གངས་རི་དཀར་པོའི་ཆགས་ཚུལ་བོར་
གཙང་ཆབ་བཞུར་རྒྱུན་གླེང་དགོས་
ཁྲ་ཡག་རྫ་ཡི་རྔམ་ལ་མ་བལྟས།།
འབྲོང་གཉའ་ཚ་བཟུང་བྱེད་པར་ཆས་སོ
ཀ་སོགས་སུམ་བཅུའི་འགྲོ་སྟངས་མ་
ཀ་རྩོམ་སྙན་མོ་འབྲི་དགོས་ཟེར་སོ
བོད་ཀྱི་སྐད་ཡིག་རྒྱང་དུ་གཡུག་
བོད་པ་ཡིན་པའི་སྣང་མཐོ་བྱས་སོང་
ལུགས་གཉིས་དཔྱོད་པའི་མིག་ཟུང་མེ
ཆོས་སྲིད་ཟུང་དུ་འཇུག་དགོས་ལབ་
གསར་རྙིང་ཤེས་ཡོན་གང་ཡང་མ་ཤེས།།
གནའ་དེང་ཟུང་དུ་འཇུག་དགོས་ལབ་སོ
ལོ་མང་ལོན་པའི་བཀའ་དང་བསྟན་འགྱུ
རིག་རྙིང་ཡིན་པས་གཡུག་དགོས་ལབ་
རྙིང་པའི་གཡུག་འཚབ་ཁུར་ཤོག་ལབ་
དབྱིན་ཡུལ་སློབ་སྦྱོང་བྱེད་འགྲོ
གནས་ལྔ་རིག་པའི་ཐ་སྙད་མ་ཤེས།།
རིག་གཅིག་རྐང་འཛིན་བྱེད་དགོས་རླ
མཁས་པའི་བྱེད་རྗེས་ཅི་ཡང་མེད་
མཁས་དབང་ཕྱག་ཕྱེར་ལེན་པར་ཆས་སོ
རང་ལ་རང་ཚུགས་བརྟན་པོར་མེད་པར།།
རང་རེའི་སྤུན་པ་གཤེ་ཞིང་སྐུར་སོ
གཞན་པའི་བྱ་སྤྱོད་བརྟགས་དཔྱད་མ་
གཡམ་རྒྱུག་ཞིག་གིས་རྗེས་སུ་འབྲ
ཆོས་ཀྱི་དགོས་སོགས་རང་གིས་མ་ཤེ
ཆོས་ལུགས་ནང་དུ་ཆགས་སྡང་བསླངས་
སྲིད་ཀྱི་སྐོར་ཡུས་ཆ་རྒྱུས་མེད་
ཕུ་རྒྱུག་མདའ་གར་བྲེལ་བས་ཁེངས་
པོ་ཏ་ལ་ཡི་བརྗེད་ཉམས་མཐོང་ཡང་།།
རིག་གཞུང་མཛོད་ཀྱི་རིན་ཐང་བརྗེ
ཡུམ་བུ་བླ་མཁར་རྩེ་མཐོ་མཐོང་ཡང་
རྩ་བ་བརྟན་པའི་ལོ་རྒྱུས་བརྗེད་
རྨ་འབྲི་རྫ་གསུམ་བཞུར་རྒྱུན་རི
རྩ་བ་གངས་ལ་ཐུབ་པ་གཏོར་སོང་།།
ཏི་སེ་གངས་ཀྱི་རྩ་བ་སྐོར་ཡང་།།
རྩེ་མོ་སྨུག་པ་དམར་པོས་སྒྲིབ་སོ
སྐར་མ་ལྔ་ཡི་གཏམ་གླེང་ནང་དུ།།
བསྲེས་སྐད་ལྔ་བཅུ་ཐོལ་གྱིས་ཐོན་
སུམ་བརྒྱ་དྲུག་ཅུའི་ཉིན་ཞག་ནང་
བོད་དྲན་སྐར་ཆ་བཅུ་དྲུག་ཡིན་སོ
དཔལ་དང་འབྱོར་བའི་འཁོས་ཀ་ཞེན་
ཨ་རིའི་ཡུལ་དུ་གཡོག་ལ་ཆས་སོང་།།
ཨ་རིའི་སྒྲོ་ལར་གཡོག་གླ་རག་དུས།
རྒྱ་གར་ཡུལ་ནས་བརྗེད་ཉམས་སྟོན་
བཙན་གནོད་འོག་ནས་བཙན་དུ་བྱོལ་
རང་སྣང་ཨ་སྔོན་དགུང་ལས་མཐོ་སོང་
ཕ་ཡུལ་ཤོར་ནས་ཡུལ་མེད་ཡིན་ཡང་།།
སྡོད་སའི་ཁང་བརྩེགས་གནམ་ལ་ཐུག་
རང་ཡུལ་དགྲ་ཡི་ལག་ཏུ་བཞག་སྟེ།།
ཕྱི་རྒྱལ་ཡུལ་དུ་ཁྱི་བཞིན་འཁྱ
ཕ་མེས་རིག་གཞུང་རིང་དུ་དོར་ནས།།
གསང་སྤྱོད་བཀྲུ་བའི་ལས་ལ་འབུང་
རྒྱང་རིང་རྒྱུད་འཛིན་སེམས་ནས་
བོད་དབྱིན་འདྲེས་མའི་ཕྲུ་གུ་
མི་ཚེ་གཅིག་གི་ཁ་ཟས་བསམ་ནས།།
མི་རྒྱུད་ཡོངས་རྫོགས་མི་ཁུངས་
རང་ཚུགས་ཟིན་པའི་རང་རེའི་མཁས་
རང་རེའི་མི་བུའི་ཐུར་དུ་དྲུད་སོ
ལུགས་སྲོལ་དེ་ཡི་རླབས་ཆེན་བྱས་
ད་ལྟའི་བར་དུ་རྗེས་སུ་ལུས་སོང་།
གནམ་གྲུ་ནང་ནས་མཁའ་ལ་འཕུར་སོང་།
ལྕགས་ལམ་སྟེང་ནས་རྒྱང་ལ་བཞུད་སོ
མཚོ་གྲུ་ནང་ནས་མཚོ་ཁར་ཆས་སོང་།།
རླངས་འཁོར་ནས་ཤར་གྱིས་བསྐྱོད་སོ
དཔྱོད་པའི་མིག་ཟུང་སྒོ་མོ་ཟུམ་
ཤེས་རིག་ནོར་གྱིས་ལག་པ་སྟོང་སོ
རྟ་ནོར་ལུག་གི་རྨིག་རྗེས་སྙེགས་
དབུ་ནག་བོད་པ་ད་དུང་འདུར་སོང་།།
ཚན་རྩལ་རིག་པའི་སྦྱོར་སྟངས་ཤིག་
ཟླ་བའི་སྒང་ལ་རྐང་པ་བཙུག་སོང་།།
དབུ་ནག་བོད་ཀྱིས་རི་བོ་འདི་དག།
གནམ་གྱི་ཀ་བ་ཡིན་པར་རློམ་སོང་།།
རྩིས་ཀྱི་འཕྲུལ་ཐབས་མནན་སྟངས་ཤི
ཉི་མའི་ཁྱིམ་རྒྱུད་ཐོལ་གྱིས་མཐོ
དབུ་ནག་བོད་ཀྱིས་གནམ་ལ་བལྟ་བཞི
སྨིན་དྲུག་འགྲོས་ལ་མགོ་བོ་འཐོམ་
2013.1.27.ཉིན་བྲིས།