། །མི་དེ་ཉི་མ་གཅིག་ལ་ཡང་། །
སྡིག་པའི་ས་བོན་དཔག་མེད་དང་། །རང་ལ་གནོད་པ་སྣ་ཚོགས་པ། །བྱེད་པར་འགྱུར་བ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་སྡོམ་པ་སླར་བླང་དུ་ཡོད་པ་དང་།
རྒྱུད་གསོར་མི་རུང་དུ་མི་འགྱུར་བ་ལ་སོགས་པའི་ཕན་ཡོན་ཡོད་དོ། །འདིར་དགེ་ཚུལ་འབུལ་ཆོག་ཙམ་བརྗོད་ཀྱི། གཞན་དུ་དགེ་སློང་འབུལ་ན། དགེ་སློང་
གི་སྡོམ་པ་འབུལ་ལོ། །བདག་དགེ་ཚུལ་དུ་བཟུང་དུ་གསོལ། ཞེས་དང་། གཞན་ཡང་སྡོམ་པའི་ངོ་བོ་བསླབ་པ་འབུལ་ལོ། དང་། རྩ་བ་སངས་རྒྱས་འབུལ་ལོ། དང་།
ཉེ་སྦྱོར་འབུལ་ལོ། སློབ་དཔོན་འབུལ་ལོ། ཞེས་སོགས། དང་། བསླབ་པ་བཏང་། བདག་ཟ་མའོ་ཞེས་སོགས། མཚམས། གྲོགས་སྤང་བའི་བདག་ཚང་པར་འབུལ་
ལོ་ཞེས་སོགས། ཆོ་ག་རྣམས་ཀྱང་གསུངས་ཏེ་དགོས་ན་ཇི་ལྟར་རིགས་པར་སྦྱར་རོ། ཕམ་པ་འཆབ་བཅས་ཅན་ལའང་སྡོམ་པ་ཡོད་པ་འབུལ་དུ་རུང་ཞིང་།
རྒྱུད་གསོ་མི་རུང་དུ་ཉམ་པའི་ཕྱིར་འབུལ་ཀྱང་། སླར་སྐྱེ་བ་ནི་མ་ཡིན་པས་ཁྱད་པར་ཡོད་ལ། འོན་ཀྱང་བར་མ་རབ་བྱུང་ཙམ་ལེན་རུང་བར་བཞེད་དོ། ཞེས་པའང་དྷརྨཱ་ཤྲཱིས་ཟིན་བྲིས་སུ་བྱས་པའོ། ། འབུལ་ཆོག་འདི་ལོ་ཆེན་གསུང་འབུམ་དུ་ཡོད་ཅིང་འདི་ནི་ཆོས་གྲོགས་ཞིག་ལ་དཔེ་གཡར་ཏེ་བྲིས་སོ།
སྐབས་འདིར་ཕམ་པ་འཆབ་བཅས་ཅན་ལ་སྡོམ་པ་ཡོད་པར་བཤད་པའི་དོན་ནི་སྡོམ་པ་ཉམ་པ་དང་སྡོམ་བཏང་བའི་ཁྱད་པར་དང་། དེ་བཞིན་ཕམ་པ་སྡོམ་
པའི་གཏོང་རྒྱུ་ཡིན་མིན་ལ་ཉན་ཐོས་ཀྱི་གྲུབ་མཐའ་རྣམས་འདོད་པ་མི་འདྲ་བ་དུ་མ་ཡོད་པའི་ཚུལ་ཤེས་པར་འདོད་ན་ཞི་བ་སྤྱིར་བསྟན་གྱི་མཐའ་
དཔྱད་འདུལ་འགྲེལ་རྒྱས་པ་རྣམས་སུ་གཟིགས་པར་ཞུ།
ད་ཡིན་ན་ཨ་ལགས་ཀླུ་སྨྱོན་སྐད་བཟང་ཞིག་ཐོས་རྒྱུ་ཡོད་ཀི།
གཞོན་ནུ་ཟླ་མེད་ལགས།
དཔལ་ཆེན་གྱིས་འདྲེན་མཛད་པའི་སྨིན་གླིང་ལོ་ཆེན་གྱི་ལུང་དེས་ཉིད་ལ་དྲི་བ་་དེ་ལ་གསལ་བཤད་བྱས་འདུག་བས་དེས་མཐུས་པར་བྱ།
སྨིན་གླིང་ལོ་ཆེན་གྱིས་བཞག་མཛད་པའི་ཕུལ་ཡུལ་གྱི་མཚན་ཉིད་། འདུལ་འགྲེལ་མཚོ་ཏྲིག་སོགས་ནས་གསུངས་པ་དེ་རང་རེད།
ཉིད་ཀྱི་དྲི་བར་ དག་བཅོས
དཔལ་ཆེན་དང་རིག་པའི་རལ་གྲི་གཉིས་ལ་འདིར་བཞུགས་བསླབ་པ་ཕུལ་འདོད་པ་རྣམས་དང་། དེ་མིན་བསླབ་པ་ཕུལ་ཆོག་སྐོར་ཤེས་འདོད་པ་རྣམས་ཀྱི་ཚབ་བྱས་ན་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡང་དྲི་བ་གཅིག་ལྷག་བསྡད་པ་ནི། སྐུ་གསུངས་ཐུགས་རྟེན་ལ་ཕུལ་བར་ཁུངས་དག་མོ་ཅིག་ཡོད་མེད་འགོད་རོགས་ཞུ་རྒྱུ་ཡིན།
ངས་དགེ་ལུགས་ཕྱོགས་ནས་ཕྱག་སྲོལ་ཡོད་པ་བཞིན། གཙོ་བོ་མཚོ་ཊིཀ་ཉི་མའི་འོད་ཟེར་དང་། རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་བ་གཉིས་ལ་སློབ་གཉེར་བྱས་པ་ཡིན། འོན་ཀྱང་དེ་ནས་སྐུ་གསུངས་ཐུགས་རྟེན་ལ་ཕུལ་བ་འདི་མི་འདུག་སྙམ། དེས་ན་རྙིང་མའི་ཕྱོགས་ན་དེ་ལ་ཕྱག་ལེན་ཅི་འདྲ་རེད་འདུག
ལྷ་སའི་ཇོ་བོའི་མདུན་དང་། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་བེམ་པོའི་རྟེན་ཅན་ལ་སྡོམ་པ་ཕུལ་བ་ནི། སྡོམ་པར་གུས་པ་མཚོན་ནུས་ཀྱང་། སྔར་འབྲི་གུང་པའི་སྒོམ་ཆེན་ཁ་ཤས་ཀྱིས ཆོས་རྗེ་ས་པཎ་གྱི་བཀའ་དྲིའི་ལན་དུ། འོག་མིན་ལ་ག་བ་ག་བ། སྟེང་མིན་ལ་གཤེགས་སོང་། ཕྱག་རྒྱ་ཆེན་པོའི་གསེར་སྐུ་ཁྲུ་གང་ཙམ་ཞིག་འཁྲུངས་འདུག་ཟེར་པའི་རྣམ་མཐར་ལས་མ་འདས་སོ།
ཀུན་མཁྱེན་མཚོ་སྣ་བ་ནི། འདུལ་བ་མཚོ་ལ་ཐུག་ཞེས་པའི་ས་སྐྱ་པའི་མཚན་ཉིད་ཀྱི་སློབ་གྲྭ་ནང་དུ་གྲགས་པ་ལྟར། བོད་ཀྱི་འདུལ་འགྲེལ་ཕ་ཆེ་བས་གཞི་གཅོལ་ས་ཡིན་བརྟེན་བོད་ཀྱི་མཁས་པ་རྣམས་ལ་འདུལ་བའི་སྐོར་ལ་མ་མཐུན་པ་མེད། དགེ་སློང་གི་དགེ་མདུན་ཁོ་ནས་བུད་མེད་བསྙེན་པར་རྫོགས་ན་ལས་ཆགས་མིན་མ་གཏོགས་སོ།
གོང་དུ་མཆན་ ༩༩ པར་གཞོན་ནུ་ཟླ་མེད་ནས། སྐུ་གསུངས་ཐུགས་རྟེན་ལ་ཕུལ་བར་ཁུངས་དག་མོ་ཅིག་ཡོད་མེད་འགོད་རོགས་ཞུ་རྒྱུ་ཡིན།
ཞེས་པ་ལ་སྐུ་གསུང་ཐུགས་རྟེན་ལ་འབུལ་མི་ཆོག་པ་སངས་རྒྱས་ཀྱི་བཀག་པ་རེད་སྤྱིར་འདུལ་བ་ལུང་གི་རྗེས་འབྲང་ཟེར་བས་ལས་རྒྱུ་འབྲས་
ཀྱི་རྣམ་གཞག་འདི་ལུང་གི་རྗེས་སུ་འབྲང་བ་ལས་རིག་པས་དཔྱད་པ་ཆེར་བྱེད་ཀྱི་མེད། མཚོ་ཆེན་དུ་འདི་སྐོར་ལ་ཞིབ་ཕྲ་ཡོད་ཀྱང་དེ་རིང་
གསལ་བོར་དྲན་གྱི་མི་འདུག ཡིན་ན་ཡང་གང་ལ་འབུལ་བའི་ཡུལ་གོང་དུ་ལོ་ཆེན་གྱིས་གསུང་པ་བཞིན་མཚོ་ཊིག་སོགས་འདུལ་འགྲེལ་
ཚང་མ་གཅིག་མཚུངས་ཡིན། སྤྱིར་འདི་ཚོའི་རིགས་ལ་རྙིང་དགེ་ལུགས་ཟེར་བའི་ཁ་ཁ་མེད་ཚང་མ་ལུང་ལ་ཁུངས་གཏུགས་དུས་ཐུག་ས་
གཅིག་རེད། རྙིང་མའི་ལུགས་ལ་འདུལ་བའི་ཕྱག་ལེན་དེ་ལོ་ཆེན་གྱི་ལུགས་གཞིར་བཟུང་རེད།
འབུལ་ཡུལ་གྱི་རྟེན་ནི་མིའི་འགྲོ་བ་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་
མཚན་གཉིས་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པ་ཞིག་དགོས་པ་དང་དེ་ཡང་འགྲེལ་ཆེན་རྣམས་སུ་རེ་རེ་བཞིན་ལུང་གི་ཁུངས་དང་
བཅས་ཏེ་བཤད་ཡོད་པས་དེར་གཟིགས།
རིག་པའི་རལ་གྲི་ནས་ལན་བཏབ་པར་ཐུགས་རྗེ་ཆེ། དེ་ནས་མཚོ་ཊིཀ་དང་རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་བ་ནི་ངས་ཀྱང་ཞིབ་ཚགས་པོ་ཐོག་ནས་ཀློག་མྱོང་བས་དེར་སྐུ་འདྲ་ལ་ཕུལ་བ་དེ་འདྲ་མེད་སོང་ཙང་ཆོས་བརྒྱུད་གཞན་ན་འདི་ལ་ཕྱག་ལེན་འདྲ་ཡོད་ན་སྙམ་ནས་དྲི་བ་དེ་ཕུལ་བ་ཡིན། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།
དོགས་པ་དེ་ལྟར་ཡོང་དགོས་པ་ཡང་། ངས་བལྟས་མྱོང་བའི་འདུལ་བའི་ཕྱག་དཔེ་དག་ན་མ་མཐོང་ལ། ཕྱག་ལེན་ནང་དུ་དེ་ལྟར་ཕུལ་ཀྱི་ཡོད་པ་མཐོང་མྱོང་བས་དོགས་པ་དེ་ལྟར་བྱུང་བ་ཡིན།
ངས་ཀྱང་འདི་ནས་རང་གི་ངོ་ཤེས་པའི་གྲྭ་བ་བསླབ་པ་ཕུལ་འདོད་མཁན་དེ་ཚོར་དེ་སྔ་སྐུ་གསུངས་ཐུགས་རྟེན་སོགས་ལ་ཕུལ་བ་འདུལ་བ་ནས་མཐོང་མ་མྱོང་ཅེས་ཤོད་ཀྱི་ཡོད་ལ་དེ་འགོག་གི་ཡོད།
ད་ནི་དྲི་བ་གཞན་ཞིག་འབུལ་གྱི་ཡིན། སྤྱིར་སོ་ཐར་གྱི་སྡོམ་པ་ལེན་པ་ལ་ཐོག་མར་རང་ཉིད་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བསམ་བློ་ཞིག་གིས་རྒྱུ་བྱས་ནས་སྡོམ་པ་ཞུ་དགོས་པ་ནི་རྗེ་བླ་མས། འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ་ལས། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །ཞེས་གསུངས་པ་ལ་བརྟགས་ན་ཤེས་ནུས། ཡིན་ན་ཡང་། རང་རེའི་བོད་ཀྱི་རབ་བྱུང་བ་གང་མང་ཞིག་གིས་སྡོམ་པ་ཞུ་བ་དེ་གྲྭ་པའི་སྤྱི་ཚོགས་ཤིག་ཏུ་ཚུད་པའི་ཆེད་དུ་མ་གཏོགས་འཁོར་བ་ལས་ཐར་པའི་ཐར་བ་ཞིག་གི་ཆེད་དུ་ཞུ་མཁན་ཡིན་མིན་བརྗོད་ཁག་པོ་ཞིག་རེད། དེ་བཞིན་སྡོམ་པ་ཞུས་པའི་རྗེས་སུ་ཡང་སྡོམ་པ་འདི་ལ་བརྟེན་ནས་ཐར་པའི་གོ་འཕང་ཞིག་བསྒྲུབ་བསམ་པའི་བློ་སྐྱེས་ཡོད་མཁན་ག་ཚོད་ཅིག་ཡོད་དམ། ཐོག་མར་ངེས་འབྱུང་མེད་པར་སྡོམ་པ་བླངས། བར་དུ་ངེས་འབྱུང་མེད་པར་སྡོམ་པ་བསྲུངས། ཐ་མར་ངེས་འབྱུང་མེད་པར་སྡོམ་པ་ཤོར་བ་སོགས། སྡོམ་པ་འདིའི་ཐོག་མཐའ་བར་གསུམ་དུ་ངེས་འབྱུང་གི་བསམ་བློ་ཞིག་མེད་ན་གང་ཟག་དེའི་རྒྱུད་ལ་སྡོམ་པ་དེ་སྐྱེ་བའི་གནས་ཤིག་ཡོད་དམ། རྒྱུ་ངེས་འབྱུང་མེད་པར་དེའི་འབྲས་བུར་གྱུར་པའི་སྡོམ་པ་ཞིག་སྐྱེ་ཐུབ་བམ། ཐུབ་ན་རྒྱུ་མེད་པའི་འབྲས་བུ་ཁས་ལེན་གི་ཡིན་ནམ། འདི་གཞོན་ནུ་ཟླ་མེད་ལགས་སུ་ཕུལ་བ་ཡིན།
གཙང་སྨྱོན་ཧེ་རུ་ཀ་དཔལ།།
མི་བརྗེད་གཟུངས་ཀྱི་གཏེར་མཛོད།།
ཀླུ་སྨྱོན་ཧེ་རུ་ཀ་དཔལ།།
འདོད་ཆགས་སྒོམ་པའི་མཁན་པོ།།
ཉི་ཟླ་ཧེ་རུ་ཀ་ནི།།
གསར་སྐྱེས་སྔགས་རྒྱག་སྨན་པ།།
སུ་ཡི་རྟོགས་པ་མཐོ་དམན།།
ད་དུང་དཔྱད་གཞིར་གྱུར་ཡོད།།
ཀླུ་སྨྱོན་ཉི་ཟླ་རྣམ་གཉིས།།
བསམ་རྒྱུ་དྲན་རྒྱུ་མ་མང་།།
སོ་སོའི་འདུན་ལམ་ནོར་འགྲོ།
དྲི་བ་འདི་གལ་ཆེན་པོ་ཡིན་པས་མཚོ་ཊིཀ་ན་བཀོད་ཡོད་ལ་ལན་ཡང་ཡོད། དེ་ཡང་ཀུན་མཁྱེན་མཚོ་སྣ་བ་ཁོང་གིས་བོད་ཀྱི་དགེ་འདུན་པ་ཕལ་ཆེར་ལ་སྡོམ་པ་མེད་ཅེས་སྐུར་འདེབས་ཞུ་མི་སྤོབས་གསུངས་འདུག་ཀ ངེས་འབྱུང་ཡོད་ན་ཡང་ཆོ་ཀའི་སྐབས་སུ་གཉིད་ཁུགས་པ་སོགས་འདི་འདྲའི་རིགས་མང་ནི་རེད། འོན་ཀྱང་དེ་ཚང་མ་ལ་སྡོམ་པ་ཡོད་པར་མཚོ་ཊིཀ་ལས་གསུངས་པ་བཞིན་ཡིན། ངེས་འབྱུང་བསམ་པའི་རྒྱུ་བྱས་ནས་ཅེས་པའི་རྒྱུ་འདི་ཡང་། རྒྱུ་འབྲས་དུས་མི་མཉམ་པའི་ལུགས་ལྟར་བྱས་ན་གྲུབ་མཐའ་གོང་མའི་ཤན་ཞུགས་པ་རེད། འདུལ་བའི་ཕྱག་ལེན་ནི་ལྟ་བ་ཅི་ལྟར་མཐོ་ན་ཡང་། བྱེ་བྲག་སྨྲ་བའི་ལུགས་ལྟར་རེད། ཀླུ་སྒྲུབ་ཡབ་སྲས་ཡིན་ན་ཡང་འདུལ་བའི་ཕྱག་ལེན་སྐོར་བྱེ་བྲག་སྨྲ་བར་བསྟུན་དགོས་པ་རེད། ང་ཚོ་བོད་ལ་དར་བའི་འདུལ་བའི་ཕྱག་ལེན་རྣམས་བྱེ་བྲག་སྨྲ་བའི་ནང་ཚན་ཡོད་པར་སྨྲ་བ་ལྟར་རེད། གལ་ཏེ་བསླབ་བྱིན་དགེ་སློང་ཞིག་གིས་རྟེན་དེ་ལ་དགྲ་བཅོམ་པའི་གོ་འཕངས་ཐོབ་སོང་ན་དོན་ལ་ཡེ་ཤེས་ཁོང་དུ་ཆུད་ནས་དགེ་སློང་དག་མ་ཡིན་ན་ཡང་། དག་མིང་ཐོབ་ཀྱི་མ་རེད། སྡོམ་ལས། དཔེར་ན་བསླབ་བྱིན་དགེ་སློང་ཕྱིར་མི་འོངས།། ཐོབ་ཚེ་ཕམ་པ་དོན་ལ་དག་ན་ཡང་།། དག་མིང་མི་ཐོབ་ཁ་སྐོང་མི་འོས་བཞིན།། གསུངས་པ་ལྟར་རེད།
གོང་གི་བསླབ་བྱིན་དགེ་སློང་ཕྱིར་མི་འོངས་ཅེས་བཅོས་དགོས།
ལྷག་པར་དུ་རྒྱུ་ཟེར་བ་འདི། རྣམ་འགྲེལ་ལས་གསུངས་པའི་ཉེར་ལེན་ལ་གོ་ན་རྩ་ནས་མི་འགྲིག་སྟེ། ངེས་འབྱུང་ནི་ཤེས་པ་ཡིན་ལ། སྡོམ་པ་ནི་གཟུགས་ཡིན་པས་སོ། དེ་ཡང་རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།། གསུངས་པ་ལྟར། རྣམ་ཤེས་དང་རྣམ་ཤེས་མིན་པའི་དངོས་པོ་བར་ཕན་ཚུན་ཉེར་ལེན་བྱེད་པ་གྲུབ་མཐའ་གང་གིས་ཀྱང་ཁས་མི་ལེན་ཀ འདི་ལྟར་གྲུབ་མཐའ་སོ་སོའི་འདོད་ཚུལ་སྤུ་རིས་ཕྱེ་ན་ད་བཟོད་ནང་པའི་ལྟ་གྲུབ་ཀྱི་དགེ་མཚན་དང་ཁྱད་པར་རང་གི་སེམས་ལ་འབྱེད་ཐུབ་ཀྱི་རེད།
སྡོམ་པ་དེ་རྒྱུ་དྲུག་གི་ནང་ནས་གང་ལས་སྐྱེས་ཟེར་ན། དེ་ཡང་སྡོམ་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་དང་སྐལ་མཉམ་དང་།། མཚུངས་ལྡན་ཀུན་འགྲོ་རྣམ་སྨིན་རྒྱུ་དྲུག་གི། ནང་ཚན་བྱེད་རྒྱུ་ལྷན་ཅིག་འབྱུང་རྒྱུ་དང་།། སྐལ་མཉམ་རྒྱུ་གསུམ་ལས་ནི་སྐྱེ་བར་འདོད།། གསུངས་པ་ལྟར་ཡིན། གོ་རྒྱུ་འདྲ་འེ་འདུག ཧཧཧཧཧ
དྲི་བ་འདི་ཐག་ཉེ་ས་ནས་འདྲི་བར་བྱ་སྟེ། གལ་སྲིད་གྲྭ་པ་ཞིག་གིས་སྐད་ཆ་བདེན་པ་བརྗོད་དེ་ཁོ་བོར་ངེས་འབྱུང་མེད་སྡོམ་པ་ཡོད་ཅེ་ན་ལན་ཅི་གདབ།
དེ་ཡང་འགྲིག་བསྡད་ཡོད་པ་རེད་དྲན། དགེ་ཚུལ་ཅིག་ལ་མཚོན་ནས་བཤད་ན་དེ་བདེན་པ་ཡིན་ལ། འགྲིག་པ་ཡང་ཡིན།
ད་དུང་འདྲི་བར་བྱ་སྟེ། བསྐལ་བཟང་གི་སངས་རྒྱས་སྟོང་གི་དང་པོ་གསུམ་སྟེ་འཁོར་བ་འཇིག་དང་གསེར་ཐུབ། དེ་བཞིན་འོད་སྲུང་བཅས་ཀྱི་དུས་སུ་དགེ་ཚུལ་སློང་གི་སྡོམ་ཁྲིམས་ལ་མི་འདྲ་བའི་ཁྱད་པར་ཨེ་ཡོད། དེ་གསུམ་དང་བདག་ཅག་གི་སྟོན་པ་འདིའི་རིང་བཅས་པའི་དགེ་ཚུལ་སློང་གི་བསླབ་པའི་བར་དུ་མི་འདྲ་བར་ཁྱད་པར་ཨེ་ཡོད། གལ་སྲིད་གཅིག་པ་ཡིན་ན་སངས་རྒྱས་དང་པོ་གསུམ་གྱི་རིང་ལ་ཡང་བཞི་བའི་རིང་གི་བཅས་ཁྲིམས་མཛད་སའི་དགེ་སློང་འཆར་ཀ་དང་དགེ་སློང་མ་སྦོམ་དགའ་མོ་གཉིས་འདྲ་བ་བྱུང་བ་རེད་དམ། ཀླུ་ཨེ་ལའི་འདབ་མའི་བྱུང་བར་དཔྱད་ན་ཁོའི་སྐྱེ་བ་སྔོན་མ་གྲྭ་པའི་དུས་ཀྱི་སངས་རྒྱས་དེའི་རིང་ལ་ཡང་རྩྭ་དང་ལྗོན་ཤིང་གཅོད་མི་ཆོག་པའི་བཅས་པ་ཡོད་འདུག ད་དུང་ཡོད། སངས་རྒྱས་དང་པོ་གསུམ་གྱི་རིང་ལ་བུད་མེད་རབ་ཏུ་བྱུང་བ་ཡོད་དམ་མེད། ཡོད་ན་མདོ་ཁུངས་གང་ནས་གསུངས། མེད་པ་ཅིའི་ཕྱིར་མེད་པ་རེད། དྲི་བ་འདི་ཡང་ཟླ་མེད་ལགས་སུ་ཕུལ་བ་ཡིན། དགོངས་དག་ཆོས་གྲོགས་ཡིན་པས་ནང་ཚང་ལྟ་བུར་ཨོ་བརྒྱལ་བཟོ་དགོས་བྱུང་སོང་།
ཨོ་ན་དགེ་སློང་ཞིག་ཡིན་ན་ཡང་འཁོར་བ་ལ་ཞེན་ཆགས་ཆེན་པོ་ཅན་ག་ཚོད་མཐོང་རྒྱུ་འདུག ཡིན་ན་ཡང་ཁོང་རྣམ་པའི་ཁྲོད་དུ་འདུལ་སྡོམ་ཡག་པོ་སྲུང་མཁན་འདུག་ག རང་རང་གི་ཁང་པ་ལ་ཆགས་པ། ཕ་མ་ལ་ཆགས་པ། གཉེན་ཉེ་ལ་ཆགས་པ། ད་ལྟའི་དུས་འདིར་གློག་ཀླད་ལ་ཆགས་པའི་དགེ་སློང་ཡོད་ཐག་ཆོད་རེད། འདི་ཚོར་ངེས་འབྱུང་མེད་པ་རེད། ཆགས་སེམས་དང་ངེས་འབྱུང་གཉིས་ལྷན་གཅིག་མི་གནས་འགལ་ལོས་ཡིན། ཡིན་ན་ཡང་སྡོམ་པ་ཡོད་པ་རེད་པ། དཔེ་འདི་འདི་ལྟར་དགེ་སློང་ལ་ཡང་སྦྱོར་ཐུབ་ཀ
དཔེར་ན་གཉིད་ཁུགས་པའི་སྐབས་ཀྱི་ཀླུ་སྨྱོན་ཆོས་ཅན། སྡོམ་པ་མེད་པར་ཐལ། ངེས་འབྱུང་མེད་པའི་ཕྱིར། འདི་ལ་ལན་ཅིག་ཡོད་དམ། འོན་ཀྱང་དེའི་སྐབས་སུ་ངེས་འབྱུང་མེད་ན་ཡང་ངེས་འབྱུང་གིས་ཟིན་ཟེར་དགོས་པ་རེད། ཚུལ་ཁྲིམས་ཀྱི་ངོ་ཏི་ལ་སྡོམ་ལས། དང་པོ་མཚན་ཉིད་རང་གི་མི་མཐུན་པའི།། འཆལ་ཚུལ་དངོས་གཉེན་རིགས་གཏོགས་འདོད་སས་བསྡུས།། ཆོས་འདིའི་ངེས་འབྱུང་བསམ་ཟིན་སྤོང་གཟུགས་ཅན།། ཤི་འཕོས་གཏོང་བའི་རིགས་སུ་གནས་པའོ།། གསུངས་པ་ལྟར་རོ།།
གཉིད་མ་ཁུག་པའི་གནས་སྐབས་ཀྱི་ཀླུ་སྨྱོན་ཆོས་ཅན། ཁྱོད་ལ་སྡོམ་པ་ཟེར་བ་ཞིག་ཡོད་དཀའ་བར་ཐལ། ཁྱོད་ལ་མི་ཚེ་གང་བོར་ངེས་འབྱུང་ཟེར་བ་ཞིག་སྐྱེས་མ་མྱོང་བའི་ཕྱིར། དེར་ཐལ། ཁྱོད་ཀྱི་སེམས་པ་འདི་ནི་སྨད་འཚོང་མའི་སྟུ་དང་འདྲ་བར་ཅི་ཙམ་བཀང་ཡང་ཤོང་བའི་ཧམ་སེམས་ཀྱི་སྒྱེ་མོ་ཞིག་ཡིན་པའི་ཕྱིར། འདི་ངོ་མ་ཡིན། ང་ལ་ངེས་འབྱུང་ཟེར་བ་ཞིག་མི་ཚེ་འདིར་སྐྱེས་མ་མྱོང་། ཡིན་ན་ཡང་སྙིང་རྗེ་ཆུང་ཆུང་ཞིག་རབ་ཏུ་བྱུང་ནས་བཟུང་སྟེ་རྒྱུན་ཆགས་སུ་ཡོད་ལ། གོང་ས་མཆོག་གི་སྐུ་མདུན་ནས་བྱང་སྡོམ་ཞུས་ནས་བཟུང་སྟེ་ཡར་སྐྱེད་རེ་བྱུང་སོང་། གང་ལྟར་ངེས་འབྱུང་ཡོད་མེད་ལ་བསམ་བློ་བཏང་ན་ངས་ང་ལ་སྡོམ་པ་ཡོད་མེད་མི་ཤེས་ཀི ང་ངོ་མ་འཁོར་བ་འདི་ལ་ཞེན་ཆགས་ཤིག་ཆེ་གི
གཟུགས་ཅིག་དང་ཤེས་པ་ཅིག་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ཟེར་ན། བྱེ་སྨྲ་ཕར་བཞག་གྲུབ་མཐའ་གོང་མ་ཚོས་ཀྱང་ཁས་ལེན་རྒྱུ་མ་རེད་པ། གཞན་སྐལ་བཟང་གི་སངས་རྒྱས་གཞན་དག་སྐབས་ཀྱི་འདུལ་བའི་ཕྱག་དཔེ་བོད་ལ་ཕར་བཞག་འཛམ་བུ་གླིང་དུ་མཇལ་ཐུབ་མིན་མི་ཤེས་དེང་སང་གི་སྐབས་སུ། གུས་པས་རྩ་ནས་མི་ཤེས་དེའི་སྐོར་ལ། ངས་ཀློག་པའི་འདུལ་བ་ཤྰཀྱ་ཐུབ་པའི་བསྟན་པ་རང་གི་དབང་དུ་བྱས་པའི་འདུལ་བ་ཤ་སྟག་རེད།
ངས་འདིའི་སྐབས་ཀྱི་སྡོམ་པ་ཞེས་པ་དེ་ནི་སྡོམ་པ་བསྲུང་སེམས་ལ་ཟེར་བ་ཡིན། སྡོམ་པ་བསྲུང་སེམས་དེ་ཤེས་པ་ཡིན་ན་ཡང་དེ་ལ་བསྟེན་ནས་སྡོམ་པ་གནས་དགོས་པ་ལོས་ཡིན། འདི་ལྟར་ཤེས་པ་དང་གཟུགས་གཉིས་ཀྱིས་གཅིག་གིས་གཅིག་ལ་རོགས་པ་བྱེད་པ་མ་ཡིན་ནམ། རྟེན་ཅིང་འབྲེལ་འབྱུང་ཡིན་ན་རྫས་རིགས་གཅིག་པ་ཡིན་ཨེ་དགོས། ངས་བསྡུས་གྲྭ་བརྗེད་ནས་མི་འདུག
ངེས་འབྱུང་ནི་ངེས་པར་འབྱུང་འདོད་ཀྱི་བསམ་བློ་ཞིག་ལ་མི་ཟེར་རམ། ཟེར་ན་ཆགས་སེམས་དང་ངེས་པར་འབྱུང་སེམས་གཉིས་ལྷན་ཅིག་ཏུ་མ་གནས་ན་ལོས་ཆོག་རེ།
མཚོ་ཊྰིཀ་ལ་ངས་ཁ་སང་བལྟས་པ་ཡིན། དགེ་སློང་མའི་སྡོམ་པའི་སྐོར་ཡང་འདུག བོད་ལ་དགེ་སློང་མ་མེད་པར་དགེ་སློང་མའི་སྐོར་དེ་འདྲའི་ཞིབ་ཆ་བྱས་ནས་གསུངས་དོན་ག་རེ་ཡིན་ནམ། དགེ་སློང་མས་རང་གི་མཚན་མའི་ནང་དུ་མཛུབ་མོ་སོར་གཉིས་ཕན་ཆད་བཏང་ན་སྡོམ་པ་གཏོང་བ་འདྲ་ཞིག་གསུངས་འདུག་པས། ད་ཨ་ནེ་གཙང་རུང་ལག་མི་གཙང་།།ཞེས་པ་འདི་ནང་འགལ་རེད་པ། ཡང་མིན་ན་དགེ་ཚུལ་མ་ལ་དམིགས་བསལ་ཞིག་ཡོད་པ་ཡིན་ནམ། དེ་འདྲ་མིན་པ།
འ་ཙི་ཁྱོད་ངས་ཀླུ་སྨྱོན་ཆོས་ཅན་དུ་བཟུང་བ་མ་གཏོགས། ངེད་གཉིས་ཀྱི་འགྲེལ་བཤད་རྒྱགས་ས་ཁྱོད་རང་གི་རྒྱུད་ལ་མ་རེད། ཀླུ་སྨྱོན་ལ་ངེས་འབྱུང་གི་བསམ་པའི་ཚུལ་ཁྲིམས་རྒྱུད་ལ་ལྡན་པ་གཞི་ལ་བཞག་ནས་རྩད་ན་ད་བཟོད་འདིའི་དོགས་པ་ཆོད་ཀྱི་རེད། དེ་མིན་ཅོས་ཅན་ནང་ནས་འཁོར་བསྡད་ན་དོགས་པའི་སྒང་ལ་དུས་ནམ་ཡང་སླེབས་ཐུབ་ཀྱི་མ་རེད་ལ། འདུལ་བའི་གཞུང་གི་བཤད་སྟངས་གསལ་ཁ་ཆགས་རྒྱུ་མ་རེད།
ད་ངས་ཆོས་ཅན་བརྗེ་བོ་བརྒྱབ་ནས་རྩོད། ངེས་འབྱུང་རྒྱུད་ལ་ལྡན་པའི་དགེ་སློང་ཀ་བ་ཆོས་ཅན། ཁྱོད་གཉིད་ཁུགས་པའི་སྐབས་སུ་ཁྱོད་ཀྱི་རྒྱུད་ལ་སྡོམ་པ་མེད་པར་ཐལ། ངེས་འབྱུང་མེད་པའི་ཕྱིར།
གཉིད་ཁུག་པའི་སྐབས་ཀྱི་དགེ་སློང་ཀ་བ་ཆོས་ཅན། ཁྱོད་ཀྱི་རྒྱུད་ན་ངེས་འབྱུང་ཡོད་པར་ཐལ། དེའི་གནས་སྐབས་སུ་ཁྱོད་རང་རྒྱུད་ཀྱི་ངེས་འབྱུང་གི་ཟློག་ཟླ་འཁོར་བ་ལ་ཆགས་སེམས་མ་སྐྱེས་པའི་ཕྱིར།
ངེས་འབྱུང་ཙམ་རྒྱུད་ལ་སྐྱེས་པས་ཆགས་པ་སྤོངས་ག་ལ་ཐུབ། ཆགས་པ་ངེས་འབྱུང་གི་སྤངས་བྱ་མ་རེད། ཆགས་པ་ཟེར་བ་དེ་ལས་སླ་བོ་སྤངས་ཐུབ྄་ཀྱི་མ་རེད། དེ་ནི་མཐོང་སྤངས་སྒོམ་སྤངས་སོགས་འཕགས་པའི་ལམ་གྱི་སྤངས་བྱ་རྐྱང་རེད།
འདིའི་སྐབས་ཀྱི་ཡུལ་དེ་ལ་ཆགས་སེམས་སྐྱེ་བ་དང་ཡུལ་དེ་ལ་ངེས་པར་འབྱུང་སེམས་སྐྱེ་བ་གཉིས་ལྷན་ཅིག་མི་གནས་འགལ་མ་ཡིན་ནམ།
དགེ་སློང་ཀ་བ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་འཁོར་བ་ལ་ཆགས་སེམས་དང་འཁོར་ལས་ངེས་པར་འབྱུང་འདོད་ཀྱི་སེམས་པ་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། དེ་གཉིས་ངོ་བོའི་སྒོ་ནས་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར།
གཉིད་ལོག་པའི་སྐབས་ཀྱི་དགེ་སློང་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ངེས་འབྱུང་མེད་པར་ཐལ། ཡོད་ན་ཤེས་པ་ལྐོག་གྱུར་བ་ཡིན་དགོས་ལ་བྱེ་བྲག་སྨྲ་བས་ལྐོག་གྱུར་གྱི་ཤེས་པ་ཁས་མི་ལེན་པའི་ཕྱིར། འདི་འདུལ་བའི་ལུགས་སུ་བྱས་ནས་བཏང་བ་ཡིན།
ད་དུང་སེམས་ཙམ་པས་ཀྱང་སེམས་མེད་གནས་སྐབས་ལྔ་སོགས་ཁས་ལེན་ནི་རེད།
འོ་ན་གཉིད་ལོག་པའི་སྐབས་ཀྱི་དགེ་སློང་ཆོས་ཅན། ཁྱོད་ཀྱི་རྒྱུད་ན་སྡོམ་པ་མེད་པར་ཐལ། ཁྱོད་ཀྱི་རྒྱུད་ན་སྡོམ་སེམས་མངོན་གྱུར་པ་མེད་པའི་ཕྱིར། བྱེ་བྲག་སྨྲ་བ་ཡིན་ན་འདིས་འདིའི་དྲི་བ་འདི་ཙམ་ཡང་ལན་མི་ཐེབས་པ་འདྲ། ཧཧཧཧཧཧཧ
འོ་ན་གྲུབ་མཐའ་གོང་མ་བ་དག་གིས་ཀྱང་སྡོམ་པ་ཐོབ་གཏོང་གི་ས་མཚམས་ཐམས་ཅད་བྱེ་སྨྲ་ལྟར་ཁས་ལེན་དགོས་སམ། འདི་ང་ལ་མཚོན་ན་ཁས་ལེན་ས་མ་རེད། གྲུབ་མཐའ་གོང་མ་བ་གོང་མ་གཙང་མ་གཙང་རྐྱང་ཞིག་བྱས་ན་མི་ལེགས་སམ།
དོགས་པའི་གཞི་ནི། འདུལ་བ་རྒྱ་མཚོའི་སྙིང་བོར། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། གསུངས་པ་འདིའི་དོགས་པ་ཡིན་པ་ཐུགས་ལ་བཞག དེ་ནས་རྩོད་པ་དེའི་སྟེང་དུ་སྤོང་གང་ཐུབ་བྱས་ན། རྩ་བའི་དོགས་པ་ཆོད་ཀྱི་རེད། དེ་མིན་ལྷོ་ཁའི་སྟག་ལ་མེ་མདའ་འཕངས་ནས་བྱང་ཐང་གི་འབྲོང་གསོད་ཐུབ་ཀྱི་མ་རེད།
འོ་ཡ། དེའི་རྐྱེན་གྱིས་བྱེ་བྲག་སྨྲ་བས་སྡོམ་པ་རྒྱུད་ལ་ལྡན་ན་ངེས་འབྱུང་ཡོད་མི་དགོས། སྡོམ་སེམས་ཡོད་མི་དགོས། འོན་ཀྱང་ངེས་འབྱུང་བསམ་པས་ཟིན། སྡོམ་སེམས་ཀྱིས་ཟིན་ཟེར་ནི་རེད། འདི་ལྟར་ཐུགས་བསམ་བཞེས་ནས་མཚོ་ཊིཀ་ལས། ཁོང་གིས་བོད་ཀྱི་དགེ་འདུན་པ་ཕལ་ཆེར་ལ་སྡོམ་པ་མེད་ཅེས་སྐུར་བ་མི་འདེབས་གསུངས་པ་རེད། འདུལ་བའི་སྐོར་ལ་མཚོ་ཊིཀ་འདི་ཁུངས་དག་ཕུལ་དུ་བྱུང་པ་ཡིན་པས། བོད་ཀྱི་ཆོས་བརྒྱུད་བཞི་ཀས་རྩོད་མེད་དུ་ཁས་ལེན་གྱི་ཡོད་པ་རེད།
ཀླུ་སྨྱོན། མཚོ་ཊིཀ་ལྷག་མ་ཡོད་ན་ང་གཅིག་བསྐུར་དང་། ནམ་མཁའ་དེང་སེང་དེ་ན་ཡོད་སྐད་འདུག་ ཁོའི་ལག་ཏུ་བསྐུར་ན་ཡང་འགྲིག
ཡིན་གྱི་རེད། རྗེ་བླ་མས་ཀྱང་། འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། །གསུངས་ཡོད་བསམས། གང་ལྟར་ཐེག་ཆེན་ཡིན་ཚད་ཀྱིས་བྱེ་སྨྲ་འདྲ་བའི་གྲུབ་མཐའ་ཆུང་ཆུང་ཞིག་གིས་བཤད་པ་འདི་ཚོ་ཁས་ལེན་དགོས་ན་དཀའ་ལས་ཡོད་ཀྱི་རེད། མགོན་པོ་ཀླུ་སྒྲུབ་ལྟ་བུས་ཀྱང་ཁས་མ་བླངས་པ་འདྲ་ཞིག་འདུག ཁོང་ནྰ་ལེནྡྲའི་གཉེར་བ་ཡིན་སྐབས་མུ་གེ་བྱུང་དུས་གླིང་བར་ནས་གསེར་འགྱུར་གྱི་རྩི་བླངས་ནས་དགེ་འདུན་ལ་འཚོ་བ་སྦྱར་ཅིང་། མུ་གེའི་རྗེས་སུ་གནས་ཚུལ་དེ་གྲྭ་མང་གིས་ཤེས་ནས་དགེ་འདུན་ལོག་འཚོར་སྦྱར་གསུངས་ནས་ཁོང་གནས་དབྱུང་བཏང་བའི་ལོ་རྒྱུས་ལ་བལྟས་ན་ཁོང་ལྟ་བུས་ཀྱང་དཀའ་ངལ་དེ་གཟིགས་ཡོད་པ་ཤེས་ཐུབ། གཅིག་བྱས་ན་འདུལ་བ་འདི་ཁོང་ཚོ་བརྒྱུད་དེ་བྱུང་བའི་དབང་གིས་ཁོང་ཚོ་དབང་བཙན་པ་ཞིག་ཡིན་ཡང་སྲིད། བོད་པའི་བླ་མ་ཚོས་སོག་ཡུལ་དང་ཨ་རིའི་ནང་དུ་ནང་ཆོས་སྤེལ་སྟངས་ལྟ་བུ་རེ་ཡིན་ན་ཡང་ཐང་།
ནམ་མཁའ་དེང་སང་འདི་ན་མེད་པར་ཉིག་ཡོར་ན་ཡོད་བསམས། མཚོ་ཊྰིཀ་ང་ཚོའི་དཔེ་མཛོད་ཁང་གི་རེད། ངས་བརྐུས་ནས་ཁྱོད་ལ་བསྐུར་ན་ཆོག་ཀྱང་། འདུལ་བའི་དཔེ་ཆ་བརྐུས་ན་འདུལ་བའི་སྡོམ་པ་ཤོར་ནི་ཨེ་རེད། མི་ཤོར་ན་ངས་བརྐུས་ནས་ཁྱོད་ལ་བསྐུར་ཆོག འདི་ན་ལྟ་མཁན་ང་མ་གཏོགས་མེད། མགོ་ལྷ་སྐུས་བཅག་ན་བྱིན་རླབས་མེད་ཀྱང་ཟེར་ག
འདི་ན་ཡོད་པའི་མཚོ་ཊྰིཀ་དེ་གོང་ས་བཅུ་གསུམ་པ་ཆེན་པོའི་བཀའ་དགོངས་བཞིན་ཡོངས་འཛིན་ཕུར་ལྕོག་སོགས་ཀྱིས་འགན་བླངས་ནས་མཚོ་སྣ་རྫོང་རང་ནས་མཚོ་ཏྰིཀ་ལག་བྲིས་པ་ཤིན་ཏུ་རྩ་ཆེན་ཞིག་རྙེད་སོན་བྱུང་བ་གཞིར་བཞག་གིས་པར་བརྐོས་པ་ཡིན་ལུགས་གསལ་བས། འདི་གཅིག་པོའི་ཕྱོགས་ནས་བསམས་ན་ཡང་གོང་ས་བཅུ་གསུམ་པ་ཆེན་པོ་དེ་ངོ་མ་བསྟན་པའི་རྒྱུན་འཛིན་དག་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག ཨོ། འདི་ན་ཡོད་པ་དེ་ཞོལ་པར་གཞིར་བཞག་གིས་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔར་སྐྲུན་ཁང་གིས་པར་པ་ཞིག་རེད་འདུག་ལ་བརྡ་དག་གི་ཕྱོགས་ནས་ཤིན་ཏུ་དག་པ་ཞིག་འདུག ནང་དོན་གྱི་ཕྱོགས་ནས་ང་ལ་ཌྰ་རུ་གྲགས་ན་དྲིལ་བུ་མི་གྲགས་པ་དེ་ཁྱེད་ཀྱིས་ཤེས་ནོ་དེ་རེད།
ཕལ་ཆེར་དགེ་ལུགས་པས་སྐྱ་བ་འམ། བཀའ་བརྒྱུད་པའི་ལག་ནས་རྐུས་ན་རྐུ་ཕམ་འབྱུང་རྒྱུ་མ་རེད། གང་ཡིན་ཟེར་ན་འདུལ་བ་ལས། རྫས་ཀྱི་དབང་ཚུལ་ལ། རིགས་བརྒྱུད་ཀྱིས་དབང་ཕ་ནོར་བུ་ལ་དབང་། གསུངས་འདུག་ཀ བྱས་ཙང་དགེ་ལུགས་པ་ནི་ཁོང་ཚོའི་བུ་ཡིན་པས། དགེ་ལུགས་པ་ལ་ལོས་དབང་། རང་ཉིད་ལ་དབང་བ་ནི་རྐུ་མའི་ཐ་སྙད་དུས་ནམ་ཡང་མི་ཡོང་ག ཧཧཧཧཧ
འདི་ན་ཚར་གཅིག་མ་གཏོགས་མེད་པས་འདི་བརྐུས་ན་རྗེས་མར་ཤེས་ཀྱི་རེད། ང་འདིའི་དཔེ་ཀློག་མ་གཏོགས་དཔེ་བདག་མིན། ཇིམ་སི་མི་ཐིའི་ལས་ཁུངས་ཕེབས་དང་འདྲ་བཤུས་འོད་སྡེར་ཞིག་ཏན་ཏག་རག་གི་རེད། ཁོང་གི་ལས་ཁུངས་དེ་ནི་གཅན་རང་སད་དང་བསྟན་འཛིན་ཆོས་སྒྲོན་གཉིས་ཀྱིས་ལས་ཀ་བྱེད་ས་དེ་རེད། བླ་མ་དགེ་བཤེས་ཚོར་ཕལ་ཆེར་རིན་མེད་དུ་འབུལ་གིན་འདུག ཁོང་ལ་བོད་ཀྱི་བླ་མ་ཞིག་གི་ཕྱག་དཔེ་ཕལ་ཆེར་མེད་པ་ཞིག་མི་འདུག་པའི་ཚོད་རེད།
དྲྭ་གྲོགས་ཚོས་གོང་དུ་སོར་སྡོམ་ལ་ངེས་འབྱུང་དགོས་མིན་གླེང་ཡོང་དུས་དཔེ་ཆའི་གནད་མ་
ཕུག་པའི་ཚོར་སྣང་ཞིག་བྱུང་། ངས་དེ་རིང་དྲྭ་གྲོགས་ཀླུ་སྨྱོན་རིན་ཆེར་ཞུ་རྒྱུ་ཞིག་ལ་ངས་སྔར་
འདུལ་བ་མཚོ་ཆེན་གྱི་དཔེ་ཁྲིད་ཚར་གཉིས་ཞུ་མྱོང་ཡོད་ཀྱང་ད་བསྐྱུར་ནས་ལོ་བརྒྱད་དགུ་ཞིག་
ཕྱིན་སོང་བས་གསལ་བོ་རང་དྲན་གྱི་མི་འདུག་མོད། སོར་སྡོམ་དང་ངེས་འབྱུང་གི་སྡོམ་པ་དོན་
གཅིག་ཏུ་འདོད་དགོས་ནི་རེད། ངེས་འབྱུང་མེད་ན་སྡོམ་པ་མེད་པས་མ་ཁྱབ་ཀྱང་སོར་སྡོམ་མེད་པས་ཁྱབ་ཟེར་ནི་རེད། ས་སྐྱའི་ཞེན་པ་བཞི་བྲལ་དུ་ཡང་། ངེས་འབྱུང་མེད་ན་སྡོམ་པ་མིན། གསུངས་ནི་རེད་མ་གཏོགས་ངེས་འབྱུང་མེད་སྡོམ་མེད་གསུངས་ནི་མ་རེད། ངས་བལྟས་ན་ཀླུ་
སྨྱོན་རིན་པོ་ཆེར་ངེས་འབྱུང་མེད་པ་ནི་ག་ལ་སྲིད་དེ་ནི་གདུལ་བྱ་ལ་དགོངས་ནས་ཁེངས་སྐྱུང་
གསུང་ནི་རེད།
འོ་ན་ངེས་འབྱུང་མེད་པའི་སྡོམ་པ་དེ་གང་ཡིན་ཟེར་ན་དེ་ནི་འཇིགས་སྐྱོབ་དང་ལེགས་སྨོན་གཉིས་ཀྱི་གང་རུང་ཡིན་ཟེར་ནི་རེད། གཅུང་དགའ་བོའི་སྡོམ་པ་དེ་དང་པོ་ལེགས་སྨོན་རེད་དེ་ནས་
འཇིགས་སྐྱོབ་རེད་དེ་ནས་ངེས་འབྱུང་གི་སྡོམ་པའམ་སོ་སོར་ཐར་པའི་སྡོམ་པ་ཆགས་ནི་རེད།
ངེས་འབྱུང་དང་པོ་མེད་ཀྱང་ད་གཟོད་ངེས་འབྱུང་སྐྱེས་ན་ཡང་སོར་སྡོམ་ཆགས་ཀྱི་རེད། དཔེར་
ན་གཅུང་དགའ་བོ་རྗེས་ནས་འཁོར་བ་ལ་འཇིགས་ནས་དགྲ་བཅོམ་འཐོབ་འདོད་ཀྱིས་བསམ་
པས་སྡོམ་པ་བསྲུངས་པ་དེ་ངེས་འབྱུང་གི་སྡོམ་པ་ཡིན་པ་བཞིན་ཡིན་ནི་རེད།
སོར་སྡོམ་གྱི་མཚན་ཉིད་ལ་སྨིན་གླིང་ལོ་ཆེན་གྱིས། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་
སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག འདོད་པའི་སས་བསྡུས་པ། ཞེས་གསུངས་ཡོད་པ་རེད།
ལུགས་དེ་ལ་ཡང་ངེས་འབྱུང་མེད་ན་སོར་སྡོམ་དུ་འདོད་ནི་མ་རེད། མཚོ་ཆེན་འདི་ལས་ལྷག་
གི་འདུལ་འགྲེལ་ཞིག་རྒྱ་བོད་གཉིས་ན་མེད་ཅེས་བཤད་ན་ཆོག་ནི་རེད་སེ་འབྲས་དགེ་གསུམ་
དུ་མཚོ་ཆེན་འཆད་ཉན་བྱེད་ཀྱི་ཡོད་མེད་ངས་མ་ཤེས་ཁྱེད་རྣམ་པས་ང་ལ་གཅིག་གསུངས་
རོགས་ཞུ། ང་ནི་མཚོ་ཆེན་མཆིམ་ཆེན་འདི་ཚོ་མང་པོ་ཞིག་སྦྱང་སྦྱང་ནས་གཅིག་བལྟས་
དུས་ཕན་ཐོག་ཅང་མི་འདུག་དེ་ལས་གནའ་ཟིག་ནས་རང་གི་ཕ་ཆོས་ཁྲོས་མ་དེ་དཔྱིས་ཕྱིན་པ་
ཞིག་སྦྱང་མ་ཐུབ་བསམ་གྱི་འདུག
སེ་འབྲས་དགའ་གསུམ་ནས་འདུལ་བའི་སྐོར་ལ་ཕྱག་དཔེ་གཙོ་བོ་མཚོ་ཊིཀ་རེད། རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་ཊིཀ་གཉིས་རེད། དེ་ནས་ཟུར་བལྟའི་ཚུལ་དུ་རང་རང་གིས་ཡིག་ཆ་ཡང་ཡོད་ནི་རེད། འོན་ཀྱང་བློ་འཛིན་ལ་གྲྭ་ཚང་རེ་རེ་ལ་སྡོམ་རེ་ཡོད། ཡིན་ན་ཡང་དེང་སང་སེར་སྨད་རྨ་བྱ་སྡོམ་ཟེར་བ་དེ་ཤིན་ཏུ་གྲགས་ཆེ་གི རྒྱུ་མཚན་དེ་ན་མཚོ་ཊིཀ་དང་དགེ་འདུན་གྲུབ་པའི་གསུངས་གཉིས་ཀ་བསྡོམས་ཡོད་པས་སོ། གྲྭ་ཚང་ཁག་གི་སྡོམ་ལ་དཔྱད་པ་མང་པོ་བསྡོམས་ཡོད་ན་ཡང་། རྨ་བྱ་སྡོམ་ན་དཔྱད་པ་མང་པོ་བཀོད་ཡོད་ནི་མ་རེད། དགེ་ལུགས་རྒྱུགས་སྤྲོད་ལ་ཡང་རྨ་བྱ་སྡོམ་འདི་གཙོ་བོ་ལྟ་བུ་རེད།
ང་ཚོ་བོད་ན་ལོ་གསུམ་བཞི་ཅན་ལ་སོ་ཐར་གྱི་དགེ་བསྙེན་སོགས་སྒྲུབ་ཀྱི་ཡོད་པ་དངོས་ནས་རེད། དེ་ཚོར་ཐོག་མ་ནས་ངེས་འབྱུང་ཡོད་ཟེར་ན་དེ་ཡང་དཀའ་ཙམ་འདུག དེར་མ་ཟད་ངེས་འབྱུང་ཡོད་མཁན་གྱི་དགེ་སློང་ཡིན་ན་ཡང་དྲན་པ་འཐོར་བ་དང་། གཉིད་ཁུགས་པ། འགོག་སྙོམས་ལ་གནས་པ་སོགས་ཀྱི་སྐབས་སུ་ངེས་འབྱུང་ཡོད་ཅེས་ན་རྩ་བའི་གྲུབ་མཐའ་དང་འགལ་འགྲོ་གི དེའི་རྐྱེན་གྱིས་གནས་སྐབས་དེ་དང་དེར་ངེས་འབྱུང་མེད་ན་ཡང་དེ་དག་གི་བརྒྱུད་ལ་སོ་སྡོམ་མེད་མི་ཟེར། དེའི་རྐྱེན་གྱིས་སོ་སོར་ཐར་བའི་སྡོམ་པའི་ངོ་ཏི་འཇོག་སྐབས་ངེས་འབྱུང་ཡོད་པ་མི་ཟེར་བར། ངེས་འབྱུང་གིས་ཟིན་པ་ཟེར་ནས་འཇོག་གི་འདུག
ངས་བསམ་ན་ཟིན་པ་ཟེར་བ་འདི་རྕ་བའི་གྲུབ་མཐའ་ཅིག་ལ་ཐུག་འདུག་པས། བྱེ་སྨྲས་རྩ་བའི་གྲུབ་མཐའ་ལ་ཐོབ་པ་དང་། བུ་ལོན་གྱི་དཔང་རྒྱ་ལྟ་བུ་སོགས་ཁས་ལེན་པ་ཡང་འདི་འདྲའི་གནད་ལ་ཐུག་པ་ལོས་ཡིན་སྙམ།།
གོང་གི་དྲ་གྲོགས་གསེར་ཆོས་ལགས་སུ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་ས་སྐྱ་པ་ཆེན་པོ་ལ་གསུངས་པའི་ས་སྐྱའི་ཞེན་པ་བཞི་བྲལ་ཞེས་པ་འདི་ནི། ཚེ་འདི་ལ་ཞེན་ན་ཆོས་པ་མིན། འཁོར་ལ་ཞེན་པ་ངེས་འབྱུང་མིན། བདག་དོན་ལ་ཞེན་ན་བྱང་སེམས་མིན། འཛིན་པ་བྱུང་ན་ལྟ་བ་མིན་ཞེས་པ་འདི་དག་རེད་ལགས། ཉིད་ཀྱིས་གསུངས་པ་དང་ཏོག་ཙམ་མ་འདྲ་བས་ངས་འདིར་བཀོད་པ་ལགས། ཞེན་པ་བཞི་བྲལ་འདི་ལ་ས་སྐྱ་པའི་མཁས་པ་འགའ་རེའི་འགྲེལ་བཤད་མཐོང་ཡང་འདིར་སྐབས་སུ་ཞེ་དྲགས་མ་བབས་པས་རེ་ཞིག་མཉམ་སྙོམས་ཀྱི་ཀློང་དུ་འཇོག་པར་བྱེད་དོ།།
ཀླུ་ཡེ་ཤེས་རིན་པོ་ཆེ་དང་། གཞོན་ནུ་ཟླ་མེད་གཉིས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ།
ད་ཕྱིན་ཆད་ངས་ཀླུ་སྨྱོན་ཞུ་ཕོད་ས་མ་རེད་རིན་པོ་ཆེ་ཞིག་ལ་དེ་འདྲ་ཟེར་ན་སྡིག་པ་ཡོད་རེད།
ས་སྐྱའི་ལུང་དེ་ཕལ་ཆེར་ངས་ནོར་བའམ་ཡང་ན་འདོན་པ་མི་འདྲ་བ་ཡོད་པ་གང་ཡིན་མ་ཤེས།
ངའི་བློ་ལ་དེ་འདྲ་ཞིག་འདུག་ཚིག་གཞན་པ་ཚོ་བློ་ལ་ཡོད་པ་དང་འདྲ་བོ་རེད་ལགས།
ཡི་གེ་ནི་མཇལ་མྱོང་བླ་མ་རྣམ་པས་ལུང་དྲངས་ཏེ་གསུངས་སྐབས་བློ་ལ་སོང་བ་རེད།
གཞོན་ནུ་ཟླ་མེད་ཀྱིས། དེར་མ་ཟད་ངེས་འབྱུང་ཡོད་མཁན་གྱི་དགེ་སློང་ཡིན་ན་ཡང་དྲན་པ་འཐོར་བ་དང་། གཉིད་ཁུགས་པ། འགོག་སྙོམས་ལ་གནས་པ་སོགས་ཀྱི་སྐབས་སུ་ངེས་འབྱུང་ཡོད་ཅེས་ན། ཞེས་གསུངས་པའི་དོགས་པ་འདི་གྲུབ་མཐའ་སོ་སོའི་ལུགས་
མ་འདྲེས་པར་བཤད་ན་སེལ་བ་ལས་སླ་མོ་རེད། ངེས་འབྱུང་ཡོད་མེད་གང་ལྟར་ཡང་བྱེ་སྨྲས་སྡོམ་པ་གཟུགས་སུ་འདོད། མདོ་སྡེ་པས་
སྤོང་སེམས་རྒྱུན་ཆགས། སེམས་ཙམ་པས་བག་ཆགས། དབུ་མའི་ལུགས་ལ་སྤོང་སེམས་ལ་བཞེད་པ་མངོན་གྱུར་དང་ས་བོན་གཉིས་ཀ་
ལ་བཞེད་པས་སྐྱོན་མེད། འོན་ཀྱང་ས་བོན་དང་བག་ཆགས་ཏེ་ཚོ་ཐོབ་ལ་མ་ཉམས་པའི་ཁྱད་པར་བྱས་པ་ཞིག་ཡིན།
གསེར་ཆོས། འདུལ་བའི་སྐབས་སུ་གྲུབ་མཐའ་གོང་མ་དག་གི་འདོད་པ་བཀོད་ཡོང་བ་འདི་རང་ཉིད་མཁས་མཉམ་ཞིག་སྟོན་རྒྱུ་ལས་གཞན་འབྲེལ་བ་གང་ཡང་ཡོད་ནི་མ་རེད། ངེས་འབྱུང་ཡོད་མེད་ལ་རྩོད་པའི་སྐབས་སུ་ངེས་འབྱུང་ཡོད་མེད་གང་ལྟར་ཡང་ཟེར་ན་དེ་ཡང་བཤད་དགོས་པ་མ་བཤད། བཤད་མི་དགོས་པ་བཤད་པའི་སྐྱོན་ཡོད་ནི་རེད། ནང་འགལ་ཡང་ཡིན་པ་གོང་དུ་ཁྱེད་ཀྱིས་སྡོམ་པའི་ངོ་ཏི་བཞག་པ་དང་ནང་འགལ་ཡང་ཆགས་ཡོང་གི་འདུག་ཀ ང་ཚོའི་བགྲོ་གླེང་གི་བརྗོད་གཞི་འདི་གང་ནས་ཡོང་བ་རེད་ཟེར་ན། དེ་ཡང་གོང་གི་མཆན་༡༠༦པ་དེ་ནས་ཐོག་མར་ཀླུ་སྨྱོན་གྱིས་རྗེ་ཙོང་ཁ་བ་ཆེན་པོའི་ལུང་ཞིག་དྲང་། དེ་ཡང་འདུལ་བ་རྒྱ་མཚོའི་སྙིང་བོ་ལས། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། ཟེར་བ་འདི་རེད། དེ་ནས་དེ་འདུལ་བ་གཞིར་བཞག་ན་ཅི་ལྟར་ཡིན་མིན་ལ་རྩོད་ཀྱི་ཡོད་པ་རེད་པ།
གཞུང་ཅིག་གཞི་ལ་བཞག་ནས་བཤད་ཀྱི་མེད་ན། ང་རང་ལྟ་བུ་ལ་སྡོམ་པ་གང་ཡིན་སོགས་རང་སྟོབས་ཀྱིས་བཤད་པའི་སྤོབས་པ་དང་ནུས་པ་གང་ཡང་མེད།
ད་འོ་ན་ངས་གསེར་ཆོས་ཁྱོད་ལ་དྲི་བ་བཀོད། ཁྱོད་རང་གི་སློབ་གཉེར་གནང་ས་ནས་འདུལ་བའི་ཕྱག་ལེན་དེ་གྲུབ་མཐའ་གཞི་ཀའི་ལུགས་ལྟར་ཕྱག་ལེན་གནང་གི་རེད་དམ། ཡང་ན་གྲུབ་མཐའ་གཅིག་གི་དབང་དུ་བྱས་ནས་ཕྱག་ལེན་གནང་གི་རེད། དེ་གྲུབ་མཐའ་གང་རེད། འདི་དྲི་བ་དང་པོ་ཡིན།
དེ་ནས་གོང་དུ་ཁྱོད་ཀྱི་སོར་སྡོམ་ཀྱི་ངོ་ཏི་འཇོག་སྐབས། ༼སོར་སྡོམ་གྱི་མཚན་ཉིད་ལ་སྨིན་གླིང་ལོ་ཆེན་གྱིས། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག འདོད་པའི་སས་བསྡུས་པ། ཞེས་གསུངས་ཡོད་པ་རེད།༽ཟེར་བ་འདི་ལ་གྲུབ་མཐའ་སོ་སོའི་འདོད་པ་བཀོད་ནས་མ་བཤད་པ་གང་ཡིན་ནམ། ཁྱད་པར་དུ་སེམས་ཙམ་པ་ལྟ་བུར་བྱས་ནས་སོ་སོར་ཐར་བའི་སྡོམ་པའི་ངོ་ཏི་བཞག་པ་ཡིན་ན་སེམས་མེད་གནས་སྐབས་ལྔ་ཁས་ལེན་གི་ཡོད་པ་ལོས་ཤེས། དེའི་སྐབས་སུ་ངེས་འབྱུང་ཅི་ལྟར་འཇོག
ཟླ་མེད་ལགས། སྔོན་ཆད་ངོ་ཏི་ཞེས་པའི་ཚིག་འདི་ཞེ་དྲགས་མ་མཐོང་ན་ཡང་མཚོ་ཊྰིཀ་ལས་བརྡ་རྙིང་ངོ་ཏི་ཞེས་པ་འདི་ཚར་བརྒྱ་སྟོང་དུ་ཐོན་ཡོང་གི་འདུག ངོ་ཏི་དང་ངོ་བོ་གཉིས་དོན་གཅིག་ལ་འཇུག་པ་འདྲ། འདུལ་བའི་སྡེ་སྣོད་དག་ཏུ་བརྡ་རྙིང་བ་རང་འཇགས་འཇོག་པའི་ལུགས་སྲོལ་ཞིག་རྒྱུན་མར་ཡོད་པ་འདིའི་གནད་གང་ལ་ཐུག འདུལ་ཚིག་མི་འཆོལ་བའི་དགོས་པ་ཞིག་གཟིགས་པ་ཡིན་ནམ།
ཀླུ་སྨྱོན་ལགས། འདི་དྲི་བ་དཔེ་མི་སྲིད་པ་ཡག་པོ་འདུག རྣམ་འགྲེལ་དང་ཕར་ཕྱིན་སྐབས་སུ་མཚན་ཉིད་ཟེར། འདུལ་བའི་སྐབས་སུ་ངོ་ཏི་ཟེར། གཞུང་རེ་ལ་ཐ་སྙད་འདོགས་སྟངས་མ་འདྲ་བ་ཡོད་པ་དེ་མ་བསྲེ་ན་དེ་ནས་འདུལ་འདུལ་བ་ལྟ་བུ་ལ་མཚོན་ན་རྒྱ་གཞུང་དེ་ཚོ་དུས་ཀ་ཚོད་སོང་ན་ཡང་ལས་སླ་བོ་ཤེས་རྒྱུ་རེད། ཐ་སྙད་བསྲེ་བ་ཡིན་ན་ནོར་འགྲོ་གི་རེད། འདི་ལ་༧ གོང་ས་ལྔ་བ་ཆེན་པོས་གསར་རྙིང་མི་བསྲེས་བའི་ཐུགས་སྨོན་ཚིག་བཅད་ཅིག་ཡོད་པ་དྲན་གི་མི་འདུག དེ་༧ གོང་ས་བཅུ་བཞི་བ་ཆེན་པོས་གསར་རྙིང་གྱི་གྲུབ་མཐའ་སོ་སོར་ཐ་སྙད་མ་འདྲ་བ་རེ་ཡོད་པ་དེ་མི་བསྲེས་བའི་དོན་ལ་གསུངས་པ་གོ་མྱོང་། འདི་གྲྭ་ས་ནས་གལ་ཆེན་པོར་བརྩི་གི་འདུག
ཡང་འདུལ་བའི་སྐབས་སུ་ཕྱག་ལེན་ཆ་ཚང་འདུལ་གཞུང་ན་ཡོད་པ་བཞིན་ཕྱག་ལེན་གནང་དགོས་པའི་སྟབས་ཀྱིས་སྔོན་ཆད་ན་ལེན་ཊ་ལ་མཚོན་ན་ཡང་མགོན་པོ་ཀླུ་སྒྲུབ་དང་གྲུབ་ཆེན་ས་ར་ཧ་སོགས་གནས་དབྱུངས་བཏང་ཡོད་ནི་རེད། འདི་ནི་འདུལ་བའི་ལས་གཞི་ཟེར་བ་དེ་རེད། འདུལ་བའི་ལས་གཞི་ཕྱག་ལེན་བསྟར་བ་དེ་སྙིང་རྗེ་མེད་པ་མ་རེད་ལ། རྟོག་པ་མཐོན་པོ་ཡིན་པ་མ་ཤེས་པ་ཡང་མ་རེད། རྟོག་པ་མཐོན་པོ་ཡིན་ན་གང་ཟག་གཅིག་རེད། འདུལ་བའི་ཕྱག་ལེན་ཟེར་ན་ཇེ་སྲིད་བསྟན་པ་ནམ་གནས་བར་གྱི་དགེ་འདུན་པའི་བཅའ་ཁྲིམས་རེད། ང་ཚོའི་ཚོགས་གཏམ་ནང་དུ། རྟོག་པ་ལྷ་དང་མཉམ་རུང་།། སྤྱོད་པ་མི་དང་བསྟུན་དགོས།། ཟེར་བ་འདི་འདུལ་གཞུང་གི་གནད་བསྡུས་ཅིག་ཚང་མས་གོ་བདེར་བཟོས་པ་མིན་འགྲོ་བསམ་གི་འདུག
དེ་མིན་འདུལ་བ་ན་གང་ཟག་ཟེར་ན་དགེ་འདུན་པ་གཅིག་ལ་གོ་དགོས་ནི་རེད། དགེ་འདུན་ཟེར་ན་བཞི་ཡན་ཆད་ལ་གོ་དགོས་ནི་རེད། འདི་འདྲ་ཤིན་ཏུ་མང་ཡ།
མཚོ་ཊིཀ་ལ་གཟིགས་དང་། མཚན་ཉིད་ཟེར་བ་མཐོང་རྒྱུ་ཡོད་པ་མ་རེད། ངོ་ཏི་ཟེར་གི་རེད།
འོ་ཁ་སང་ཁྱོད་ཀྱི་མཚོ་ཊིཀ་ནང་དུ་དགེ་སློང་མའི་སྐོར་ཅིག་འདྲི་གི་འདུག པོ་ཏི་ཆེན་པོ་དེ་ནས་སྤྱིར་བསྟན་ཟེར་བ་དེ་དང་། གདམས་ངག་ཟེར་བ་དེ་། ད་དུང་ཕ་ཡི་སྡེ་ལྔ་སོགས་ལ་བལྟ་དགོས་ནི་རེད། ཁྱོད་འདི་ཕ་ཡི་ནང་ནས་ཁུ་བ་འབྱིན་པའི་ལྷག་མ་དང་། མ་ཡི་རེག་རེག་པའི་ལྟུང་བྱེད་རིག་མ་གཏོགས་མི་མཐོང་ནོ་ཅི་རེད ཧཧཧ རྩེ་མོ་ཡིན
རིག་པའི་རལ་གྲི་སོགས་དྲ་གྲོགས་ཁག་ཅིག་ལ་འདིར་རྗེ་བླ་མ་བློ་བཟང་གྲགས་པས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་བོ་བསྡུས་པ་ལས་ཐུན་མོང་གིས་ཤེས་དགོས་པའི་ཚིག་འགའ་འབུལ་བ་ལ། ཨོཾ་བདེ་ལེགས་སུ་གྱུར་ཅིག ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་ནས་བདེ་བླག་ཏུ། །ཐར་པའི་གྲོང་དུ་བགྲོད་པའི་ཐབས། །བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །སོ་སོར་ཐར་ཅེས་གྲགས་པ་གང་། །ངོ་བོ་དང་ནི་རབ་དབྱེ་དང་། །སོ་སོའི་ངོས་འཛིན་སྐྱེ་བའི་རྟེན། །གཏོང་བའི་རྒྱུ་ནས་ཕན་ཡོན་ཏེ། །རྣམ་པ་དྲུག་གིས་ཇི་བཞིན་བཤད། །ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང་། །སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་གི་སྡེ་བ་གོང་འོག་སྨྲ། །བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློབ་མ། །དགེ་སློང་མ་དང་དགེ་སློང་སྟེ། །སོ་སོར་ཐར་པ་རིགས་བརྒྱད་དོ། །ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་ཐ་མ་ལྔ །རྩ་བ་བཞི་དང་ཡན་ལག་བཞི། །བརྒྱད་སྤོང་བསྙེན་གནས་སྡོམ་པ་འོ། །མི་ཚངས་སྤྱོད་དང་མ་བྱིན་ལེན། །སྲོག་གཅོད་རྫུན་དུ་སྨྲ་བ་རྣམས། །རྩ་བ་བཞི་ཡིན་མལ་ཆེ་མཐོ། །ཆང་འཐུང་གར་སོགས་ཕྲེང་བ་སོགས། །ཕྱི་དྲོའི་ཁ་ཟས་ཡན་ལག་བཞི། །གསོད་རྐུ་སྨྲ་དང་ལོག་པར་གཡེམ། །མྱོས་འགྱུར་འཐུང་བ་ལྔ་སྤོང་བ། །དགེ་བསྙེན་གྱི་ནི་སྡོམ་པ་འོ། །སྣ་གཅིག་སྣ་འགལ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། །སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག །རྩ་བ་བཞི་ལས་གཅིག་གཉིས་གསུམ། །འདོད་ལོག་མི་ཚངས་སྤྱོད་སྤང་དང་། །སྐྱབས་འགྲོ་ཙམ་དུ་དགེ་བསྙེན་དུ། །ཁས་ལེན་རྣམས་དང་གོ་རིམ་བཞིན། །རྩ་བ་བཞི་དང་ཡན་ལག་དྲུག །བཅུ་སྤོང་དགེ་ཚུལ་སྡོམ་པའོ། །ཞེས་པ་ནས། །དེ་ལྟར་སོ་ཐར་རིགས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །མ་ནིང་མཚན་གཉིས་སོགས་ལ་མིན། །སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་གྱུར་དང་ལན་གསུམ་གྱུར། །དགེ་རྩ་ཆད་རྣམས་ཐུན་མོང་ངོ་། །ཞེས་པ་ནས། །རྩ་བའི་ལྟུང་བ་བྱུང་བ་དང་། །དམ་པའི་ཆོས་ནི་ནུབ་པ་ལས། །སྡོམ་པ་གཏོང་ཞེས་འདོད་པའང་ཡོད། །ཅེས་སོགས་གསུངས་སོ། །
སྒྲ་སྒྱུར་མར་པ་ལོ་ཙྰ་པར་སེམས་ངོ་སྤྲོད་གནང་མཁན་རྒྱལ་སྲས་མེེ་ཏྲི་པ་ཡང་རྟོགས་པ་བརྙེས་རྗེས་ཨ་རག་བཞེས་ནས་ཚོགས་ལ་ཕེབས་པ་མཉམ་མེད་ཇོ་བོ་ཆེན་པོས་གནས་དབྱུང་བཏང་བ་རེད། ཁོང་གནས་དབྱུང་གཏོང་ས་དེ་ཕལ་ཆེར་བིཀྰམལཤྰིལ་ཡིན་གྱི་རེད་བསམ།
ཟླ་མེད་ལགས། ཁྱེད་ཀྱིས་གླིང་བཟའ་ཆོས་སྐྱིད་སོགས་འདས་ལོག་སྐོར་གྱི་དྲི་བ་དེར་ལྗགས་ལན་མ་སོང་། རྙིང་མ་བར་མཚོན་ན་འདི་ཚོར་ངོས་ལེན་མི་བྱེད་མཁན་ཕལ་ཆེར་མེད་པའི་ཚོད་དུ་གདའ། གང་ལྟར་ངའི་དྲི་བ་ནི་སྲིད་པ་གསུམ་གྱི་སེམས་ཅན་གྲངས་ཀས་མི་ཟིན་པ་དེ་དག་གི་ཁྲོད་ནས་གླིང་བཟའ་ཆོས་སྐྱིད་སོགས་འདས་ལོག་དེ་ཚོར་རང་རང་གི་སྡེ་བ་གཡས་གཡོན་དང་དེ་ལས་ཅུང་ཐག་རིང་བའི་ས་ཡི་གཤིན་པོ་མགོ་འཁོར་དེ་ཚོར་ཇི་ལྟར་འཕྲད་པ་ཡིན་ནམ། ལྗགས་ལན་གནང་སྟབས་མི་བདེ་ན་སྐྱུར་ལ་ཐོངས།
བར་དོའི་སྐོར་ནས་མཐའ་གཅིག་ཏུ་མངོན་པ་མཛོད་ནས་གསུངས་པ་དེ་རང་ལས་འདའ་མི་ཆོག་པ་ཞིག་ཨེ་ཡིན་ནམ། ༧གོང་ས་མཆོག་གིས་ཚན་རིག་གི་བདེན་དཔང་བསྣམས་ཕེབས་ནས་ཤིང་རྟའི་སྲོལ་ཕྱེས་གནང་སྟེ་མངོན་པ་མཛོད་ལ་དོགས་དཔྱོད་དང་འདོར་ལེན་ཚ་བོ་བྱེད་ཆོག་པའི་སྐྱ་རེངས་ཤིག་འཆར་བཞིན་པ་ཡང་མ་ཡིན་ནམ།
མངོན་པ་མཛོད་ལས་གསུངས་པའི་གླིང་བཞིའི་འགྲོ་བ་འདི་དག་ང་ཚོ་གནས་སའི་ས་ཡི་གོ་ལ་འདིའི་སྟེང་ཞིག་ཏུ་ཡོད་དམ། ཡང་ན་ནམ་མཁའ་འདིའི་ཕྱི་རོལ་ཞིག་ཏུ་ཡོད། ཕྱི་རོལ་ཞིག་ཏུ་ཡོད་ན་དེང་སང་ང་ཚོས་ཚན་རིག་གི་འཕྲུལ་ཆས་ལ་བརྟེན་ནས་མཐོང་བའི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་གང་ཞིག་གི་སྟེང་དུ་ཡོད། དཔེར་ན་བརྟན་སྐར་ཉི་མ། རྒྱུ་སྐར་ཟླ་བ། མིག་དམར། མཚོ་རྒྱལ། ལྷགས་པ། ཕུར་བུ་སོགས་གང་གི་སྟེང་དུ་ཡོད། སྐར་ཚོགས་གཞན་པ་ཞིག་གི་ཁྲོད་དུ་ཡོད་ན་དེང་སང་གི་ཚན་རིག་རྒྱང་མཐོང་དཔག་ཚད་བྱེ་བའི་ཁྱོན་ཡང་མཐོང་བ་འདི་དག་གིས་མཐོང་ཐུབ་བམ། གལ་སྲིད་མཐོང་མི་ཐུབ་ན། འཆིམ་མཛོད་ལས། ཉི་མ་དང་ཟླ་བས་གླིང་བཞིར་སྣང་བའི་བྱ་བ་བྱས་སོ་ཞེས་པ་འདི་གཞིར་བཟུང་ན་ཉི་ཟླས་སྣང་བར་བྱ་བའི་གླིང་བཞི་འདི་ཉི་མ་དང་ཟླ་བའི་འོད་ཕོག་ཐུབ་སའི་ལྟོས་བཅས་ཀྱི་ཐག་ཉེ་ཞིག་ཏུ་ཡོད་དགོས་ཀྱང་དེང་རབས་ཚན་རིག་པས་འཛམ་གླིང་འདི་མ་གཏོགས་གླིང་གཞན་གསུམ་པོ་མ་རྙེད་པའི་རྒྱུ་མཚན་གང་ལ་ཐུག ནང་པ་དང་ཧིན་རྡུ་བས་འདོད་པའི་ཉི་མ་དང་ཟླ་བའི་ལྷ་དང་ལྷ་མོ་དང་དེ་དག་གི་གྲོང་ཁྱེར་དག་ཚན་རིག་འཕྲུལ་ཆས་དང་ཡང་ན་ཟླ་བའི་སྟེང་དུ་བསྐྱོད་མཁན་ཚོས་མ་མཐོང་བ་དེས་དེ་དང་དེ་མེད་པའི་བདེན་དཔང་བྱེད་ཐུབ་བམ་མི་ཐུབ། མི་ཐུབ་ན་ཟླ་བ་མཐོང་ནས་ཟླ་བའི་གྲོང་ཁྱེར་མི་མཐོང་བའི་གནས་ཤིག་ཡོད་དམ། ཡང་ན་ཟླ་བའི་ལྷ་དང་ཉི་མའི་ལྷ་ཡོད་པའི་ཉི་མ་དང་ཟླ་བ་གཞན་ཞིག་ནམ་མའི་དབྱིངས་ག་ཤེད་ཅིག་ཏུ་ཡོད་པ་ཡིན། ལྗགས་ལན་རེ་ངེས་པར་དུ་གནངས་རོགས།
ད་དུང་མཛོད་ལས་གསུངས་པའི་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན། གླིང་བར་གྱི་མུན་པ་འདི་དག་ཀྱང་སའི་གོ་ལ་གོར་གོར་འདིའི་དབང་དུ་བྱས་ན་ས་ཕྱོགས་གང་ཞིག་ཏུ་ཡོད་ཀྱང་ཁ་གསལ་ཞིག་གསུངས་རོགས། ངའི་འདོད་པ་ལྟར་ན་རླིག་པ་ལྟ་བུའི་རིའི་རྒྱལ་པོ་རི་རབ་མ་རྙེད་ན་དེའི་མཐའ་སྐོར་གྱི་རླིག་རིལ་ལྟ་བུའི་གསེར་གྱི་རི་བདུན་རྙེད་ཐབས་མེད་ལ། དེ་དག་མ་རྙེད་ན་དེ་ཚོའི་བར་བར་ན་གཅིན་པ་ལྟ་བུར་འཁྱིལ་ཡོད་པར་བཤད་པའི་རོལ་བའི་མཚོ་བདུན་ཡང་རྙེད་ཐབས་མི་འདུག
ཟླ་མེད་ལགས། ངས་འདི་ལྟར་ཚན་རིག་པའི་འཚོལ་ཞིབ་དང་སྦྱར་ནས་དྲི་བ་འདྲི་དོན་ནི། གོང་དུ་རྗེ་བླ་མས། དེ་ལྟར་སོ་ཐར་རིགས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི། །ཞེས་གསུངས་པ་བཞིན། སྡོམ་པ་སྐྱེ་བའི་རྟེན་དུ་རུང་བའི་གླིང་གཞན་གཉིས་ཀྱི་སྐྱེས་པ་བུད་མེད་དེ་དག་སའི་གོ་ལ་རིལ་རིལ་འདིའི་སྟེང་ཞིག་ཏུ་ཡོད་དམ་ཡང་ན་ཕྱི་རོལ་ཞིག་ཏུ་ཡོད་མེད་ཀྱི་ཐེ་ཚོམ་མ་ཆོད་ནས་དྲིས་པ་ཡིན་པས། དྲི་བ་འདི་དག་ཀྱང་རང་རེའི་གླེང་གཞི་འདུལ་བའི་སྡོམ་པ་དང་སོར་གང་ཡང་ཁ་བྲལ་མེད་པ་དེ་ཐུགས་ལ་འཇག་པར་ཞུ། འདུལ་བ་བསྲུང་དགོས་དོན་ནི་འདུལ་བ་མ་བསྲུངས་ན་དམྱལ་བ་སོགས་ངན་སོང་དུ་སྐྱེ་ཞིང་འདུལ་བ་བསྲུངས་ན་ལྷ་ཡུལ་སོགས་བདེ་འགྲོར་སྐྱེ་བ་ཡིན་པས། ཐོག་མར་སྐྱེ་ས་བཟང་ངན་དེ་དག་སྤྱིར་ན་ཡོད་མེད་དང་ཡོད་ན་གང་དུ་ཡོད་མེད་འཚོལ་ཞིབ་བྱེད་དགོས་ཤིང་། དེ་ལ་རང་གིས་མི་ཤེས་པ་དང་མི་མཐོང་བ་དག་གནའ་བོའི་ནང་ཆོས་དང་ད་ལྟའི་ཚན་རིག་གཉིས་ཀའི་ལམ་ནས་དཔྱོད་དགོས་པ་ཞིག་ཅི་ལ་མིན། དགེ་ཆོས་ལྟར་ན་གླིང་བཞི་ཀ་རྒྱ་གར་དུ་ཡོད་པས་མ་ཚད། དྲི་ཟའི་ཡུལ་ཡང་རྒྱ་གར་དུ་ཡོད་པར་འདུག་ཅིང་། ཀླུ་སྒྲུབ་སྒྲ་མི་སྙན་དུ་ཕེབ་ཁར་བདེ་སྤྱོད་བཟང་པོ་རྒྱལ་པོར་འགྱུར་བའི་ལུང་བསྟན་གནང་བ་དེ་ཐེག་ཆེན་པ་གང་མང་ཞིག་གིས་ངོས་ལེན་ཡོད་མདོག་འདྲ་ཞིག་འདུག་པས། སྒྲ་མི་སྙན་དུ་ཕེབས་པའི་ལམ་ཁ་ཞེས་པ་འདི་རང་གིས་ཀླུ་སྒྲུབ་ནམ་མཁར་འཕུར་ནས་སྒྲ་མི་སྙན་དུ་ཕེབས་པ་མ་ཡིན་པ་བསྟན་འདུག་སྙམ། དེ་བཞིན་རི་བོ་གྲུ་འཛིན་དང་ཤམ་བྷ་ལ་ཡང་གང་དུ་ཡོད་མེད་ག་ལེར་བགྲོ་གླེང་རེ་བྱེད་ཡ།
ང་ནི་དེང་སྐབས་ཨ་རིའི་ཚན་རིག་སྡེ་ཚན་NASAསོགས་ཀྱི་འཚོལ་ཞིབ་བརྙན་འཕྲིན་ལེ་ཚན་NOVAཞེས་པ་ཞིག་གིས་ཡིད་དབང་ཡོངས་སུ་བཀུག་ནས་རྒྱུ་སྐར་མིག་དམར་སྟེང་དུཚེ་སྲོག་ཡོད་མེད་སོགས་ཚན་རིག་འཚོལ་ཞིབ་ཀྱི་ཤེས་བྱ་མུ་མཐའ་མེད་པའི་ཀློང་དུ་འཛུལ་བཞིན་བསྡད་ཡོད།
༧ གོང་ས་མཆོག་གིས་གདུལ་བྱ་ལ་གང་ལ་འདུལ་གསུང་རྒྱུ་རེད། འདི་ནི་སངས་རྒྱས་ཀྱི་དགོངས་དོན་ཡང་རེད། སྐབས་བསྟུན་ནང་ཆོས་ཀྱང་གསུང་རྒྱུ་རེད། རི་རབ་གླིང་བཞི་སོགས་དུས་འཁོར་དང་མཛོད་རྩ་ལ་ཁྱད་པར་དབྱིབས་སོགས་ཅུང་ཟད་ལས་མེད། དེ་གཉིས་མེད་ན་མེད་མཉམ་ཡིན་པས་དུས་འཁོར་རྩ་བརྒྱུད་དེ་བརྗོད་བྱ་མེད་པ་བྱ་རོག་སོ་བརྟག་ལྟར་གྱུར་ན་དགོས་པ་ཉང་དགོས་སོགས་སྨྲོས་ཅི་དགོས། དེ་བས་ན་ ༧གོང་ས་མཆོག་གིས་བརྗོད་བྱ་མེད་པ་དུས་འཁོར་དབང་ཆེན་འདི་ཅི་ལྟར་ཡང་དང་ཡང་དུ་གསུངས། ངས་འདི་ཙམ་ལ་བརྟགས་ནས་དུས་འཁོར་སོགས་ནས་གསུངས་པའི་རི་རབ་གླིང་བཞི་སོགས་ལ་ཡིད་ཆེས་བྱེད་ཀྱི་ཡོད། འདི་ལ་དཔྱད་ན་འདུལ་བའི་ཚིག་གིས་མི་ཕན་པས་གྲུབ་མཐའ་གོང་མའི་ལྟ་གྲུབ་ལྟར་བྱེད་དགོས་བསམ། རྒྱུ་མཚན་འདི་ནི་འདུལ་ཁྲིམས་སྐོར་མ་རེད། འདི་ནི་འཇིག་རྟེན་ལྟ་ཚུལ་སྐོར་ལ་རེད། འདི་ལ་དཔྱད་ན། ཕལ་ཆེར་རྒྱ་ཆེའི་ལམ་མཐུན་ཟབ་ལ་མིན། གསུངས་བ་ལྟར་གཅིག་བྱས་ན་ང་ཚོའི་ལྟ་བ་མཐུན་རྒྱུ་མ་རེད། མ་མཐུན་ན་གྲོགས་པོ་ནང་ཚགས་གཅིག་གིས་གཅིག་ལ་ཁྲོས་རྒྱུ་མ་རེད་པ། འདི་ལ་དུས་ཚོད་ཀྱང་ཅུང་ཟད་འགོར་རྒྱུ་རེད། དེང་སང་ང་ནི་ཉིན་བཞིན་སྒོར་མོའི་རྗེས་ལ་ལྷོད་ཀྱི་མེད་ནོ་ཁྱོས་ར་ལོས་ཤེས། ངའི་ཧེབ་འདི་ནང་ལ་སྒོར་མོ་མ་གཏོགས་རི་རབ་གླིང་བཞི་སྐོར་དེ་ཙམ་གལ་མི་ཆེ་གི
དེ་མིན་ཚན་རིག་གི་སློབ་སྦྱོང་སོགས་ངས་སྔོན་ཆད་སློབ་འབྲིང་སྐབས་སུ་ས་རྒྱུས་ལོ་གསུམ་ལ་ཀློག་མྱོང་བ་དེ་ལས་ཤེས་གི་མེད། དེ་མིན་ཚན་རིག་སྐོར་ཀྱི་ལྟད་མོ་ངས་ཀྱང་བལྟས་མྱོང་། ཡིན་ན་ཡང་ངས་བསམ་ན་༧གོང་ས་མཆོག་གིས་མཚན་རིག་དང་དུས་འཁོར་གཉིས་ཀ་མཁྱེན་རྒྱུ་རེད་བསམ། མཚན་རིག་གི་འཇིག་རྟེན་ལྟ་ཚུལ་དུས་འཁོར་དང་འགལ་བ་ཡིན་པ་གང་ཞིག དུས་འཁོར་གྱི་འཇིག་རྟེན་ལྟ་ཚུལ་མི་བདེན་པ་ཡིན་པ་མཁྱེན་ན་དུས་འཁོར་དབང་ཆེན་མུ་མཐུད་གསུངས་རྒྱུ་འེ་ཡིན་ན་བསམ འདི་ནི་དབང་རྟུལ་དད་པའི་རྗེས་འབྲང་གི་བསམ་ཚུལ་ཅིག་འེ་ཡིན་ན
༡་་་་་དུས་འཁོར་ལས་གོ་ལ་ཟླུམ་པོ་དང་མཛོད་ལས་རི་རབ་གླིང་བཞི་ཅན་དུ་གསུངས་མེད་དམ།
༢་་་་་་དུས་འཁོར་གྱི་ལྷ་ཡི་ཉམས་ལེན་དང་དུས་འཁོར་གྱི་རི་རབ་སོགས་ཀྱི་འདོད་ཚུལ་གཉིས་ཁས་ལེན་ན་ལེན་མཉམ་བྱེད་དགོས་སམ། གལ་སྲིད་དགོས་ན་དུས་འཁོར་རྩ་རྒྱུད་ལས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །གསུངས་པའི་དགོངས་པ་གང་།
༣་་་་་་དུས་འཁོར་ལ་ཕྱི་དུས་ཀྱི་འཁོར་ལོ། ནང་དུས་ཀྱི་འཁོར་ལོ། གཞན་དུས་ཀྱི་འཁོར་ལོ་སྟེ་དུས་འཁོར་སྒོམ་སྟངས་གསུམ་མེད་དམ།
༤་་་་་གལ་སྲིད་བཀའ་པོད་ལྔའི་ནང་གི་མཛོད་ཀྱི་སློབ་སྦྱོང་གི་ཚབ་ཏུ་ཚན་རིག་སློབ་ཚན་ཞིག་འཇོག་དགོས་ཟེར་ན་ཉིད་ལ་དགོངས་ཚུལ་ག་འདྲ་ཞིག་ཡོད་དམ།
༥་་་་་་་་་གོང་ས་མཆོག་གིས་མཛོད་ལ་དོགས་དཔྱོད་གནང་བ་གདུལ་བྱའི་མོས་ངོར་བསྟུན་པ་ཡིན་ན། གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གསུངས་པ་ཡང་གདུལ་བྱའི་མོས་ངོར་བསྟུན་པ་ཅི་ལ་མིན།
༦་་་་ཞིང་ཤམ་བྷ་ལ་དེ་འཇམ་བཞད་འཇིགས་མེད་རྒྱ་མཚོ་དང་ཁོང་གི་གསོལ་ཁ་བས་བླ་བྲང་གི་ནམ་མཁར་མཐོང་བ་འདིས་ཤམ་བྷ་ཡང་ས་ཡི་གོ་ལ་འདིའི་ཕྱི་རོལ་ཞིག་ཏུ་ཡོད་པ་མི་མཚོན་ནམ།
༡ དུས་འཁོར་ན་ཡང་རི་རྒྱལ་སོགས་བཞེད་ཀྱི་ཡོད་ནི་རེད། ངས་དབྱིབས་ཙམ་མ་གཏོགས་ལབ་ཡོད།
༢ རི་རྒྱལ་སོགས་དུས་འཁོར་ནས་གསུངས་པའི་བསྟན་བྱ་ཕྱི་དུས་ཀྱི་འཁོར་ལོ་ཇི་བཞིན་མེད་ན། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། དེ་བརྗོད་གསུངས་དབྱངས་མཆོད་ཏུ་ཚད་མ་སྟེ། གསུངས་པ་ལྟར་གྱི་ཚད་མའི་བསྟན་བཅོས་མིན་ཏེ། རང་གི་བསྟན་དོན་ལ་བསླུ་བའི་ཕྱིར་རོ། རང་གི་བསྟན་དོན་ལ་བསླུ་བའི་བསྟན་བཅོས་ཅིག་ཕྱོགས་གཅིག་ལ་ཚད་མ་ཡིན་པར་ཡང་མི་འགྲུབ་པས་ཡོད་ཆེས་དཀའ་བར་འགྱུར་རོ།
གལ་ཏེ་གྲྭ་སར་ཚན་རིག་གི་སློབ་གཉེར་ཅིག་འཇོག་དགོས་ཟེར་ན། དེ་ངས་བསམ་ན་འགྲིག་པ་ཅིག་རེད་དྲན་མོད། འོན་ཀྱང་མངོན་པ་མཛོད་ཀྱི་ཚབ་ཏུ་ཟེར་ན། དེ་ལམ་སློང་བྱུང་རྒྱུ་མ་རེད། གལ་ཏེ་དབང་ཡོད་འདྲ་བཤད་ན་མི་ཤེས། གང་ཡིན་ཟེར་ན་མངོན་པ་མཛོད་ན་གང་ཡོད་ཚན་རིག་གིས་ཁ་བསྐངས་ཐུབ་ཀྱི་མ་རེད། མངོན་པ་མཛོད་ལ་གནས་བརྒྱད་ཡོད། འཇིག་རྟེན་ཆགས་རིམ་དེ་གནས་གསུམ་པའི་ནང་གི་ཆ་ཤས་གཅིག་རེད། གནས་གསུམ་པ་ཆ་ཤས་ལ་གལ་ཆེན་ཁ་ཤས་ཡོད་པ་དཔེར་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་ཚུལ་དང་། བར་སྲིད་མདོ་སྦྱར་ལྟ་བུ་ལ་ཡང་ཚན་རིག་པས་ཁ་བསྐངས་ཐུབ་འེ་ཡོང་།
དྲི་བ་དྲུག་པ་འདི་ངོ་ནས་ཁྱོད་ཀྱིས་གསུངས་པ་ལྟར་ཡིན་སྲིད། ངས་ངོ་ནས་དུས་འཁོར་འགྲེལ་ཆེན་སོགས་ཀློག་གི་ཡོད་མོད། ཞིབ་འཇུག་གི་ཆེད་དུ་མིན། དགེ་རྒན་གྱིས་སྔགས་ཕྱོགས་ལ་བགས་ཆགས་འཇོག་གང་ཐུབ་བྱས་གསུངས་པ་ལྟར་བཀའ་མ་བཅགས་ཙམ་ཡིན།།
ལར་གདན་སའི་སློབ་གཉེར་དེ་དག་ཐར་བ་དོན་གཉེར་གྱི་ཆེད་དུ་ཡིན་པས་ཐུན་མོང་རིག་གནས་རྣམས་ཀྱང་སློབ་གཉེར་ལ་གེགས་བྱེད་ཡིན་ཅེས་འགོག་གི་ཡོད་ན། ཚན་རིག་གིས་ཐར་བ་དོན་གཉེར་ལ་ཅིག་ཕན་འེ་ཡོང་།
འོ་ན། རྒྱ་གར་གྱི་མཁས་པ་བྱམས་པ་མགོན་པོས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འཐོབ་པས། །ཞེས་བརྗོད་པའི་ལུང་ཀུན་ཁྱབ་མ་འདི་Recycleནང་དུ་བསྐྱུར་རམ།
དུས་འཁོར་ནས་རི་རབ་ཟླུམ་པོ། མངོན་པ་ནས་གྲུ་བཞི དུས་འཁོར་ནས་འཇིག་རྟེན་རྩོམ་གཞི་རྡུལ་ཕྲ་རབ་ཆ་མེད། མངོན་པ་ནས་ཆ་བཅས། དུས་འཁོར་ནས་ཐོག་པར་འཇིག་རྟེན་ཆགས་སྐབས་ཀྱི་སྟོང་བ་དེ་སྟོང་ཉིད་རང་། མངོན་པ་ནས་ནམ་མཁའ་སྟོང་བ། འདི་དག་སོགས་ཁྱད་པར་ཡོད།
སློབ་དཔོན་དབྱིན་གཉེན་ཡིན་ན་འདིས་འདི་ལྟར་བརྟགས་དཔྱད་མེད་པའི་གཏམ་བཤད་གང་འདོད་དུ་བྱེད་དོན་ཅི་ཞིག་ཡིན་ནམ། རང་གི་གཅེན་པོས་སེམས་ཙམ་པའི་གྲུབ་མཐའ་གསར་བ་ཞིག་གི་སྲོལ་ཕྱེས་པས། ཁོང་ཡང་རང་དགར་འདུག་མ་ཐུབ་པར་མངོན་པ་མཛོད་ཟེར་བའི་བསྟན་བཅོས་བོད་ལུང་ཁུག་གི་བླ་རྒན་སྐོར་ལོག་སྐོར་ཞིག་མ་གཏོགས་ཡིད་མི་ཆེས་པ་འདི་བརྩམས་པ་མིན་ནམ། ཁོས་རང་གི་གཅེན་པོར། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་སྙིང་འཕྱས་བཏང་བའི་ཁ་གཏད་དུ་དམིགས་ཏེ་ངས་ཀྱང་། ཀྱེ་མ་དབྱིག་གཉེན་ནལེནྡྲར། །ཉི་མ་གཏོང་བའི་གནོང་འགེབ་ཆེད། །བོད་རྒན་འགའ་རེ་མ་གཏོགས་པ། །ཡིད་མི་ཆེས་པའི་མངོན་པ་བརྩམས། །ཞེས་ཟེར་ན་འདོད། ཁོ་དེང་སང་ཡོད་རྒྱུ་ན་ཟླ་བའི་སྟེང་དུ་འགྲོ་མྱོང་ཞིང་ཉི་མའི་མཐའ་སྐོར་འཇལ་མྱོང་བའི་ཚན་རིག་པ་ཀླད་དམར་སྐོར་ཞིག་རུབ་བརྒྱབ་ནས་བླ་རྒན་ཕྱིར་བལྟས་མེད་པར་འབྲོ་དགོས་པ་ཞིག་བཟོ་ས་རེད་ལ།
ཀླུ་སྨྱོན་ལགས། གླིང་གཟའ་ཆོས་སྐྱིད་ཀྱི་འདས་ལོག་སྐོར་དེ་ང་ལ་ཡིད་ཆེས་ལྟ་བུ་ཡོད། རྒྱུ་མཚན་ང་ཆུང་ཆུང་སྐབས་སུ་མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར་ཀློག་རྒྱུར་དགའ་བོ་ཡོད། ང་གྲྭ་བ་བཟོས་བ་ཡང་དེ་འདྲ་ཅིག་གི་རྐྱེན་བྱས་པ་ཡིན། འོན་ཀྱང་གཞུང་ལུགས་དང་སྦྱར་ནས་ལན་འདེབས་ཤེས་ཀྱི་མི་འདུག གང་ཡིན་ཟེར་ན་གཞུང་ལུགས་ན་ཤི་བའི་ཚེ་འཆི་སྲིད་ཕྲ་མོའི་སྐབས་སུ་སེམས་ཤིན་ཏུ་ཕྲ་བ་ཡིན་པས་གང་ཡང་ཤེས་མི་ཐུབ་པ་འདྲ། འོན་ཀྱང་ཚེ་འདིར་འཆི་བ་ཆོས་སྐུའི་ལམ་ཁྱེར་སྒོམ་པའི་གང་ཟག་ཅིག་ཡིན་ན་འཆི་སྲིད་ཕྲ་མོའི་སྐབས་སུ་ཡང་ཆོས་སྐུ་རྗེས་མཐུན་པ་ཅིག་འགྲུབ་ཀྱི་ཡོད་པ་འདྲ་འདུག འཆི་སྲིད་དེ་སྐད་ཅིག་ཤིན་ཏུ་ཐུང་བའི་ངང་ཚུལ་ཅན་ཞིག་རེད། དེའི་རྗེས་སུ་སྐྱེས་པ་ཕྱི་མའི་བར་སྲིད་གྲུབ་ཀྱི་ཡོད་པ་རེད། གལ་ཏེ་ཤི་བོ་གཞན་དང་ཕྲད་ཡོད་ན་ཕྱི་མའི་བར་སྲིད་ནས་མིན་འགྲོ་བསམ་གྱི་འདུག དེ་ནས་བར་སྲིད་དེ་ཤི་བ་ན་ཕྱི་མའི་སྐྱེས་སྲིད་མ་བླངས་པར་ཡང་བསྐྱར་ཚེ་འདིའི་ལུས་ལ་རྣམ་ཤེས་དེ་ཞུགས་པ་མིན་འགྲོ་བསམ། འདི་ལྟར་ན་གཞུང་ལུགས་དང་མི་འགལ་བ་ཙམ་ལས་གཞུང་ལུགས་ན་གསལ་བོ་ཡོད་མེད་མི་ཤེས། དེ་ཡང་བར་དོ་ཐོས་གྲོལ་ལྟ་བུ་ན་ཡོད་སྲིད།
ངོ་མ་དགོད་ཀྱི་ཡོང་གི་ཡ། ས་གཞི་འདི་རིལ་རིལ་ཞིག་ཡིན་པ་ནི་ན་ལེནྡྲའི་འདུ་ཁང་གི་ཐོག་ཁར་འགོས་ནས་རྒྱང་ལྟ་རེ་བྱས་ན་ཡང་ཤེས་ཐུབ་ནི་རེད། དཔེར་ན་རྒྱང་རིང་གི་རི་རྩེ་དང་སྤྲིན་པ་མི་མཐོང་བའི་རྒྱུ་མཚན་ཆུང་ཆུང་ཞིག་གིས་ཀྱང་ཐག་ཆོད་འགྲོ་ནི་རེད། ཨ་ཤུ་རེ་ཁོ། འདི་ཙམ་ཡང་མི་ཤེས་པར་ཉི་མ་དང་ཟླ་བའི་བར་དུ་འདི་དང་དེ་ཟེར་ནས་མངོན་པ་རྩོམ་པའི་འགན་ཁུར་དེ་སུ་ཞིག་གིས་བསྐུར་པ་ཡིན་ནམ། གཅིག་བྱས་ན་འདུས་བཟང་ཟེར་བའི་བླ་རྒན་ལོ་ལོན་རིག་པ་ལྡབ་ལྡིབ་ཏུ་གྱུར་ཚར་བ་ཞིག་གིས་བཤད་པ་ཐམས་ཅད་ཟིན་བྲིས་སུ་བཏབ། དེ་ནས་རང་གི་མིང་ཆེན་པོ་དེ་དེའི་མཇུག་ཏུ་བཏགས་ཏེ་མཁས་པའི་མདུན་སར་ངོམ་པ་ཞིག་ཡིན་ན་ཡང་ཐང་ཀོ
རི་རབ་འདི་སངས་རྒྱས་ཀྱིས་ཀྱང་གསུངས་མེད་དམ་སྙམ། སྒྲོལ་མའི་མདོ་འདི་སངས་རྒྱས་ཀྱི་གསུངས་པ་རྩོད་མེད་ལྟ་བུ་རེད། དེ་ན་ཡང་། རི་རབ་མནྡ་ར་དང་འབིགས་བྱེད་གསུངས་འདུག་ཀ དབྱིག་གཉེན་གྱི་གསུངས་འདི་རྩ་ཆེན་རེད་ངས་བསམ་ན། འཇིག་རྟེན་ལྟ་ཚུལ་ལ་གཅིག་རྐྱང་བ་ཚན་རིག་པའི་ནང་ནས་ཀྱང་འབྱུང་མི་སྲིད་པས། ལྟ་ཚུལ་རྙིང་པ་ཡང་འཇིག་རྟེན་འདིར་ཡོད་ན་ཡག་ཀ ད་དུང་དུས་འཁོར་འཇིག་རྟེན་ལྟ་ཚུལ་འདི་ཡ་མཚན་རེད། ཉེ་དུས་རྒྱ་ནག་དང་རྒྱ་གར། ནེ་པ་ལེ་སོགས་སུ་ཉི་འཛིན་བྱུང་བ་རྣམས་སྔ་ས་ས་ནས་དུས་འཁོར་ལུགས་ཀྱི་ལོ་ཐོ་ན་གཏན་འབེབས་བྱས་ཚར་འདུག་ཀ ཚན་རིག་པ་ཇི་ལྟར་ངར་ན་ཡང་དེ་འདྲས་ཐིག་པོ་རེད་མི་འདུག་ཀ ད་དུང་འདི་གཉིས་ཀྱིས་མཉམ་ལས་ཐོག་ནས་རྒྱ་མཚོའི་འཕྱུར་རྒྱུ་སོགས་ཀྱང་སྔ་ས་ནས་ཤེས་རྒྱུ་ན་སྔོན་ཆད་ཧིན་རྡི་ནེ་ཤི་ཡ་སོགས་ཀྱི་འཇིགས་སྣང་དེས་མི་མང་པོའི་ཚེ་སྲོག་འཕྲོག་ཐུབ་ཀྱི་མ་རེད་བསམ།
ངས་འདི་ལྟར་བཤད་ན་འདོད་གི ང་ཚོར་ད་ལྟ་ཕལ་ཆེར་ལ་འཇིམ་གླིང་ཟླུམ་པོ་སྣང་བ་ནི་རང་རེའི་མིག་རིལ་གཉིས་ཟླུམ་པོ་འམ་སྒོ་ང་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་རེད། གལ་ཏེ་མིག་འདི་ཟུར་གསུམ་ཅིག་ཡིན་ན་འཇམ་བུ་གླིང་དེ་ཡང་ཟུར་གསུམ་ཅིག་ཡིན་པར་ཐེ་ཚོམ་མེད་ཟེར་ན་འདོད་ཀི
ད་དུང་བྱིས་པ་མངལ་སྤོར་ཀྱི་གནས་ཚུལ་དེ་མངོན་པ་མཛོད་ན་འདུག་ཀ ང་ཚོའི་བསམ་ན་བྱིས་པ་མངལ་སྤོར་དེ་དེང་སང་གི་མཚན་རིག་ཅིག་རེད་འདོད་མོད། སྔ་ས་ནས་བྱིས་པ་མངལ་སྤོར་དེ་འདུག་ཀ དེ་ཡང་མཚམས་མེད་ལྔ་ནང་དུ་མ་བསད་པའི་མཚན་མེད་ཟེར་བ་དེར་དོགས་པ་ཅིག་འདུག བྱིས་པ་ཅིག་ཨ་མ་གཉིས་ཀྱི་ཁོགས་པ་ནས་སྐྱེས་ན་མ་བསད་པའི་མཚམས་མེད་འབྱུང་ས་དེ་གང་ཡིན་ཅེ་ན། དེ་ནི་ཐོག་པར་མངལ་དུ་ཁུ་ཁྲག་འདྲེས་སའི་ཨ་མ་དེ་ཡིན་པར་གསུངས་འདུག དེ་ལྟར་ན་ལོ་ཆིག་སྟོང་སྔོན་ནས་བྱིས་པ་མངལ་སྤོར་དེ་ཡོད་འདུག འདི་མངོན་པ་མཛོད་ན་ཡོད
སྒྲོལ་བསྟོད་འདི་ལ་རྒྱ་གར་བའི་བྱ་དཀའ་བའི་སྙན་ངག་གི་ཉམས་ཤིག་འདུག་པས། འདི་ནི་ལོ་ངོ་ས་ཡ་དུང་ཕྱུར་སྔོན་དུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཞིག་ད་ཨེ་ཡིན་ནམ། འདིའི་རི་རབ་མནྡ་ར་ཞེས་པ་འདིས་ཀྱང་རྒྱ་གར་བའི་ཧིན་རྡུ་དང་ནང་པའི་བཤད་སྲོལ་ཞིག་རེད་འདུག་པས་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཞིག་མ་རེད་བསམས། རྒྱ་གར་ན་རྣམ་པར་སྣང་མཛད་ཟེར་བའི་མཁས་པ་ཅི་བྱུང་ནས་ཅི་མ་བྱུང་། ངས་འདི་ནི་ལོ་ཆེན་བེ་རོ་ཙ་ནས་བརྩམས་པ་ཞིག་མིན་ནམ་ཡང་བསམས། ད་དུང་རི་བོ་འབིག་བྱེད་ཅེས་རྒྱ་གར་པ་ཚོས་ལྷོ་ཕྱོགས་ཀྱི་རི་དེ་ལ་འབོད་སྟངས་དེ་ཅི་བཞིན་འདུག རྒྱ་གར་དུ་འགྲོ་བ་མི་བྱུང་ནས་ལོ་ངོ་ས་ཡ་བརྒྱ་ཙམ་ལས་སོང་མེད་པས། བསྐལ་བ་གྲངས་མེད་པའི་ཡང་གྲངས་མེད་པའི་སྔོན་རོལ་ཞིག་ཏུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་རི་རབ་མནྡ་ར་དང་འབིག་བྱེད་ཅེས་རི་རབ་དང་རི་ཕྲན་འདི་ཡི་མིང་རྒྱ་གར་བའི་འབོད་སྲོལ་གཞིར་བཟུང་གདག་ཐབས་ག་ལ་ཡོད། འདི་ཙམ་གྱིས་ཀྱང་སངས་རྒྱས་ཅིག་ཅིག་ཅིག་གིས་གསུངས་ཞེས་པའི་གཏམ་ཆེན་པོ་དེ་དག་གི་ཁུངས་གཏུགས་ས་གང་ཡིན་ཤེས་ཐུབ་ཀ།
འོ་ན་གསར་བརྗེ་བ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལྟ་བུའི་མིག་རིལ་གཉིས་ཀ་བཀོག་ཚར་བའི་མི་དག་གི་ལག་པར་རྡོ་རིལ་ཞིག་བཞག་ན་དེ་དག་གི་སྣང་ངོར་དེ་མེད་པ་ཡིན་ནམ། རྒྱུ་མཚན་ནི་དེ་ལ་མིག་མེད་པའི་ཕྱིར། དབྱིབས་ཟེར་བ་དེ་མཐའ་གཅིག་ཏུ་མིག་རིལ་དང་མིག་ཤེས་ཀྱིས་ཐག་གཅོད་དགོས་པ་ཞིག་ག་ལ་ཡིན། དབྱིབས་བརྒྱད་པོ་དེ་དག་ལུས་ཤེས་ཀྱིས་ཀྱང་མྱོང་ལོས་ཐུབ།
མོ་རིགས་ཤིག་གི་མངལ་དུ་ཁམས་དཀར་ལྡུག་རྒྱུ་ཡོད་པ་འདི་ཤེས་ཚུན་ཆད་མོ་རིགས་ཤིག་གི་ཁམས་དམར་མོ་རིགས་གཞན་ཞིག་གི་ཁོག་པར་ལྡུག་རྒྱུ་ཡོད་པ་འདི་མི་ཤེས་པའི་གནས་ཤིག་ཡོད་དམ། འདི་ཙམ་གྱི་ཤེས་བྱ་ཆུང་ཆུང་དང་ཤིན་ཏུ་རགས་པ་ཞིག་མངོན་པ་མཛོད་ཟེར་པའི་སྐད་གྲགས་ཅན་དེ་ལ་ནོར་འཁྲུལ་མེད་པའི་སྒྲུབ་བྱེད་འགྲོ་ཨེ་ཐུབ་བ། དགུ་བཅུ་གོ་དགུ་འབུམ་སྡེའི་གཞུང་རྣམས་ཐུགས་ཐོགས་ན་ཡོད་ཟེར་བའི་མཁས་པ་ཞིག་གིས་འདི་ཙམ་ཁྱིམ་པ་ཕོ་མོས་མི་ལུས་བཟོ་སྟངས་ཙམ་ཞིག་ཤེས་པར་ངོ་མཚར་རྒྱུ་ཅང་མེད་ཀ།
རྣམ་འགྲེལ་ན་བུ་རམ་གྱི་རོ་ལས་བུ་རམ་གྱི་གཟུགས་རྟོགས་པ་དེ་རྒྱུ་ཆོས་རྗེས་དཔག་ཡིན་ཟེར་ནས་གསུངས་འདུག དེ་ཕལ་ཆེར་བདེན་པ་ཡིན་རྒྱུ་རེད་བསམ། དེ་བཞིན་དུ་གྲུབ་མཐའ་གཞན་རྣམས་ཀྱིས་ཀྱང་དབྱིབས་དང་ཁ་ཏོག་མིག་ཤེས་ཀྱི་གཟུངས་བྱ་ལས་ལུས་ཤེས་ཀྱི་གཟུངས་བྱ་མིན་ཟེར།
ངས་ཟེར་ན་མངལ་སྤོར་བ་ཟེར་གྱི་ཡོད། དེང་སངས་མངལ་སྦོར་སྐབས་ཡིན་གཅིག་མིན་གཉིས་ཨ་མ་སྔོན་མ་དེ་གཤགས་ན་བྱིས་པ་བླངས་དེ་དེ་ནས་ཨ་མ་རྗེས་མ་དེ་བཤགས་དེ་དེའི་ཁོག་པའི་ནང་དུ་འཇོག་གི་ཡོད་པ་རེད་པ། འོ་ན་ལོ་ཆིག་སྟོང་སྔོན་དུ་དེ་ལག་ལེན་ཇེ་ལྟར་བྱེད་ཀྱི་ཡོད་ན་འདི་ལ་ལན་ཐོབ་དང་།
གཞོན་ནུས་མིག་རིལ་རིལ་ཡིན་ཙང་འཛམ་གླིང་རིལ་རིལ་མཐོང་གིན་རེད་ཟེར་བར་ཡེ་ཤེས་ཀྱིས་འོ་ན་མིག་མེད་ན་རིལ་རིལ་མྱོང་ཡང་མི་ཐུབ་པར་ཐལ་ཟེར་བ་འདི་ཤིན་ཏུ་བླུན་པའི་རྟགས་གསལ་ཞིག་ཏེ་་་་་་་་་་་
དེ་དཔེར་ན་མི་འདིར་ཨ་སྒོར་མང་པོ་ཡོད་ཙང་སྐྱིད་པོ་བཏང་གི་འདུག་ཟེར་བར་འོ་ན་ཨ་སྒོར་མེད་པའི་མི་རྣམས་སྐྱིད་པོ་མ་བཏང་བར་ཐལ་ཟེར་བ་དང་གཅིག་ཏུ་མཚུངས་པའི་ཕྱིར་་་་་་་་་་་་་་་་
རིགས་པའི་འགྲོས་འདི་ཙམ་ཡང་མི་ཤེས་རུང་སློབ་དཔོན་དབྱིག་གཉེན་ལས་ཀྱང་མཁས་མདོག་མདོག་བཤད་པ་དེ་དགོད་བྲོ་་་་་་་་་་་་་་་་ཡ་ཆ་་་་་་་་་་་་་་་་་་་་་་་་སྙིང་རྗེ་་་་་་་་་་་་་་ལྟོས་དང་་་་་་་་ འཇིག་རྟེ་ཡོངས་སུ་མི་ཤེས་གང་། །དེ་ནི་ཐུབ་པའི་ལྟ་བུར་མངོན། །གསུངས་པ་ཅིས་མི་བདེན་་་་་་་་་་་་་་་་
གཞོན་ནུ་ཁྱོད་འདི་འདྲ་རང་ད་མ་གསུང་་་་་་་་་་་
གལ་ཏེ་མིག་རིལ་རིལ་ཡིན་ཙང་འཛམ་གླིང་རིལ་རིལ་མཐོང་གི་ཡོད་ན་གྲོགས་པོ་ཁྱེད་རང་གི་མདུན་གྱི་ལེབ་ཀྲོབ་གློག་ཀླད་འདི་ཡང་རིལ་རིལ་དུ་མཐོང་པར་ཐལ་ལོ་་་་་་་་་་་་་་་་་་་་
གཞོན་ནུས་ང་ལ་གནང་བའི་བཏགས་མིང་གཅིག་ནི་རིན་ཆེན་ར་མིའི་རིལ་མ་ཟེར་བ་དེ་རེད་ང་ཡང་རིལ་རིལ་ཞིག་མཐོང་གི་ཡོད་ཚོད་འདུག་་་་་་་་་་་་་་་
བྱས་ན་འདི་ཡང་ཁྱེད་རང་གི་མིག་གི་སྐྱོན་རེད་པས་་་་་་་་་་་་་་་་་་་་་་་ ཨ་ཀྱང་རྩེད་མོ་ཡིན་ད་་་་་་་་་་
ཨ་རོ་མངོན་པ་མཛོད་ན་ཡོད་པ་ཚང་མ་བྲམ་ཟེ་དབྱིག་གཉེན་གྱི་རང་བློར་ཤར་བ་རྐྱང་རྐྱང་ཡིན་མི་དགོས་པ་འདི་ཙམ་ཡང་ཁྱོད་ཀྱི་ཀླད་པའི་ནང་དུ་མི་འཆར་རམ། གལ་སྲིད་ངས་རྩམ་པ་བཟོ་སྟངས་དང་བརྫི་སྟངས་ཀྱི་དཔེ་ཆ་ཞིག་བརྩམས་པ་ཡིན་ན་ལོ་ངོ་བརྒྱ་ཕྲག་འགའི་རྗེས་སུ་དེ་ཡང་ངའི་ཡོན་ཏན་གཞན་ལ་མེད་པ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག་གམ། མངོན་པ་མཛོད་དུ་ཕྱི་རོལ་བ་དང་ནང་པ། ཁྱིམ་པ་དང་གྲྭ་པའི་བཤད་སྟངས་གང་མང་ཞིག་ཆ་བསྡུ་ཡ་བསྡུ་བྱས་ཡོད་པ་རེད། བྲམ་ཟེ་དབྱིག་གཉེན་ཁོ་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པ་ཅང་ཡོད་རབས་མི་འདུག རི་རབ་ཟླུམ་པོ་ཡིན་པ་ཙམ་ཞིག་ཀྱང་མི་ཤེས་པས། སྒྲ་མི་སྙན་ན་ལོ་སྟོང་སྟེ། །ཞེས་གླིང་གཞན་པ་ཞིག་གི་མི་ཚེའི་རིང་ཐུང་ཡང་འཇལ་ཁུལ་བྱས་འདུག བྲམ་ཟེ་དབྱིག་གཉེན་འདི་གྲྭ་པ་ཡག་པོ་སྙིང་རྗེ་ཡོད་པ་ཞིག་ཡིན་པ་འདྲ་སྟེ། རྒྱ་གར་ཆོས་འབྱུང་ཡིན་ནམ་ཞིག་ཏུ་སྐུ་ཚེའི་མཐའ་མར་སྐུ་ལུས་སྟག་མོར་བྱིན་ལུགས་ཤིག་འདུག
རིན་ཆེན་ངས་དེ་ཡང་འདོད་ཀྱི་ཡོད། ཐག་རིང་ནས་བལྟས་ན་གློག་ཀླད་ཡང་རིལ་རིལ་མཐོང་གི་རེད། མི་ཚོས་འཛམ་གླིང་རིལ་རིལ་རེད་ཟེར་བ་དེ། ཐག་རིང་ཅིག་ནས་བལྟས་བའི་སྐད་ཆ་རེད། དེ་ནས་ཐག་རིང་ནས་བལྟས་ན་ཐམ་ཅད་རིལ་རིལ་མཐོང་གི་རེད
འདེ་ང་རང་གཅིག་བུ་མ་རེད། འཛམ་གླིང་ལས་ཀྱི་ས་བའི་མི་ཚང་མས་དེ་ལྟར་མཐོང་གི་རེད། འགལ་མེ་འཁོར་ལོར་མཐོང་བ་ཡང་དེ་རེད།
ད་དུང་རྣམ་འགྲེལ་ལས་དབང་པོའི་སེམས་ནི་ངེས་ཕྱིར་རོ།། གསུངས་པའི་དོན་དེང་སང་གི་བཤད་སྟངས་ལྟར་གོ་བདེ་པར་བཤད་ན། མིག་ཤེས་ཡུལ་དུ་གྱུར་བའི་རྡོ་རིལ་བུ་དེ་ཆོས་ཅན། ཁྱོད་ཀྱི་ཁ་དོག་ལུས་ཤེས་ཀྱིས་མི་ཤེས་པར་ཐལ། དཔེར་བརྒྱབ་ནས་ལོང་བའི་ལག་ཏུ་བཞག་ན་དེའི་ག་ཚོད་རེག་ནའང་མི་ཤེས་པའི་ཕྱིར། འདིས་རེག་བྱ་ལ་རྟེན་ནས་དབྱིབས་འགྲུབ་པ་དེ་ཡང་རྒྱུ་ཆོས་རྗེས་དཔག་ཡིན་པར་འགྲུབ་པའི་ཕྱིར་དང་།
སྐར་མའི་གོ་ལ་ག་ཚོད་ཡོད་པ་ཚང་མ་རིལ་རིལ་མཐོང་གི་འདུག་ཀ དེ་ནི་བར་ཐག་ངེས་ཅན་ཞིག་ནས་བལྟས་བའི་རྒྱུ་མཚན་དང་། དེ་ཡང་མིག་རིལ་རིལ་ཡིན་པ་ལ་ཐུག་པ་རེད། འདི་འེ་རེད ཧཧཧཧ ད་ཚན་རིག་ཤོད་ཡ། ཚན་རིག་མ་བཤད་ཟེར་ན་ཚང་མས་ཚན་རིག་དང་ཚན་རིག་ཟེར་ནས་ཅི་ཞིག་ཤེས་མདོག་བྱེད། དེ་ཡང་དམ་ཆོས་འདུལ་བའི་ནང་དུ་ཡང་ཚན་རིག་དཀྲུག་ནས་བཤད། རྣམ་འགྲེལ་དང་འདི་འདྲ་ལ་ཚན་རིག་དཀྲུགས་དགོས་པ་རེད། འདི་དག་རིགས་པའི་ལམ་ནས་ཐག་གཅོད་པའི་ཐབས་ལམ་ཞིག་རེད།
དེ་ནས་ང་སློབ་འབྲིང་སྐབས་སུ་ས་རྒྱུས་ལས་འདི་འདྲའི་དོགས་པ་ཅིག་འདུག གལ་ཏེ་འཛམ་གླིང་འདི་རིལ་ལུ་ཡིན་ན། འདི་འཁོར་བསྐྱོད་སྐབས་གོ་ལའི་འོག་ངོས་ཀྱི་དངོས་པོ་རྣམས་ཟགས་མི་འགྲོ་བ་གང་རེད་། འདི་ལ་ལན་སྟོན་སྐབས་སའི་གོ་ལའི་འཐེན་ཤུགས་ཀྱིས་འཐེན་བསྡད་ཡོད་པ་རེད་ཟེར། འདི་ནི་ལོ་སྟོང་ཕྲག་སྔོན་གྱི་མངོན་པ་མཛོད་ཀྱིས་གསུངས་པའི་དོགས་པ་གཅིག་སྟེ། གལ་ཏེ་རྡུལ་ཕྲ་རབ་འདི་དག་རེག་ལ་མ་འབྱར་བ་ཡིན་ན། རྩིག་པ་སོགས་འཐོར་མི་འགྲོ་བ་གང་ཡིན། དེ་ནི་འཐེན་ཤུགས་ཀྱིས་གཟུངས་བསྡད་ཡོད་པ་རེད་ཟེར་བ་དང་ཁྱད་པར་གང་ཡང་མི་འདུག ཡིན་ན་ཡང་ཚན་རིག་གིས་རྡུལ་ཕྲ་རབ་རེག་ལ་མ་འབྱར་བ་ཁས་ལེན་གི་ཡོད་དམ། ཡང་ན་རེག་འབྱར་ཁས་ལེན་གི་ཡོད་མི་ཤེས། མཚན་རིག་མཁས་པ་ཚོས་གསུངས་རོགས། མངོན་པ་དང་དུས་འཁོར་ནས་རྡུལ་ཕྲ་རབ་འདི་འཇིག་རྟེན་ཆགས་རིམ་ལས་དང་པོར་གཏན་ལ་འབེབས་རྒྱུ་རེད། དེ་ཡང་འཇིག་རྟེན་འདིའི་རྩོམ་གཞི་རྡུལ་ཕྲ་རབ་ལ་ཐུག་ཡོད་པའི་རྒྱུ་མཚན་གྱིས་ཡིན་གསུངས། ཆ་བཅས་ཆ་མེད་གཅིག་བུ་ལ་ཡང་རྩོད་པ་མང་པོ་ཅིག་འདུག
ཨ་རོ། སྐབས་འདིར་ཁ་དོག་རྩོད་ཀི་མེད་ལ་དབྱིབས་བཤད་ཀི་ཡོད་ཡ། ལོང་བས་ཀྱས་ལག་ཏུ་བཞག་པའི་ཅ་ལག་དེའི་དབྱིབས་རིལ་རིལ་ཡིན་དང་གྲུ་བཞི་ཡིན་ཤེས་ཀྱི་རེད། དེང་སང་ལོང་བ་ཚོར་འབུར་ཡིག་ཅེས་པ་ཞིག་ཡོད་པ་འདིས་ཡི་གེ་རེ་རེའི་དབྱིབས་ལ་བརྟེན་ནས་གོ་དོན་མི་འདྲ་བ་རེ་མཚོན་པས། ལོང་བ་ཚོས་ཀྱང་དབྱིབས་དེ་དག་ག་ལ་བརྟེན་ནས་ལོང་ཡིག་གི་གོ་དོན་ཤེས་ཀྱི་ཡོད་པ་རེད། དེང་སང་གི་དོན་དག་འདི་དག་དེང་སང་གི་བཤད་སྟངས་རྩོད་སྟངས་མ་གཏོགས་གནའ་སྔ་མོའི་རྩོད་སྟངས་བཤད་སྟངས་ཀི་ཐོག་ནས་བཤད་བསྡད་ན་ད་ཨུ་ཚུགས་ཀྱི་སྟེང་དུ་ཨུ་ཚུགས་དང་། དེའི་སྟེང་དུ་ཨུ་ཚུགས་བརྩེག་དགོས་ནི་རེད། ཚན་རིག་པས་རྙེད་ནས་གཏན་པ་ཕབས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ང་ཚོས་འདི་རང་ཡིན་པས་ཁས་ལེན་དགོས་ཤིང་། ཁོ་ཚོས་མ་རྙེད་པའི་སེམས་ཀྱི་གསང་བ་དག་དེ་རང་ཡིན་པར་ཁས་བླང་ན་ཧྲ་གི་མོ། གནའ་སྔ་མོའི་རྒྱ་གར་གྱི་གྲྭ་པ་ཆ་རེའི་ཁ་ལ་བརྒྱུགས་ནས་འཇིག་རྟེན་ཟླུམ་པོ་འདིའི་སྒང་ན་ཡོད་པ་དེ་མེད་པར་ཁས་བླངས། མེད་པ་དེ་ཡོད་པར་ཁས་བླངས་ནས་བོད་ཀྱི་ནང་ཆོས་ཟེར་ན་ཆོས་ལུགས་སྐོར་ལོག་ཅིག་གི་སྣང་བ་འཛིན་དུ་མ་བཅུག་ན་ཧྲ་གི་མོ།
ཚན་རིག་པས་རྡུལ་ཕྲན་དག་གཅིག་གཅིག་ལ་མ་འབྱར་བར་རྩོམ་གཞིའི་ནུས་ཤུགས་ཤིག་གིས་གཞི་གཅིག་ཏུ་འདུས་བསྡད་ཡོད་པ་ཞིག་ཏུ་ཁས་ལེན་གིན་འདུག དེའི་ཕྱིར། ཚན་རིག་པ་མང་པོ་ཞིག་གིས་སྣོད་བཅུད་འགྲུབ་པའི་རྩ་བ་དེ་ནུས་ཤུགས་ཤིག་ཏུ་ཁས་ལེན་བཞིན་འདུག དེ་ནི་གོང་ས་མཆོག་གིས་མཛད་པའི་རྡུལ་ཕྲན་གཅིག་ཁོ་ནའི་ནང་གི་འཇིག་རྟེན་ཞེས་པ་དེར་གཟིགས་དང་ཤེས་ཐུབ། ནུས་ཤུགས་དེ་ནི་སྦང་སྒྲ་ཆེན་མོ་ཟེར་བ་དེས་བཟོས་པའི་ནུས་རྒྱུན་ཞིག་མིན་ནམ་ཞེས་བདག་གིས་འདོད།
ཚན་རིག་ཁྱོས་མ་སྦྱངས། །
ནང་ཆོས་ངས་མ་སྦྱངས། །
གཉིས་ཀས་གཉིས་ཀ་བཤད། །
གཉིས་ཀ་མགོ་ཡུ་འཁོར། །
ཧཧཧཧཧཧཧཧཧཧཧཧ
ངས་ལོང་པས་རྡོ་རིལ་ལུ་དེ་རིལ་ལུ་ཡིན་པ་མི་ཤེས་གི་ཟེར་གྱི་ཡོད་པ་མ་རེད། དེ་ལུས་ཤེས་ཀྱིས་ཤེས་པ་མ་རེད། དེ་ལུས་ཤེས་ཀྱིས་རྡོ་རི་ལུ་དེའི་རེག་བྱ་མྱོང་བ་ལ་རྟེན་ནས་རྒྱུ་ཆོས་རྗེས་དཔག་གིས་ཤེས་པ་རེད་ཟེར་གྱི་ཡོད་པ་རེད། རྒྱུ་མཚན་ཁས་མ་བླངས་པ་མ་རེད། ངས་རྒྱུ་མཚན་དེ་སྒྲུབ་བྱ་དེ་སྒྲུབ་བྱེད་དུ་འགྲོ་གི་མི་འདུག་ཅེས་ཤོད་ཀྱི་ཡོད་པ་རེད། འདི་ན་ང་ཡང་ཟླ་བ་རེ་ལ་ལྐུག་པའི་སློབ་གྲྭ ལོང་བའི་སྨན་ཁང་། རྒན་གསོ་ཁང་སོགས་ལ་ཡང་བསྐོར་བསྐྱར་བསྐོར་བྱེད་གི་ཡོད།
གོང་ས་མཆོག་གི་དེབ་དེ་ང་ལ་ཡོད། རྡུལ་ཕྲན་རེག་ལ་མ་འབྱར་བ་ཡིན་མིན་དེ་མངོན་པ་མཛོད་ཀྱི་གསུངས་སྟངས་དང་གཅིག་པ་རེད་འདུག་པས། ཚན་རིག་བཤད་སྟངས་ཡིན་མིན་ལ་དོགས་པ་བྱས་ནས་བསྡད་ཡོད།
འ་རོགས་མདངས་དགོང་ཁ་བརྡ་ཡག་པོ་ཤར་གི་མི་འདུག དེ་ནས་ཤར་གི་འེ་འདུག དེ་ནས་ངས་ཨ་མདོ་སྐད་ཀྱི་སིན་པོ་ཁུང་གི་གློག་བརྙན་ལ་བལྟས་པ་ཡིན དགོས་ན་འདི་ཡིན། http://www.youtube.com/watch?v=0L0AbWg31-8&NR=1
ཧྲ་གི་མོ། ད་ང་ལ་མཚོན་ན་མཛོད་གནས་བརྒྱད་ཀྱི་ནང་ནས་གནས་གསུམ་པ་འཇིག་རྟེན་བསྟན་པ་དེ་ཁས་ལེན་མི་ཐུབ་ཀི གཞན་དག་དལ་མོ་བྱས་ནས་བལྟ་གི་ཡིན། གཞན་དག་ཚོ་ནི་ང་ལྟ་བུའི་བླུན་པོ་ཞིག་གིས་བལྟས་ན་ཡང་དགའ་རབས་མེད་འགྲོ་བསམས་པ་ཞིག་འདུག ཁ་སང་ཉིད་ཀྱི་དྲི་བ་དམྱལ་བར་མ་སྐྱེས་གོང་ལ་སྐྱེ་འགྱུར་དེའི་ཁང་བ་དམྱལ་མེས་མི་བསྲེག་གམ་ཞེས་པ་ལྟ་བུ་དེར། འཆིམ་མཛོད་ན། ཁྱི་མོ་ཞིག་གི་མངལ་ནས་ཚ་དམྱལ་དུ་སྐྱེ་འགྱུར་གྱི་སེམས་ཅན་ཞིག་ལ་དཔེ་བླངས་ནས་ལས་ཀྱིས་བར་ཆོད་པའི་རྐྱེན་གྱིས་དམྱལ་མེས་ཁྱི་མོའི་མངལ་མི་འཚིག་ཅེས་བསྟན་འདུག འདི་མོ་འདི་ཚོ་སེམས་ནང་འབབ་རྒྱུ་ཡོད་པ་ཞིག་རེད།
མདང་དགོང་ང་ལ་ཡང་དེ་འདྲ་རེད། ངས་དབྱིག་གཉེན་ལ་དོགས་སློང་བྱས་པར་ཆོས་སྐྱོང་བསེ་ཁྲབ་པ་ཁྲོས་པ་རེད་སྙམ་ཡང་དེ་འདྲ་ཡིན་ན་ངེད་གཉིས་ལ་ཁྲོས་པ་འདྲ།
གོང་ས་མཆོག་གི་དེབ་ THE UNIVERSE IN A SINGLE ATOM ཟེར་བ་དེ་རེད་པ།
རྒྱ་གར་གྱི་སྔགས་པ་འདིས་བཤད་པར་ཉོན་དང་གསར་བརྗེ་བ་ཞིག་རེད། འདང་རྒྱག་རྒྱུ་ཡོད་ཀི ཡེ་ཤུ་དང་ཁ་ཆེ་བ་ཚོ་མི་དགའ་ན་ཐང་ར། ཁྱོའི་དབྱིན་ཇི་བོ་ར་འུ་གཉིས་རྡ་རམ་ས་ལར་འགྲོ་དུས་ཀྱི་དེ་ལས་དགའ་རབས་ཤིག་ཡར་འགྲོ་བྱུང་ཡོད་པ།
http://www.youtube.com/watch?v=6P-LK6vt04w&feature=channel
རེད་རེད། དེ་བོད་ཡིག་ཏུ་བསྒྱུར་འདུག་ག། ངས་དབྱིན་ཡིག་ཏུ་ཡང་ཀློག་གི་ཡོད་དྲ། བོད་ཡིག་དགའ་རབས་གསལ་བོ་འདུག འདི་རིགས་དབྱིན་ཡིག་ནས་གོ་ཁག་པོ་འདུག
རེད་མཆིམས་མཛོད་ནས་དེ་ག་རེད། ང་མཆིམས་མཛོད་ཀློག་རྒྱུར་ཞེ་གི་དགའ། ཡིན་ན་ཡང་འདི་ན་མཆིམས་མཛོད་མེད་ཀི འདི་མཆིམས་བློ་བཟང་གྲགས་པ་ཟེར་བ་དེ་མ་རེད། མཆིམས་འཇམ་པའི་དབྱངས་ཟེར་བ་དེ་རེད། མཆིམས་བློ་བཟང་གྲགས་པ་ནི་རྗེ་རིན་པོ་ཆེའི་མཚན་གནང་མཁན་དེ་རེད། ཁོང་གི་དགེ་ཕྲུག་ཆོས་རྗེ་དོན་འགྲུབ་རིན་ཆེན་མདོ་སྨད་དུ་བརྫངས་པ་རྗེ་རིན་པོ་ཆེའི་ཆེད་དུ་རེད་ཟེར། ཡིན་ན་ཡང་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་བྱ་ཁྱུང་མ་བརྙེད་པར་དཀའ་ལས་མང་པོ་བརྒྱབ་པ་ལྷ་སྒྲུང་ལྟ་བུ་མང་གི
ད་ངའི་ཁ་སྐོམ་སོང་། ཞོལ་ལ་རྒུན་འབྲུམ་དམར་པོའི་ཁུ་བ་ཞིག་འཐུང་དུ་འགྲོ དེང་སང་འདི་མོ་འདི་མ་འཐུང་ན་མི་བ་གི ཨ་རོ། ང་ཡང་སྔོན་མའི་སྐམ་རིད་དེ་མིན་པར་ལུས་པོའི་ལྗིད་ཚད་བརྒྱ་དང་ལྔ་བཅུ་ང་ལྔ་རེད། འདི་ཚོར་ཚོ་རེ་ཡང་གསོག་གིན་འདུག འདི་འཆི་ལྟས་རེ་ཡང་ཡིན་ན་ཐང་། ཨ་རི་ནས་རྒྱགས་པ་ཚོར་རིན་ཐང་དེ་ཙམ་མེད་ཀ བུ་རྒོད་པོ་ཞོགས་པར་རྒྱུགས་གཤར་རེ་གློད་དང་། ཁྱོས་ར་སྟོན་པའི་ཁ་བླངས་ནས་ཕྱི་དྲོ་ཁ་ཟས་མེད་ཀྱི་ན་དེ་མོ་ལུག་ལུག་ཅིག་ཆགས་ཆེ་དགོས། མི་ཤེས། དེང་སང་ཁྱོས་ར་ཨ་རིའི་ལད་མོ་བྱས་ནས་རང་ཉིད་སྐམ་པོ་སྐམ་ཙར་རེ་བཟོས་ཡོད་ན་ཐང་། ངེས་འབྱུང་ཅན་གྱི་དགེ་བཤེས་འདི་ཚོས་ཆོས་འཇིག་རྟེན་གཉིས་ཀ་འཆོར་གི་མི་འཇུག་ཡ།
རེད་རེད། འདི་བ་ཚང་འཆིམ་བློ་བཟང་གྲགས་པའི་སློབ་མའི་གཙོ་བོ་ཞིག་ཡིན་ས་རེད། མཛོད་འགྲེལ་གྱི་མཇུག་རྩོམ་དུ་ཡང་དེ་ལྟར་གསལ། མཛོད་འགྲེལ་འདི་དཔལ་ས་སྐྱའི་ཆོས་གྲྭར་དབུ་བརྩམས་ཤིང་སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་ལུགས་གསུངས་པ་ལ་བརྟགས་ན་རྒྱ་ཡུལ་དུ་ཕེབས་འདུག གང་ཡིན་ཟེར་ན་ཅོང་ཏུའམ་ཙོང་ཏུའི་མཁར་དེ་རྒྱ་ཡུལ་ཞིག་ན་ཡོད་སྙམ།
ངའི་ལྗིད་ཚད་ལ་ ༡༩༥ སླེབས་ཚད་འདུག ང་རོགས་པ་པོ་ཏི་རི་གལ་ཅིག་ཡོད་པ་དེས་སྟོན་པ་ལས་ལྷག་ཅིག་ཕྱི་དྲོས་ཁ་ཟས་དགག་གི་འདུག་རུང་། ངའི་ལྟོ་འདུན་སྔོན་གི་དེ་ར་དེ་རེད། ཨ་རིར་ནས་ཡང་བསྒྱུར་མི་ཐུབ་གི
འ་རོགས། ཀུན་མཁྱེན་མཚོ་སྣ་བ་ཟེར་དེ་ཡང་སྐྱ་བ་འེ་རེད། ས་སྐྱ་འདི་བ་ཚང་ལ་མཁས་པ་ཞེ་གི་མང་གི་ཡ།
ད་ལྟ་ང་ལ་རྟེན་འབྲེལ་བཟང་པོ་ཞིག་བྱུང་སོང་། ངས་ཀུན་མཁྱེན་མཚོ་སྣ་བའི་རྣམ་ཐར་དེ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དུ་ཡོད་བསམས་ནས་དཔེ་མཛོད་ཁང་དུ་སོང་སྟེ་དཔེ་ཆ་དེ་བླངས་ནས་ཞལ་ཕྱེས་པ་ཙམ་གྱིས་ཏག་ཏག་འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། །ཞེས་པའི་རྗེ་བླ་མའི་ཚིག་བཅད་འདི་དང་འབྲེལ་བའི་ཀུན་མཁྱེན་མཚོ་སྣ་བའི་རྣམ་ཐར་ཡོད་སའི་ཤོག་ངོས་དེ་རང་གི་མཚམས་སུ་ཁེལ་སོང་། སྤྱིར་ན་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་འདི་ལ་ཤོག་ངོས་༩༢༢ཡོད་ན་ཡང་། འདི་འདྲའི་སྟེས་དབང་དང་རྟེན་འབྲེལ་འགྲིགས་པ་ཞིག་དཀོན་པོ་མ་རེད་དམ། དེ་རིང་ཉིན་གུང་རྒྱབ་ལོགས་སུ་ངས་གཏམ་རྒྱུད་གསེར་ཐང་བཀླགས་པས། དགེ་ཆོས་དང་རཧུལ་གཉིས་ཀྱིས་སྐྱའི་དཔེ་ཁང་ཞིག་ཏུ་རྒྱ་དཔེ་འཚོལ་དུས། ཐོག་མར་དགེ་ཆོས་ཀྱིས་སྣང་མེད་ངང་གླེགས་བམ་ཞིག་གི་ཞལ་ཕྱེས་པས་རྣམ་འགྲེལ་རྒྱ་དཔེ་ཞིག་དང་ཁེལ་བས། ཁོང་གཉིས་ཀྱིས་དཔེ་ཁང་དེར་རྒྱ་དཔེ་ཡོད་པར་བསམས་ནས་གྲོགས་འགའ་དང་བཅས་ཉིན་གསུམ་གྱི་རིང་ལ་བཙལ་ཀྱང་དགེ་ཆོས་ལ་རྙེད་པ་དེ་མ་གཏོགས་རྒྱ་དཔེ་གཅིག་ཀྱང་མི་འདུག་པས། དག་ཆོས་ཀྱིས་གལ་སྲིད་གཞན་ཞིག་ཡིན་ན་ངོ་མཚར་ཆེན་པོར་སྒྲོག་ན་ཐང་ཞེས་པ་དེ་དེ་རིང་ང་ལ་བྱུང་སོང་། ཡིན་ན་ཡང་དགེ་ཆོས་རྣམ་འགྲེལ་ལ་མཁས་པ་ཡོངས་གྲགས་ཡིན་ཞིང་། ང་ལ་མཚོན་ན་སྡོམ་པ་ཡོད་དུས་འདུལ་བ་མེད་འདུལ་བ་ཡོད་དུས་སྡོམ་པ་མི་འདུག་པས་ཨུ་ཧུ་ལགས།
གང་ལྟར་ཀུན་མཁྱེན་མཚོ་སྣ་བ་དེ་ས་སྐྱའི་དགོན་པ་བཏབ་མ་བཏབ་མཚམས་ཤིག་ཏུ་སྐུ་འཁྲུངས་པར་གྲགས་པས་ས་སྐྱ་བ་ཞིག་མ་རེད་ལགས། དགེ་བའི་བཤེས་གཉེན་བཟང་ཆེན་པ་ཞེས་པ་ཞིག་ལས་ལམ་རིམ་གསན་ཅིང་། མནལ་ལམ་དུ་སློབ་དཔོན་ཡོན་ཏན་འོད་ལ་འདུལ་བ་གསན། རྒྱལ་སྲས་ཞི་བ་ལྷ་ལ་སྤྱོད་འཇུག་གསན། སློབ་དཔོན་དབྱིག་གཉེན་ལ་མངོན་པ་མཛོད་གསན། སློབ་དཔོན་ཕྱོགས་ཀྱི་གླང་བོ་ལ་ཚད་མའི་མདོ་གསན། སློབ་དཔོན་ཆོས་ཀྱི་གྲགས་པ་ལ་རྣམ་འགྲེལ་སོགས་ཚད་མ་སྡེ་བདུན་གསན། སློབ་དཔོན་ཟླ་བ་གྲགས་པ་ལ་གསང་འདུས་གསན། རྗེ་བཙུན་བྱམས་པ་མགོན་པོ་ལ་མངོན་རྟོགས་རྒྱན་གསན་པར་གྲགས་པས། ས་པཎ་ལ་བྱུང་བ་བཞིན་བྱུང་འདུག ས་པཎ་གྱིས་ཨ་ཕྱི་འབུམ་པའི་དྲུང་དུ་མནལ་ལམ་དུ་སློབ་དཔོན་དབྱིག་གཉེན་ལ་མཛོད་ཟླ་བ་དྲུག་ལ་གསན་པ་དང་ཕྱིས་ཁ་ཆེ་པཎ་ཆེན་ལ་གསན་པ་གཉིས་ལ་ཁྱད་པར་མ་བྱུང་བར་གྲགས། གང་ལྟར་འདུལ་བ་མདོའི་རྣམ་བཤད་འདི་བརྩམས་མ་ཐག་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་གདན་དྲངས་ནས་སླར་ཡང་ལན་གཉིས་པར་རྩོམ་དགོས་ཐུག་ཅེས་ཀྱང་གསུངས་འདུག འདུལ་འཛིན་ཆེན་པོར་བཞུགས་པ་ཙམ་དུ་མ་ཟད། དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་རྨི་ལམ་འཛིན་པ་ལ་མངའ་བརྙེས་པས་རྨི་ལམ་དུ་སངས་རྒྱས་ཀྱི་ཞིང་ཁམས་སུ་བགྲོད་པ་དང་། གདུལ་བྱ་ལ་ཆོས་སྟོན་པ་དང་། སངས་རྒྱས་བྱང་སེམས་ལས་ཆོས་ཉན་པ་སོགས་སྤྲུལ་སྒྱུར་སྣ་ཚོགས་ལ་ཡང་མངའ་བརྙེས་པར་གསུངས་འདུག
ཁོང་འཁྲུངས་ས་དེ་དེང་སྐབས་ཀྱི་མཚོ་སྣ་རྫོང་ཟེར་བ་འདིའི་ཁོངས་སུ་རེད་འདུག ཤེས་ཀ བོད་རྙིང་བའི་བཀའ་བློན་ཀ་ཤོད་ཆོས་རྒྱལ་ཉི་མས་དགེ་འདུན་ཆོས་འཕེལ་ལ། ཨ་ལེ། དགེ་འདུན་ཆོས་འཕེལ་ཟེར་བ་དེ་ཁྱོད་རང་རེད་དམ། ད་ཡིན་ན་ཁྱོད་རང་མཚོ་སྣ་བ་སུར་པན་འཚོང་མཁན་ཞིག་དང་འདྲ་བོ་འདུག་ཅེས་དམའ་འབེབ་བྱེད་སའི་མཚོ་སྣ་དེ་རེད། ཕལ་ཆེར་མཚོ་སྣ་རུ་སུར་པན་ཡག་པོ་ཞིག་སྐྱེ་གི་ཡོད་ས་རེད།
མཚོ་སྣ་བ་ལ་རྟེན་འབྲེལ་སྒྲིགས་ནས་མ་སྡོད་པར་མཚོ་སྣ་བའི་གསུངས་དེ་ཞིབ་མོ་ཅིག་ཀློག དེ་ནས་དེ་ཚང་མ་སྡོམ་གྱི་སྟེང་དུ་ཚུར་བསྡུས། འདུལ་བའི་བཅའ་ཡིག་སྐོར་ལ་འདི་འདྲ་བོད་ཀྱི་བླ་མ་རྣམ་ལ་མེད། ད་ཟུར་ན་དགོན་པ་མང་པོ་ན་བཅའ་ཡིག་ཟུར་ཡིག་ཟེར་བ་མང་ནི་རེད་དེ། ཕྱག་དཔེ་དེ་གཅིག་བུ་ཡོད་ན་གཞན་མང་པོ་ཁུར་བོ་རེད། ཁྱོད་ནི་ཡར་རྒྱུགས་མར་རྒྱུགས་བྱེད་རྒྱུར་དགའ། འོ་དེ་འདུལ་བའི་སྐོར་གཅིག་བུ་ནས་བཤད་ཀྱི་ཡོད་མ་གཏོགས། གཞན་མངོན་པ་འོག་མ་ལྟ་བུ་ལ་མཚོན་ན་མཆིམས་མཛོད་དེ་ཡག་ཤོས་རེད།
འདུལ་བ་ཡོད་དུས་སྡོམ་པ་མེད་ལབ་ཡོད་དོ།།འཁུར་བདེ་ན་ཡང་འཁུར་དོན་མེད་དོ།།
ད་ཐེངས་གི་མཚོ་སྣ་འདི་བ་ཚང་གིས་རྒྱ་གར་གཞུང་ལ་ཆོག་མཆན་ཞུས་ནས། མཚོ་སྣ་ཁུལ་ཏུ་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སློབ་གྲྭ་ཁ་ཤས་ཅིག་རྒྱག་གི་ཡོད་པ་རེད། འདི་ལམ་སློང་བྱུང་གི་ཡོད་པ་འདྲ། མ་གཞི་ཁོང་བཀའ་འགྱུར་རིན་པོ་ཆེ་ནང་བཞིན་མ་རེད། བཀའ་འགྱུར་རིན་པོ་ཆེ་དེས་ད་ཞབས་འདྲེན་ཞུས་ཡོད་དེའི་ཕྱོགས་ན། མཚོ་སྣ་རིན་པོ་ཆེ་འདི་བས་རྡ་ས་ནས་ཕོ་གསར་ལས་མེད་མང་པོ་ཅིག་དགེ་རྒན་ལ་ཁྲིད་པའི་སྐད་ཆ་ཡོད། ང་ཡང་ཐོག་མར་དེ་འགྲོ་རོགས་ཀྱིས་ཟེར། ཡིན་ན་ཡང་ང་དེར་འགྲོ་ཐུབ་མ་སོང་།
སྔོན་མར་ཕ་ཡུལ་ནས་སྡེ་བའི་རྒད་པོ་ཞིག་གིས། ད་ཁྱོད་ཚོ་ཡར་མར་རྒྱུག་གི་མ་འདུག ས་རྡོག་རིལ་ན་ཇེ་ཆུང་ཡིན་ནི་རེད་ཟེར་མྱོང་། ད་ལྟ་བསམས་ན་རྒད་པོ་དེའི་དེ་ལུང་བསྟན་ལྟ་བུ་ཞིག་རེད། རྒད་པོ་དེ་ཀླུའུ་དགོན་པའི་གྲྭ་ལོག་ཅིག་རེད་ལ་ཁོ་རང་འཆི་ཁར། རྟེན་འབྲེལ་ལྟ་བུར་ཐར་ཤུལ་དགོན་པའི་ཨ་ཁུ་ཆ་རེ་བོས། ཅང་འདོན་དགོས་ནི་མ་རེད། རྩེད་མོ་རེ་བརྩེས་ནས་བཞུགས་སོང་ན་ཡང་འགྲིག་ནི་རེད་ཟེར་གི་ཟེར།
ད་ཐེངས་གི་མཆན་འབྲི་ས་འདིའི་ཁ་བྱང་རྟེན་འབྲེལ་ཆུག་པ་ཅིག་རེད་མོད། ཡིན་ན་ཡང་མཆན་བཏབ་ཀྱིན་བཏབ་ཀྱིན་རྟེན་འབྲེལ་ཡག་པོ་ཅིག་གི་ཕྱོགས་སུ་བསྐྱོད་གི་འདུག་ན། ཁྱོད་ཀྱི་སྒལ་རྩ་དེ་ཡང་ཀྱོག་ཀྱོག་མ་བཟོ་བར་ཇེ་དྲང་ཇེ་དྲང་། སྔོན་མ་སློབ་དཔོན་དམ་པའི་མདུན་ལ་ཡོད་པ་ལྟར་ཡོང་གི་འདུག ཧཧཧཧ རྩེ་མོ་ཡིན།
རྒད་པོ་དེའི་ཆུང་མ་ཨ་ཆེ་མཚོ་ལོ་ཟེར་བ་ངའི་གཉེན་ཉེར་བརྩི་བའི་འབྲོག་མོ་ཞིག་གིས་རིག་གསར་སྐབས་ཐར་ཤུལ་ཤེལ་ལུང་རྩྭ་ཐང་ན་དབྱར་ཁའི་ཉིན་ཞིག་ལྕི་བ་འཐུ་སྐབས་མགོ་ཐོག་ཅིག་ནས་འབྲུག་སྐད་ལྟ་བུའི་འུ་རུ་རུ་ཞིག་གྲགས་པས། ཅི་ཡིན་ནམ་གནམ་སྔོན་པོའི་ནང་ནས་འབྲུག་ར་ཨེ་གྲགས་བསམས་ཏེ་ནམ་མཁར་ལྟ་དུས། ཐང་ཀའི་ངོས་ནས་རིག་མྱོང་བའི་དགེ་བསྙེན་ཕྱིང་དཀར་བ་རྟ་དཀར་པོ་ཞིག་ལ་ཆིབས་ཏེ་མདུང་རིང་ཞིག་འཕྱར་བ། རི་རབ་ཙམ་ཞིག་ཐར་ཤུལ་དགོན་པའི་ཕྱོགས་ཀྱི་མཁའ་དབྱིངས་ནས་ཡོངས་འཛིན་རྡོ་རྗེ་འཆང་ཚང་གིས་ངལ་རྩོད་སྒྱུར་གནང་བཞིན་བཞུགས་ཡོད་སའི་མང་སྨད་ཀྱི་ཕྱོགས་ཤིག་ཏུ་གློག་འཁྱུག་པ་ལྟར་བཞུད་སོང་བ་མཐོང་ཞིང་། ལོ་འགའི་རྗེས་སུ་སྲིད་ཇུས་གུ་ཡངས་བཏང་དུས་མོས་སྡེ་བའི་མི་རྣམས་ལ་དེ་ལུགས་བཤད་འདུག
ངལ་རྩོལ་སྒྱུར་བཀོལ་་་་་་་་་་་་
ཡིན་ན་ཐང་། གྲོགས་བཟང་པོ་སྨན་གྱི་ལྗོན་པ་འདྲ། །དུས་རྒྱུན་དུ་བསྟེན་ན་ཆོས་མགོ་ཐོན།།ཟེར་ནི་རེད། ཡིན་ན་ཡང་ཅུང་ཟད་འཕྱི་དྲགས་སོང་། ད་ཡིན་ན་ཡང་སྐྱོན་ཞེ་དྲགས་ཡོད་ནི་མ་རེད། འཆི་བའི་ཚེ་ན་མི་འཇིགས་པའི་གདེང་རེ་རྙེད་ཐུབ་ན་དེ་ཀ་རང་རེད།
སྔོན་མ་ང་མང་ར་ཀེ་ཐ་མ་ནས་རྒྱུན་རིང་བསྡད་ནི་རེད། དེ་དུས་བུ་མོ་ཅིག་ལ་དགའ་དང་ནོ་ད འ་ལས་ངན་པོ འའའའ བུ་མོ་དེ་ཡང་སྨྱོས་དང་ནི་འདྲ་ཟིག་རེད། བྲོས་མི་འགྱོ་རྒྱུ་ན་ཞབས་འདྲེན་ཞུས་དང་ནོ འ ལས་ངན་པོ
ཨ་ལགས་ཡོངས་འཛིན་རྡོ་རྗེ་འཆང་དེ་བ་ང་ལ་མཚོན་ན་ཆོས་འཇིག་རྟེན་གཉིས་ཐད་ནས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་ཞིག་ཡིན། ཐར་ཤུལ་དགོན་པའི་གྲྭ་པ་བརྒྱ་ཁའི་ནང་ནས་ཁྱོད་ལ་འདང་ལྷག་པ་ཞིག་མེད་ན་དཀོན་མཆོག་གསུམ་ཞེས་པའི་ཞལ་མནའ་ཡང་བཞེས་མྱོང་། རྒྱུ་མཚན་ཅི་ཡིན་ངས་ཀྱང་མ་ཤེས། ཡིན་ན་ཡང་ཁྱོད་ལ་དེའི་བསོད་ནམས་ཡོད་མེད་མི་ཤེས་ཞེས་ཀྱང་གསུངས་མྱོང་། འདི་ལ་ངེས་པ་ཇེ་རྙེད་རེད། ང་རང་མི་བསོད་ཟད་ཅིག་ད་ངོ་མ་ཡིན། རྗེ་བླ་མ་སངས་རྒྱས་ཀུན་འདུས་དེ་ལྟ་བུའི་སྐུ་མདུན་ནས་ཀྱང་ལོ་ངོ་བཅུ་ལ་མ་གཏོགས་འདུག་མ་ཐུབ།
ཡིག་དཀར་ཡིག་ནག་འབྲི་ལུགས་ནས་དཔལ་གསང་བ་འདུས་པའི་ཉམས་ལེན་གྱི་བར་དུ་རྗེ་བླ་མ་སྐུ་དྲིན་ཅན་དེས་བསྐྱངས་ནས་ཡོང་བ་ཡིན། ད་བསམས་ན་ངོ་མ་སེམས་ཟོ་སྐྱོ་བའི་ཐོག་ག་སྨྲེང་ནི་ཟིག་རེད།
འོ་ང་བྲོས་ནི་རེད་ཀོ བུ་མོ་དེ་བྲོས་ནི་མ་རེད། ཡི་གེ་ཡིན་ན་འདི་བྲིས་གི་བྲིས་གི་ཡ་མཚན་དེ་འདྲ་བྲིས་ཡོང་གི་འདུག ད་དེའི་སྐབས་ལ་མང་ར་ལུང་པ་སྐྱིད་ནི་རེད། དེའི་སྒང་ལ་བུ་མོ་དེ་ཚོ་ཡག་ནི་རེད། དེའི་སྒང་ལ་འ་བུ་ལོ་ཆུང་ནི་རེད འའའ ད་ཞེ་གི་འཇིག་རྟེན་འཁོར་བ་ཟེར་ནོ་དེར་སྐྱིད་སྣང་ཅིག་ཡོད་ནི་རེད་ཀོ འདི་ལ་བསམ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ མཚོ་བས་ཟབ་པའི་འཁོར་བ་ལས།། ཅེས་འཁོར་བ་ལ་མཚོ་བས་ཟབ་པའི་མིང་བཏགས་ནོ་དེ་ད་ཅི་མ་བདེན་ནས།
ད་དེ་མོ་དེ་བཤད་ན་ང་ཡང་ཐར་ཤུལ་སྡེ་བའི་ཞི་མོ་ཟིག་ག་དགའ་མྱོང་ལ་མོས་ཀྱང་ང་ལ་དེ་ལུགས་ཀྱི་རྣམ་འགྱུར་བསྟན་མྱོང་། མོ་རང་ངའི་དགེ་རྒན་ཚང་གི་ཚ་མོ་རེད། མཛེས་མ་ཟེར་ན་སྡེ་བ་གཡས་གཡོན་ན་སྐད་གྲགས་ཡོད་པ་ཞིག་ཡིན། མི་ལོ་འགའ་ལ་དེས་ང་ལ་ཅིག་བྱས་བཏང་། གང་ལྟར་ཚང་མ་རྨི་ལམ་དང་འཇའ་ཚོན་ལྟ་བུ་རེད། དགེ་རྒན་ཚང་ཞིང་ལ་གཤེགས་དུས་ངེད་གཉིས་དཔུང་བ་གཉིས་གཤིབས་ཀྱིས་ཁོང་གི་སྐུ་གདུང་ལ་ཚྭ་ཚུ་དཔར་ནས་གདུང་འབུམ་ཞིག་བཞེངས་རྗེས་ངས་མོ་རང་གིས་ང་ལ་དྲངས་པའི་འབྲི་ཞོ་ཞིམ་པོ་ཕོར་བ་གང་བོ་ལྷག་མེད་དུ་བཏུངས་རྗེས་སང་ཉིན་དེ་རང་ལ་རྒྱ་གར་འཕགས་པའི་ཡུལ་དུ་ཆས་པ་ཡིན། དེ་ནས་བཟུང་ནམ་ཡང་གོ་ཐོས་མེད།
ད་དེང་སང་དགོན་པ་དེར་རྒྱ་གར་ནས་སོང་བའི་གྲྭ་བ་མང་རབས་འདུག དེ་ན་ངོ་ནས་འཆད་ཉན་སོགས་ཡར་རྒྱས་ཞེ་བོ་ཅིག་འགྲོ་གི་ཡོད་སྐད་འདུག སྔོན་མ་འ་ལགས་ཚང་གིས་དེ་ལ་གྲྭ་ས་ཆེན་པོ་ཅིག་ཆགས་པའི་ཐུགས་སྨོན་ཡོད་གསུངས་སོང་ཡ
ཐར་ཤུལ་དགོན་པའི་ཕུག་དེ་ནས་ཡར་སོང་ན་འབྲོག་སྡེ་ཅིག་ཡོད་གི མིང་བརྗེད་སོང་ཟིག དེ་ནས་འ་ཡེ་ཟིག་གིས་སྔར་ཇུ་པུར་རྫ་ནས་རྒྱ་དམག་གིས་མི་མང་བསད་པའི་ལོ་རྒྱུས་ཅིག་བཤད་སོང་། འ་འ་འ་ད་ཞེ་གི་མི་ཆུ་མི་ཚོག་གི དེ་དུས་མོ་དེའི་གྲས་ན་ཡོད་པའི་མོ་ལོ་བཅོ་བརྒྱད་ཅན་གྱི་བུ་མོ་ཅིག་ཡིན་ཟེར
ངའི་ཨ་མ་ཟོ་ཡིན་ན་ཐང་། དེ་དུས་མོ་ལོ་བཅོ་བརྒྱད་དག་དག་རེད་ལ་བརྗིད་པར་རྫ་གསེང་གི་བསད་པའི་འཕྲོ་མ་རེད།
གལ་སྲིད་ཡིན་ན་ངའི་ཟིན་བྲིས་ནང་ན་ངའི་ཕ་ཡུལ་གྱི་འདྲ་པར་ཞེས་པ་དེར་གཟིགས་ཙམ་གནངས་དང་ཤེས་ཐུབ།
དྲི་བ། ཟིང་འཁྲུག་ལངས་པའི་སྐབས་དེར་བཅུད་པར་རྫ་གསེབ་ནས་བོད་མི་མང་པོ་ཞིག་བསད་པ་རེད། ཁྱེད་རང་དངོས་སུ་དེའི་ནང་ནས་བྲོས་ཐར་བྱུང་བ་ཡིན་དུས་དེའི་སྐོར་ལ་ཆ་རྒྱུས་ཡོད་པ་རེད། བཅུད་པར་རྫ་གསེབ་ནས་མི་ཅི་ཙམ་ཞིག་བསད་ཡོད་མེད་དང་། དམག་མིས་མེ་མདའ་ཇི་ལྟར་བརྒྱབ་ཡོད་མེད། དེ་བཞིན་ཁྱེད་ཚོ་ཇི་ལྟར་བྲོས་བྱོལ་དུ་སོང་ཚུལ་སོགས་འདི་ནས་མདོར་བསྡུས་ཤིག་བཤད་རོགས།
ལོ་རྒྱུས་མི་སྣའི་དྲི་ལན། ཨོ་དེ་ད་ང་ལ་གསལ་ཆ་ཡོད་པ་རེད། དང་པོར་མི་འཛིན་བཟུང་ཚོད་མེད་བྱས་པ་རེད། ཐོག་མར་མེ་མདའ་བསྡུས་སོང་བ་དང་། དེ་ནས་བུ་རྒོད་པོ་ཚོ་བཟུང་སོང་བ་རེད། བླ་དཔོན་ཚོ་ཚོགས་འདུར་བོས་ནས་ཡོང་རྒྱུ་མེད་པར་གང་འཚམ་ཞིག་འགོར་སོང་བ་རེད། དེ་ནས་སྣང་བ་ལམ་ལ་མི་འགྲོ་བའི་གསར་བུ་ཇི་འདྲའི་མང་པོ་ཞིག་ཡོད་པ་རེད། དེ་ཚོས་རྒྱ་མིའི་བདེ་འཇགས་ལས་བྱེད་པ་བསད་པ་དང་། དེ་ནས་རྫོང་ཐོག་ཏུ་བརྒྱུགས་པ་རེད། རྒྱ་མིས་ཕྱོགས་གང་ས་ན་འཐབ་ར་བརྩིགས་ནས་བལྟས་བསྡད་ཡོད་པ་རེད། དེ་འདྲའི་རྐྱེན་གྱིས་ངོ་ཡ་མ་ཡོང་བས་བོད་པ་ཚོ་རུབ་རུབ་བྱས་ནས་བྲོས་པ་རེད།
དྲི་བ། རྫོང་ཐོག་ཏུ་བརྒྱུགས་མཁན་ཚོའི་ལག་ཏུ་གྲི་དང་མདུང་ལྟ་བུ་ལས་མེ་མདའ་ཡོད་པ་མ་རེད་ཟེར་ནས་བཤད་སྲོལ་ཡོད་པ་དེ་བདེན་པ་རེད་དམ།
ལན། ཡོད་པ་མ་རེད། མེ་མདའ་གཅིག་ཀྱང་བསྐྱུར་ཡོད་པ་མ་རེད། བསྡུ་རུབ་བྱས་ཚར་བ་རེད། གྲི་རིང་པོ་མངོན་གསལ་དོད་པོ་རེ་ཡོད་ན་དེ་ཡང་བསྡུ་རུབ་བྱས་ཚར་ཡོད་པ་རེད། མདུང་ངན་རེ་དང་ཁེ་གྲི་རེ་ཀ་རའི་མགོ་ལ་བཏགས་ནས་བརྒྱུགས་པ་རེད། བོད་ཚོ་ཀླེན་པ་རེད། དེ་ལྟ་བུ་ཞིག་བྱས་ནས་ངོ་ཡ་མ་ལོན་པར་བཅུད་པར་རྫ་གསེང་དུ་བྲོས་པ་རེད། དེ་དུས་ངོ་མ་དེ་ཚང་གིས་གསོད་ཀྱིན་འདུག ད་ངོ་མ་གཉོག་འདང་ཟིག་འདྲ་ཟིག་ཡོད་ཀི་ར། ཉིན་དེར་གསེར་ལྡན་སྣ་ནས་མེ་སྒྱོགས་ཀྱི་ཁ་ནས་འཆོར་མི་འཆོར་ཞིག་བྱས་ནས་འབལ་གྱི་ཁ་སྒང་དེར་ཤོར་བ་རེད། མེ་སྒྱོགས་རེ་འཕེན་དུས་ལུག་མང་གཅིག་གཅིག་ལ་འདྲེས་པའི་གསེབ་ནས་དུ་བ་ནག་པོ་ཞིག་གནམ་ལ་འཕྱུར་ཡོང་གིན་འདུག དེ་བཞིན་རྡོ་ལ་ལྷ་ཆེན་ཉག་ཁ་ནས་དམག་བླུགས་པ་རེད། དེ་ནས་འབལ་ཁ་བརྒྱུད་ནས་བཅུད་པར་རྫ་གསེང་དུ་རྒྱག་གིན་གསོད་ཀིན་བྱས་ནས་ཡོང་བ་རེད། དེ་ནས་ང་ཚོ་ཀླེན་པ་ཡིན་པས་བཅུད་པར་གྱི་སྨན་འགྲམ་སྒང་ཟེར་བ་དེའི་སྒང་ལ་འཚོགས་བསྡད་དུས། རྒྱ་དམག་གིས་ཕར་ཁ་ཚུར་ཁ་ནས་མེ་སྒྱོགས་བརྒྱབ་སྟེ་དུ་བ་ནག་པོའི་ནང་དུ་བཏུམ་གྱིན་འདུག་སྟེ། བོད་ཚོས་དཀོན་མཆོག་ལ་གསོལ་བ་འདེབ་ནི་རེད་ལ་དཀོན་མཆོག་གིས་བསླུ་ནི་མ་རེད། གློ་བུར་དུ་སེར་བ་ཞིག་ཡོང་སྟེ་ང་ཚོ་སྨུག་པ་ཞིག་གི་ནང་དུ་བཏུམས་ནས་སྲོག་དེ་ཐར་སོང་། ཡིན་ན་ཡང་སྲོག་ཤོར་ནི་ཚོའི་སྲོག་ཤོར་སོང་བ་རེད། ད་དེ་ཡང་རྒྱབ་མདུན་ནས་མེ་མདའ་བརྒྱབ་སོང་བས། མདེའུ་ཟིར་སྒྲ་དང་བཅས་མགོ་ནས་འགྲོ་ནས་ཐོད་པ་ཡང་ངར་ཡོང་གི་འདུག དཔེར་ན་སེར་བ་འབབ་པ་ལྟ་བུ་ཞིག་རེད། ས་ལ་རྡུལ་ཤུར་སེ་ཕོག་འགྲོ་གིན་འདུག ད་གསོད་བཞིན་འདུག མི་རྟ་རྦབ་ལ་འགྲིལ་འགྲོ་བ་ཡང་འདུག
དྲི་བ། རང་གི་འཁྲིས་ནས་བསྒྱེལ་འགྲོ་བ་ཡང་རིག་རྒྱུ་འདུག་གམ།
ལན། རིག་རྒྱུ་འདུག དེ་ལྟར་བྱས་ནས་ཉི་མ་དེར་ཤོར་སོང་བ་རེད། སང་ཉིན་དེར་ཨ་ལགས་ཤིག་གིས་དོ་དགོང་མདོ་གདུགས་སྒྲོལ་གསུམ་ནམ་གང་ལ་ཐོན་དང་། ཕྱི་ཉིན་ད་བོད་པ་ཚོ་ལ་ཅིག་འདུག་གསུངས་པས། ངོ་མ་ནམ་གང་ལ་མདོ་གདུགས་སྒྲོལ་གསུམ་གཅུས་སོང་།
དྲི་བ། ནགས་གསེབ་ནས།
ལན། ཨོ་ཡ། སྨན་འགྲམ་སྒང་ཟེར་བའི་སྒང་རྒན་ཞིག་གི་མགོ་རེད། ཕྱི་ཉིན་ཉིན་གུང་ད་དེ་ཚང་གིས་ཕར་ཁ་ཚུར་ཁ་བྱས་ནས་བརྒྱབ་སོང་ལ། གཡས་གཡོན་ནས་དུ་བ་ནག་པོ་ཞིག་འཕྱུར་གིན་འདུག དེའི་ཚོད་ལ་ད་དཀོན་མཆོག་གིས་བསྐྱབས་ནས་གློ་བུར་དུ་སེར་བ་དྲག་པོ་ཞིག་ཐོན་ནས་ཅི་མ་ཡིན་ལ་མར་སྡོང་གསེང་དུ་ཤོར་སོང་། དེ་ནས་རྨ་ཆུ་ལ་ཐག་ཉེ་བས་འཇིགས་སྐྲག་མ་བཟོད་པ་མང་པོ་ཞིག་རྨ་ཆུའི་ནང་ལ་ལྡིང་བ་རེད། དེ་ནས་ཡང་དམག་གིས་ཁ་ཕྱིར་བླངས་ནས་ཁྱ་རྒན་གླེ་འགག་ཅེས་པའི་ས་དེར་ཐོན་སོང་། ང་ཡང་དེར་ཐོན་དུས་ནམ་གུང་ཞིག་རེད་ལ། མི་ཟེར་ནོ་ཟོག་ར་བར་བསྐྱིལ་འདྲ་ཞིག་རེད། ཐུན་ཏེ་ཐུན་ཏེའི་སར་སོངས། ཀོས་ནན་ཀོས་ནན་སར་སོངས། མགར་རྩེ་མགར་རྩེའི་སར་སོངས་ཟེར་ནས། ཕྱི་ཉིན་རྫོང་ཐོག་ཏུ་དེད་སོང་བ་རེད། དར་མ་ཚོ་ཟོག་འདེད་འདེད་བྱས་པ་དང་། ལོ་ལོན་དང་ཆུང་ཆུང་ཚོར་རྟ་རྒན་གཡག་རྒན་རེ་ལག་ཏུ་ཆུད་ན་ཞོན་ཟེར་བཞིན་འདུག མེ་མདའ་ལུས་ཐོག་ཏུ་ཚད་བཞིན་ཞབས་གཞུག་གིས་རྒྱག་བཞིན་རྫོང་ཐོག་ཏུ་བསླེབས་པ་རེད། རྫོང་ཐོག་ནས་མི་ཚང་མ་བཟུང་ནས་བཀྱིགས་ཏེ་གཅར་རྡུང་བྱས་པ་རེད་ལ་བཙོན་ཁང་དུ་ཁྱེར་ནས། ངོ་མ་ཚེ་ཕྱི་མ་ཟེར་བ་དེ་འདི་མིན་ན་གང་ཡིན་བསམ་པ་ཞིག་བྱས་པ་རེད། ད་ངོ་མ་ནམ་ལངས་དུས་དབུགས་མེད་པ་ཚོ་ལས་ཅན་རེ་བསམ་པ་ཞིག་འདུག དེ་ལྟར་ཉི་མ་འགའ་ལ་འཛིན་རྒྱུ་ཚོ་བཟུང་འཐབ་རྩོད་བྱེད་རྒྱུ་ཚོར་འཐབ་རྩོད་བྱས་ཏེ་སོག་བར་ནས་ཁྲག་འཐིགས་པ་ཞིག་གཅར་རྗེས། མང་སྟོད་དུ་འདེད་རྒྱུ་ཚོ་མང་སྟོད་དང་ཀ་རྒྱའི་སར་འདེད་རྒྱུ་ཀ་རྒྱའི་སར་དེད་སོང་བ་རེད།
དྲི་བ། གཅར་རྡུང་བྱེད་མཁན་ནི་བཅིང་འགྲོལ་དམག་རེད་དམ།
ལན། བཅིང་འགྲོལ་དམག་རེད་ལ། གཅར་མཁན་མང་ཆེ་བ་བོད་ཀྱི་ནང་གི་སྔོན་འགྲོ་བ་དེ་ཚོ་རེད། རོ་ལག་གིས་མི་ལོན་གི ཁྱོད་ཚོའི་ཁ་ལག་ལ་ཅིག་བབས་ནས་སྡེ་ཚང་གི་དམག་བསད་ནས་ང་ཚོའི་མགོ་ལ་འདི་འདྲ་ཞིག་བྱུང་སོང་ཟེར་ནས་གཅར་གིན་འདུག བོད་པའི་ནང་གི་བུ་རྒོད་པོ་འདི་ཡིན་གན་རེད་ཟེར་བ་ཚོར་གཅར་གིན་ཡོད་པ་རེད། ཁྱོད་ཚོས་གུང་ཁྲན་ཏང་ལ་ཡ་བཟུང་ནས་ང་ཚོ་གཉོམ་ཆུང་ཚོའི་མགོ་ལ་འདི་ཡོང་དུ་བཅུག་པ་ཡིན་ཟེར་ནས་གཅར་བ་རེད།
དྲི་བ། དེ་ནས་དེའི་སྐབས་ཀྱི་དམག་འཁྲུག་དང་འཐབ་རྩོད། དེ་བཞིན་མུ་གེའི་ཁྲོད་ནས་ཁྱོད་ཀྱི་གཉེན་ཉེ་མང་པོ་ཞིག་མེད་བརླག་ཏུ་བུད་སོང་བ་རེད་ལ།
དྲི་ལན། རེད་རེད། དེ་ནས་འཕྲོ་མ་ཚོ་ས་ཁུང་རེ་བསྐོས་ནས་སྦྲ་ངན་གཉིས་གསུམ་རེ་མཐུད་པ་དེའི་ཁ་རུ་བཀབ་སྟེ་དེའི་ནང་དུ་བསྡད་ནས་ཡོད་དུས། མུ་གེ་ཞིག་དང་ཆམ་པ་ཞིག་གཉིས་ཀྱིས་དར་མ་སྐོར་ཞིག་མ་གཏོགས་མ་བསྡད་པ་རེད། དེ་ནས་ཕྱི་རྒྱལ་ཞིག་ལ་བུ་ལོན་ཞིག་ཆད་སོང་ཟེར་ནས་ཟ་མ་བཟའ་རྒྱུ་མེད་པར་རྒྱ་མིའི་ངལ་རྩོལ་བཙོན་པ་ཚོས་ཞིང་ཁ་རེ་བཏབ་པའི་ཤུལ་དུ་སོང་སྟེ་ནས་རློན་རེ་ཟོས་ནས་འཕྲོ་མ་ཚོ་མ་ཤི་བ་དང་། དེ་བཞིན་ཞོག་ཁོག་གི་ལོ་མ་དང་རམ་འབུ་དང་ཚེར་སྐྱ་རེ་ཟོས་ནས་ཁ་ཕྱིར་ལ་འཁོར་གིན་འཁོར་གིན་སྲིད་ཇུས་ཏོག་ཙམ་ལྷོད་པ་དང་། རྒྱལ་ཁབ་ཀྱི་བུ་ལོན་དེ་ཡང་བསད་པ་ཡིན་ཟེར་བ་དང་། རང་གིས་ཀྱང་ཞིང་ཁ་རེ་བཏབ་པ་དང་ཟོག་ཐོ་འགའ་རེ་འཚོ་སྐྱོང་བྱས་པ་རེད།
ད་ཡིན་ན་བྲིས་འདུག་བྲོ་བ་མྱོང་ཤིགས་ལོ།
།བོད་ལ་དགའ་བའི་བུ་ཡིན་ན།
།བོད་ལ་གནོད་པའི་ལས་མ་བྱེད།
།བོད་ཡིག་མཁས་པའི་བུ་ཡིན་ན།
།བོད་སྐད་མི་མཐུན་སྐད་དེ་ཞོགས།
།བོད་རིགས་ཡོངས་རྫོགས་བོད་ཡིག་གིས།
།བོད་པ་ཡིན་པའི་མཚོར་ཤུག་སྤྲད།
།བོད་སྐད་མི་མཐུན་ལོག་སྐད་དེས།
།བོད་ལ་མི་ཕན་ཞོགས་ལ་ཐོངས།
།བོད་ཡིག་ཐ་སྙད་མ་འདངས་ན།
།ཁ་སྐད་བསྣན་ཀྱང་སྤྱི་སྐད་དུ།
།གཅིག་གྱུར་བྱུང་ན་མི་སྐྱོན་ཡང་།
།དགོས་མེད་བསྣན་ན་གནོད་པ་མང་།
།ང་ནི་བོད་དང་བོད་ཡིག་ལ།
།ཞེན་དང་ཆགས་པའི་མི་ཞིག་ཡིན།
།ཁོག་ཏུ་འཆར་བ་དྲ་ཚིག་ཏུ།
།བྲིས་པས་ཐུགས་ལ་མ་ཕོག་ཤོག
བོད་པ་ཡིན་པའི་འཚོར་ཤུགས་སྤྲད།
ཡ་ད་ཚང་མ་ཅུང་ཟད་ཐང་ཆད་ཡོད་པ་འདྲ་འདུག་པས་ངས་གཞས་ཅིག་ཕུལ། ཡང་པོ་ངལ་གསོ་བྱས་འ།
http://www.youtube.com/watch?v=Hk9Yj1WZdmc འདི་ན་ཡོད་ད། ཡིན་ན་ཡང་བུ་མོ་དེ་ལ་ཧམ་པ་མ་བྱས་འ།
༄༅། །ལུགས་གཉིས་བསམ་གཞིག
དྲྭ་གྲོགས་མཁས་པའི་དབང་པོ་རྣམས། །
བོད་ལ་དགའ་བ་ཤིན་དུ་ལེགས། །
འཁོར་ཡུག་མཛེས་ཤིང་ལོ་རྒྱུས་རིང། །
ཆོས་དང་ཆབ་སྲིད་དར་བས་དགེ། །
དགའ་ཡང་དགའ་རིན་ཡོད་པ་ཡིན། །
དགའ་བའི་ཡུལ་དེ་མ་ནོར་འདུག །
བཙན་པོའི་དུས་ཀྱི་གཟི་རྗིད་དེ། །
རང་རེར་ལྷག་ན་ཅི་མ་རུང། །
འོན་ཀྱང་རྨི་ལམ་འབྱོར་བ་བཞིན། །
ཡིད་ཡུལ་ཙམ་དུ་གྱུར་ན་ཡང་། །
སྨོན་པའི་དམ་བཅའ་མི་འདོར་བར། །
ཉིན་རེར་ཐུགས་ལ་ཅི་ཙམ་ཤར། །
འདས་པའི་ཕམ་ཁ་ཅི་ལས་བྱུང་། །
རང་རེའི་དུས་སུ་ཅི་འདྲ་དགོས། །
ལོ་རྒྱུས་ནང་དུ་ཇི་ལྟར་འགོད། །
བུ་ཚར་གོ་སྤྲོད་ཇི་ལྟར་བྱེད། །
གཞན་ལ་འགྲེལ་བཤད་ཅི་འདྲ་བྱེད། །
རང་ལ་སེམས་གསོ་ག་འདྲ་གཏོང་། །
ད་ལྟ་ཕན་པ་ཆེ་ཤོས་དང་། །
གནོད་པ་ཆེ་ཤོས་ཅི་ཞིག་ལགས། །
ལག་ལེན་སྔ་ཕྱི་གནང་ཚུལ་ཅི། །
བླང་དོར་ལག་ལེན་ག་འདྲ་དགོས། །
གྲོང་མཐར་ལྷུང་པའི་རྒད་པོ་ལ། །
ཆོས་ཀྱི་དྲི་མས་མ་གོས་ཤིང་། །
ཆབ་སྲིད་འཁོས་ཀ་མི་འདུག་མོད། །
བློ་གསལ་ཁྱེད་ཅག་ཅི་དགོངས་འདྲི། །
དེ་ག་རང་རེད། ཅི་བྱ་གཏོལ་མེད་རེད་འདུག་ན།aཁཱུུ་ཚོ།
ཨ་རོག་ཁ་བརྡ་ཚང་། དེ་རིང་འདིར་གཡག་མགོ་མངོན་མེད་དུ་གྱུར་་འདུག་ཅི་བྱུང་བ་ཡིན་ནམ།