ཨོ་རྒྱན་ཉི་མ།
ཀ་ར་བུ་རམ་རོ་ལས་མངར་བ་ཡི།།
ཁ་ནས་བཟུང་སྟེ་གསང་བའི་རྩ་མདུད་ཀྱི།།
ག་ས་གང་ནས་རེག་པའི་བདེ་ཆེན་དེས།།
ང་ཡི་ལུས་སེམས་སྒུལ་ཅིག་མ་གཅིག་མ།།
ཅ་ཅོའི་ངག་གི་འགྱུར་ཁུག་སྣ་ཚོགས་དང་།།
ཆ་ལུགས་ལུས་ཀྱི་འདེགས་འཇོག་དུ་མ་ཡིས།།
ཇ་ཆང་ཞིམ་མངར་རོ་ཡིས་མྱོས་པ་དང་།།
ཉ་ཆུང་བྱེ་ཐང་བསྐྱུར་འདྲའི་མྱུར་རྩལ་ངོམས།།
ཏ་ཙའི་དྲི་ངད་ལྡང་བའི་གསང་ལམ་ན།།
ཐ་ཆུང་སྤུན་མཆེད་ཤ་ཐང་མ་ཆད་པར།།
ད་གའི་འདོད་བདེ་རོལ་ལ་དགྱེས་པ་ཅན།།
ན་ཆུང་ཁྱེད་ནི་བདེ་བའི་མ་མ་ཞིག །
པ་སོ་ལྟར་དཀར་མཉེན་ལྕུག་འཁྲིལ་ལྡེམ་ཡིས།།
ཕ་བཟང་བུ་མོའི་སྒྱུ་རྩལ་ངོམ་པ་ན།།
བ་ཐག་རིས་སུ་བཀྲ་བའི་འོ་འཛིན་ཡང་།།
མ་གཅིག་སྐུ་ཡི་སྟོད་ལ་ཙེར་གྱིས་ལྡང་།།
ཙ་ར་གཅོད་འདྲའི་རྩུབ་མོས་སྦྱོར་བ་ཡིས།།
ཚ་བའི་རྔུལ་ནག་ཡུར་ལ་འདྲེན་ནུས་ན།།
ཛ་དྲག་ཆེ་བའི་གཉིས་སྦྱོར་དང་མའི་ཁམས།།
ཝ་ཁའི་ཆུ་ལ་འགྲན་བཞིན་འཕྱུར་ནས་འོངས།།
ཞ་ར་ལོང་བ་ཕན་ཚུན་བརྩེ་དགའ་ཡིས།།
ཟ་ཉལ་གནས་གཅིག་སིམ་པའི་དགའ་ཚོར་འདིས།།
འ་ཅག་སོ་སྐྱེས་ཚོ་ལ་སྨན་ངེས་པས།།
ཡ་ཡོ་མེད་པར་གཅིག་གྲོགས་གཅིག་ལ་གྱིས།།
ར་རོ་སྨྱོན་པའི་བརྟུལ་ཞུགས་མང་དྲགས་ན།།
ལ་མོར་བརྩེ་བའི་མྱུ་གུ་རྙིད་ངེས་ན།།
ཤ་ཚ་སྙིང་ནས་ཡོད་པའི་གཏན་གྲོགས་ལ།།
ས་ཆ་གང་དུ་སོང་ཡང་དམ་ཚིག་སྲུངས།།
ཧ་ཅང་ཟབ་པའི་མི་ཚེའི་མདུན་ལམ་ཡིན།།
ཧ་ལས་དགོས་པའི་འདོད་པའི་གཏམ་བཟང་ཡིན།།
ཨ་ཁ་མ་ཟེར་ཡིད་ཀྱི་རྒྱན་དུ་ལོངས།།
ཨ་མ་གཅེས་པར་བཟུང་ལ་ཁྱིམ་གཞིས་སྐྱོངས།།
སྤྱི་ལོ་༢༠༡༢་ཟླ་བ་༤་ཚེས་༧་ལ་ལྡི་ལི་ནས་བྲིས། །
ངའི་ཁྱེད་ལྡི་ལི་ནས་ན་ཆུང་མ་ཞིག་ལ་ཐུག་ཡོད་ཀྱི་རེད་བསམ་བྱུང་། ཧེཧེཧེ
ཧཧ་་་་་བཀྲ་ཤིས་བདེ་ལེགས་་་་་་་་ངོ་མ་ཐུགས་པའི་གྲོགས་པོ་་་ཧཧཧ
Good
པ་ལགས་གང་དུ་བཞུགས་ཡོད།། ཕ་མེད་བུ་ཆུང་བསྐྱུགས་ཤིང་།། བ་མོའི་རྐུབ་ལས་ཛོར་བའི།། མ་རྒན་རྒྱོ་སྐྱིད་ཨེ་འདུག།
སྤྲུལ་སྐུའི་མཛད་པ་རང་རེད། ཆོས་ལུགས་ལ་སྐུར་འདེབས་བྱེད་པ་ལས་འདོད་ཆགས་སྤྱོད་སྟངས་སྐོར་བྲིས་ན་ལེགས་པ་འདུག
འདོད་པའི་ཁམས་པས་འདོད་གཏམ་བཤད་པ་ལ།
གཞན་ལ་སྐྱོན་བརྗོད་ཞིང་རང་ཉིད་ཀྱི་བྱེད་སྟངས་ལ་ལྟོས
ཆོས་དུག་གིས་བཟི་བའི་འོད་ཉིད་ཀྱི་གསུངས་བཤད་རྫོགས་མཐའ་མེད་པ་ནི་བོད་སྤྱི་ཚོགས་ཀྱི་གྱོང་གུད་དུ་མཐོང་།
ཨ་ལེ། རྩེད་མོ་ཡིན། གང་ཞིག་འདོད་ན་དེ་ལྟར་བྲིས།
འདི་འདྲ་བྲིས་ན་ལེགས་སོ། དེ་མིན་ཁྱེད་ཚོ་རྙིང་མའི་སྤྲུལ་སྐུ་ཚོ་ཆོས་ལ་ལོག་བཤད་ཤ་སྟག་བགྱིས་ནས་
འདྲ་མིན་བཤད་མ་འདུག་་་་་་་་་་་་་་ ་་་་་་་་་་འདོད་པའི་མི་ལ་འདོད་པ་སྦྱིན་པ་ནི། །དགེ་བ་མེད་ན་སྡིག་པ་ག་ལ་ཡོད། །བསླབ་པ་མ་ཕུལ་སྦས་པའི་བརྟུལ་ཞུགས་ཀྱིས། །ཕུང་གསུམ་ལས་སུ་བྱེད་ན་ཉེས་པ་ལྕི།།
འོ་རེད། དེ་ག་རང་རེད
ཀ་ཡེ་ལས་ངན་དུས་ཀྱི་ཡང་མཐའ་འདིར། །
ཁ་ལ་ཅི་ཡང་སེམས་ལ་གང་དྲན་སོགས། །
ག་ལེར་འཛེམས་དོགས་མེད་པར་ཤོད་རྐྱང་འདི། །
ང་ཡིས་བལྟས་ན་ཡག་རྟགས་མཐོང་མ་ལགས། །
ཕུང་གསུམ་སྦས་པའི་རྟུལ་ཞུགས་རིང་དུ་དོར།།
རྫུན་དང་གཡོ་སྒྱུའི་བསླུ་ཐབས་མ་འདྲིས་པར།།
རང་གཤིས་བཟང་ངན་མངོན་ལྐོག་མེད་པ་འདི།།
ཡ་རབས་གཤིས་དྲང་ཞིག་གི་འགྲོ་སྟངས་ལགས།།
ཨོ་ཉི་ཁྱེད་ཀྱིས་བསླབ་པ་ཕུལ་ཡོད་དམ། དྲང་པོ་ཤོད་དང་།
བརྒྱུད་ལ་བསླབ་པ་སྐྱེས་མྱོང་མེད་པ་ཞིག་ལ་་་་བསླབ་པ་ཅི་ཞིག་ཕུལ་རྒྱུ་ཡོད་དམ་་་ཨ་ལས་ངན་པོ།
བླངས་པའི་དམ་བཅའ་རིང་དུ་དོར།
རིས་མེད་ཁར་འཁྱེར་རིས་སུ་ཆད།
ཕུང་གསུམ་པ་ཞེས་ཀུན་ལ་སྨོད།
ཡ་རབས་གཤིས་དྲང་འདི་འདྲ་ཀྱེ།
བསླབ་པ་ཕུལ་ནས་ལོ་ངོ་བཞི།།
མངོན་ལྐོག་མེད་པའི་ལས་ལ་འཇུག།
བཅས་བཅོས་མེད་པའི་བྱ་བར་དགའ།།
འོན་ཏང་མཚམས་རེར་ཕྱོགས་སུ་ལྷུང་།།
བསླབ་པ་ཕུལ་དང་མ་ཕུལ་མེད།
ཇི་སྲིད་འཚོ་བར་ཁས་བླངས་འགལ།
ཕྱོགས་སུ་ལྷུང་བ་མཚམས་རེར་མིན།
དྲ་རྒྱ་ཀུན་ཏུ་ལྟས་པས་གསལ།
ཁ་ནས་རིས་མེད་ཤོད་ན་རིས་ཆད་སྤོངས།
ཁ་ནས་དམ་ཆོས་ཤོད་ན་སྐུར་འདེབས་སྤོངས།
ཁ་ནས་ཅི་བཤད་སེམས་ལ་དྲན་ནས་བཤད།
ཁ་ལག་མཚུངས་པར་བཤད་པ་དྲང་པོའི་གཤིས།
སྔར་འདས་དམ་པས་དམ་ཆོས་སྤྱད་ཡོད་ན།
དེ་སྤྲུལ་དེ་ཡི་ཉམས་རྟོགས་དྲི་ཞིག་དགོས།
སྔར་གྱི་བག་ཆགས་བཟང་པོའི་དྲི་མེད་ན།
སྤྲུལ་གོག་སྤྲུལ་རྫུས་ཞེས་སུ་མི་འབོད་ཅི།
སྡོམ་པ་ཉམས་པའི་རྒུ་ལ་་གཉིས། །
བསླབ་པ་ཕུལ་དང་འཆི་འཕོས་སོ། །
རྩ་ཚིག་ཀྱང་བརྗེད་གྲབས་འདུག ཚིག་དོན་ནི་དེ་བས་ཀྱང་ཤེས་དཀའ།
གང་ཟག་མཆོག་ལ་བསྐུར་འདེབས་ནམ་ཡང་མེད།།
ཁྲེལ་མེད་ཕུང་གསུམ་ཆེ་ཆུང་བར་གསུམ་ལ།།
ཡིད་ཆེས་མེད་ལ་བསྟན་པའི་དགྲ་བོ་ཞེས།།
ནམ་ཡང་ངག་ནས་སྨྲ་འོ་གསོ་ཕྲུག་རྣམས།།
མངའ་རིས་པཎ་ཆེན་གྱིས།
བསླབ་པ་ཉམས་པ་འཕུལ་དང་ཤི་འཕོས་དང་།།
མཚན་གཉིས་ཅིག་ཆར་བྱུང་དང་ལན་གསུམ་འགྱུར།།
རྒྱུ་འབྲས་མེད་ལྟས་རྩ་བ་ཆད་རྣམས་ལྕི།།
ཉི་ཤུ་མ་ལོན་བསྙེན་རྫོགས་རྗེས་སུ་ཤེས།།
དགེ་སློང་སྡོམ་གཏོང་་་་་་་་་་་་་་་་་་་
ཆུང་མའི་རུམ་ནས་ཕུལ། ཧཧཧཧ
་་་་བརྟེན་ཕྱིར་ཁས་བླང་འདས།།
དགེ་སློང་མ་ཡང་མཚན་འདས་བསྙེན་གནས་ཀྱི།།
སྡོམ་པ་གཏོང་རྣམས་སོ་སོར་ཐུན་མོངས་མིན།།
༢༡༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༣ གི་ཆུ་ཚོད་ ༢ སྐར་མ་ ༠༢
་་་་བརྟེན་ཕྱིར་ཁས་བླང་འདས།།
དགེ་སློང་མ་འོ་མཚན་འདས་བསྙེན་གནས་ཀྱི།།
སྡོམ་པ་གཏོང་རྣམས་སོ་སོར་ཐུན་མོང་མིན།།
གང་ཟག་མཆོག་དམན་ཇི་ལྟར་ངོས་འཛིན་གྱིད།
ཁྱོད་ཀྱི་སྣང་ངོར་མཆོག་ན་མཆོག་གྲུབ་བམ།
དེ་མིན་མི་མང་འབུམ་ཚོའི་དད་ཡུལ་ལ།
ཁྱོད་ཀྱིས་ཅི་སྨྲས་ཐུགས་དྲན་གསོས་པར་གྱིས།
༆སྒོ་གསུམ་ལྷ་ཆོས་མ་འཕེར་་མཛེ་ནད་སྟེངས།། འཇིག་རྟེན་མི་ཆོས་ཉམས་པའི་རྨ་་ཞིག་བྱུང།། དེ་སྟེངས་དྲ་གྲོགས་རྣམས་པས་ཚ་བཤོས་ཚེ།། ཨོ་རྒྱན་ཉི་མ་མུན་པའི་གནས་སུ་གྱར།།
སངས་རྒྱས་ཀྱིས།
ཆུ་སྐྱར་ལས་ནི་ཆུར་ཤེས་དང་།།
དུ་བ་ལས་ནི་མེར་ཤེས་བཞིན།།
བྱང་ཆུབ་སེམས་དཔའ་བློ་ལྡན་དག།
རིགས་ནི་མཚན་མ་དག་ལས་ཤེས།།
ཞེས་པ་བཞིན་རྟེན་རྟགས་ཡང་དག་ལ་བརྟེན་ནས་བསྒྲུབ་བྱར་གཞལ་བ་ལས། ལྟར་སྣང་རིགས་པས་འགལ་འདུ་སྒྲུབ་མཁན་གྱི་དམུན་པོ་ནི་གཏན་དུ་མིན་ནོ།།
ཚུལ་གསུམ་རྟགས་ལ་ཞེན་པ་ལོག་ཚུལ་སྔར་ནས་བཤད།
སླར་ཡང་རྟགས་དང་རིགས་པ་མཚན་མས་དཔྱད་དགོས་ཟེར།
ཁྱོད་ཀྱིས་སྨོད་ཡུལ་རྫོགས་སངས་རྒྱས་པ་གཤེན་རབ་མཆོག
ཡང་དག་རྟགས་དང་མཚན་མ་མི་ལྡན་ཁྱོད་ཀྱིས་ཇི་ལྟར་སྒྲུབ།
རྟེན་རྟགས་ཡང་དག་རིགས་པའི་ལམ་ནས་རྟགས་ཤིག་བཀོད།
རྟེན་རྟགས་ཡང་དག་ཀུན་ལ་ཚུལ་གསུམ་དང།
ཚད་མ་གསུམ་དང་མཐུན་དང་མི་མཐུན་དཔེ།
ཐམས་ཅད་ཚང་པའི་རྟགས་ཤིག་འགོད་ན་ལེགས།
ལྟར་སྣང་རྟགས་ལ་གནོད་པའི་ཐོག་རྒོད་འབེབས།
བོད་པར་དགོས་པ་བོད་ཀྱི་སྤྱིའི་སྐད་ཡིན།
རྩོམ་ཡིག་འབྲི་པོས་དེ་ལྟར་ལེགས་པར་བྲིས།
ཉམས་དང་འགྱུར་བ་ཡོད་པར་འདོད་པ་ན།
བོད་ལ་གཞེན་པས་བོད་སྐད་སྦྱངས་པར་སྟོད།།
ཀ་ནས་ཨ་བར་དཀའ་ལས་བརྒྱབས་བཞག་ཟིག།
ཁ་ནས་ཅི་ཐོན་འདི་ཐོན་བྲིས་བཞག་ཟིག།
ག་རེ་དོན་ལ་དམིགས་པའི་རྒྱུ་མཚན་ཟིག།
ང་ཡིས་བལྟས་ན་རྙེད་རྒྱུ་མེད་པ་ཟིག།
ངའི་ཕ་མ་བོད་བྲོལ་བྱོལ་སྐབས་ང་ཆུང་ཤོས་ཡིན་པ་དང་། བལ་ཁོང་འབྲུག་པ་བཀའ་བྲགྱུད་པའི་ནང་པ་དར་ས་སྙེ་ཤང་ཡུལ་ལ་ལོ་ངོ་ལྔ་དྲུག་ཙམ་སྡོད་རིང་། ཡུལ་མི་ཚོས་ཕུང་པོ་ཕྱིར་འདོན་དུས་བླ་མ་ཡིན་མིན་ལ་ལྟོས་པར་ཕུང་པོ་ཡིན་ཚད། བཙོག་པུར་བཞག་ནས་གོ་ཆེན་བཏུམ། རིགས་ལྔའ་ཅོད་པན་བརྒྱན་ནས་མི་བཞི་བྲྱད་སོགས་ཀྱིས་ཕྲག་པར་དུར་འཁྲོད་དུ་འཁྱེར་བཞིན་འདུག
དེ་དུས་སུས་བསླབས་པ་ཡིན་ནམ་མི་ཤེས་ངའི་སྲུ་མོའི་བུ་ང་ལས་ལོ་གསུམ་གྱིས་ཆེ་བ་དེས། ཕུང་པོ་མ་འདོན་སྔོན་ལ་རྐང་གླིང་འབུད་པ་ལ། རྐང་གླིང་སྒྲ་པེན་འེང་འེང་འེང་ཞེས་པ་ལྟ་བུ་འབུད་དུས། ཁོས་དེ་ལ་འགྲེལ་ལོག་བརྒྱབས་ནས།
ག་བ་འགྲོ་འཁྱེར་དགོས་རེད་ཅེས་པའི་སྒྲ་ཐོན་ཟེར། དེ་ནས་ཌ་མ་རུའི་སྒྲ་དྲམ་དྲམ་དུ། དྲམ་དྲམ་དུ་ཞེས་པ་ལྟ་བུ་ལས། རྐང་གླིང་གི་གོ་དོན་གྱི་དྲི་བའི་ལན་ལྟར། གཙང་འགྲམ་དུ། གཙང་འགྲམ་དུ་འཁྱེར་འགྲོ་ཞེས་ཟེར། གང་ཡིན་ཞེ་ན་དུར་ཁྲོད་དེ་ཡུལ་གྱི་མར་ཕྱོགས་ཀྱི་གཙང་འགྲམ་ལ་ཡོད་པས་སོ། །
ངའི་ཕ་མ་བོད་བྲོལ་བྱོལ་སྐབས་ ངའི་ཕ་མ་བོད་ནས་བྲོས་བྱོལ་སྐབས་