རེབ་གོང་ནས་དམ་བཅའ་ཡི་གེར་བཀོད་པ། Posted on 2013-02-01 By ཁ་བརྡ་ 14 Comments on རེབ་གོང་ནས་དམ་བཅའ་ཡི་གེར་བཀོད་པ། རེབ་གོང་སོགས་མདོ་སྟོད་སྨད་ནས་སློབ་མ་དང་མི་སྒེར་མང་པོས་འདི་ལྟར་བོད་རིགས་ནང་འཛིང་མི་བྱེད་པ་དང་། དུ་ཆང་གཅོད་པ་སོགས་ཀྱི་དམ་བཅའ་བྱེད་ཀྱིན་པ་དང་། འདི་ནི་རེབ་གོང་ས་ཁུལ་ནས་དམ་བཅའ་ཡི་གེར་འཁོད་པ་ལག་སོན་བྱུང་བ་ཁག་ཅིག་ཡིན། གནས་ཚུལ་མཁོ་སྤྲོད་པ་བསོད་ནམས། པར།
བཟང་གི། ཡིན་ན་ཡང་ང་ལ་མཚོན་ན་ནི་འདི་ཚོ་ཚང་མ་དགོས་རྒྱུ་རྐྱང་རྐྱང་ཡིན། ཚོད་མེད་མི་བྱེད་པ་ནི་རང་གིས་རང་ལ་བཞག་པའི་བརྩེ་འདང་ཡིན།
དགེ་བསྙེན་ཡང་དག་པ་ཞིག་ཡིན་འདུག བསལ་བློ་ཡོད་པ་སུ་ཞིག་ཡིན་ན་ཡང་། དེའི་རྗེས་སུ་འབྲང་དགོས། དེ་ལྟར་བྱེད་ཐུབ་ན། རང་ལ་ཕན་པ་ལས་སྡུག་བསྔལ་མི་འབྱུང་བ་དངོས་སུ་མཐོང་། ལོ་བརྒྱ་ཕྲག་སྔོན་དུ་བོད་ཀྱི་བླ་མས་ཐ་མ་ཁའི་ཉེས་དམིགས་གསུངས་པ་དེ་ངོ་མཚར་མཆོག་ཏུ་གྱུར་པ་ཞིག་ཡིན་འདུག་ཅེས་ཕྱི་ལོགས་པ་སྐྱེ་བོ་དག་ལ་བདག་གིས་གླེང་ངོ་།།
སྤུན་ཟླ་ནང་འཛིང་མ་བྱེད་ན་ལེགས་མོད་ཀྱང་རང་སྲུང་གི་ཆེད་དུ་ངེས་བར་དུ་འཐབ་རྩོད་བྱེད་མ་ཐུབ་ན་མིས་ཅི་འདོད་དུ་བེད་སྤྱོད་བཏང་ངེས་རེད།
རང་སྲུང་དང་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱེད་མ་ཐུབ་ན་མིས་ཅི་འདོད་དུ་བེད་སྤྱོད་བཏང་ཞིང་གཉའ་གནོན་བྱེད་ངེས་ཡིན་ཏེ། མི་ནི་ལང་ཤོར་དུ་བཏང་ན་འདོད་རྔམ་ལ་ཚད་མེད་པས་ཡིན། ངན་པ་རྒྱ་ཡན་དུ་མི་བཏང་རྒྱུ་གནད་དུ་ཁུམས། ངས་བར་དུ་མི་རིགས་དང་དྲང་བདེན་ཆེད་དུ་འཐབ་འཛིང་བྱེད་དགོས་བས་ལས་འགུལ་འདིས་བོད་མི་རྣམས་སྡར་མ་ཡི་མི་རིགས་ཤིག་ཏུ་མི་སྒྱུར་བའི་རེ་བ་ཡོད།
ལས་རིགས་འདི་རྣམས་བཟང་ཕྱོགས་རེད་མོད་མི་རིགས་དང་རིག་གཞུང་གི་དོན་དུ་ནི་གང་ཡང་བྱེད་པར་རིགས་ཏེ། དེ་གཉིས་ནི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན་པས་སོ།།
སློབ་མ་ཚོས་རང་འགུལ་གྱི་ཐོག་ནས་བོད་མིའི་བཟང་སྤྱོད་ལེན་པར་གུས་བརྩི་དང་ཐུགས་རྗེ་ཆེ་ཞུ། དྲ་ཉུལ་བ་དང་མཆན་པ་དག་གིས་འདི་ལྟ་བུའི་གནས་ཚུལ་རིགས་ཆབ་སྲིད་དུ་མི་བསྒྱུར་བའི་རེ་བ་ཞུ། འདི་དག་གི་ནང་མི་དང་དངོས་མིང་ཡོད་ཚད་ཡོད་རྩང་རྗེས་སུ་རྣམ་དཀར་གྱི་བྱ་ལས་འདིའི་རིགས་ལ་གནོད་སྐྱེལ་གྱི་རེད།
དཀོན་མཆོག་མཁྱེན། ད་ནི་ཕ་ཡུལ་ན་བཞུགས་ཡོད་པའི་བོད་མི་ཚོ་ནི་དངོས་གནས་རྩེ་མོ་རྩེད་སྤྱད་ལྟ་བུ་ཞིག་བཟོ་བཞག་གྱི་འདུག །དང་པོ་གྱོན་པ་དང་གནའ་རྫས་རྣམས་མེར་བསྲེགས་བཅུག །དེ་ནས་གཅེས་པའི་ལུས་སྲོག་མེ་ལ་བསྲེགས་དུ་བཅུག །ད་སོ་སོ་ལ་ཐོབ་ཐང་ཡོད་པའི་མི་ཚེའི་དབང་ཆ་ཡོངས་རྫོགས་གན་རྒྱ་བཏབ་ནས་མཐེ་བོང་གནམ་ལ་གེར་བསྡད་ན་ཕན་ཐོག་ཅི་ཞིག་ཡོད་པ་རེད། དམ་བཅའ་རང་རང་གི་སེམས་ལ་ཐུགས་ཡོད་པ་རེད། ཁ་ནས་ཡ་རབས་བཟང་སྤྱོད་ཅན་གྱི་མི་རིགས་ཤིག་ཡིན་ལབ་ཞོར་ཏུ་ལག་ལེན་དེ་ཆེས་གདོལ་སྤྱོད་ཅན་གྱི་དམུ་རྒོད་མ་རུང་བའི་མི་རིགས་ཤིག་ལ་གསར་དུ་ལམ་སྟོན་བྱེད་ཀྱི་ཡོད་པ་འདྲ་ཞིག་བྱས་བསྡད་ན་ངོ་མ་ངོ་ཚ་རེད་འདུག །སྙིང་རྗེ་མེད་པས་དབུ་ཁྲིད་ཀྱི་འོག་ལ་གནས་ན་འདི་འདྲ་ཞིག་ཡིན་ཚོད་རེད།
ཁྱི་སྤྲུལ་དབང་ཆེན་གྱིས་ཁྱི་སྐད་རྒྱག་བཞིན་འདུག། བེར་ཀ་ཐོག་མཁན་ཚོས་ཁྱི་མགོ་མ་བརྡུང་ན།། མི་གཞི་ཕར་བཞག་ནས་ཁྱི་གཞི་མེད་པ་ཡི།། ཁྱི་ངན་འདི་ཚོ་ཡིས་བདག་པོའི་ཉྭ་ལ་རྙབ།།
བཟང་གི། ཡིན་ན་ཡང་ང་ལ་མཚོན་ན་ནི་འདི་ཚོ་ཚང་མ་དགོས་རྒྱུ་རྐྱང་རྐྱང་ཡིན། ཚོད་མེད་མི་བྱེད་པ་ནི་རང་གིས་རང་ལ་བཞག་པའི་བརྩེ་འདང་ཡིན།
དགེ་བསྙེན་ཡང་དག་པ་ཞིག་ཡིན་འདུག བསལ་བློ་ཡོད་པ་སུ་ཞིག་ཡིན་ན་ཡང་། དེའི་རྗེས་སུ་འབྲང་དགོས། དེ་ལྟར་བྱེད་ཐུབ་ན། རང་ལ་ཕན་པ་ལས་སྡུག་བསྔལ་མི་འབྱུང་བ་དངོས་སུ་མཐོང་། ལོ་བརྒྱ་ཕྲག་སྔོན་དུ་བོད་ཀྱི་བླ་མས་ཐ་མ་ཁའི་ཉེས་དམིགས་གསུངས་པ་དེ་ངོ་མཚར་མཆོག་ཏུ་གྱུར་པ་ཞིག་ཡིན་འདུག་ཅེས་ཕྱི་ལོགས་པ་སྐྱེ་བོ་དག་ལ་བདག་གིས་གླེང་ངོ་།།
དཔེ་མེད་ལེགས་བརྗོད་རྒྱུ་ཡིན། སེམས་འགུལ་ཐེབས་སོང་།
རང་ལོ་ ༡༤ ཅན་ལྷ་འབྲུག་མཁར་གྱིས་དམ་བཅའ་དེ་སྙིང་རྗེ་པོ་རེད་འདུག
སྤུན་ཟླ་ནང་འཛིང་མ་བྱེད་ན་ལེགས་མོད་ཀྱང་རང་སྲུང་གི་ཆེད་དུ་ངེས་བར་དུ་འཐབ་རྩོད་བྱེད་མ་ཐུབ་ན་མིས་ཅི་འདོད་དུ་བེད་སྤྱོད་བཏང་ངེས་རེད།
རང་སྲུང་དང་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱེད་མ་ཐུབ་ན་མིས་ཅི་འདོད་དུ་བེད་སྤྱོད་བཏང་ཞིང་གཉའ་གནོན་བྱེད་ངེས་ཡིན་ཏེ། མི་ནི་ལང་ཤོར་དུ་བཏང་ན་འདོད་རྔམ་ལ་ཚད་མེད་པས་ཡིན། ངན་པ་རྒྱ་ཡན་དུ་མི་བཏང་རྒྱུ་གནད་དུ་ཁུམས། ངས་བར་དུ་མི་རིགས་དང་དྲང་བདེན་ཆེད་དུ་འཐབ་འཛིང་བྱེད་དགོས་བས་ལས་འགུལ་འདིས་བོད་མི་རྣམས་སྡར་མ་ཡི་མི་རིགས་ཤིག་ཏུ་མི་སྒྱུར་བའི་རེ་བ་ཡོད།
ལས་རིགས་འདི་རྣམས་བཟང་ཕྱོགས་རེད་མོད་མི་རིགས་དང་རིག་གཞུང་གི་དོན་དུ་ནི་གང་ཡང་བྱེད་པར་རིགས་ཏེ། དེ་གཉིས་ནི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན་པས་སོ།།
སློབ་མ་ཚོས་རང་འགུལ་གྱི་ཐོག་ནས་བོད་མིའི་བཟང་སྤྱོད་ལེན་པར་གུས་བརྩི་དང་ཐུགས་རྗེ་ཆེ་ཞུ། དྲ་ཉུལ་བ་དང་མཆན་པ་དག་གིས་འདི་ལྟ་བུའི་གནས་ཚུལ་རིགས་ཆབ་སྲིད་དུ་མི་བསྒྱུར་བའི་རེ་བ་ཞུ། འདི་དག་གི་ནང་མི་དང་དངོས་མིང་ཡོད་ཚད་ཡོད་རྩང་རྗེས་སུ་རྣམ་དཀར་གྱི་བྱ་ལས་འདིའི་རིགས་ལ་གནོད་སྐྱེལ་གྱི་རེད།
བསྐུལ་མེད་རང་གིས་རྣམ་དཀར་གྱི་དམ་བཅའ་ནི་ཆེས་འཇིག་རྟེན་འདིར་དཀོན་པས།
རྗེས་སུ་ཡིད་རང་ཡོད།
དཀོན་མཆོག་མཁྱེན།
ད་ནི་ཕ་ཡུལ་ན་བཞུགས་ཡོད་པའི་བོད་མི་ཚོ་ནི་དངོས་གནས་རྩེ་མོ་རྩེད་སྤྱད་ལྟ་བུ་ཞིག་བཟོ་བཞག་གྱི་འདུག །དང་པོ་གྱོན་པ་དང་གནའ་རྫས་རྣམས་མེར་བསྲེགས་བཅུག །དེ་ནས་གཅེས་པའི་ལུས་སྲོག་མེ་ལ་བསྲེགས་དུ་བཅུག །ད་སོ་སོ་ལ་ཐོབ་ཐང་ཡོད་པའི་མི་ཚེའི་དབང་ཆ་ཡོངས་རྫོགས་གན་རྒྱ་བཏབ་ནས་མཐེ་བོང་གནམ་ལ་གེར་བསྡད་ན་ཕན་ཐོག་ཅི་ཞིག་ཡོད་པ་རེད། དམ་བཅའ་རང་རང་གི་སེམས་ལ་ཐུགས་ཡོད་པ་རེད། ཁ་ནས་ཡ་རབས་བཟང་སྤྱོད་ཅན་གྱི་མི་རིགས་ཤིག་ཡིན་ལབ་ཞོར་ཏུ་ལག་ལེན་དེ་ཆེས་གདོལ་སྤྱོད་ཅན་གྱི་དམུ་རྒོད་མ་རུང་བའི་མི་རིགས་ཤིག་ལ་གསར་དུ་ལམ་སྟོན་བྱེད་ཀྱི་ཡོད་པ་འདྲ་ཞིག་བྱས་བསྡད་ན་ངོ་མ་ངོ་ཚ་རེད་འདུག །སྙིང་རྗེ་མེད་པས་དབུ་ཁྲིད་ཀྱི་འོག་ལ་གནས་ན་འདི་འདྲ་ཞིག་ཡིན་ཚོད་རེད།
རྗེས་སུ་ཡིད་རང་ཞུ། ཧ་ཅང་བཟང་།
ཁྱི་སྤྲུལ་དབང་ཆེན་གྱིས་ཁྱི་སྐད་རྒྱག་བཞིན་འདུག།
བེར་ཀ་ཐོག་མཁན་ཚོས་ཁྱི་མགོ་མ་བརྡུང་ན།།
མི་གཞི་ཕར་བཞག་ནས་ཁྱི་གཞི་མེད་པ་ཡི།།
ཁྱི་ངན་འདི་ཚོ་ཡིས་བདག་པོའི་ཉྭ་ལ་རྙབ།།
ཞེ་གི་ངར་གི
དམ་བཅས་པའི་དོན་ནི་བཟང་། དམ་བཅའི་ཚིག་གི་ཡིག་ནོར་ནི་ངན།