རྔ་བ་ཀུན་བཟང་སྒྲོལ་མ།
མཐོན་པོ་རྫ་རི་སྨུག་པས་བསྐོར།།
རྔ་ཆུ་དྭངས་མས་ཤག་སྒྲ་སྒྲགས།།
རྔ་ཕྲུག་བུ་མོ་ནུབ་ལ་གཡུགས།།
ཕ་ཡུལ་རྔ་ལྗོངས་ཕྱུག་མོ་དྲན།།
ཕ་ས་ཕ་ཡུལ་རྒྱབ་ཏུ་བཞག །
ཕུ་ནུ་མིང་སྲིང་ཁ་བྲལ་བཏང་།།
ཆ་མེད་ཡུལ་གྲུར་གོམ་ཁ་སྤོས།།
དྲན་གདུང་ལྕི་མོས་ལུས་སེམས་མནར།།
ཐོབ་འདོད་རེ་བས་སེམས་པ་སྨྱོས།།
འགྲོ་འདོད་རྐང་ལམ་སྨུག་པས་བཀག །
ལན་རེར་འཛོམས་དུས་སྐྱིད་སྣང་ཞིག །
ལན་རེར་བྲལ་དུས་རྨ་ཁ་ཆེ།།
ལེགས་ཉེས་བླང་དོར་ངས་མི་རྟོགས།།
རྣམ་དག་ཐོས་བསམ་ངས་མ་ཤེས།།
འབྲེལ་མེད་ཆགས་གཏམ་ངས་མ་གླེང་།།
སེམས་པའི་ན་ཟུག་ཇེ་ཆེ་རེད།།
གསེར་ཅན་མེ་ཏོག་མགོ་ལྕོག་ལྡེམ།།
འབྲུ་རིགས་སྣ་ཚོགས་ས་ཞིང་བཀང་།།
རྟ་ནོར་ལུག་ཁྱུའི་འབའ་སྒྲ་དེས།།
ཕ་ཡུལ་རྔ་ལྗོངས་ཕྱུག་མོ་དྲན།།
བརྩེ་བའི་མ་ལོའི་གསུང་སྐད་མེད།།
བྱམས་ལྡན་ཕ་ལོའི་ཞལ་འཛུམ་བྲལ།།
ཕུ་ནུ་སྤུན་ཚོར་སྙིང་གཏམ་དབེན།།
ས་མཐའི་མི་ཡི་ལས་དབང་གང་།།
༢༠༡༣ ། ༠༡ ། ༢༨ ཉིན་བྲིས།
རྔ་ཡུལ་ཕྱུག་མོའི་མཛེས་ལྗོངས་སུ། །
རྔ་ཆུ་འཐུང་བཞིན་མ་སྡོད་པར། །
རྔ་སྐད་གོ་རྒྱུ་མེད་ས་ནས། །
རྔ་ལྗོངས་དྲན་ཡང་སྡུག་གྱོང་རེད། །
རྔ་བའི་མཛེས་ལྗོངས་ཡིད་དུ་འོང་།།
རྔ་བའི་ཆུ་ཀློང་རབ་ཏུ་དྭངས།།
རྔ་བའི་མི་སེམས་ཧ་ཅང་དཀར།།
རྔ་གཡང་ཕྱུག་མོ་ཡིད་ལ་འབར།།
འདྲེ་ལག་དམར་པོ་བརྐྱངས་བཞིན་པའི།།
རྐང་ངན་སྨྲ་བའི་སྨྱོན་པ་དེས།།
ཐོ་འགོད་བྱས་མིན་སྙན་རྩོམ་ལ།།
བསྐུལ་ངན་བྱས་བས་སེམས་པ་འཕངས།།
གསར་སྐྱེས་རྩོམ་ལ་ཞུགས་མཁན་ལ།།
ངན་སྨྲས་ལོག་པར་ཚར་གཅོད་ནས།།
མ་འོངས་གཞོན་ནུར་ངན་སྐུལ་མཁན།།
ལངས་རྒྱུ་མེད་པར་རྒྱ་མིར་སྤྲོད།།
འདྲེ་ང་ཡིས་བདེན་པ་སྨྲས་པ་ལ། །
མོ་རྔ་བའི་བུ་མོ་མ་ཁྲོས་པར། །
ཁྱི་ནག་རིས་ཁྱི་ཕྲུག་བདག་མེད་འདིས། །
སྐལ་མེད་ལ་སྐད་ངན་སྒྲོགས་དོན་ཅི། །
ང་རྔ་པར་མ་སྐྱེས་སྟོད་པར་སྐྱེས། །
ང་སྟོད་པར་སྐྱེས་པ་ནོར་མི་འདུག །
ལྷ་བླ་མ་སྟོད་པའི་ཡུལ་འཁྲུངས། །
དེང་དྷ་སར་སྟོད་པས་ཁེངས་ནས་འདུག །
དོན་འདི་ལ་བསམས་ན་བློ་སྤོབས་སྐྱེས། །
རྔ་ལྗོངས་ཕྱུག་མོ་ཤེས་རིག་བང་མཛོད་རེད། །
གནས་ལྔ་རིག་པའི་མཁས་དབང་དེ་ན་ཡོད། །
རྔ་ལྗོངས་ཕྱུག་མོ་ལ་རྒྱའི་འབྱུང་ཁུང་རེད། །
གངས་ལྗོངས་མེ་ལྕེ་ཐོག་མར་དེ་ནས་འབར། །
རྔ་ལྗོངས་ཕྱུག་མོ་འབྱོར་ཕྱུག་ལྡན་པའི་ཡུལ། །
ཕྱུགས་རིགས་དཀར་ནག་འཚོལ་སའི་ཕ་ས་རེད། །
རྔ་ལྗོངས་ཕྱུག་མོ་བོད་མིའི་གཙུགས་རྒྱན་རེད། །
རིགས་ཞེན་སྤོབས་པ་མེ་ལྟར་འབར་ས་རེད། །
རྔ་ལྗོངས་ཕྱུག་མོ་མཁའ་འགྲོའི་བྲོ་ར་རེད། །
ཡིད་འཕྲོགས་མཛེས་མ་སྟོང་གི་ཕ་ས་རེད། །
རྔ་ལྗོངས་ཕྱུག་མོ་བདག་ཡིད་ཤོར་ས་རེད། །
མཛེསས་མ་ཀུན་བཟང་སྒྲོལ་མའི་འཁྲུངས་ཡུལ་རེད། །
རྔ་ལྗོངས་ཕྱུག་མོ་ཤེས་རིག་བང་མཛོད་རེད། །
གནས་ལྔ་རིག་པའི་མཁས་དབང་དེ་ན་ཡོད། །
རྔ་ལྗོངས་ཕྱུག་མོ་ལ་རྒྱའི་འབྱུང་ཁུངས་རེད། །
གངས་ལྗོངས་མེ་ལྕེ་ཐོག་མར་དེ་ནས་འབར། །
རྔ་ལྗོངས་ཕྱུག་མོ་འབྱོར་ཕྱུག་ལྡན་པའི་ཡུལ། །
ཕྱུགས་རིགས་དཀར་ནག་འཚོལ་སའི་ཕ་ས་རེད། །
རྔ་ལྗོངས་ཕྱུག་མོ་བོད་མིའི་གཙུག་རྒྱན་རེད། །
རིགས་ཞེན་སྤོབས་པ་མེ་ལྟར་འབར་ས་རེད། །
རྔ་ལྗོངས་ཕྱུག་མོ་མཁའ་འགྲོའི་བྲོ་ར་རེད། །
ཡིད་འཕྲོགས་མཛེས་མ་སྟོང་གི་ཕ་ས་རེད། །
རྔ་ལྗོངས་ཕྱུག་མོ་བདག་ཡིད་ཤོར་ས་རེད། །
མཛེས་མ་ཀུན་བཟང་སྒྲོལ་མའི་འཁྲུངས་ཡུལ་རེད། །
ཕེ་་་ཁྱོད་སྟོད་ནས་སྐྱེས་པ་ལས་ངན་རེད། །
རྩྭ་སྔོན་པོ་མིག་གིས་རིག་རྒྱུ་མེད། །
རྫ་ནགས་རི་བྲག་རི་མཐོང་རྒྱུ་མེད། །
དབྱར་སྟོན་དཔྱིད་མེད་པ་རྐྱ་ཐང་ངེ་། །
ཁྱོད་སྟོད་ལ་སྐྱེས་པ་ལས་ངན་རེད། །
ཆུ་དྭངས་མོ་ཁ་ལ་འཐུང་རྒྱུ་མེད། །
ཟས་ཞིམ་པོ་ཁ་ལ་རེག་རྒྱུ་མེད། །
གོས་ཡག་པོ་ལུས་ལ་གོན་རྒྱུ་མེད། །
ཁྱོད་སྟོད་ལ་སྐྱེས་པ་ལས་ངན་རེད། །
ཕོ་སྟག་སེང་འདྲ་བ་སྐྱེས་མྱོང་མེད། །
མ་མཛེས་མ་འདི་ཡིན་ཤོད་རྒྱུ་མེད། །
སྐྱེས་རྒན་གཞོན་ཚང་མ་ཐལ་མདོག་རེད། །
གྲོགས་འཇམ་གཅེས་ལོ་ལོ་རྫུན་མ་ཤོད། །
མེ་ཐོག་མ་འབར་ས་དབུས་ནས་རེད། །
དབུས་ཡར་ལངས་ཆེན་མོའི་སྐབས་དེ་རེད། །
འདི་མ་བརྗེད་སེམས་པའི་གཏིང་ལ་ཞོག །
འདྲེ་རྐང་ཐོ་ལགས། ཁྱེད་ཀྱིས་ག་རེ་གསུངས་གི་ཡོད་པར་ངས་གསལ་པོ་ཤེས་མ་སོང་། ཁ་གསལ་ཙམ་གསུངས་དང་། གསལ་བཤད་དགོས་གལ་འདུག་ན་ཕྱིར་མི་ནུབ་ངོ་མ་ཡིན་་་་་་་་་་
མེ་ཡི་སྔ་གཞུག་མ་རྩོད། །
མི་བུ་ཀུན་གྱིས་ཤེས་ཡོད། །
མི་ལ་རྔ་མ་མ་གཡུགས། །
མི་གཞི་ས་ལ་ཟགས་འགྲོ། །
རྔ་ཡུལ་ཕྱུག་མོའི་མཛེས་ལྗོངས་བསམ་ན་ཡང་། །
ས་མཐའི་དཀའ་ངལ་མ་འོངས་མདུན་སྐྱོད་ཡིན། །
སྐབས་འདིར་སློབ་མའི་མདུན་སྐྱོད་རྗེས་ན་ཡོད། །
གང་སྣང་དྲན་བའི་དབང་དུ་མ་ཤོར་རོགས། །
རྒྱ་མཚོའི་རྦ་རླབས་ཆུ་མཐའི་ཕྱེ་རྡུལ་རེད། །
དབྱར་གྱི་མེ་ཏོག་དགུན་གྱི་གད་སྙིགས་རེད། །
བྱིས་པའི་བརྩེ་བ་མ་འོངས་མདུན་འགོག་རེད། །
གནས་འདིའི་སློབ་ཆེན་མ་འོངས་མདུན་ལམ་རེད། །
དྲང་བདེན་འཁྱོག་བརྗོད་མཁན་པོར་རྒོལ་བརྡུང་དང་། །
གང་དྲན་འཛེམས་མེད་བཤད་ནུས་སྤོབས་པ་གཉིས། །
གང་འདོད་རྩེད་འཇོལ་རོལ་ལ་དུང་ཞེན་གསུམ། །
མི་བུ་བདག་གི་ནམ་ཡང་མཚམས་མི་འཇོག །
ཀུན་གྱིས་ཤེས་པས་མི་ཆོག།
སེམས་ལ་ཚོར་སྣང་བསྐྲུན་དགོས།།
མཇུག་མ་གཡུག་འདོད་མེད་ཀྱང་།།
དུས་རབས་འདི་ཡི་གཤིས་རེད།།
ཧེ་ཧེ་ཧེ་་་་་་་་་
རང་སེམས་ལྷ་རུ་འཕུར་བའི་དུས་སྟོན་རེ་རེར།།
གསེར་བྱེ་སྒེག་མོ་འབབ་པའི་མིག་ཟུང་འཛོམས་པོ།།
འཚོ་སྙེག་ཁ་ཆད་འབུས་བའི་ཉིན་དང་མཚན་ལ།།
རེ་སྒུག་གཞི་རིས་བདུངས་བས་མདའ་མོ་མ་འཕེན།།
གངས་ཏི་སེ་བོད་ཀྱི་བླ་རི་ཡིན།
མཚོ་མ་པང་བོད་ཀྱི་བླ་མཚོ་ཡིན།
བྲག་རྟ་སྒོ་བོད་ཀྱི་བླ་བྲག་ཡིན།
དེ་བོད་ཡུལ་སྟོད་ཀྱི་ཡུལ་ན་ཡོད།
གངས་ཏི་སེ་རྔ་ཆུ་རྫ་ཆུའི་འབྱུང་ས་ཡིན།
ཁྱོད་མེད་ན་ཁམས་ཀྱི་དཔའ་བོ་ཡོང་ས་མེད།
ཁྱོད་མེད་ན་རྔ་བའི་མཛེས་མ་ཡོང་ས་མེད།
ཁྱོད་མེད་ན་མདོ་དབུས་ཁམས་ཀྱི་ལོ་རྒྱུས་མེད།
ཁ་བདེ་བོ་དབུས་གཙང་ཞིང་ན་ཡོད།
དཔའ་བློ་ཁོག་ཁམས་ཀྱི་ཡུལ་དུ་ཡོད།
བློ་རྒོད་པོ་ཨ་མདོའི་ཡུལ་ན་ཡོད།
གནས་བཟང་པོ་སྟོད་ཀྱི་ཡུལ་དུ་ཡོད།
ཆུ་བཞི་འདུས་གངས་དཀར་ཏི་སེ་ཡིན།
དེ་རིགས་བཞི་བོད་ཀྱི་གྲོལ་ས་ཡིན།
ཁྱོད་མེད་ན་བོད་ཡུལ་མཚོ་ཡི་གླིང།
ཁྱོད་མེད་ན་བོད་ཡུལ་སྤྲེལ་གྱི་ཁམས།
འོ་ཡ་་་་གཉིས་སྟོང་བརྒྱད་ནས་རྩིས་ན་མེ་ལྕེ་ཐོག་མ་འབར་ས་དེ་མདོ་སྨད་རྔ་བ་ནས་རེད་་་་་དེ་མིན་སྔོན་གྱི་ལྷ་སའི་ཡར་ལངས་ཆེན་མོའི་སྐབས་ཀྱི་གྲྭ་རྒན་ཞིག་མེ་ལ་འབར་སོང་བ་དེ་་་་ངས་ནི་གངས་ཅན་གྱི་དཔའ་རྒོད་མེ་ལ་འབར་བ་ལོ་རྒྱུས་ཐོག་གི་དང་བོར་འཇོག་གི་ཡོད་ལགས། ངོ་མ་བཤད་ན་་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱང་མདོ་སྨད་ནས་མེ་ལ་མ་འབར་བའི་སྔོན་ལ་རེད་ལགས།
འོ་ད་རུང་ཤོད་རྒྱུ་ཞིག་ལ་་་་ཨ་དགེ་ཁོང་གིས་་་མེ་ལྕེ་ཐོག་མ་གང་ནས་ཡིན་མིན་མ་བཤད་པར་ཟུར་ཟ་ཞིག་བྱས་པར་བློ་ཕམ་ཡོད།
བོད་མི་མེ་འབར་ཚད་ངོ་རྒོལ་བྱས་ནས་འབར་བ་ངས་མི་འདོད། མིག་བགྲད་ནས་ཡག་པོ་གཟིགས་ན་ངས་མཆན་བུ་དང་པོའི་ནང་དུ་ག་རེ་བྲིས་ཡོད་མིན་ཤེས་ངེས་རེད་་་་་བོད་མིའི་མེ་ལྕེ་དང་པོ་བྲིས་མེད་་་་་་་་་་་་དཀྲུག་ཤིང་བཟོ་འདོད་ཡིན་ན་ནི་་་ཁའི་ནང་དུ་ཐལ་བ་ཐོབ་་དེ་ཡིན་་་་་
འོ་ད་བྱས་དུས་་་་ངས་གོང་གི་ཚིག་བཅད་དང་བོའི་རྐང་བ་མཐའ་མ་དེའི་གོ་བ་ལོན་མེད་པ་འདྲ་་་དགོངས་དག
སྤོ་མ་ལངས་་་་ང་ཡང་རྔ་བའི་ཁོངས་གཏོགས་ཤིག་གི་མི་བུ་སྡོམ་པོ་ཞིག་ཡིན་་་་ངས་ཀྱང་མི་རིགས་ཀྱི་ལ་རྒྱ་འཛིན་སྟངས་དང་་་་ལྷག་པར་དུ་རང་ཕྱོགས་ལ་ཞེན་པ་ཧང་སངས་པ་ཞིག་ཡོད་མཁན་རྩལ་མ་ཚང་བ་ཞིག་མིན་ན་སྡིག་པ་ཁུར།