འགྲོ་མགོན་བསོད་ནམས་གྲགས། སྐྱོ་བྲག་དགའ་དབང་། Posted on 2013-02-03 By ཁ་བརྡ་ 9 Comments on འགྲོ་མགོན་བསོད་ནམས་གྲགས། སྐྱོ་བྲག་དགའ་དབང་། གངས་ལྗོངས་ཐུབ་བསྟན་རིས་སུ་མ་ཆད་པ་ལ་བཀའ་དྲིན་ལྷག་པར་ཆེ་བའི་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྨི་ལམ་གྱི་སྣང་ཚུལ་ལ་བརྟེན་ནས་མཛད་པར་གསུངས་པ། གངས་ཅན་བསྟན་པའི་སྲོལ་འབྱེད་ཆེན་པོ་ཉེར་ལྔ་ལ་གསོལ་འདེབས་དད་པའི་མེ་ཏོག་རབ་ཏུ་རྒྱས་པ་ཞེས་པ། བཀའ་འབུམ་ཀ་པའི་བསྟོད་ཚོགས་ཀྱི་གྲས་སུ་བཞུགས་པ་ལས། དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །དུས་གསུམ་མཁྱེན་པ་འགྲོ་མགོན་བསོད་ནམས་གྲགས། །བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །ཞེས་པའི་ནང་ཚན་གྱི་འགྲོ་མགོན་བསོད་ནམས་གྲགས་ནི། ཀརྨ་པ་དུས་གསུམ་མཁྱེན་པའི་སློབ་ཆེན། འགྲོ་དོན་གྱི་བཀའ་བབས་ཤིང་བརྒྱུད་འཛིན་གྱི་གཙོ་བོ་འགྲོ་མགོན་རས་ཆེན་ཡིན་ཏེ། འགོས་ལོའི་དེབ་སྔོན་ལས། ལོ་སོ་བདུན་པ་ལ་མཁན་པོ་མ་དྲེལ་བ་དང་སློབ་དཔོན་བཀའ་གདམས་པ་ལ་ཆིག་རྫོགས་མཛད། མཚན་བསོད་ནམས་གྲགས་པར་བཏགས། ཞེས་དང་། གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། འདི་ཡན་རྣལ་འབྱོར་པ་ལྕང་ལོ་ཅན་དུ་ཡོད་པ་ལ་ཆོས་རྗེ་དང་བཀའ་གདམས་པའི་གསུང་མཉན་ཏེ་མཁན་པོ་ཁྲོམས་པ་ལས་དགུང་ལོ་སོ་བདུན་ལ་རབ་བྱུང་བསྙེན་རྫོགས་མཛད། འདི་སྔོན་ནས་བྱས་ན་འཚེངས་ཏེ་སྙམས་པ་བྱུང་། མཚན་བསོད་ནམས་གྲགས་པར་བཏགས། ཞེས་གསུངས་ཤིང་། ལོ་རྒྱུས་གཞན་དག་ཏུའང་གསལ་བས། བསོད་ནམས་གྲགས་པ་ཞེས་པའི་བླ་མ་ཞིག་འགྲོ་མགོན་བཀའ་བརྒྱུད་པ་ལ་མེད་ཅིང་། བཀའ་བརྒྱུད་གོང་མའི་རྣམ་ཐར་ནང་དུའང་མེད་པར་བསྒྲོགས་པ་ནི། རང་ཉིད་ཀྱི་མཁས་མཐོང་གི་ཟོབ་སྐྱེལ་བར་ཟད་དོ། ། རྩོམ་རིག
དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན་། །བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །ཞེས་ཟེར་ན་དོན་ལ་གནས་སོ།།
སྐྱོ་བྲག་དགའ་དབང་ལགས། བཀའ་བརྒྱུད་གོང་མའི་གསོལ་འདེབས་ལ། ཀརྨ་པ་དང་དེའི་སློབ་མ་འགྲོ་མགོན་རས་ཆེན་བཞག་པའི་རྒྱུ་མཚན་གང་ཡིན། མར་མི་དྭགས་གསུམ་རྗེས་སུ་འགྲོ་མགོན་ཕག་མོ་གྲུབ་པ་དང་དུས་གསུམ་་མཁྱེན་པ་བཞག་ན་རྒྱུ་མཚན་འདུག དེ་མིན་མར་མི་དྭགས་གསུམ་རྗེས་སུ་ཀརྨ་བཀའ་བརྒྱུད་ཀྱི་བླ་མ་ལས། ཕག་གྲུ་རྡོ་རྗེ་རྒྱལ་པོ་མཚན་མེད་པ་གང་ཡིན། ཁོང་ནི་ཕག་གྲུ་བཀའ་བརྒྱུད་ཀྱི་སྲོལ་བཏོད་པ་པོ་དང་བཀའ་བརྒྱུད་ཆུང་བརྒྱད་ཀྱི་འབྱུང་ཁུངས་ཡིན་པས། དུས་གསུམ་མཁྱེན་པ་འགྲོ་མགོན་ཕག་མོ་གྲུབ་ཅེས་འདོན་ན་རིགས་སོ། དེ་མིན་ན་གསོལ་འདེབས་འདི་བཀའ་བརྒྱུད་སྤྱིའི་གསོལ་འདེབས་མིན་པར་ཀརྨ་བཀའ་བརྒྱུད་གཅིག་པུས་གསོལ་འདེབས་འགྲོ་ཉེན་འདུག དེས་ན་ཁྱེད་རང་ཧམ་བཤད་མ་བྱེདརོགས།
དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། ། མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། ། འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན་། ། བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །ཞེས་ཟེར་ན་དོན་ལ་གནས་སོ།། ་་་་ཟེར།
ཀརྨ་པ་དུས་གསུམ་མཁྱེན་པ་མ་གཏོགས། དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས་དང་། མི་ལ་རས་པ། མཉམ་མེད་སྒམ་པོ་པ་དང་འགྲོ་མགོན་ཕ་མོ་གྲུ་པ་བཞི་ཡི་སྤྲུལ་སྐུ་མེད་པ་ཅི་ཡིན་ནམ། ཡོད་ན་སུ་དང་སུ་རེད། གལ་སྲིད་མེད་པ་ཡིན་ན་འདི་ཡང་སྤྲུལ་སྐུའི་ལམ་ལུགས་ལ་རྗེས་ལུས་ཆེན་པོ་ཞིག་སྔར་ནས་ཐེབས་ཟིན་པར་མངོན་ལགས།
ལགས་། ལགས་སོ། ལགས། འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན། །ཞེས་པ་འདི་སྤྱང་ཤོག་ལགས་ཀྱིས་མཛད་པ་རེད། འོནད་ཀྱང་། འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན་། །ཞེས་པའི་འགྲོ་མགོན་ཕག་མོ་གྲུ་འདི། ཚིགས་བཅད་ལ་སྐྱོན་ཡོད་པར་ངས་ནི་མ་མཐོང་ངོ་། །དེ་མིན་ན། ༼འགྲོ་མགོན་༽ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་༼པོ་༽དང་དུས་གསུམ་མཁྱེན། །ལ་བཅོས་དགོས་པར་ཐལ་ལོ། །
ཀ་རྡོ་ལགས། ཕག་མོ་གྲུབ་ཅེས་རྗེས་འཇུག་བ་ཆད་འདུག ཁ་སྔོན་ཁྱེད་རང་གི་ཀར་མ་རྡོ་རྗེ་བྲིས་ན་བོད་སྐད་མ་དག་པ་ཡིན་པས། ལེགས་སྦྱར་སྐད་དུ་ཀརྨ་ཞེས་ལས་སམ་འཕྲིན་ལས་ལ་གོ་བས་ཀར་རྡོ་མ་བྲིས་པས་ཀ་རྡོ་བྲིས་ན་འཐད་པ་གསུངས་འདུག དེ་འདྲ་ཡིན་ན་པདྨ་རྡོ་རྗེའི་བསྡུས་མིང་ལ་པད་རྡོ་མ་བྲིས་པར་པ་རྡོ་བྲིས་ན་ལེགས་སམ། པད་མ་བྲིས་ན་བོད་སྐད་མ་དག་པ་ཡིན་པས་ལེགས་སྦྱར་སྐད་དུ་པདྨ་ཞེས་བྲིས་ཡོད་པས་རིགས་པ་མཚུངས་སོ།
དཔལ་ཕག་མོ་གྲུ་པའི་སྲིད་དབང་བྱུང་ཚུལ། རྩོམ་པ་པོ་རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ། དུས་ཚོད2008-8-29 9:56:23 ཡོང་ཁུངས་མཚོ་སྔོན་པོ་དྲ་བ། བོད་ཀྱི་ལོ་རྒྱུས་སྟེང་དཔལ་ཕག་མོ་གྲུ་པ་ཞེས་ཡོངས་སུ་གྲགས་པའི་ཕག་གྲུ་བྱ་བའི་མིང་འདི་མ་གཞིར་ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་ཀྱི་ས་མིང་ཞིག་ཡིན་ལ། དེ་ཡང་བཀའ་བརྒྱུད་བསྟན་པའི་མངའ་བདག་མཉམ་མེད་རྡོ་རྗེ་རྒྱལ་པོས་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ༡༡༥༨ལ་གནས་དེར་ཆོས་གཞི་བཟུང་སྟེ་གདན་ས་ཐེལ་དགོན་པ་བཏབ་པས་ཕག་མོ་གྲུ་པར་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་བྱུང་བ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་གྲགས་ཤིང་། རྡོ་རྗེ་རྒྱལ་པོ་ཁོང་དང་གདན་སའམ་ཆོས་བརྒྱུད་བཅས་ཀྱི་མིང་ཕག་མོ་གྲུ་པ་ཞེས་མཚན་ཐོག་མར་ཆགས། རབ་བྱུང་བཞི་པའི་ས་འབྲུག་སྤྱི་ལོ༡༢༠༨ལ་རླངས་ཀྱི་གདུང་རྒྱུད་སྤྱན་སྔ་གྲགས་པ་འབྱུང་གནས་ཐེལ་གྱི་དགོན་པ་ཕག་གྲུའི་གདན་སར་ཕེབས་ཤིང་། དེ་ནས་བཟུང་ཕག་གྲུའི་གདན་ས་རླངས་ཀྱི་གདུང་རྒྱུད་རིམ་བྱོན་གྱིས་བསྐྱངས་པས་དེ་ལའང་ཕག་གྲུ་ཞེས་འབོད། ཡང་ས་སྐྱ་པའི་དུས་སུ་བོད་ཡུལ་བྱིངས་ཁྲི་སྐོར་བཅུ་གསུམ་དུ་བགོ་སྐབས་ཕག་མོ་གྲུ་པ་ཡང་ཁྲི་སྐོར་གཅིག་བྱས་པས་ཕག་གྲུ་ཁྲི་སྐོར་དང་། དེ་རྗེས་རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ༡༣༥༤ལ་ཏྰ་སི་ཏུ་བྱུང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་ལག་ནས་བོད་ཡོངས་ཀྱི་སྲིད་དབང་བླངས་ནས་སྣེ་གདོང་དུ་ཕག་གྲུའི་སྲིད་དབང་བཙུགས་ཏེ་ཁ་བའི་ལྗོངས་ཡོངས་ལ་དབང་སྒྱུར་བྱས་པས་དེ་ལ་ཡང་ཕག་གྲུའི་སྲིད་དབང་ཞེས་བརྗོད་པ་སོགས་ཏེ། མདོར་ན་བོད་ཀྱི་ལོ་རྒྱུས་སྟེང་གི་ཕག་མོ་གྲུ་པ་ཞེས་པའི་མིང་འདི་ཐོག་མར་ཡུལ་མིང་ནས་དགོན་མིང་དང་རིམ་གྱིས་གྲུབ་མཐའ་དང་ཆོས་ལུགས་མི་སྣ། གདན་སའི་ཁྲི་རབས་དང་ཐ་སྙད་གལ་ཆེན་ཞིག་ཡིན་སྟབས། དེ་དག་སྐབས་སོ་སོར་གོ་བ་ལེན་ཤེས་དགོས་པས་འདིར་མཚོན་ཙམ་བཀོད་པ་ཡིན་ལ། དེས་ན་ཕག་གྲུ་བྱ་བའི་མིང་འདིའི་སྒྲ་བཤད་ལ“ཕག་ནི་སྐྱེ་མེད་ཆོས་ཀྱི་སྐུ།། གྲུ་ནི་འགྲོ་བ་མ་ལུས་སྒྲོལ།།”ཅེས་ཆོས་ཕྱོགས་ཀྱི་འགྲེལ་བཤད་རྒྱག་སྲོལ་ཡང་ཡོད་པར་གསུངས་སོ།། དེ་ལྟར་སྔར་སྨྲས་པ་བཞིན་ས་སྐྱའི་ཆབ་འོག་གི་ཁྲི་སྐོར་ནང་ནས་འབྲི་གུང་པ་དང་ཚལ་པ་ཕག་མོ་གྲུ་པ་བཅས་ནི་སྟོབས་ཤུགས་ཆེ་ཤོས་དང་ཞབས་གྲས་ནང་མ་ལྟ་བུར་ཡོད་ཀྱང་། རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ༡༣༤༩ཙམ་ལ་བོད་ཀྱི་ལོ་རྒྱུས་སྟེང་ལོ་ངོ་བརྒྱ་ཕྲག་ལྷག་ལ་དབང་སྒྱུར་བྱས་ཤིང་གྲགས་སྙན་འཛིན་མའི་ཁྱོན་དུ་འབར་བའི་འཁོན་རིགས་ས་སྐྱ་པའི་སྲིད་དབང་ནང་ཁུལ་དུ་འཁྲུག་རྩོད་བྱུང་སྟེ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་དང་བསྟུན། བོད་དབུས་ལྷོ་ཁ་ཕྱོགས་ནས་ལྷ་རིགས་རླངས་ཀྱི་གདུང་རྒྱུད་གསར་དར་བྱུང་སྟེ་ཕག་གྲུའི་ཁྲི་སྐོར་གྱི་སྟོབས་ཤུགས་རྒྱ་བསྐྱེད་ཐོག་རིམ་གྱིས་གཡའ་བཟང་པ་དང་ཚལ་པ་འབྲི་གུང་པ་སོགས་སྐོར་གཞན་དག་རྣམས་ཀྱང་རང་གི་དབང་འོག་ཏུ་བསྡུས་ཏེ། མཐར་བོད་ཡོངས་ཀྱི་སྲིད་དབང་དཔལ་ལྡན་ས་སྐྱ་པའི་ལག་ནས་བླངས་ཏེ་ལྗོངས་ཆེན་པོར་སྲིད་ཀྱི་ཁ་ལོ་བསྒྱུར། འདིར་ཐོག་མར་རླངས་ཀྱི་གདུང་རྒྱུད་དང་ཕག་གྲུའི་སྲིད་དབང་བྱུང་ཚུལ་སྐོར་བཅས་མདོ་ཙམ་གླེང་བར་བྱ་སྟེ། ༡.རླངས་ཀྱི་གདུང་རྒྱུད་བྱུང་ཚུལ་སྐོར། ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཇི་ལྟར་བྱུང་བའི་ཚུལ་ལ《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ལས། “འབངས་ཀྱི་མི་རབས་ལ་འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ། ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ།”ཞེས་ཐོག་མར་མིའི་འགྲོ་བ་བྱུང་ཚུལ་ནས་སྲིད་པ་མི་རབས་མཆེད་དགུ་དང་ལྡོང་རུས་ཆེན་བཅོ་བརྒྱད་ནས་བརྒྱུད་པའི་མི་རབས་མང་ཙམ་སོང་བ་ན། རྒྱལ་བུ་མང་ལྡོམ་སྟག་བཙན་བྱ་བ་བྱོན། དེས་ཁྱིམ་ཐབ་མ་འདོད་བཞིན་དུ་ཡབ་ཀྱི་བཀའ་ལྟར་མི་བརྒྱུད་སྤེལ་ཐབས་སུ་རོང་བཟའ་ཁྱེ་ལྕམ་བྱ་བ་ཁབ་ཏུ་བཞེས་ཀྱང་སྲས་མ་ཡོད་པར་ཡིད་མ་བདེ་ནས་ལྷ་ཡུལ་དུ་བྱོན་ནས་གནམ་ལྷ་མཆེད་བརྒྱད་ལ་གསོལ་བ་བཏབ་པས་ལྷའི་སྲས་དང་མི་རྒྱུད་ཟམ་མི་ཆད་པར་འབྱུང་བ་ལུང་བསྟན་པ་ལྟར། མང་ལྡོམ་སྟག་བཙན་ལྷའི་བུ་མོ་སྨན་བཙུན་མ་དང་བཤོས་པ་ལ་སྤྲུལ་པའི་བུ་ལྷའི་སྲས་པོ་འདྲ་བ་ཞིག་འཁྲུངས། དེར་མང་ལྡོམ་ཡིད་མ་ཆེས་པ་ལ་སྨན་བཙུན་མས་དོགས་པ་སེལ་ཆེད་སྲས་བུ་དེ་ལྷ་རིའི་རྩེར་ཁྱེར་ནས་གཡའ་མའི་སྒྲོམ་བུར་བཅུག་ནས“མང་ལྡོམ་སྟག་སྲས་ཡིན་ན།། མི་རྒྱུད་ལྷ་ལས་གྲོལ་བར་ཤོག ། རིགས་རྒྱུད་ཁྱད་དུ་འཕགས་པར་ཤོག ། མགོ་གཡོགས་རྩོག་པུའི་བུ་ཡིན་ན།། འདབ་ཆགས་བྱ་ཡིས་བཏོག་པར་ཤོག ། གཅན་གཟན་རྣམས་ཀྱིས་ཟ་བར་ཤོག ། ”ཅེས་དམོད་བོར་ནས་བུ་བསྐྱུར་ཏེ་རང་ཉིད་ལྷ་ཡུལ་དུ་ལོག་པར་འདོད་པ་ལ་མིའི་དྲི་མ་ཕོག་པས་འགྲོ་མ་ནུས་པར་ཚུར་བྱོན་པ་ན་མང་ལྡོམ་གྱིས་རྒྱུ་མཚན་ཤེས་ནས་དེ་མ་ཐག་ཡབ་ཡུམ་གཉིས་ལྷ་རིའི་རྩེར་ཕྱིན་ནས་གཟིགས་ཚེ། ཁྱེའུ་ནི་གཡུ་ཡི་ཟུར་ཕུད་ཅན་བྱ་དང་གཅན་གཟན་གྱིས་མ་འཚེ་བར་སྤྱི་གཙུག་ན་རླངས་པ་དུང་ལྟར་བཀར་བ་ཡོད་པ་ཞིག་འཁྲུངས་འདུག་པ་མཐོང་བས་ཡབ་ཐུགས་ཤིན་ཏུ་དགྱེས་ནས“རླངས་སོ་རླངས་སོ ”ཞེས་ལན་གསུམ་བོས་པས་ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཅེས་གྲགས་པ་བྱུང་ཚུལ་སོགས་རྒྱས་པར་འབྱུང་བ་ལྟར་ལ། གོང་གི་ལྷ་སྒྲུང་ལྟ་བུའི་མི་རྒྱུད་བྱུང་ཚུལ་ལ་ང་ཚོས་ཡིད་ཆེས་མི་བྱེད་ཀྱང་དེའི་ཤུགས་ལས་རླངས་ཀྱི་གདུང་རབས་དང་བོད་མིའི་འབྱུང་ཁུངས་ཐད་བརྗོད་སྟངས་གཞན་དང་མི་མཐུན་པ་སྔ་རབས་བོན་ལུགས་སྒོང་གྲོལ་གྱི་བཤད་ཚུལ་དང་ཆ་འདྲ་བ་ཞིག་ཡོད་པ་ཤེས་པ་དེའང་བརྟག་རྒྱུ་ཅན་དུ་སྣང་ཡང་ཟུར་རུ་དཔྱད་ཆོག་པས་འདིར་རྒྱས་པར་མི་སྤྲོའོ།། དེ་ལྟར་རླངས་ཀྱི་གདུང་རྒྱུད་རིམ་པར་དཔའ་བོ་དང་གྲུབ་ཐོབ་ལྷའི་སྤྱན་གྱིས་གཟིགས་པ་མང་པོ་བྱུང་བར་བཤད་པས་གདུང་རྒྱུད་ལ་རླངས་ལྷ་གཟིགས་ཀྱི་རིགས་ཞེས་ཀྱང་འབོད་པར་གྲགས། བོད་ཀྱི་ལོ་རྒྱུས་སྟེང་གླིང་གེ་སར་རྒྱལ་པོས་བླ་མར་བཀུར་བར་བཤད་པའི་རླངས་ཨ་མྱེས་བྱང་ཆུབ་འདྲེ་ཁོལ་ཞེས་གྲགས་ཆེ་བའི་གྲུབ་ཐོབ་པ་དེ་ཉིད་ནས་བཟུང་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་བར་རླངས་ཀྱི་རིགས་རྒྱུད་ཟམ་མ་ཆད་པར་བྱུང་བ་ཡིན་ལ། ཡོན་ཆེན་རྒྱལ་བ་སྐྱབས་ལ་སྲས་གྲགས་པ་འབྱུང་གནས་དང་མགོན་པོ་སྐྱབས། སངས་རྒྱས་སྐྱབས་བྱ་བ་གསུམ་བྱུང་བ་ལས་སྲས་ཆེ་བ་གྲགས་པ་འབྱུང་གནས་གཞོན་ནུའི་སྐབས་ནས་འབྲི་གུང་ཆོས་རྗེ་འཇིག་རྟེན་མགོན་པོའི་ཞབས་ལ་གཏུགས་ཏེ། “སྤྱིར་ལོ་བཅུ་བདུན་གྱི་རིང་ལ་བླ་མའི་ཕྱག་ཕྱིར་དུ་འབྲལ་མེད་དུ་བྱས་པས་མཚན་ཀྱང་སྤྱན་སྔ་བར་ཐོགས”ཤིང་ཀུན་གྱིས་སྤྱན་སྔ་གྲགས་པ་འབྱུང་གནས་ཞེས་གཙུག་ཏུ་བཀུར་བའི་སྐྱེས་བུ་དམ་པ་གྲགས་སྙན་ཅན་དེ་ཉིད་བྱོན། འདི་པས་ཕག་གྲུའི་གདན་ས་ཐེལ་དང་འབྲི་གུང་དགོན་གཉིས་ཀྱི་གདན་ས་རེས་མོས་སུ་བསྐྱངས་པས་རླངས་ཀྱི་གདུང་རྒྱུད་དང་ཕག་གྲུའི་སྟོབས་དང་སྙན་པ་བཅས་རིམ་གྱིས་ཕྱོགས་བཅུར་ཁྱབ་པ་བྱུང་། རླངས་ཀྱི་གདུང་རྒྱུད་ཕྱི་མ་རྣམས་རྟེན་རབ་བྱུང་བ་མང་ཞིང་ཕལ་ཆེ་བ་ཆོས་ཀྱི་སློབ་གཉེར་དང་ཐུགས་ཡོན་ལྡན་པ་ཤ་སྟག་བྱོན་པས་གདན་ས་ཐེལ་གྱི་ཁྲི་དང་སྤྱན་སྔ་བ་ཞེས་པའི་མཚན་ཡང་འཇགས་བཞེས་ལྟ་བུར་གནང་ཞིང་བསྟན་པའི་བྱ་བར་མཛད་རྗེས་ཆེ་ལ་འཕྲིན་ལས་ཡར་ལྡན་དུ་སྤེལ། རྟེན་སྐྱ་བོ་དག་གིས་ཀྱང་ཡ་རབས་སྐྱེ་བོའི་སྤྱོད་ཚུལ་ངང་ཁྱིམ་ཐབས་བྱས་ཏེ་རྫོང་གཞིས་ཡུལ་གྲུ་འགའ་རེ་དང་ཕག་གྲུའི་ཁྲི་དཔོན་གྱི་ལས་ཀ་བཟུང་། ཁྲི་དཔོན་རྡོ་རྗེ་དཔལ་གྱིས་ཆོས་སྲིད་གཉིས་ཀྱི་བྱ་བར་བརྩོན་ནས་སྣེ་གདོང་རྩེ་དང་ཚོང་འདུས་བྲག་ཁ་ནས་ཡར་འབྲོག་མཆོད་རྟེན་གླིང་དང་མོན་མཁར་རྒྱལ་ཐང་བྱ་བ་སོགས་སུ་རྫོང་གཞིས་རེ་རེར་བརྩིགས་ནས་ཁྱོན་རྫོང་མཁར་བཅུ་གསུམ་ཙམ་བསྐྱངས་པར་བཤད། དེའི་རྗེས་ཁྲི་དཔོན་གཞོན་ནུ་རྒྱལ་མཚན་ནས་གཞོན་ནུ་ཡོན་ཏན་གྱི་བར་གདན་སར་ཕེབས་ཏེ་ཁྲི་དཔོན་ཟུར་དུ་མ་བསྐོས་པ་རང་ཉིད་བླ་དཔོན་སྦྲགས་མ་མཛད་ཅིང་སྔར་ཤོར་བའི་མི་སྡེ་མང་པོ་ཕྱག་རྫས་ཀྱིས་བླུ་བར་མཛད་པ་སོགས་ཕག་གྲུའི་ཁྲི་དཔོན་བཀའ་དྲིན་ཆེ་བར་བརྩི་ཞེས་གྲགས། དེ་རྗེས་ཁྲི་དཔོན་རེ་གཉིས་བྱོན་ཀྱང་ནུས་སྟོབས་ཆུང་ཞིང་ནག་ཆང་གིས་བསླད་པས་ཕག་གྲུའི་སྲིད་དབང་སྔར་ལས་ཉམས་དམས་སུ་སོང་། དེ་ནས་དཔའ་དང་སྙིང་སྟོབས་ལྡན་པའི་བྱང་ཆུབ་རྒྱལམཚན་གྱིས་ཁུ་བོ་རྒྱལ་མཚན་སྐྱབས་ཀྱི་ལག་ནས་ཁྲི་དཔོན་གྱི་འགན་བཞེས་ཏེ་ཕག་གྲུའི་སྲིད་དབང་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་མཛད་ཐོག མཐར་ས་སྐྱའི་ལག་ནས་བོད་ཡོངས་ཀྱི་སྲིད་དབང་བླངས་ཏེ་དཔལ་ལྡན་ཕག་མོ་གྲུ་པས་གངས་རིའི་ལྗོངས་ཀུན་ལ་ལུགས་གཉིས་ཀྱིས་དབང་བསྒྱུར་བའི་དུས་ཤར་ཞིང་། སྲིད་རབས་དང་པོ་ནི་རླངས་སྟག་གཟིགས་ཀྱི་གདུང་རྒྱུད་འཁྲུལ་མེད་བྱང་ཆུབ་རྒྱལ་མཚན་བྱོན་པ་ལགས་ཤིང་ཁོང་ནི་ཕག་གྲུའི་སྲིད་དབང་གི་སྲོལ་གཏོད་མེས་པོ་ཟླ་མེད་པ་ཡིན་ནོ།། ༢.ཕག་གྲུའི་སྲིད་དབང་བྱུང་ཚུལ་སྐོར། དེ་ཡང་དཔལ་ཕག་མོ་གྲུ་པའི་སྲིད་དབང་འཛུགས་མཁན་བྱང་ཆུབ་རྒྱལ་མཚན་ནམ་ཡོངས་གྲགས་སུ་ཏྰ་སི་བྱང་ཆུབ་རྒྱལ་མཚན་ཞེས་ཞུ་བའི་སྐྱེས་བུ་དམ་པ་དེ་ནི། འབྲི་གུང་པའི་དཔོན་རིན་ཆེན་སྐྱབས་ལ་བཙུན་མོ་གཉིས་ཡོད་པའི་ཆུང་བ་ཁྲ་སྨོན་འབུམ་སྐྱིད་བྱ་བར་རབ་བྱུང་ལྔ་བའི་ཆུ་སྟག་སྤྱི་ལོ༡༣༠༢ལ་སྐུ་འཁྲུངས། དགོང་ལོ་བདུན་པའི་སྟེང་ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་པར་མཁན་ཆེན་ཚུལ་དར་བ་དང་སློབ་དཔོན་པུ་ཧྲེངས་པའི་མདུན་སར་རབ་བྱུང་མཛད། དགུང་ལོ་བཅུ་བཞིའི་སྟེང་ས་སྐྱར་དྲུང་འཁོར་ཞུ་བ་དང་སློབ་གཉེར་གཅིག་ལྕོགས་སུ་བྱོན། དཔོན་ཆེན་འོད་ཟེར་སེང་གེའི་མདུན་དུ་ཕེབས་ཏེ་ས་སྐྱའི་བདག་ཆེན་བཟང་པོ་དཔལ་ལ་ཞུས་པ་ཐེལ་དང་ཡིག་ཚང་གཉེར་བའི་ལས་ཚན་ནང་མའི་ལས་ཀ་གནང་ཡང་། བདག་ཆེན་པ་ཐུགས་གཏུམ་པོ་ཡིན་སྟབས་བཀའ་བཀྱོན་ཕོག་ཉེན་ལ་དོགས་རྐྱེན་ལས་ཚན་གྱི་དགོངས་པ་ཞུས་ཏེ་བླ་མ་འཇམ་དཔལ་དང་ཀུན་དགའ་དབང་པོ། ལྷག་པར་བླ་མ་མཉམ་མེད་པ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་ཆོས་དང་རིག་གནས་ཀུན་ལ་སློབ་གཉེར་དྲག་པོ་གནང་། ཁྱད་པར་སློབ་གཉེར་སྐབས་བླ་མ་མཉམ་མེད་པ་ནས་བརྩེ་གཟིགས་ཆེ་ཞིང་བསྔགས་བརྗོད་གནང་བ་དང་བྱང་ཆུབ་རྒྱལ་མཚན་ཁོང་ཡང་སྙིང་རུས་དང་བློ་རྒྱ་ཆེན་པོ་ལྡན་པས་ཆོས་ཀྱི་སློབ་གཉེར་བརྩོན་པའི་སྟེང་སྲིད་ཀྱི་ཕྱོགས་ལའང་སྦྱོང་བ་དང་ལེན་གང་ལེགས་གནང་བས་ཆོས་སྲིད་གཉིས་ཀར་མཁས་པའི་རྩེར་སོན། དགུང་གྲངས་ཉི་ཤུ་པ་རབ་བྱུང་ལྔ་བའི་ལྕགས་བྱ་སྤྱི་ལོ༡༣༢༡ལ་ས་སྐྱའི་དཔོན་ཆེན་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་ཕག་མོ་གྲུ་པའི་ཁྲི་དཔོན་དུ་བསྐོས། དེ་ནས་དབུས་སུ་ལོག་སྟེ་རབ་བྱུང་ལྔ་བའི་ཆུ་ཁྱི་སྤྱི་ལོ༡༣༢༢ལ་ས་སྐྱའི་བཀའ་ཤོག་དང་སྦྲགས་ཁུ་བོ་རྒྱལ་མཚན་སྐྱབས་ཀྱི་ཁྲི་དཔོན་ཕབ་སྟེ་རང་ཉིད་ཀྱིས་ཕག་གྲུའི་ཁྲི་དཔོན་མཛད་དེ་སྣེ་གདོང་རྫོང་གཞིས་རྩིས་བླངས། གཞོན་ནུ་འོད་བྱ་བ་ནང་གཉེར་དུ་བསྐོས་ནས་ཁྲི་དཔོན་གྱི་སྐབས་སུ་ཞིང་གི་འོབ་ཚུན་ལ་བལྟ་རྟོགས་གནང་སྟེ་ཡུལ་སྡེ་ལེགས་པར་བསྐྱངས། དེའི་རྗེས་ཧོར་གཞོན་ནུ་བཟང་པོ་བྱ་བ་ནང་གཉེར་དུ་བསྐོས་ཤིང་གཉིས་ཀ་རྣམས་ཉམས་གསོ་དང་ཡུལ་གྲུ་སོ་སོར་སྐྱེས་ཤིང་བཙུགས་པ་དང་ཤམ་ཆུ་ལ་ཟམ་པ་བཏིང་བ་སྣེ་གདོང་རྩེའི་ཕོ་བྲང་རྒྱ་བསྐྱེད་པ་སོགས་ཡུལ་ལ་ཕན་པའི་བྱ་བ་རྒྱ་ཆེན་པོ་མཛད། དེ་ལྟར་བྱང་ཆུབ་རྒྱལ་མཚན་ཞི་དྲག་གང་གིས་བྱ་བར་མཁས་ཤིང་ལྷག་པར་སྲིད་འཛིན་ལས་དོན་གྱི་ཐད་ལ་འཇོན་ཐང་ཆེན་པོ་ལྡན་པས་རླངས་ཀྱི་གདུང་རྒྱུད་དང་ཕག་གྲུའི་ཁྲི་སྡེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ཐུགས་ཀྱིས་མ་བཟོད་དེ། སྔར་ཁུ་བོའི་སྐབས་རང་སྡེའི་མི་ཁྱིམ་མང་པོ་གཡའ་བཟང་བས་འཕྲོག་སོང་བ་རྣམས་དཔུང་ཤུགས་ཀྱིས་ཕྱིར་བླངས། འོན་ཀྱང་གཡའ་བཟང་བའི་རྒྱབ་ཏུ་ཚལ་པ་སོགས་ཁྲི་སྐོར་ཆེ་ཤོས་འགའ་ཡོད་སྟབས་ས་སྐྱའི་དཔོན་ཆེན་གྱིས་དྲང་བདེན་མ་བཟུང་སྟེ་ཕག་གྲུ་ནས་གོང་གི་མི་སྡེ་རྣམས་གཡའ་བཟང་བར་ཕྱིར་སྤྲོད་དགོས་པའི་བར་ཆིངས་བྱས། ཕག་གྲུས་བར་ཆིངས་དེ་མ་ཁུར་པར་ཡུལ་བར་ཐང་བྱ་བར་ཕྱོགས་གཉིས་གཡུལ་འགྱེད་བྱས་པས་ཕག་གྲུའི་མི་རྟ་བཅོ་ལྔ་ལྷག་གཡུལ་དུ་ཤོར་བ་སོགས་བྱུང་བས་རེ་ཞིག་རྒྱལ་ཁ་ཕམ། དེ་ནས་རབ་བྱུང་དྲུག་པའི་ཤིང་བྱ་སྤྱི་ལོ༡༣༤༥ལ་ས་སྐྱའི་དཔོན་ཆེན་དབང་བརྩོན་པའི་དྲུང་དུ་གཡའ་ཕག་གཉིས་གྱོད་གཏུག་བྱས། ལར་བདེན་ལུགས་ཕག་གྲུར་ཡོད་ཀྱང་དཔོན་ཆེན་གཡའ་བཟང་བའི་ཕྱོགས་སུ་ལྷུང་སྟེ་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་ལས་ཕབ་སྟེ་ས་སྐྱའི་ནང་མི་བསོད་ནམས་རྒྱལ་མཚན་བྱ་བ་ཕག་གྲུའི་ཁྲི་དཔོན་དུ་བསྐོ་གྲབས་སོགས་བྱས་ཀྱང་། བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་གྱི་དབང་ཆ་མ་སྤྲད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས། དེའི་རྗེས་ས་སྐྱའི་ནང་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཡོ་ཐབས་ལ་བརྟེན་ནས་བྱང་ཆུབ་རྒྱལ་མཚན་དབུས་ཀྱི་ཡུལ་དོག་ལུམ་པ་བྱ་བར་གསོལ་སྟོན་དུ་གདན་འདྲེན་པའི་ཟོལ་གྱིས་ཁྲི་དཔོན་གྱི་དབང་ཆ་ལེན་པའི་ཐབས་སུ་ཞག་དུ་མར་བཙོན་དུ་བཅུག་ནས་ཞི་དྲག་ཚ་འཇམ་ཅི་རིགས་ཀྱི་སྦྱོར་བ་སྣ་ཚོགས་པ་བརྩམས། འོན་ཀྱང་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ནི་དཔའ་མཛངས་རྟུལ་ཕོད་དང་མཁྱེན་དཔྱོད་བློ་རྒྱ་ཡངས་པ་ཞིག་ཡིན་པས་རང་སྲོག་བློས་གཏོང་ཡང་ཁྲི་དཔོན་གྱི་དབང་ཆ་གཏན་ནས་མི་སྤྲོད་པའི་སྙིང་སྟོབས་བཙན་པོའི་གོ་ཆ་དྲག་པོ་བགོས་ཏེ། དམ་ཁ་སྟག་མགོ་ནོར་བུ་མ་མེར་བསྲེགས་པ་སོགས་བྱས་པས་ནང་ཆེན་དབང་བརྩོན་ཅི་བྱ་བཏོལ་མེད་དུ་གྱུར་ནས་གྱོད་རྟིང་རེ་ཞིག་ལུས། དེའི་རྗེས་གཡའ་བཟང་བ་ཚུལ་འབུམ་འོད་བྱ་བས་ཨེ་དང་གཉལ་གྱི་དམག་རྣམས་སྐུལ་ཏེ་ཡུལ་རྡོག་པོ་རྒྱུད་དུ་གཡའ་ཕག་འཁྲུག་པ་བྱས། ཕག་གྲུ་རྒྱལ་ཏེ་གཡའ་དམག་རྣམས་གཡུལ་ནས་ཕམ་པར་མ་ཟད་ཕག་གྲུའི་མགོ་དམག་གིས་གཡའ་བཟང་དགོན་དང་གཞིས་ཀ་རྣམས་རྩིས་བླངས་པ་སོགས་བྱུང་། གཡའ་ཕག་གཉིས་ཀྱིས་འཁྲུག་རྩོད་ལས་ཕག་གྲུའི་སྟོབས་ཤུགས་ཇེ་ཆེར་སོང་བ་དེས་ས་སྐྱ་བར་ཉེན་ཁ་ཆེན་པོ་བཟོས་ཡོད་སྟབས་དཔོན་ཆེན་རྒྱལ་བ་བཟང་པོས་གཡའ་ཕག་གྱོད་གཞི་རྟིང་མེད་དུ་བྱེད་ཆེད་ས་སྐྱའི་དམག་གིས་གཡའ་ཕག་གཉིས་ཀ་དང་ཕག་གྲུའི་རྒྱབ་རོགས་ཐང་པོ་ཆེ་བ་བཅས་བཅོམ་སྟེ་མི་སྡེ་རྣམས་ས་སྐྱའི་མངའ་ཞབས་སུ་ཐད་ཀར་འཇུག་རྒྱུ་བྱས་ཐོག དཔོན་ཆེན་དངོས་བྱོན་ཏེ་གྱོད་དོན་ཞིབ་དཔྱོད་བྱེད་པར་ཁ་གཡར་ཏེ་བྱང་ཆུབ་རྒྱལ་མཚན་ཡང་བསྐྱར་བཙོན་དུ་བཟུང་སྟེ་གཙང་ཕྱོགས་སུ་རྒྱང་འཕུད་ལ་བཏང་ནས་ཡུལ་ཀོ་སྤྲོལ་བྱ་བར་ཟླ་གཅིག་ཙམ་བཀག་པ་སོགས་ཁྲི་དཔོན་ཁོང་ལ་སྐུ་མཉེལ་ཆེན་པོ་བྱུང་། དཔོན་ཆེན་གྱིས་ཐོག་མར་གཡའ་བཟང་བ་དང་ཐང་པོ་ཆེ་བ་གཉི་གའི་ཁྲི་དཔོན་ཕབ་སྟེ་མི་སྡེ་རྣམས་ས་སྐྱའི་འོག་ཏུ་བཅུག འོན་ཀྱང་ཕག་གྲུའི་གནས་གཞི་སྣེ་གདོང་རྩེ་ཧོར་གཞོན་ནུ་བཟང་པོ་གཙོས་པའི་ནང་བློན་འཁོར་བཅས་ཀྱིས་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱི་བཀའ་བཀོད་ལྟར་ས་སྐྱ་བར་ངོ་རྒོལ་དྲག་པོ་བྱས་ཏེ་སྣེ་གདོང་རྩེ་བཙན་སྲུང་བྱས་ཐུབ་པ་བྱུང་བས་ཕག་གྲུའི་སྲིད་ཀྱི་རྩ་བ་མི་ཤོར་བའི་ཇུས་གཞི་བརྟན་པོ་ཚུགས། དེ་མཚུངས་སུ་ས་སྐྱའི་དཔོན་རིགས་ནང་ཁུལ་དུ་ནང་ཆེན་དབང་བརྩོན་དང་དཔོན་ཆེན་རྒྱལ་བ་བཟང་པོ་གཉིས་ཀྱི་བར་འགལ་ཟླ་བཤོལ་ཐབས་མེད་པར་བྱུང་བས། དཔོན་ཆེན་རྒྱལ་བ་བཟང་པོས་ཕག་གྲུའི་སྟོབས་ཤུགས་རང་གི་རྒྱབ་སྣོན་དུ་རེ་ནས་བླ་མ་མཉམ་མེད་པས་བར་འདུམ་གནང་བར་བརྟེན། དཔོན་ཆེན་གྱིས་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་དཔོན་རིགས་ནང་ཁུལ་མ་འཆམས་པའི་སྐབས་དང་བསྟུན་ནས་རང་ཉིད་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་བཏང་ཞིང་ཐོག་མར་གཡའ་བཟང་པར་འཐབ་སྟེ་གཞིས་དགོན་མི་སྡེ་དང་བཅས་པ་བླངས་ཐོག་ཐང་པོ་ཆེ་ལ་དཔུང་འཇུག་བྱས་ནས་བཅོམ། ནང་ཆེན་དབང་བརྩོན་པས་གཙང་དམག་བསྐུལ་ཏེ་དབུས་སུ་དཔུང་འཇུག་བྱས་པ་ཕག་གྲུའི་དཔུང་གིས་ལམ་དུ་མ་ནས་ཕམ་པར་བརྒྱབ་པས་ཕག་གྲུ་རྣམ་པར་རྒྱལ་བའི་རྨང་རྟིང་བརྩིགས། རབ་བྱུང་དྲུག་པའི་ས་བྱི་སྤྱི་ལོ༡༣༤༨ལ་ཕག་གྲུའི་དཔུང་ཚལ་པའི་སྟེང་ལ་རླུགས་ནས་ཚལ་པ་ཁྲི་སྐོར་གཏོང་ཕམ་བཏང་ཐོག་གཞིས་དགོན་ཆབ་འབངས་དང་བཅས་པ་རྩིས་བླངས། རབ་བྱུང་དྲུག་པའི་ལྕགས་སྟག་སྤྱི་ལོ༡༣༥༢ལ་ཕག་གྲུས་འབྲི་གུང་པ་བླངས་ཤིང་རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ༡༣༥༤ལ་ཕག་གྲུའི་དཔུང་ཐད་ཀར་ས་སྐྱར་བླུགས་ཏེ་དཔུང་ཐབས་དགོས་པར་འཇིག་ཟིལ་ཁོ་ནས་ས་སྐྱའི་གདན་ས་པ་ཏྰ་དབོན་བློ་གྲོས་རྒྱལ་མཚན་ཆོས་ཁྲི་ལས་ཕབ་ཅིང་། དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན་ཏེ་ནང་ཆེན་དབང་བརྩོན་པ་གསོན་པརོ་བཟུང་ཐོག་ས་སྐྱའི་ཆབ་སྲིད་ཀྱི་སྒྲིག་གཞི་རྩ་བ་ནས་གཏོར་ཏེ། བོད་ཡོངས་ཀྱི་སྲིད་དབང་ས་སྐྱའི་ལག་ནས་ཕག་མོ་གྲུ་པས་བླངས་ཤིང་བོད་འབངས་རྣམས་ཕག་གྲུའི་སྲིད་དབང་གི་གདུགས་འོག་གཅིག་ཏུ་འདུ་བར་བྱས། དེར་ལ་སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ་མདོ་སྟོད་སྨད་བཅས་ལ་ཞིབ་དཔྱོད་གཏོང་གནང་མཛད་ཐོག་ཕག་གྲུས་བོད་སྲིད་བཟུང་བ་ཤེས་སུ་བཅུག་ནས་བཀའ་ལུང་བསྒྲགས། དེར་དབུས་གཙང་མངའ་རིས་དང་མདོ་སྟོད་སྨད་བཅས་ཀྱི་བླ་ཆེན་མི་ཆེན་རྣམས་ཀྱིས་ལེགས་སོའི་བརྡ་མཇལ་དང་སྡེ་སྲིད་ཆེ་ཆུང་ཐམས་ཅད་ཀྱི་བསྐོ་འབེབས་སོགས་དཔལ་ཕག་མོ་གྲུ་པའི་བཀའ་ལུང་སྤྱི་བོར་བཀུར་བའི་བརྡ་ལན་གཅིག་ཆར་དུ་བྱུང་བར་གྱུར་ཏོ།། དེ་ནས་ཡང་ས་སྐྱ་བས་བོད་སྲིད་སྐྱོང་བའི་རྒྱབ་རྟེན་གཙོ་བོ་ཡོན་གོང་མ་ཡིན་པ་བཞིན་བྱང་ཆུབ་རྒྱལ་མཚན་གྱིས་ཀྱང་བོད་ཡོངས་ཀྱི་སྲིད་དབང་རང་གི་ཕྱག་ཏུ་བཞེས་མ་ཐག་པར་དྲུང་ཆེན་ཤེས་རབ་བཀྲ་ཤིས་བྱ་བ་སེང་གེའི་པགས་པ་སྡེར་མོ་བཞི་པོ་མ་ཉམས་པ་གཙོས་རིན་པོ་ཆེ་མང་པོ་བསྐུར་ཏེ་ཡོན་གོང་མའི་དྲུང་དུ་འཚམས་ཞུར་བཏང་། དེ་ལ་ཡོན་གོང་མས་ཀྱང་སྔར་གྱི་ས་སྐྱའི་སྟོབས་ཤུགས་ཉམས་ནས་གསར་བསྐྱེད་བྱུང་བའི་ཕག་མོ་གྲུ་པས་བོད་ཡོངས་ཀྱི་དབང་ཆ་བཟུང་ཡོད་པའི་གནས་ཚུལ་དངོས་ལ་གཞིགས་ཏེ། ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ལ་ཏྰ་སི་ཏུ(大司徒)ཞེས་པའི་གོ་གནས་དང་བོད་ཡོངས་ཀྱི་སྲིད་དབང་རྩིས་བླངས་ཆོག་པའི་བཀའ་ཤོག་དང་ཐམ་ཁ་བཅས་གནང་བར་བརྟེན་ཕག་གྲུའི་སྲིད་དབང་གཏན་ཆགས་བྱུང་། ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་རང་ཉིད་ཀྱིས་སྡེ་སྲིད་མཛད་དེ་བོད་ཡོངས་ལ་སྲིད་ཀྱི་ཁ་ལོ་བརྟན་པོ་བསྒྱུར་ཅིང་འདི་པ་ནི་ཕག་གྲུའི་སྲིད་དབང་གི་ཁྲི་རབས་དང་པོ་དང་རླངས་ཀྱི་གདུང་རྒྱུད་དར་བའི་མེས་པོ་ལྟ་བུར་གྱུར་པ་ལགས་སོ།། ༣.བྱང་ཆུབ་རྒྱལ་མཚན་གྱི་བོད་སྲིད་མཛད་ཚུལ། དེ་ལྟར་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་རྗེས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་ཕག་གྲུའི་སྲིད་དབང་སྲ་བརྟན་ཚུགས་པ་བཅས་ཀྱི་ཐད་ལ་འཕྲིན་ལས་རབས་དང་རིམ་པ་སྤེལ་བ་ཡིན་ལ། ཁྱད་པར་མཛད་རྗེས་འབུར་དུ་ཐོན་པ་སྐྱེ་བོ་ཀུན་གྱིས་མིག་མཐོང་ལག་ཟིན་ཡོད་པ་དག་ཕྱོགས་བསྡུས་སུ་བརྗོད་ན་གསམ་གསལ་འགའ་སྟེ། དང་པོ། དཔུང་སྟོབས་ཤུགས་སྣོན་བརྒྱབ་སྟེ་སྲིད་དབང་བརྟན་པར་མཛད་པའི་ཚུལ་ནི། ཕག་མོ་གྲུ་པས་དཔུང་ཤུགས་ལ་བརྟེན་ནས་ས་སྐྱའི་ལག་ནས་བོད་ཀྱི་སྲིད་དབང་བླངས་པ་ཡིན་ལ། ཡང་དེ་སྔོན་ས་སྐྱ་པ་དང་གཡའ་བཟང་པ། ཚལ་པ་ལ་སོགས་པ་ཉམས་འབྲེལ་གྱིས་ཕག་མོ་གྲུ་པར་བརྙས་བཅོས་དང་དཔུང་འཇུག་ཅི་རིགས་བྱས་པའི་དབང་གིས། བྱང་ཆུབ་རྒྱལ་མཚན་རང་ཉིད་བཙོན་དུ་ལྷུང་བ་དང་ཡུལ་སྡེ་འཇིག་ལ་ཉེ་བའི་གནས་ཚུལ་བྱུང་བར་བརྟེན། ཁོང་གི་ཐུགས་ལ་དེ་ཚོར་འགྲན་ཡ་ཐུབ་དགོས་ན་ངེས་པར་དུ་རང་ལ་ནུས་སྟོབས་ལྡན་པའི་དཔུང་ཤུགས་ཆེན་པོ་ཞིག་དགོས་པ་མཁྱེན་ཏེ་ཐོག་མར་རང་ཁོངས་ནས་དམག་མི་མང་པོ་བསྡུ་རུབ་བྱས་ནས་དམག་རུའི་དཔུང་བསྒྲིགས། འོན་ཀྱང་བྱ་བ་དེས་མི་སེར་རྣམས་ལ་དམག་ཁྲལ་རྟ་ཁྲལ་ལ་སོགས་པའི་དམག་འཁྲིའི་ལས་འགན་གྱི་ཁུར་པོ་ལྕི་མོ་འབབ་ཀྱིན་ཡོད་པར་བརྟེན་དམངས་སེམས་བསྡུ་མི་ཐུབ་པར་མ་ཟད་མི་སེར་བྱིངས་འཁྲུག་ལོང་ལ་སུན་སྣང་སྐྱེས་བཞིན་ཡོད་པར་གཞིགས། ཐོག་མར་གཡུལ་འགྱེད་རིམ་པའི་དམག་ས་ནས་ཐོབ་པའི་རྒྱུ་དངོས་རྣམས་ཕག་གྲུའི་སྡེ་གཞུང་ནས་བསྡུ་ཉར་མི་བྱེད་པར་དཔོན་དམག་རྣམས་དང་དམག་མི་འཁྲི་ཁོངས་ཀྱི་མི་སེར་ཚང་མར་རང་བདག་རང་ཉར་བྱེད་ཆོག་པའི་བཀའ་ཁྲིམས་སྤེལ། མི་དམངས་ཀྱི་སྐྱིད་སྡུག་མཁྱེན་པའི་ཐབས་ཇུས་གལ་ཆེན་རྨད་དུ་བྱུང་བ་འདིས་དམངས་སེམས་གཅིག་མཐུན་དང་དཔོན་འབངས་བར་གྱི་འགལ་ཟླ་ཇེ་ཆུང་སོང་ཐོག་དཔུང་སྟོབས་ཤུགས་སྣོན་རྒྱག་པར་འབངས་ཀྱིས་རྒྱབ་སྐྱོར་དང་དགའ་ཞེན་ཐོབ་པར་བརྟེན། རང་ཉིད་ཀྱི་སྲིད་དབང་བརྟན་ཆགས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འཛོམས་པར་མ་ཟད། དགྲ་སྡེ་གཞན་ལས་རྣམ་པར་རྒྱལ་བའི་རྒྱུ་རྐྱེན་གལ་ཆེན་གྲུབ་པས་དེར་མངོན་སུམ་གསལ་པའི་གྲུབ་འབྲས་ཀྱང་ཐོབ་པར་གྱུར། གཉིས་པ། ཁྲལ་རིགས་ཆག་ཡང་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་མཛད་པའི་ཚུལ་ནི། ཕག་མོ་གྲུ་པས་ས་སྐྱའི་ལག་ནས་བོད་ཀྱི་སྲིད་དབང་བླངས་པའི་དུས་སྐབས་འདི་དག་ལ་ཡུལ་སྡེ་དང་གྲུབ་མཐའི་བར་གྱི་འཁྲུག་རྩོད་དང་སྡེ་གཟར་ཟམ་མ་ཆད་པར་བྱུང་བའི་རྐྱེན་གྱིས། ཞིང་འབྲོག་ཐོན་སྐྱེད་ལོ་བསྟུད་མར་རྒྱུན་ལྡན་ཡོང་འབབ་མ་ཡོད་པའི་ཁར་སྐྱེས་བུ་རབ་འབྲིང་ཐམས་ཅད་དམག་འཁྲིར་འགྲོ་དགོས་པའི་དབང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གང་ཡང་མི་འགྲོ་བའི་ཐོག ད་དུང་ས་སྐྱའི་ཟིར་བུན་བྱུང་བའི་ནང་མི་སེར་གྱིས་མི་ཐེག་པའི་བརྡབ་གསིག་དང་ཧོར་ཁྲལ་རྣམ་པ་སྣ་ཚོགས་བསྡུ་ལེན་བྱེད་བཞིན་ཡོད་པས་བོད་འབངས་བྱིངས་སྡུག་བསྔལ་གྱི་མེ་འོབས་ནང་དུ་འཚོ་བཞིན་ཡོད་པར་གཞིགས་ཏེ། ཕག་གྲུའི་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་མི་སེར་རྣམས་བདེ་སྐྱིད་ཡོང་བ་དང་ཁྱད་པར་ཁྲལ་སྦྱོར་གྱིས་མནར་བའི་བཀའ་འབངས་རྣམས་དབུགས་དབྱུང་རྨ་གསོ་ཐོབ་པའི་ཆེད་དུ། རྒྱ་ཆེའི་མི་སེར་ལ་ཁྲལ་རིགས་ཆག་ཡང་བཏང་བར་མ་ཟད་དམིགས་བསལ་དུ་མནར་འཚེ་མྱོང་བ་དེ་རྣམས་ལ་ལྷག་པར་བལྟ་སྐྱོང་གནང་སྟེ་ལོ་བསྟུད་མར་ཁྲལ་ཆག་ལག་བསྟར་བྱས་ཐོག སྤྱིའི་རྐང་འགྲོའི་ཁྲལ་རིགས་ནས་དྲུག་ཆའི་ཁྲལ་ཙམ་མ་གཏོགས་རང་དགར་འོལ་ཚོད་ཀྱིས་ཁྲལ་འབབ་བསྡུ་ལེན་གང་ཡང་བྱེད་མི་ཆོག་པའི་བཅའ་ཁྲིམས་བསྡམས། དེ་ལྟར་ཐོན་སྐྱེད་གོང་འཕེལ་ཡོང་བ་དང་མི་སེར་གྱི་འཚོ་རྟེན་ལ་ཕན་པའི་མཛད་ཐབས་ཡང་དག་པ་མང་པོ་ལག་ལེན་བསྟར་བར་བརྟེན། རིམ་གྱིས་ཞིང་འབྲོག་ཐོན་སྐྱེད་བསྐྱར་གསོ་དང་འཕེལ་རྒྱས་བྱུང་བས་མི་སེར་གྱི་འཚོ་བ་ཇེ་ཡག་ཇེ་བཟང་དུ་སོང་བ་དང་། སྔར་ཟིར་བུན་གྱི་རྐྱེན་ལས་སོ་ནམ་འཐུས་ཤོར་དུ་སོང་སྟེ་ས་ཞིང་ཐལ་བ་སྐྱ་ཆག་ཏུ་ལུས་པ་རྣམས་སླར་གསོ་ཐུབ་པར་མ་ཟད། ས་རྒྱུ་གཤིན་པོ་གསར་སྤོལ་འོས་པའི་ས་རྒོད་རྣམས་ཀྱང་རྒྱ་ཆེར་སློག་ཏེ་རི་ཀླུང་གང་སར་ས་ཞིང་གིས་གང་ཞིང་སྐྱེས་འབྲས་ཀྱང་ལེགས་པར་ཐོན་པས་ཞིང་ནང་དུ་བྱེའུ་མི་ཐར་བ་ལྟ་བུའི་ལོ་ལེགས་བྱུང་བར་གྲགས་པས་སྤྱི་ཚོགས་ཀྱི་རྨང་གཞི་དཔལ་འབྱོར་གོང་དུ་འཕེལ་བའི་གོམ་པ་ཆེན་པོ་མདུན་དུ་སྤོས་པ་ལགས། གསུམ་པ། གཞིས་རྫོང་དགོན་སྡེ་བརྒྱབ་སྟེ་འཛུགས་སྐྲུན་རྒྱ་ཆེར་སྤེལ་བའི་ཚུལ་ནི། དེ་ཡང་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་ཐབས་མཁས་དང་ལྡན་པར་ཐོག་མར་བོད་སྤྱི་ཚོགས་ཀྱི་རྨང་གཞི་དཔལ་འབྱོར་གོང་དུ་འཕེལ་བར་བརྟེན། རྒྱ་ཆེའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཐོག་རང་གི་ཆབ་སྲིད་ཀྱི་རྩ་བ་བརྟན་པོར་ཆགས་པའི་གནས་གཞི་རྫོང་གཞིས་མང་པོ་གསར་དུ་བརྒྱབ་ཅིང་སྣེ་གདོང་རྩེ་རྒྱ་ཆེར་བསྐྲུན་པས་རང་གི་ཆབ་སྲིད་ཀྱི་གཞི་རྐང་ཚུགས་པར་བྱས། སྔར་ས་སྐྱའི་སྐབས་ཀྱི་ཁྲི་སྐོར་དང་ཁྲི་དཔོན་རྣམས་རྩ་མེད་བཏང་སྟེ་བསྐྱར་དུ་རྫོང་གཞིས་གསར་འཛུགས་བྱས་ནས་ཆབ་སྲིད་ཐད་ཀྱི་སྒྲིག་གཞི་གསར་བཅོས་བྱས། ཡོངས་གྲགས་སུ་གོང་དཀར་དང་གཞིས་རྩེ་འཕྱོངས་རྒྱས་སོགས་དབུས་གཙང་གཙོས་པའི་བོད་ས་གནས་ཀྱི་ལྟེ་བ་ས་མདུད་རྣམས་སུ་རྫོང་ཆེན་བཅུ་གསུམ་བྱ་བ་བཙུགས་ཐོག རྫོང་གཞིས་རེ་རེར་རྫོང་ཆེན་གསར་བསྐོ་གནང་བར་མ་ཟད་རྫོང་དཔོན་རྣམས་ལོ་ངོ་གསུམ་རིང་བརྗེ་སྤོར་བྱ་དགོས་པའི་སྲིད་དབང་གི་སྒྲིག་གཞི་གསར་བཅོས་ཀྱི་རང་བཞིན་ལྡན་པ་སྤེལ་བས་ཕག་གྲུའི་དབང་སྒྱུར་གྱི་སྲིད་དབང་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་། དེ་མཚུངས་སུ་བོད་ཆོས་སྲིད་ཟུང་འབྲེལ་གྱི་གནས་ཚུལ་དངོས་དང་སྒོས་སུ་རང་གི་གྲུབ་མཐའ་བཀའ་བརྒྱུད་པ་ལ་སྒྲུབ་པ་གཙོར་བཞེད་ཀྱིས་བཤད་གྲྭ་མེད་པར་གཟིགས་ནས། རབ་བྱུང་དྲུག་པའི་ལྕགས་ཡོས་སྤྱི་ལོ༡༣༥༡ལ་ཆོས་གྲྭ་ཆེན་མོ་དཔལ་རྩེད་ཐང་གསར་དུ་ཕྱག་འདབས་མཛད་ནས་ཆོས་ཁྲིམས་དམ་པར་བསྡམས་ཤིང་འཆད་ཉན་གྱི་སྲོལ་རྒྱས་པར་མཛད། དེ་མིན་ད་དུང་ཡུལ་མི་ལ་ཕན་པའི་བྱ་བཞག་ཐུན་མོང་མ་ཡིན་པ་རི་ཀླུང་ཚང་མར་སྐྱེས་ཤིང་འཛུགས་དགོས་པ་རི་རྒྱ་ཀླུང་རྒྱ་བསྡམས་པའི་བཅའ་ཁྲིམས་བཟོས་ཐོག་ལྕང་ཁྲིམས་པ་བྱ་བའི་དཔོན་གཉེར་ཆེད་བཀོད་གནང་སྟེ་ལོ་རེ་བཞིན་ལྕང་སྡོང་གསར་སྐྱེ་རྩིས་ལེན་བསྟར་བ་སོགས་མཛད་ཅིང་དེ་ལ་བརྟེན་གྲུ་ཤན་བཟོ་བ་དང་ཆུ་ཟམ་འཕེན་པ་བཅས་ཀྱི་བྱ་བ་ཡར་ལྡན་དུ་སྤེལ་བ་ཡིན་ནོ།། དེ་ལ་མི་ལོ་དྲུག་བརྒྱ་ལྷག་གི་སྔོན་གྱི་དབང་སྒྱུར་ཐུབ་པ་ནི་ད་ལྟ་ང་ཚོར་མཚོན་ན་བསམ་བློ་གཏོང་དགོས་པའི་ཡུལ་ཞིག་མ་ཡིན་ནམ་སྙམ་མོ།། བཞི་བ། ལྷ་ཆོས་མི་ཆོས་སྤེལ་ཏེ་ཡུལ་ཁམས་གཏན་འབེབས་མཛད་པའི་ཚུལ་ནི། དེ་ཡང་བོད་ཆེན་པོའི་རྒྱལ་ཁབ་སིལ་བུར་འཐོར་བ་དང་བསྟུན་བོད་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ཀྱང་རྩ་མེད་དུ་སོང་ཞིང་ས་སྐྱ་པས་བོད་ལ་དབང་སྒྱུར་སྐབས་ཧོར་ཁྲིམས་ཏེ་ཡོན་རྒྱལ་རབས་ཀྱི་ས་གནས་ཁྲིམས་ལུགས་གཙོ་བོར་སྤེལ་ཡང་ཁྲིམས་མང་ཤོས་ནི་བོད་མི་དམངས་དང་སྒོས་སུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་མི་འཚམ་པར་བརྟེན། སྡེ་སྲིདང་བྱང་ཆུབ་རྒྱལ་མཚན་གྱིས་སྔར་ཡོད་བཙན་པོའི་དུས་སྐབས་ཀྱི་དགེ་བཅུའི་ཁྲིམས་ལུགས་གཞིར་བཟུང་སྟེ་བོད་ཡུལ་གྱི་གནས་ཚུལ་དང་བསྟུན་ནས་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔར་གྲགས་པ་གསར་དུ་གཏན་འབེབས་ལེགས་པར་མཛད། ཞལ་ལྕེ་ཞེས་པ་ནི་ཁྲིམས་ཀྱི་མིང་གི་རྣམ་གྲངས་ཡིན་ལ་ཞལ་ལྕེ་དེ་དག་ནི་བོད་རྒྱལ་བཙན་པོ་གོང་མ་རྣམས་ཀྱི་ཁྲིམས་སྲོལ་བཟང་བོ་མི་ཉམས་པར་བསྐྱར་གསོ་བྱས་ཐོག་བོད་ཀྱི་སྤྱི་ཚོགས་དངོས་དང་དུས་སྐབས་དེ་གའི་གནས་ཚུལ་བཅས་ལ་གཞིགས་ནས་ལེགས་བཅོས་དང་གསར་སྐྲུན་གྱི་རང་བཞིན་ལྡན་པའི་སྒོ་ནས་རྩ་བའི་ཁྲིམས་ལུགས་གཏན་འབེབས་གནང་བར་བརྟེན་ཡུལ་སྡེ་རྣམས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཅིག་པུའི་འོག་ཏུ་བཅུག་གོ ། དེ་མིན་ད་དུང་ནང་གཞིས་དགོན་སྡེ་དང་བཅས་པའི་མི་རྣམས་ལ་ཡང་སྒྲིག་ལམ་བཅས་མཚམས་ཕྲ་ཞིང་ཞིབ་པ་མཛད། ཐོག་མར་རླངས་ཀྱི་གདུང་རྒྱུད་ནང་འཁོར་དཔོན་རིགས་གང་ཡིན་རུང་བཅའ་ཁྲིམས་དང་མཐུན་པར་བྱ་དགོས་པར་མ་ཟད། སེར་དཔོན་དང་གཞིས་དགོན་གསར་རྙིང་གང་གི་བདག་པོ་བྱེད་མཁན་རྣམས་ཆུང་དུས་ནས་རབ་ཏུ་བྱུང་སྟེ་བསླབ་པ་སློབ་གཉེར་ལ་བརྩོན་ཞིང་ཡ་རབས་མཁས་པའི་གྲལ་དུ་ཚུད་པ་ཤ་སྟག་དགོས་ཚུལ་ནས། སྐྱ་དཔོན་རྣམས་ཀྱང་འཇིག་རྟེན་མི་ཆོས་དང་མཐུན་པར་བུད་མེད་བསྟེན་ཚུལ་ནས་བུ་རྒྱུད་སྐྱོང་ལུགས་ལ་སོགས་པའི་ཐད་ལ་དབྱེ་བ་གསུམ་དུ་ཕྱེ་ནས་རེ་རེ་བཞིན་སྒྲིག་ལམ་གཏན་ཁེལ་གསལ་བོ་གནང་ཐོག སྐྱ་སེར་སུ་ཡིན་རུང་དེ་དག་ལས་འགལ་ཚེ་ཁྲིམས་གཅོད་རྒྱང་འཕུད་དང་རླངས་ཀྱི་གདུང་རྒྱུད་ལས་ཕུད་རྒྱུ་སོགས་ཀྱི་སྒྲིག་ཁྲིམས་གཏན་ཁེལ་མཛད། དེ་མིན་རླངས་ཀྱི་གདུང་རྒྱུད་མ་གཏོགས་པའི་ནང་འཁོར་མི་སྣ་གསོལ་ཇ་གཟིམ་གཡོག་ཚུན་ཆད་ལའང་དེ་མཚུངས་ཀྱི་སྒྲིག་ཁྲིམས་བཅོས་པར་མ་ཟད། སུ་ཞིག་གིས་མི་ཚེ་གང་པོར་ཞབས་ཕྱི་མཐར་ཕྱིན་བསྒྲུབས་ཚེ་ནང་མི་གཉིས་མེད་ཀྱི་འཚོ་གཉེར་གནང་རྒྱུ་དང་བཅས་པ་གང་ལ་གང་འཚམ་ལུགས་དང་མཐུན་པ་ཞིག་མཛད་པས་གཞན་མི་ཡིན་ཡང་རང་མི་ལས་མི་དམན་པའི་ནུས་པ་ཡོད་རྒུ་འདོན་ཐབས་མཛད། བྱ་བཞག་འདི་དག་ནི་ཕག་གྲུའི་སྲིད་དབང་བརྟན་ཆགས་ཡོང་བ་དང་སྟོབས་འབྱོར་མངའ་ཐང་ཇེ་རྒྱས་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཏེ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྲིད་དབང་སྐྱོང་ལུགས་ཐུན་མོང་མ་ཡིན་པའི་དགོངས་པ་རླབས་པོ་ཆེ་ཤ་སྟག་ཡིན་སྟབས་སྡེ་སྲིད་ཕྱི་མ་དག་ལའང་མི་ལྟོས་དང་སྒྲིག་གཞི་རྩ་དོན་ལེགས་པར་བསྟན་པ་ཡིན་ནོ།། དེ་ལྟར་ཕག་གྲུའི་སྡེ་སྲིད་དང་པོ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་མཁྱེན་རྒྱ་ཡངས་ཤིང་དཔའ་མཛངས་ལྡན་པ་དང་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཆེན་པོ་བོད་ཀྱི་ལོ་རྒྱུས་མི་སྣ་རླབས་པོ་ཆེ་ཞིག་ཡིན་ལ། ཁོང་གི་མཛད་རྗེས་དག་ནི་ཕྱི་རབས་སྐྱེ་བོ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱས་དང་བྱེད་བཞིན་པ་ལགས་ཤིང་། ཁྱད་པར་དེང་དུས་ཀྱི་མཁས་པ་ལ་ལས་བོད་རྒྱལ་བཙན་པོ་དག་གི་མཛད་རྗེས་དང་གཉིས་སུ་མེད་པར་སྨྲ་ཡང་ཐལ་ཆེ་བར་མི་སེསམ་ཤིང་། དེ་ལྟ་བུའི་སྐྱེ་བུ་དམ་པ་འདིས་བོད་མི་དམངས་ལ་བཀའ་དྲིན་གྱི་མཛད་རྗེས་གཟུགས་ཅན་བཞིན་དུ་བཞག་མཐར་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ༡༣༦༤ལ་དགུང་གྲངས་རེ་གཉིས་སྟེང་ཞི་བར་གཤེགས། ཁོང་གིས་དགུང་ལོ་ཉི་ཤུ་ནས་ང་གསུམ་གྱི་བར་དུ་ཕག་མོ་གྲུ་པའི་ཁྲི་དཔོན་ལོ་ངོ་སུམ་ཅུ་ལྷག་དང་དེ་ནས་དགུང་ལོ་རེ་བཞི་བར་ལོ་ངོ་བཅུ་ཙམ་ལ་ཕག་གྲུའི་སྲིད་དབང་གི་སྡེ་སྲིད་མཛད་དེ། ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་དགེ་སྡིག་དང་དཀར་ནག་ཟན་ཕྱེ་བའི་ཁྲིམས་ཀྱིས་བོད་གངས་ཅན་ཡོངས་ལ་དབང་བསྒྱུར་ཅིང་རྒྱལ་ཁམས་ལེགས་པར་བསྐྱངས་པས་ན་སྐབས་འདི་ལ་བོད་ཀྱི་ལོ་རྒྱུས་སྟེང་རྒན་མོ་གསེར་འཁུར་གྱི་དུས་ཞེས་དུས་བདེ་ཞོད་འཇགས་ཀྱི་རྣམ་པ་མཚོན་པའི་མིང་གི་རབ་ཏུ་བསྔགས་པ་དོན་ལ་གནས་པར་གྲགས་སོ།། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།》ལས།
དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན་། །བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །ཞེས་ཟེར་ན་དོན་ལ་གནས་སོ།།
སྐྱོ་བྲག་དགའ་དབང་ལགས། བཀའ་བརྒྱུད་གོང་མའི་གསོལ་འདེབས་ལ། ཀརྨ་པ་དང་དེའི་སློབ་མ་འགྲོ་མགོན་རས་ཆེན་བཞག་པའི་རྒྱུ་མཚན་གང་ཡིན། མར་མི་དྭགས་གསུམ་རྗེས་སུ་འགྲོ་མགོན་ཕག་མོ་གྲུབ་པ་དང་དུས་གསུམ་་མཁྱེན་པ་བཞག་ན་རྒྱུ་མཚན་འདུག དེ་མིན་མར་མི་དྭགས་གསུམ་རྗེས་སུ་ཀརྨ་བཀའ་བརྒྱུད་ཀྱི་བླ་མ་ལས། ཕག་གྲུ་རྡོ་རྗེ་རྒྱལ་པོ་མཚན་མེད་པ་གང་ཡིན། ཁོང་ནི་ཕག་གྲུ་བཀའ་བརྒྱུད་ཀྱི་སྲོལ་བཏོད་པ་པོ་དང་བཀའ་བརྒྱུད་ཆུང་བརྒྱད་ཀྱི་འབྱུང་ཁུངས་ཡིན་པས། དུས་གསུམ་མཁྱེན་པ་འགྲོ་མགོན་ཕག་མོ་གྲུབ་ཅེས་འདོན་ན་རིགས་སོ། དེ་མིན་ན་གསོལ་འདེབས་འདི་བཀའ་བརྒྱུད་སྤྱིའི་གསོལ་འདེབས་མིན་པར་ཀརྨ་བཀའ་བརྒྱུད་གཅིག་པུས་གསོལ་འདེབས་འགྲོ་ཉེན་འདུག དེས་ན་ཁྱེད་རང་ཧམ་བཤད་མ་བྱེདརོགས།
དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །
མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །
འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན་། །
བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །ཞེས་ཟེར་ན་དོན་ལ་གནས་སོ།། ་་་་ཟེར།
ཀརྨ་པ་དུས་གསུམ་མཁྱེན་པ་མ་གཏོགས། དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས་དང་། མི་ལ་རས་པ། མཉམ་མེད་སྒམ་པོ་པ་དང་འགྲོ་མགོན་ཕ་མོ་གྲུ་པ་བཞི་ཡི་སྤྲུལ་སྐུ་མེད་པ་ཅི་ཡིན་ནམ། ཡོད་ན་སུ་དང་སུ་རེད། གལ་སྲིད་མེད་པ་ཡིན་ན་འདི་ཡང་སྤྲུལ་སྐུའི་ལམ་ལུགས་ལ་རྗེས་ལུས་ཆེན་པོ་ཞིག་སྔར་ནས་ཐེབས་ཟིན་པར་མངོན་ལགས།
ཀར་རྡོ་ལགས། ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོ་རེད། ཕག་མོ་གྲུ་ ་མ་རེད།
ལགས་། ལགས་སོ། ལགས།
འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན། །ཞེས་པ་འདི་སྤྱང་ཤོག་ལགས་ཀྱིས་མཛད་པ་རེད། འོནད་ཀྱང་། འགྲོ་མགོན་ཕ་མོ་གྲུ་དང་དུས་གསུམ་མཁྱེན་། །ཞེས་པའི་འགྲོ་མགོན་ཕག་མོ་གྲུ་འདི། ཚིགས་བཅད་ལ་སྐྱོན་ཡོད་པར་ངས་ནི་མ་མཐོང་ངོ་། །དེ་མིན་ན། ༼འགྲོ་མགོན་༽ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་༼པོ་༽དང་དུས་གསུམ་མཁྱེན། །ལ་བཅོས་དགོས་པར་ཐལ་ལོ། །
ཀ་རྡོ་ལགས། ཕག་མོ་གྲུབ་ཅེས་རྗེས་འཇུག་བ་ཆད་འདུག ཁ་སྔོན་ཁྱེད་རང་གི་ཀར་མ་རྡོ་རྗེ་བྲིས་ན་བོད་སྐད་མ་དག་པ་ཡིན་པས། ལེགས་སྦྱར་སྐད་དུ་ཀརྨ་ཞེས་ལས་སམ་འཕྲིན་ལས་ལ་གོ་བས་ཀར་རྡོ་མ་བྲིས་པས་ཀ་རྡོ་བྲིས་ན་འཐད་པ་གསུངས་འདུག དེ་འདྲ་ཡིན་ན་པདྨ་རྡོ་རྗེའི་བསྡུས་མིང་ལ་པད་རྡོ་མ་བྲིས་པར་པ་རྡོ་བྲིས་ན་ལེགས་སམ། པད་མ་བྲིས་ན་བོད་སྐད་མ་དག་པ་ཡིན་པས་ལེགས་སྦྱར་སྐད་དུ་པདྨ་ཞེས་བྲིས་ཡོད་པས་རིགས་པ་མཚུངས་སོ།
དཔལ་ཕག་མོ་གྲུ་པའི་སྲིད་དབང་བྱུང་ཚུལ།
རྩོམ་པ་པོ་རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ། དུས་ཚོད2008-8-29 9:56:23 ཡོང་ཁུངས་མཚོ་སྔོན་པོ་དྲ་བ།
བོད་ཀྱི་ལོ་རྒྱུས་སྟེང་དཔལ་ཕག་མོ་གྲུ་པ་ཞེས་ཡོངས་སུ་གྲགས་པའི་ཕག་གྲུ་བྱ་བའི་མིང་འདི་མ་གཞིར་ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་ཀྱི་ས་མིང་ཞིག་ཡིན་ལ། དེ་ཡང་བཀའ་བརྒྱུད་བསྟན་པའི་མངའ་བདག་མཉམ་མེད་རྡོ་རྗེ་རྒྱལ་པོས་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ༡༡༥༨ལ་གནས་དེར་ཆོས་གཞི་བཟུང་སྟེ་གདན་ས་ཐེལ་དགོན་པ་བཏབ་པས་ཕག་མོ་གྲུ་པར་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་བྱུང་བ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་གྲགས་ཤིང་། རྡོ་རྗེ་རྒྱལ་པོ་ཁོང་དང་གདན་སའམ་ཆོས་བརྒྱུད་བཅས་ཀྱི་མིང་ཕག་མོ་གྲུ་པ་ཞེས་མཚན་ཐོག་མར་ཆགས། རབ་བྱུང་བཞི་པའི་ས་འབྲུག་སྤྱི་ལོ༡༢༠༨ལ་རླངས་ཀྱི་གདུང་རྒྱུད་སྤྱན་སྔ་གྲགས་པ་འབྱུང་གནས་ཐེལ་གྱི་དགོན་པ་ཕག་གྲུའི་གདན་སར་ཕེབས་ཤིང་། དེ་ནས་བཟུང་ཕག་གྲུའི་གདན་ས་རླངས་ཀྱི་གདུང་རྒྱུད་རིམ་བྱོན་གྱིས་བསྐྱངས་པས་དེ་ལའང་ཕག་གྲུ་ཞེས་འབོད། ཡང་ས་སྐྱ་པའི་དུས་སུ་བོད་ཡུལ་བྱིངས་ཁྲི་སྐོར་བཅུ་གསུམ་དུ་བགོ་སྐབས་ཕག་མོ་གྲུ་པ་ཡང་ཁྲི་སྐོར་གཅིག་བྱས་པས་ཕག་གྲུ་ཁྲི་སྐོར་དང་། དེ་རྗེས་རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ༡༣༥༤ལ་ཏྰ་སི་ཏུ་བྱུང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་ལག་ནས་བོད་ཡོངས་ཀྱི་སྲིད་དབང་བླངས་ནས་སྣེ་གདོང་དུ་ཕག་གྲུའི་སྲིད་དབང་བཙུགས་ཏེ་ཁ་བའི་ལྗོངས་ཡོངས་ལ་དབང་སྒྱུར་བྱས་པས་དེ་ལ་ཡང་ཕག་གྲུའི་སྲིད་དབང་ཞེས་བརྗོད་པ་སོགས་ཏེ། མདོར་ན་བོད་ཀྱི་ལོ་རྒྱུས་སྟེང་གི་ཕག་མོ་གྲུ་པ་ཞེས་པའི་མིང་འདི་ཐོག་མར་ཡུལ་མིང་ནས་དགོན་མིང་དང་རིམ་གྱིས་གྲུབ་མཐའ་དང་ཆོས་ལུགས་མི་སྣ། གདན་སའི་ཁྲི་རབས་དང་ཐ་སྙད་གལ་ཆེན་ཞིག་ཡིན་སྟབས། དེ་དག་སྐབས་སོ་སོར་གོ་བ་ལེན་ཤེས་དགོས་པས་འདིར་མཚོན་ཙམ་བཀོད་པ་ཡིན་ལ། དེས་ན་ཕག་གྲུ་བྱ་བའི་མིང་འདིའི་སྒྲ་བཤད་ལ“ཕག་ནི་སྐྱེ་མེད་ཆོས་ཀྱི་སྐུ།། གྲུ་ནི་འགྲོ་བ་མ་ལུས་སྒྲོལ།།”ཅེས་ཆོས་ཕྱོགས་ཀྱི་འགྲེལ་བཤད་རྒྱག་སྲོལ་ཡང་ཡོད་པར་གསུངས་སོ།།
དེ་ལྟར་སྔར་སྨྲས་པ་བཞིན་ས་སྐྱའི་ཆབ་འོག་གི་ཁྲི་སྐོར་ནང་ནས་འབྲི་གུང་པ་དང་ཚལ་པ་ཕག་མོ་གྲུ་པ་བཅས་ནི་སྟོབས་ཤུགས་ཆེ་ཤོས་དང་ཞབས་གྲས་ནང་མ་ལྟ་བུར་ཡོད་ཀྱང་། རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ༡༣༤༩ཙམ་ལ་བོད་ཀྱི་ལོ་རྒྱུས་སྟེང་ལོ་ངོ་བརྒྱ་ཕྲག་ལྷག་ལ་དབང་སྒྱུར་བྱས་ཤིང་གྲགས་སྙན་འཛིན་མའི་ཁྱོན་དུ་འབར་བའི་འཁོན་རིགས་ས་སྐྱ་པའི་སྲིད་དབང་ནང་ཁུལ་དུ་འཁྲུག་རྩོད་བྱུང་སྟེ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་དང་བསྟུན། བོད་དབུས་ལྷོ་ཁ་ཕྱོགས་ནས་ལྷ་རིགས་རླངས་ཀྱི་གདུང་རྒྱུད་གསར་དར་བྱུང་སྟེ་ཕག་གྲུའི་ཁྲི་སྐོར་གྱི་སྟོབས་ཤུགས་རྒྱ་བསྐྱེད་ཐོག་རིམ་གྱིས་གཡའ་བཟང་པ་དང་ཚལ་པ་འབྲི་གུང་པ་སོགས་སྐོར་གཞན་དག་རྣམས་ཀྱང་རང་གི་དབང་འོག་ཏུ་བསྡུས་ཏེ། མཐར་བོད་ཡོངས་ཀྱི་སྲིད་དབང་དཔལ་ལྡན་ས་སྐྱ་པའི་ལག་ནས་བླངས་ཏེ་ལྗོངས་ཆེན་པོར་སྲིད་ཀྱི་ཁ་ལོ་བསྒྱུར། འདིར་ཐོག་མར་རླངས་ཀྱི་གདུང་རྒྱུད་དང་ཕག་གྲུའི་སྲིད་དབང་བྱུང་ཚུལ་སྐོར་བཅས་མདོ་ཙམ་གླེང་བར་བྱ་སྟེ།
༡.རླངས་ཀྱི་གདུང་རྒྱུད་བྱུང་ཚུལ་སྐོར།
ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཇི་ལྟར་བྱུང་བའི་ཚུལ་ལ《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ལས། “འབངས་ཀྱི་མི་རབས་ལ་འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ། ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ།”ཞེས་ཐོག་མར་མིའི་འགྲོ་བ་བྱུང་ཚུལ་ནས་སྲིད་པ་མི་རབས་མཆེད་དགུ་དང་ལྡོང་རུས་ཆེན་བཅོ་བརྒྱད་ནས་བརྒྱུད་པའི་མི་རབས་མང་ཙམ་སོང་བ་ན། རྒྱལ་བུ་མང་ལྡོམ་སྟག་བཙན་བྱ་བ་བྱོན། དེས་ཁྱིམ་ཐབ་མ་འདོད་བཞིན་དུ་ཡབ་ཀྱི་བཀའ་ལྟར་མི་བརྒྱུད་སྤེལ་ཐབས་སུ་རོང་བཟའ་ཁྱེ་ལྕམ་བྱ་བ་ཁབ་ཏུ་བཞེས་ཀྱང་སྲས་མ་ཡོད་པར་ཡིད་མ་བདེ་ནས་ལྷ་ཡུལ་དུ་བྱོན་ནས་གནམ་ལྷ་མཆེད་བརྒྱད་ལ་གསོལ་བ་བཏབ་པས་ལྷའི་སྲས་དང་མི་རྒྱུད་ཟམ་མི་ཆད་པར་འབྱུང་བ་ལུང་བསྟན་པ་ལྟར། མང་ལྡོམ་སྟག་བཙན་ལྷའི་བུ་མོ་སྨན་བཙུན་མ་དང་བཤོས་པ་ལ་སྤྲུལ་པའི་བུ་ལྷའི་སྲས་པོ་འདྲ་བ་ཞིག་འཁྲུངས། དེར་མང་ལྡོམ་ཡིད་མ་ཆེས་པ་ལ་སྨན་བཙུན་མས་དོགས་པ་སེལ་ཆེད་སྲས་བུ་དེ་ལྷ་རིའི་རྩེར་ཁྱེར་ནས་གཡའ་མའི་སྒྲོམ་བུར་བཅུག་ནས“མང་ལྡོམ་སྟག་སྲས་ཡིན་ན།། མི་རྒྱུད་ལྷ་ལས་གྲོལ་བར་ཤོག ། རིགས་རྒྱུད་ཁྱད་དུ་འཕགས་པར་ཤོག ། མགོ་གཡོགས་རྩོག་པུའི་བུ་ཡིན་ན།། འདབ་ཆགས་བྱ་ཡིས་བཏོག་པར་ཤོག ། གཅན་གཟན་རྣམས་ཀྱིས་ཟ་བར་ཤོག ། ”ཅེས་དམོད་བོར་ནས་བུ་བསྐྱུར་ཏེ་རང་ཉིད་ལྷ་ཡུལ་དུ་ལོག་པར་འདོད་པ་ལ་མིའི་དྲི་མ་ཕོག་པས་འགྲོ་མ་ནུས་པར་ཚུར་བྱོན་པ་ན་མང་ལྡོམ་གྱིས་རྒྱུ་མཚན་ཤེས་ནས་དེ་མ་ཐག་ཡབ་ཡུམ་གཉིས་ལྷ་རིའི་རྩེར་ཕྱིན་ནས་གཟིགས་ཚེ། ཁྱེའུ་ནི་གཡུ་ཡི་ཟུར་ཕུད་ཅན་བྱ་དང་གཅན་གཟན་གྱིས་མ་འཚེ་བར་སྤྱི་གཙུག་ན་རླངས་པ་དུང་ལྟར་བཀར་བ་ཡོད་པ་ཞིག་འཁྲུངས་འདུག་པ་མཐོང་བས་ཡབ་ཐུགས་ཤིན་ཏུ་དགྱེས་ནས“རླངས་སོ་རླངས་སོ ”ཞེས་ལན་གསུམ་བོས་པས་ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཅེས་གྲགས་པ་བྱུང་ཚུལ་སོགས་རྒྱས་པར་འབྱུང་བ་ལྟར་ལ། གོང་གི་ལྷ་སྒྲུང་ལྟ་བུའི་མི་རྒྱུད་བྱུང་ཚུལ་ལ་ང་ཚོས་ཡིད་ཆེས་མི་བྱེད་ཀྱང་དེའི་ཤུགས་ལས་རླངས་ཀྱི་གདུང་རབས་དང་བོད་མིའི་འབྱུང་ཁུངས་ཐད་བརྗོད་སྟངས་གཞན་དང་མི་མཐུན་པ་སྔ་རབས་བོན་ལུགས་སྒོང་གྲོལ་གྱི་བཤད་ཚུལ་དང་ཆ་འདྲ་བ་ཞིག་ཡོད་པ་ཤེས་པ་དེའང་བརྟག་རྒྱུ་ཅན་དུ་སྣང་ཡང་ཟུར་རུ་དཔྱད་ཆོག་པས་འདིར་རྒྱས་པར་མི་སྤྲོའོ།།
དེ་ལྟར་རླངས་ཀྱི་གདུང་རྒྱུད་རིམ་པར་དཔའ་བོ་དང་གྲུབ་ཐོབ་ལྷའི་སྤྱན་གྱིས་གཟིགས་པ་མང་པོ་བྱུང་བར་བཤད་པས་གདུང་རྒྱུད་ལ་རླངས་ལྷ་གཟིགས་ཀྱི་རིགས་ཞེས་ཀྱང་འབོད་པར་གྲགས། བོད་ཀྱི་ལོ་རྒྱུས་སྟེང་གླིང་གེ་སར་རྒྱལ་པོས་བླ་མར་བཀུར་བར་བཤད་པའི་རླངས་ཨ་མྱེས་བྱང་ཆུབ་འདྲེ་ཁོལ་ཞེས་གྲགས་ཆེ་བའི་གྲུབ་ཐོབ་པ་དེ་ཉིད་ནས་བཟུང་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་བར་རླངས་ཀྱི་རིགས་རྒྱུད་ཟམ་མ་ཆད་པར་བྱུང་བ་ཡིན་ལ། ཡོན་ཆེན་རྒྱལ་བ་སྐྱབས་ལ་སྲས་གྲགས་པ་འབྱུང་གནས་དང་མགོན་པོ་སྐྱབས། སངས་རྒྱས་སྐྱབས་བྱ་བ་གསུམ་བྱུང་བ་ལས་སྲས་ཆེ་བ་གྲགས་པ་འབྱུང་གནས་གཞོན་ནུའི་སྐབས་ནས་འབྲི་གུང་ཆོས་རྗེ་འཇིག་རྟེན་མགོན་པོའི་ཞབས་ལ་གཏུགས་ཏེ། “སྤྱིར་ལོ་བཅུ་བདུན་གྱི་རིང་ལ་བླ་མའི་ཕྱག་ཕྱིར་དུ་འབྲལ་མེད་དུ་བྱས་པས་མཚན་ཀྱང་སྤྱན་སྔ་བར་ཐོགས”ཤིང་ཀུན་གྱིས་སྤྱན་སྔ་གྲགས་པ་འབྱུང་གནས་ཞེས་གཙུག་ཏུ་བཀུར་བའི་སྐྱེས་བུ་དམ་པ་གྲགས་སྙན་ཅན་དེ་ཉིད་བྱོན། འདི་པས་ཕག་གྲུའི་གདན་ས་ཐེལ་དང་འབྲི་གུང་དགོན་གཉིས་ཀྱི་གདན་ས་རེས་མོས་སུ་བསྐྱངས་པས་རླངས་ཀྱི་གདུང་རྒྱུད་དང་ཕག་གྲུའི་སྟོབས་དང་སྙན་པ་བཅས་རིམ་གྱིས་ཕྱོགས་བཅུར་ཁྱབ་པ་བྱུང་། རླངས་ཀྱི་གདུང་རྒྱུད་ཕྱི་མ་རྣམས་རྟེན་རབ་བྱུང་བ་མང་ཞིང་ཕལ་ཆེ་བ་ཆོས་ཀྱི་སློབ་གཉེར་དང་ཐུགས་ཡོན་ལྡན་པ་ཤ་སྟག་བྱོན་པས་གདན་ས་ཐེལ་གྱི་ཁྲི་དང་སྤྱན་སྔ་བ་ཞེས་པའི་མཚན་ཡང་འཇགས་བཞེས་ལྟ་བུར་གནང་ཞིང་བསྟན་པའི་བྱ་བར་མཛད་རྗེས་ཆེ་ལ་འཕྲིན་ལས་ཡར་ལྡན་དུ་སྤེལ། རྟེན་སྐྱ་བོ་དག་གིས་ཀྱང་ཡ་རབས་སྐྱེ་བོའི་སྤྱོད་ཚུལ་ངང་ཁྱིམ་ཐབས་བྱས་ཏེ་རྫོང་གཞིས་ཡུལ་གྲུ་འགའ་རེ་དང་ཕག་གྲུའི་ཁྲི་དཔོན་གྱི་ལས་ཀ་བཟུང་། ཁྲི་དཔོན་རྡོ་རྗེ་དཔལ་གྱིས་ཆོས་སྲིད་གཉིས་ཀྱི་བྱ་བར་བརྩོན་ནས་སྣེ་གདོང་རྩེ་དང་ཚོང་འདུས་བྲག་ཁ་ནས་ཡར་འབྲོག་མཆོད་རྟེན་གླིང་དང་མོན་མཁར་རྒྱལ་ཐང་བྱ་བ་སོགས་སུ་རྫོང་གཞིས་རེ་རེར་བརྩིགས་ནས་ཁྱོན་རྫོང་མཁར་བཅུ་གསུམ་ཙམ་བསྐྱངས་པར་བཤད། དེའི་རྗེས་ཁྲི་དཔོན་གཞོན་ནུ་རྒྱལ་མཚན་ནས་གཞོན་ནུ་ཡོན་ཏན་གྱི་བར་གདན་སར་ཕེབས་ཏེ་ཁྲི་དཔོན་ཟུར་དུ་མ་བསྐོས་པ་རང་ཉིད་བླ་དཔོན་སྦྲགས་མ་མཛད་ཅིང་སྔར་ཤོར་བའི་མི་སྡེ་མང་པོ་ཕྱག་རྫས་ཀྱིས་བླུ་བར་མཛད་པ་སོགས་ཕག་གྲུའི་ཁྲི་དཔོན་བཀའ་དྲིན་ཆེ་བར་བརྩི་ཞེས་གྲགས། དེ་རྗེས་ཁྲི་དཔོན་རེ་གཉིས་བྱོན་ཀྱང་ནུས་སྟོབས་ཆུང་ཞིང་ནག་ཆང་གིས་བསླད་པས་ཕག་གྲུའི་སྲིད་དབང་སྔར་ལས་ཉམས་དམས་སུ་སོང་། དེ་ནས་དཔའ་དང་སྙིང་སྟོབས་ལྡན་པའི་བྱང་ཆུབ་རྒྱལམཚན་གྱིས་ཁུ་བོ་རྒྱལ་མཚན་སྐྱབས་ཀྱི་ལག་ནས་ཁྲི་དཔོན་གྱི་འགན་བཞེས་ཏེ་ཕག་གྲུའི་སྲིད་དབང་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་མཛད་ཐོག མཐར་ས་སྐྱའི་ལག་ནས་བོད་ཡོངས་ཀྱི་སྲིད་དབང་བླངས་ཏེ་དཔལ་ལྡན་ཕག་མོ་གྲུ་པས་གངས་རིའི་ལྗོངས་ཀུན་ལ་ལུགས་གཉིས་ཀྱིས་དབང་བསྒྱུར་བའི་དུས་ཤར་ཞིང་། སྲིད་རབས་དང་པོ་ནི་རླངས་སྟག་གཟིགས་ཀྱི་གདུང་རྒྱུད་འཁྲུལ་མེད་བྱང་ཆུབ་རྒྱལ་མཚན་བྱོན་པ་ལགས་ཤིང་ཁོང་ནི་ཕག་གྲུའི་སྲིད་དབང་གི་སྲོལ་གཏོད་མེས་པོ་ཟླ་མེད་པ་ཡིན་ནོ།།
༢.ཕག་གྲུའི་སྲིད་དབང་བྱུང་ཚུལ་སྐོར།
དེ་ཡང་དཔལ་ཕག་མོ་གྲུ་པའི་སྲིད་དབང་འཛུགས་མཁན་བྱང་ཆུབ་རྒྱལ་མཚན་ནམ་ཡོངས་གྲགས་སུ་ཏྰ་སི་བྱང་ཆུབ་རྒྱལ་མཚན་ཞེས་ཞུ་བའི་སྐྱེས་བུ་དམ་པ་དེ་ནི། འབྲི་གུང་པའི་དཔོན་རིན་ཆེན་སྐྱབས་ལ་བཙུན་མོ་གཉིས་ཡོད་པའི་ཆུང་བ་ཁྲ་སྨོན་འབུམ་སྐྱིད་བྱ་བར་རབ་བྱུང་ལྔ་བའི་ཆུ་སྟག་སྤྱི་ལོ༡༣༠༢ལ་སྐུ་འཁྲུངས། དགོང་ལོ་བདུན་པའི་སྟེང་ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་པར་མཁན་ཆེན་ཚུལ་དར་བ་དང་སློབ་དཔོན་པུ་ཧྲེངས་པའི་མདུན་སར་རབ་བྱུང་མཛད། དགུང་ལོ་བཅུ་བཞིའི་སྟེང་ས་སྐྱར་དྲུང་འཁོར་ཞུ་བ་དང་སློབ་གཉེར་གཅིག་ལྕོགས་སུ་བྱོན། དཔོན་ཆེན་འོད་ཟེར་སེང་གེའི་མདུན་དུ་ཕེབས་ཏེ་ས་སྐྱའི་བདག་ཆེན་བཟང་པོ་དཔལ་ལ་ཞུས་པ་ཐེལ་དང་ཡིག་ཚང་གཉེར་བའི་ལས་ཚན་ནང་མའི་ལས་ཀ་གནང་ཡང་། བདག་ཆེན་པ་ཐུགས་གཏུམ་པོ་ཡིན་སྟབས་བཀའ་བཀྱོན་ཕོག་ཉེན་ལ་དོགས་རྐྱེན་ལས་ཚན་གྱི་དགོངས་པ་ཞུས་ཏེ་བླ་མ་འཇམ་དཔལ་དང་ཀུན་དགའ་དབང་པོ། ལྷག་པར་བླ་མ་མཉམ་མེད་པ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་ཆོས་དང་རིག་གནས་ཀུན་ལ་སློབ་གཉེར་དྲག་པོ་གནང་། ཁྱད་པར་སློབ་གཉེར་སྐབས་བླ་མ་མཉམ་མེད་པ་ནས་བརྩེ་གཟིགས་ཆེ་ཞིང་བསྔགས་བརྗོད་གནང་བ་དང་བྱང་ཆུབ་རྒྱལ་མཚན་ཁོང་ཡང་སྙིང་རུས་དང་བློ་རྒྱ་ཆེན་པོ་ལྡན་པས་ཆོས་ཀྱི་སློབ་གཉེར་བརྩོན་པའི་སྟེང་སྲིད་ཀྱི་ཕྱོགས་ལའང་སྦྱོང་བ་དང་ལེན་གང་ལེགས་གནང་བས་ཆོས་སྲིད་གཉིས་ཀར་མཁས་པའི་རྩེར་སོན། དགུང་གྲངས་ཉི་ཤུ་པ་རབ་བྱུང་ལྔ་བའི་ལྕགས་བྱ་སྤྱི་ལོ༡༣༢༡ལ་ས་སྐྱའི་དཔོན་ཆེན་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་ཕག་མོ་གྲུ་པའི་ཁྲི་དཔོན་དུ་བསྐོས། དེ་ནས་དབུས་སུ་ལོག་སྟེ་རབ་བྱུང་ལྔ་བའི་ཆུ་ཁྱི་སྤྱི་ལོ༡༣༢༢ལ་ས་སྐྱའི་བཀའ་ཤོག་དང་སྦྲགས་ཁུ་བོ་རྒྱལ་མཚན་སྐྱབས་ཀྱི་ཁྲི་དཔོན་ཕབ་སྟེ་རང་ཉིད་ཀྱིས་ཕག་གྲུའི་ཁྲི་དཔོན་མཛད་དེ་སྣེ་གདོང་རྫོང་གཞིས་རྩིས་བླངས། གཞོན་ནུ་འོད་བྱ་བ་ནང་གཉེར་དུ་བསྐོས་ནས་ཁྲི་དཔོན་གྱི་སྐབས་སུ་ཞིང་གི་འོབ་ཚུན་ལ་བལྟ་རྟོགས་གནང་སྟེ་ཡུལ་སྡེ་ལེགས་པར་བསྐྱངས། དེའི་རྗེས་ཧོར་གཞོན་ནུ་བཟང་པོ་བྱ་བ་ནང་གཉེར་དུ་བསྐོས་ཤིང་གཉིས་ཀ་རྣམས་ཉམས་གསོ་དང་ཡུལ་གྲུ་སོ་སོར་སྐྱེས་ཤིང་བཙུགས་པ་དང་ཤམ་ཆུ་ལ་ཟམ་པ་བཏིང་བ་སྣེ་གདོང་རྩེའི་ཕོ་བྲང་རྒྱ་བསྐྱེད་པ་སོགས་ཡུལ་ལ་ཕན་པའི་བྱ་བ་རྒྱ་ཆེན་པོ་མཛད། དེ་ལྟར་བྱང་ཆུབ་རྒྱལ་མཚན་ཞི་དྲག་གང་གིས་བྱ་བར་མཁས་ཤིང་ལྷག་པར་སྲིད་འཛིན་ལས་དོན་གྱི་ཐད་ལ་འཇོན་ཐང་ཆེན་པོ་ལྡན་པས་རླངས་ཀྱི་གདུང་རྒྱུད་དང་ཕག་གྲུའི་ཁྲི་སྡེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ཐུགས་ཀྱིས་མ་བཟོད་དེ། སྔར་ཁུ་བོའི་སྐབས་རང་སྡེའི་མི་ཁྱིམ་མང་པོ་གཡའ་བཟང་བས་འཕྲོག་སོང་བ་རྣམས་དཔུང་ཤུགས་ཀྱིས་ཕྱིར་བླངས། འོན་ཀྱང་གཡའ་བཟང་བའི་རྒྱབ་ཏུ་ཚལ་པ་སོགས་ཁྲི་སྐོར་ཆེ་ཤོས་འགའ་ཡོད་སྟབས་ས་སྐྱའི་དཔོན་ཆེན་གྱིས་དྲང་བདེན་མ་བཟུང་སྟེ་ཕག་གྲུ་ནས་གོང་གི་མི་སྡེ་རྣམས་གཡའ་བཟང་བར་ཕྱིར་སྤྲོད་དགོས་པའི་བར་ཆིངས་བྱས། ཕག་གྲུས་བར་ཆིངས་དེ་མ་ཁུར་པར་ཡུལ་བར་ཐང་བྱ་བར་ཕྱོགས་གཉིས་གཡུལ་འགྱེད་བྱས་པས་ཕག་གྲུའི་མི་རྟ་བཅོ་ལྔ་ལྷག་གཡུལ་དུ་ཤོར་བ་སོགས་བྱུང་བས་རེ་ཞིག་རྒྱལ་ཁ་ཕམ། དེ་ནས་རབ་བྱུང་དྲུག་པའི་ཤིང་བྱ་སྤྱི་ལོ༡༣༤༥ལ་ས་སྐྱའི་དཔོན་ཆེན་དབང་བརྩོན་པའི་དྲུང་དུ་གཡའ་ཕག་གཉིས་གྱོད་གཏུག་བྱས། ལར་བདེན་ལུགས་ཕག་གྲུར་ཡོད་ཀྱང་དཔོན་ཆེན་གཡའ་བཟང་བའི་ཕྱོགས་སུ་ལྷུང་སྟེ་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་ལས་ཕབ་སྟེ་ས་སྐྱའི་ནང་མི་བསོད་ནམས་རྒྱལ་མཚན་བྱ་བ་ཕག་གྲུའི་ཁྲི་དཔོན་དུ་བསྐོ་གྲབས་སོགས་བྱས་ཀྱང་། བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་གྱི་དབང་ཆ་མ་སྤྲད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས། དེའི་རྗེས་ས་སྐྱའི་ནང་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཡོ་ཐབས་ལ་བརྟེན་ནས་བྱང་ཆུབ་རྒྱལ་མཚན་དབུས་ཀྱི་ཡུལ་དོག་ལུམ་པ་བྱ་བར་གསོལ་སྟོན་དུ་གདན་འདྲེན་པའི་ཟོལ་གྱིས་ཁྲི་དཔོན་གྱི་དབང་ཆ་ལེན་པའི་ཐབས་སུ་ཞག་དུ་མར་བཙོན་དུ་བཅུག་ནས་ཞི་དྲག་ཚ་འཇམ་ཅི་རིགས་ཀྱི་སྦྱོར་བ་སྣ་ཚོགས་པ་བརྩམས། འོན་ཀྱང་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ནི་དཔའ་མཛངས་རྟུལ་ཕོད་དང་མཁྱེན་དཔྱོད་བློ་རྒྱ་ཡངས་པ་ཞིག་ཡིན་པས་རང་སྲོག་བློས་གཏོང་ཡང་ཁྲི་དཔོན་གྱི་དབང་ཆ་གཏན་ནས་མི་སྤྲོད་པའི་སྙིང་སྟོབས་བཙན་པོའི་གོ་ཆ་དྲག་པོ་བགོས་ཏེ། དམ་ཁ་སྟག་མགོ་ནོར་བུ་མ་མེར་བསྲེགས་པ་སོགས་བྱས་པས་ནང་ཆེན་དབང་བརྩོན་ཅི་བྱ་བཏོལ་མེད་དུ་གྱུར་ནས་གྱོད་རྟིང་རེ་ཞིག་ལུས། དེའི་རྗེས་གཡའ་བཟང་བ་ཚུལ་འབུམ་འོད་བྱ་བས་ཨེ་དང་གཉལ་གྱི་དམག་རྣམས་སྐུལ་ཏེ་ཡུལ་རྡོག་པོ་རྒྱུད་དུ་གཡའ་ཕག་འཁྲུག་པ་བྱས། ཕག་གྲུ་རྒྱལ་ཏེ་གཡའ་དམག་རྣམས་གཡུལ་ནས་ཕམ་པར་མ་ཟད་ཕག་གྲུའི་མགོ་དམག་གིས་གཡའ་བཟང་དགོན་དང་གཞིས་ཀ་རྣམས་རྩིས་བླངས་པ་སོགས་བྱུང་། གཡའ་ཕག་གཉིས་ཀྱིས་འཁྲུག་རྩོད་ལས་ཕག་གྲུའི་སྟོབས་ཤུགས་ཇེ་ཆེར་སོང་བ་དེས་ས་སྐྱ་བར་ཉེན་ཁ་ཆེན་པོ་བཟོས་ཡོད་སྟབས་དཔོན་ཆེན་རྒྱལ་བ་བཟང་པོས་གཡའ་ཕག་གྱོད་གཞི་རྟིང་མེད་དུ་བྱེད་ཆེད་ས་སྐྱའི་དམག་གིས་གཡའ་ཕག་གཉིས་ཀ་དང་ཕག་གྲུའི་རྒྱབ་རོགས་ཐང་པོ་ཆེ་བ་བཅས་བཅོམ་སྟེ་མི་སྡེ་རྣམས་ས་སྐྱའི་མངའ་ཞབས་སུ་ཐད་ཀར་འཇུག་རྒྱུ་བྱས་ཐོག དཔོན་ཆེན་དངོས་བྱོན་ཏེ་གྱོད་དོན་ཞིབ་དཔྱོད་བྱེད་པར་ཁ་གཡར་ཏེ་བྱང་ཆུབ་རྒྱལ་མཚན་ཡང་བསྐྱར་བཙོན་དུ་བཟུང་སྟེ་གཙང་ཕྱོགས་སུ་རྒྱང་འཕུད་ལ་བཏང་ནས་ཡུལ་ཀོ་སྤྲོལ་བྱ་བར་ཟླ་གཅིག་ཙམ་བཀག་པ་སོགས་ཁྲི་དཔོན་ཁོང་ལ་སྐུ་མཉེལ་ཆེན་པོ་བྱུང་། དཔོན་ཆེན་གྱིས་ཐོག་མར་གཡའ་བཟང་བ་དང་ཐང་པོ་ཆེ་བ་གཉི་གའི་ཁྲི་དཔོན་ཕབ་སྟེ་མི་སྡེ་རྣམས་ས་སྐྱའི་འོག་ཏུ་བཅུག འོན་ཀྱང་ཕག་གྲུའི་གནས་གཞི་སྣེ་གདོང་རྩེ་ཧོར་གཞོན་ནུ་བཟང་པོ་གཙོས་པའི་ནང་བློན་འཁོར་བཅས་ཀྱིས་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱི་བཀའ་བཀོད་ལྟར་ས་སྐྱ་བར་ངོ་རྒོལ་དྲག་པོ་བྱས་ཏེ་སྣེ་གདོང་རྩེ་བཙན་སྲུང་བྱས་ཐུབ་པ་བྱུང་བས་ཕག་གྲུའི་སྲིད་ཀྱི་རྩ་བ་མི་ཤོར་བའི་ཇུས་གཞི་བརྟན་པོ་ཚུགས། དེ་མཚུངས་སུ་ས་སྐྱའི་དཔོན་རིགས་ནང་ཁུལ་དུ་ནང་ཆེན་དབང་བརྩོན་དང་དཔོན་ཆེན་རྒྱལ་བ་བཟང་པོ་གཉིས་ཀྱི་བར་འགལ་ཟླ་བཤོལ་ཐབས་མེད་པར་བྱུང་བས། དཔོན་ཆེན་རྒྱལ་བ་བཟང་པོས་ཕག་གྲུའི་སྟོབས་ཤུགས་རང་གི་རྒྱབ་སྣོན་དུ་རེ་ནས་བླ་མ་མཉམ་མེད་པས་བར་འདུམ་གནང་བར་བརྟེན། དཔོན་ཆེན་གྱིས་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་དཔོན་རིགས་ནང་ཁུལ་མ་འཆམས་པའི་སྐབས་དང་བསྟུན་ནས་རང་ཉིད་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་བཏང་ཞིང་ཐོག་མར་གཡའ་བཟང་པར་འཐབ་སྟེ་གཞིས་དགོན་མི་སྡེ་དང་བཅས་པ་བླངས་ཐོག་ཐང་པོ་ཆེ་ལ་དཔུང་འཇུག་བྱས་ནས་བཅོམ། ནང་ཆེན་དབང་བརྩོན་པས་གཙང་དམག་བསྐུལ་ཏེ་དབུས་སུ་དཔུང་འཇུག་བྱས་པ་ཕག་གྲུའི་དཔུང་གིས་ལམ་དུ་མ་ནས་ཕམ་པར་བརྒྱབ་པས་ཕག་གྲུ་རྣམ་པར་རྒྱལ་བའི་རྨང་རྟིང་བརྩིགས། རབ་བྱུང་དྲུག་པའི་ས་བྱི་སྤྱི་ལོ༡༣༤༨ལ་ཕག་གྲུའི་དཔུང་ཚལ་པའི་སྟེང་ལ་རླུགས་ནས་ཚལ་པ་ཁྲི་སྐོར་གཏོང་ཕམ་བཏང་ཐོག་གཞིས་དགོན་ཆབ་འབངས་དང་བཅས་པ་རྩིས་བླངས། རབ་བྱུང་དྲུག་པའི་ལྕགས་སྟག་སྤྱི་ལོ༡༣༥༢ལ་ཕག་གྲུས་འབྲི་གུང་པ་བླངས་ཤིང་རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ༡༣༥༤ལ་ཕག་གྲུའི་དཔུང་ཐད་ཀར་ས་སྐྱར་བླུགས་ཏེ་དཔུང་ཐབས་དགོས་པར་འཇིག་ཟིལ་ཁོ་ནས་ས་སྐྱའི་གདན་ས་པ་ཏྰ་དབོན་བློ་གྲོས་རྒྱལ་མཚན་ཆོས་ཁྲི་ལས་ཕབ་ཅིང་། དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན་ཏེ་ནང་ཆེན་དབང་བརྩོན་པ་གསོན་པརོ་བཟུང་ཐོག་ས་སྐྱའི་ཆབ་སྲིད་ཀྱི་སྒྲིག་གཞི་རྩ་བ་ནས་གཏོར་ཏེ། བོད་ཡོངས་ཀྱི་སྲིད་དབང་ས་སྐྱའི་ལག་ནས་ཕག་མོ་གྲུ་པས་བླངས་ཤིང་བོད་འབངས་རྣམས་ཕག་གྲུའི་སྲིད་དབང་གི་གདུགས་འོག་གཅིག་ཏུ་འདུ་བར་བྱས། དེར་ལ་སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ་མདོ་སྟོད་སྨད་བཅས་ལ་ཞིབ་དཔྱོད་གཏོང་གནང་མཛད་ཐོག་ཕག་གྲུས་བོད་སྲིད་བཟུང་བ་ཤེས་སུ་བཅུག་ནས་བཀའ་ལུང་བསྒྲགས། དེར་དབུས་གཙང་མངའ་རིས་དང་མདོ་སྟོད་སྨད་བཅས་ཀྱི་བླ་ཆེན་མི་ཆེན་རྣམས་ཀྱིས་ལེགས་སོའི་བརྡ་མཇལ་དང་སྡེ་སྲིད་ཆེ་ཆུང་ཐམས་ཅད་ཀྱི་བསྐོ་འབེབས་སོགས་དཔལ་ཕག་མོ་གྲུ་པའི་བཀའ་ལུང་སྤྱི་བོར་བཀུར་བའི་བརྡ་ལན་གཅིག་ཆར་དུ་བྱུང་བར་གྱུར་ཏོ།། དེ་ནས་ཡང་ས་སྐྱ་བས་བོད་སྲིད་སྐྱོང་བའི་རྒྱབ་རྟེན་གཙོ་བོ་ཡོན་གོང་མ་ཡིན་པ་བཞིན་བྱང་ཆུབ་རྒྱལ་མཚན་གྱིས་ཀྱང་བོད་ཡོངས་ཀྱི་སྲིད་དབང་རང་གི་ཕྱག་ཏུ་བཞེས་མ་ཐག་པར་དྲུང་ཆེན་ཤེས་རབ་བཀྲ་ཤིས་བྱ་བ་སེང་གེའི་པགས་པ་སྡེར་མོ་བཞི་པོ་མ་ཉམས་པ་གཙོས་རིན་པོ་ཆེ་མང་པོ་བསྐུར་ཏེ་ཡོན་གོང་མའི་དྲུང་དུ་འཚམས་ཞུར་བཏང་། དེ་ལ་ཡོན་གོང་མས་ཀྱང་སྔར་གྱི་ས་སྐྱའི་སྟོབས་ཤུགས་ཉམས་ནས་གསར་བསྐྱེད་བྱུང་བའི་ཕག་མོ་གྲུ་པས་བོད་ཡོངས་ཀྱི་དབང་ཆ་བཟུང་ཡོད་པའི་གནས་ཚུལ་དངོས་ལ་གཞིགས་ཏེ། ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ལ་ཏྰ་སི་ཏུ(大司徒)ཞེས་པའི་གོ་གནས་དང་བོད་ཡོངས་ཀྱི་སྲིད་དབང་རྩིས་བླངས་ཆོག་པའི་བཀའ་ཤོག་དང་ཐམ་ཁ་བཅས་གནང་བར་བརྟེན་ཕག་གྲུའི་སྲིད་དབང་གཏན་ཆགས་བྱུང་། ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་རང་ཉིད་ཀྱིས་སྡེ་སྲིད་མཛད་དེ་བོད་ཡོངས་ལ་སྲིད་ཀྱི་ཁ་ལོ་བརྟན་པོ་བསྒྱུར་ཅིང་འདི་པ་ནི་ཕག་གྲུའི་སྲིད་དབང་གི་ཁྲི་རབས་དང་པོ་དང་རླངས་ཀྱི་གདུང་རྒྱུད་དར་བའི་མེས་པོ་ལྟ་བུར་གྱུར་པ་ལགས་སོ།།
༣.བྱང་ཆུབ་རྒྱལ་མཚན་གྱི་བོད་སྲིད་མཛད་ཚུལ།
དེ་ལྟར་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་རྗེས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་ཕག་གྲུའི་སྲིད་དབང་སྲ་བརྟན་ཚུགས་པ་བཅས་ཀྱི་ཐད་ལ་འཕྲིན་ལས་རབས་དང་རིམ་པ་སྤེལ་བ་ཡིན་ལ། ཁྱད་པར་མཛད་རྗེས་འབུར་དུ་ཐོན་པ་སྐྱེ་བོ་ཀུན་གྱིས་མིག་མཐོང་ལག་ཟིན་ཡོད་པ་དག་ཕྱོགས་བསྡུས་སུ་བརྗོད་ན་གསམ་གསལ་འགའ་སྟེ།
དང་པོ། དཔུང་སྟོབས་ཤུགས་སྣོན་བརྒྱབ་སྟེ་སྲིད་དབང་བརྟན་པར་མཛད་པའི་ཚུལ་ནི། ཕག་མོ་གྲུ་པས་དཔུང་ཤུགས་ལ་བརྟེན་ནས་ས་སྐྱའི་ལག་ནས་བོད་ཀྱི་སྲིད་དབང་བླངས་པ་ཡིན་ལ། ཡང་དེ་སྔོན་ས་སྐྱ་པ་དང་གཡའ་བཟང་པ། ཚལ་པ་ལ་སོགས་པ་ཉམས་འབྲེལ་གྱིས་ཕག་མོ་གྲུ་པར་བརྙས་བཅོས་དང་དཔུང་འཇུག་ཅི་རིགས་བྱས་པའི་དབང་གིས། བྱང་ཆུབ་རྒྱལ་མཚན་རང་ཉིད་བཙོན་དུ་ལྷུང་བ་དང་ཡུལ་སྡེ་འཇིག་ལ་ཉེ་བའི་གནས་ཚུལ་བྱུང་བར་བརྟེན། ཁོང་གི་ཐུགས་ལ་དེ་ཚོར་འགྲན་ཡ་ཐུབ་དགོས་ན་ངེས་པར་དུ་རང་ལ་ནུས་སྟོབས་ལྡན་པའི་དཔུང་ཤུགས་ཆེན་པོ་ཞིག་དགོས་པ་མཁྱེན་ཏེ་ཐོག་མར་རང་ཁོངས་ནས་དམག་མི་མང་པོ་བསྡུ་རུབ་བྱས་ནས་དམག་རུའི་དཔུང་བསྒྲིགས། འོན་ཀྱང་བྱ་བ་དེས་མི་སེར་རྣམས་ལ་དམག་ཁྲལ་རྟ་ཁྲལ་ལ་སོགས་པའི་དམག་འཁྲིའི་ལས་འགན་གྱི་ཁུར་པོ་ལྕི་མོ་འབབ་ཀྱིན་ཡོད་པར་བརྟེན་དམངས་སེམས་བསྡུ་མི་ཐུབ་པར་མ་ཟད་མི་སེར་བྱིངས་འཁྲུག་ལོང་ལ་སུན་སྣང་སྐྱེས་བཞིན་ཡོད་པར་གཞིགས། ཐོག་མར་གཡུལ་འགྱེད་རིམ་པའི་དམག་ས་ནས་ཐོབ་པའི་རྒྱུ་དངོས་རྣམས་ཕག་གྲུའི་སྡེ་གཞུང་ནས་བསྡུ་ཉར་མི་བྱེད་པར་དཔོན་དམག་རྣམས་དང་དམག་མི་འཁྲི་ཁོངས་ཀྱི་མི་སེར་ཚང་མར་རང་བདག་རང་ཉར་བྱེད་ཆོག་པའི་བཀའ་ཁྲིམས་སྤེལ། མི་དམངས་ཀྱི་སྐྱིད་སྡུག་མཁྱེན་པའི་ཐབས་ཇུས་གལ་ཆེན་རྨད་དུ་བྱུང་བ་འདིས་དམངས་སེམས་གཅིག་མཐུན་དང་དཔོན་འབངས་བར་གྱི་འགལ་ཟླ་ཇེ་ཆུང་སོང་ཐོག་དཔུང་སྟོབས་ཤུགས་སྣོན་རྒྱག་པར་འབངས་ཀྱིས་རྒྱབ་སྐྱོར་དང་དགའ་ཞེན་ཐོབ་པར་བརྟེན། རང་ཉིད་ཀྱི་སྲིད་དབང་བརྟན་ཆགས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འཛོམས་པར་མ་ཟད། དགྲ་སྡེ་གཞན་ལས་རྣམ་པར་རྒྱལ་བའི་རྒྱུ་རྐྱེན་གལ་ཆེན་གྲུབ་པས་དེར་མངོན་སུམ་གསལ་པའི་གྲུབ་འབྲས་ཀྱང་ཐོབ་པར་གྱུར།
གཉིས་པ། ཁྲལ་རིགས་ཆག་ཡང་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་མཛད་པའི་ཚུལ་ནི། ཕག་མོ་གྲུ་པས་ས་སྐྱའི་ལག་ནས་བོད་ཀྱི་སྲིད་དབང་བླངས་པའི་དུས་སྐབས་འདི་དག་ལ་ཡུལ་སྡེ་དང་གྲུབ་མཐའི་བར་གྱི་འཁྲུག་རྩོད་དང་སྡེ་གཟར་ཟམ་མ་ཆད་པར་བྱུང་བའི་རྐྱེན་གྱིས། ཞིང་འབྲོག་ཐོན་སྐྱེད་ལོ་བསྟུད་མར་རྒྱུན་ལྡན་ཡོང་འབབ་མ་ཡོད་པའི་ཁར་སྐྱེས་བུ་རབ་འབྲིང་ཐམས་ཅད་དམག་འཁྲིར་འགྲོ་དགོས་པའི་དབང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གང་ཡང་མི་འགྲོ་བའི་ཐོག ད་དུང་ས་སྐྱའི་ཟིར་བུན་བྱུང་བའི་ནང་མི་སེར་གྱིས་མི་ཐེག་པའི་བརྡབ་གསིག་དང་ཧོར་ཁྲལ་རྣམ་པ་སྣ་ཚོགས་བསྡུ་ལེན་བྱེད་བཞིན་ཡོད་པས་བོད་འབངས་བྱིངས་སྡུག་བསྔལ་གྱི་མེ་འོབས་ནང་དུ་འཚོ་བཞིན་ཡོད་པར་གཞིགས་ཏེ། ཕག་གྲུའི་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་མི་སེར་རྣམས་བདེ་སྐྱིད་ཡོང་བ་དང་ཁྱད་པར་ཁྲལ་སྦྱོར་གྱིས་མནར་བའི་བཀའ་འབངས་རྣམས་དབུགས་དབྱུང་རྨ་གསོ་ཐོབ་པའི་ཆེད་དུ། རྒྱ་ཆེའི་མི་སེར་ལ་ཁྲལ་རིགས་ཆག་ཡང་བཏང་བར་མ་ཟད་དམིགས་བསལ་དུ་མནར་འཚེ་མྱོང་བ་དེ་རྣམས་ལ་ལྷག་པར་བལྟ་སྐྱོང་གནང་སྟེ་ལོ་བསྟུད་མར་ཁྲལ་ཆག་ལག་བསྟར་བྱས་ཐོག སྤྱིའི་རྐང་འགྲོའི་ཁྲལ་རིགས་ནས་དྲུག་ཆའི་ཁྲལ་ཙམ་མ་གཏོགས་རང་དགར་འོལ་ཚོད་ཀྱིས་ཁྲལ་འབབ་བསྡུ་ལེན་གང་ཡང་བྱེད་མི་ཆོག་པའི་བཅའ་ཁྲིམས་བསྡམས། དེ་ལྟར་ཐོན་སྐྱེད་གོང་འཕེལ་ཡོང་བ་དང་མི་སེར་གྱི་འཚོ་རྟེན་ལ་ཕན་པའི་མཛད་ཐབས་ཡང་དག་པ་མང་པོ་ལག་ལེན་བསྟར་བར་བརྟེན། རིམ་གྱིས་ཞིང་འབྲོག་ཐོན་སྐྱེད་བསྐྱར་གསོ་དང་འཕེལ་རྒྱས་བྱུང་བས་མི་སེར་གྱི་འཚོ་བ་ཇེ་ཡག་ཇེ་བཟང་དུ་སོང་བ་དང་། སྔར་ཟིར་བུན་གྱི་རྐྱེན་ལས་སོ་ནམ་འཐུས་ཤོར་དུ་སོང་སྟེ་ས་ཞིང་ཐལ་བ་སྐྱ་ཆག་ཏུ་ལུས་པ་རྣམས་སླར་གསོ་ཐུབ་པར་མ་ཟད། ས་རྒྱུ་གཤིན་པོ་གསར་སྤོལ་འོས་པའི་ས་རྒོད་རྣམས་ཀྱང་རྒྱ་ཆེར་སློག་ཏེ་རི་ཀླུང་གང་སར་ས་ཞིང་གིས་གང་ཞིང་སྐྱེས་འབྲས་ཀྱང་ལེགས་པར་ཐོན་པས་ཞིང་ནང་དུ་བྱེའུ་མི་ཐར་བ་ལྟ་བུའི་ལོ་ལེགས་བྱུང་བར་གྲགས་པས་སྤྱི་ཚོགས་ཀྱི་རྨང་གཞི་དཔལ་འབྱོར་གོང་དུ་འཕེལ་བའི་གོམ་པ་ཆེན་པོ་མདུན་དུ་སྤོས་པ་ལགས།
གསུམ་པ། གཞིས་རྫོང་དགོན་སྡེ་བརྒྱབ་སྟེ་འཛུགས་སྐྲུན་རྒྱ་ཆེར་སྤེལ་བའི་ཚུལ་ནི། དེ་ཡང་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་ཐབས་མཁས་དང་ལྡན་པར་ཐོག་མར་བོད་སྤྱི་ཚོགས་ཀྱི་རྨང་གཞི་དཔལ་འབྱོར་གོང་དུ་འཕེལ་བར་བརྟེན། རྒྱ་ཆེའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཐོག་རང་གི་ཆབ་སྲིད་ཀྱི་རྩ་བ་བརྟན་པོར་ཆགས་པའི་གནས་གཞི་རྫོང་གཞིས་མང་པོ་གསར་དུ་བརྒྱབ་ཅིང་སྣེ་གདོང་རྩེ་རྒྱ་ཆེར་བསྐྲུན་པས་རང་གི་ཆབ་སྲིད་ཀྱི་གཞི་རྐང་ཚུགས་པར་བྱས། སྔར་ས་སྐྱའི་སྐབས་ཀྱི་ཁྲི་སྐོར་དང་ཁྲི་དཔོན་རྣམས་རྩ་མེད་བཏང་སྟེ་བསྐྱར་དུ་རྫོང་གཞིས་གསར་འཛུགས་བྱས་ནས་ཆབ་སྲིད་ཐད་ཀྱི་སྒྲིག་གཞི་གསར་བཅོས་བྱས། ཡོངས་གྲགས་སུ་གོང་དཀར་དང་གཞིས་རྩེ་འཕྱོངས་རྒྱས་སོགས་དབུས་གཙང་གཙོས་པའི་བོད་ས་གནས་ཀྱི་ལྟེ་བ་ས་མདུད་རྣམས་སུ་རྫོང་ཆེན་བཅུ་གསུམ་བྱ་བ་བཙུགས་ཐོག རྫོང་གཞིས་རེ་རེར་རྫོང་ཆེན་གསར་བསྐོ་གནང་བར་མ་ཟད་རྫོང་དཔོན་རྣམས་ལོ་ངོ་གསུམ་རིང་བརྗེ་སྤོར་བྱ་དགོས་པའི་སྲིད་དབང་གི་སྒྲིག་གཞི་གསར་བཅོས་ཀྱི་རང་བཞིན་ལྡན་པ་སྤེལ་བས་ཕག་གྲུའི་དབང་སྒྱུར་གྱི་སྲིད་དབང་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་། དེ་མཚུངས་སུ་བོད་ཆོས་སྲིད་ཟུང་འབྲེལ་གྱི་གནས་ཚུལ་དངོས་དང་སྒོས་སུ་རང་གི་གྲུབ་མཐའ་བཀའ་བརྒྱུད་པ་ལ་སྒྲུབ་པ་གཙོར་བཞེད་ཀྱིས་བཤད་གྲྭ་མེད་པར་གཟིགས་ནས། རབ་བྱུང་དྲུག་པའི་ལྕགས་ཡོས་སྤྱི་ལོ༡༣༥༡ལ་ཆོས་གྲྭ་ཆེན་མོ་དཔལ་རྩེད་ཐང་གསར་དུ་ཕྱག་འདབས་མཛད་ནས་ཆོས་ཁྲིམས་དམ་པར་བསྡམས་ཤིང་འཆད་ཉན་གྱི་སྲོལ་རྒྱས་པར་མཛད། དེ་མིན་ད་དུང་ཡུལ་མི་ལ་ཕན་པའི་བྱ་བཞག་ཐུན་མོང་མ་ཡིན་པ་རི་ཀླུང་ཚང་མར་སྐྱེས་ཤིང་འཛུགས་དགོས་པ་རི་རྒྱ་ཀླུང་རྒྱ་བསྡམས་པའི་བཅའ་ཁྲིམས་བཟོས་ཐོག་ལྕང་ཁྲིམས་པ་བྱ་བའི་དཔོན་གཉེར་ཆེད་བཀོད་གནང་སྟེ་ལོ་རེ་བཞིན་ལྕང་སྡོང་གསར་སྐྱེ་རྩིས་ལེན་བསྟར་བ་སོགས་མཛད་ཅིང་དེ་ལ་བརྟེན་གྲུ་ཤན་བཟོ་བ་དང་ཆུ་ཟམ་འཕེན་པ་བཅས་ཀྱི་བྱ་བ་ཡར་ལྡན་དུ་སྤེལ་བ་ཡིན་ནོ།། དེ་ལ་མི་ལོ་དྲུག་བརྒྱ་ལྷག་གི་སྔོན་གྱི་དབང་སྒྱུར་ཐུབ་པ་ནི་ད་ལྟ་ང་ཚོར་མཚོན་ན་བསམ་བློ་གཏོང་དགོས་པའི་ཡུལ་ཞིག་མ་ཡིན་ནམ་སྙམ་མོ།།
བཞི་བ། ལྷ་ཆོས་མི་ཆོས་སྤེལ་ཏེ་ཡུལ་ཁམས་གཏན་འབེབས་མཛད་པའི་ཚུལ་ནི། དེ་ཡང་བོད་ཆེན་པོའི་རྒྱལ་ཁབ་སིལ་བུར་འཐོར་བ་དང་བསྟུན་བོད་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ཀྱང་རྩ་མེད་དུ་སོང་ཞིང་ས་སྐྱ་པས་བོད་ལ་དབང་སྒྱུར་སྐབས་ཧོར་ཁྲིམས་ཏེ་ཡོན་རྒྱལ་རབས་ཀྱི་ས་གནས་ཁྲིམས་ལུགས་གཙོ་བོར་སྤེལ་ཡང་ཁྲིམས་མང་ཤོས་ནི་བོད་མི་དམངས་དང་སྒོས་སུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་མི་འཚམ་པར་བརྟེན། སྡེ་སྲིདང་བྱང་ཆུབ་རྒྱལ་མཚན་གྱིས་སྔར་ཡོད་བཙན་པོའི་དུས་སྐབས་ཀྱི་དགེ་བཅུའི་ཁྲིམས་ལུགས་གཞིར་བཟུང་སྟེ་བོད་ཡུལ་གྱི་གནས་ཚུལ་དང་བསྟུན་ནས་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔར་གྲགས་པ་གསར་དུ་གཏན་འབེབས་ལེགས་པར་མཛད། ཞལ་ལྕེ་ཞེས་པ་ནི་ཁྲིམས་ཀྱི་མིང་གི་རྣམ་གྲངས་ཡིན་ལ་ཞལ་ལྕེ་དེ་དག་ནི་བོད་རྒྱལ་བཙན་པོ་གོང་མ་རྣམས་ཀྱི་ཁྲིམས་སྲོལ་བཟང་བོ་མི་ཉམས་པར་བསྐྱར་གསོ་བྱས་ཐོག་བོད་ཀྱི་སྤྱི་ཚོགས་དངོས་དང་དུས་སྐབས་དེ་གའི་གནས་ཚུལ་བཅས་ལ་གཞིགས་ནས་ལེགས་བཅོས་དང་གསར་སྐྲུན་གྱི་རང་བཞིན་ལྡན་པའི་སྒོ་ནས་རྩ་བའི་ཁྲིམས་ལུགས་གཏན་འབེབས་གནང་བར་བརྟེན་ཡུལ་སྡེ་རྣམས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཅིག་པུའི་འོག་ཏུ་བཅུག་གོ ། དེ་མིན་ད་དུང་ནང་གཞིས་དགོན་སྡེ་དང་བཅས་པའི་མི་རྣམས་ལ་ཡང་སྒྲིག་ལམ་བཅས་མཚམས་ཕྲ་ཞིང་ཞིབ་པ་མཛད། ཐོག་མར་རླངས་ཀྱི་གདུང་རྒྱུད་ནང་འཁོར་དཔོན་རིགས་གང་ཡིན་རུང་བཅའ་ཁྲིམས་དང་མཐུན་པར་བྱ་དགོས་པར་མ་ཟད། སེར་དཔོན་དང་གཞིས་དགོན་གསར་རྙིང་གང་གི་བདག་པོ་བྱེད་མཁན་རྣམས་ཆུང་དུས་ནས་རབ་ཏུ་བྱུང་སྟེ་བསླབ་པ་སློབ་གཉེར་ལ་བརྩོན་ཞིང་ཡ་རབས་མཁས་པའི་གྲལ་དུ་ཚུད་པ་ཤ་སྟག་དགོས་ཚུལ་ནས། སྐྱ་དཔོན་རྣམས་ཀྱང་འཇིག་རྟེན་མི་ཆོས་དང་མཐུན་པར་བུད་མེད་བསྟེན་ཚུལ་ནས་བུ་རྒྱུད་སྐྱོང་ལུགས་ལ་སོགས་པའི་ཐད་ལ་དབྱེ་བ་གསུམ་དུ་ཕྱེ་ནས་རེ་རེ་བཞིན་སྒྲིག་ལམ་གཏན་ཁེལ་གསལ་བོ་གནང་ཐོག སྐྱ་སེར་སུ་ཡིན་རུང་དེ་དག་ལས་འགལ་ཚེ་ཁྲིམས་གཅོད་རྒྱང་འཕུད་དང་རླངས་ཀྱི་གདུང་རྒྱུད་ལས་ཕུད་རྒྱུ་སོགས་ཀྱི་སྒྲིག་ཁྲིམས་གཏན་ཁེལ་མཛད། དེ་མིན་རླངས་ཀྱི་གདུང་རྒྱུད་མ་གཏོགས་པའི་ནང་འཁོར་མི་སྣ་གསོལ་ཇ་གཟིམ་གཡོག་ཚུན་ཆད་ལའང་དེ་མཚུངས་ཀྱི་སྒྲིག་ཁྲིམས་བཅོས་པར་མ་ཟད། སུ་ཞིག་གིས་མི་ཚེ་གང་པོར་ཞབས་ཕྱི་མཐར་ཕྱིན་བསྒྲུབས་ཚེ་ནང་མི་གཉིས་མེད་ཀྱི་འཚོ་གཉེར་གནང་རྒྱུ་དང་བཅས་པ་གང་ལ་གང་འཚམ་ལུགས་དང་མཐུན་པ་ཞིག་མཛད་པས་གཞན་མི་ཡིན་ཡང་རང་མི་ལས་མི་དམན་པའི་ནུས་པ་ཡོད་རྒུ་འདོན་ཐབས་མཛད། བྱ་བཞག་འདི་དག་ནི་ཕག་གྲུའི་སྲིད་དབང་བརྟན་ཆགས་ཡོང་བ་དང་སྟོབས་འབྱོར་མངའ་ཐང་ཇེ་རྒྱས་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཏེ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྲིད་དབང་སྐྱོང་ལུགས་ཐུན་མོང་མ་ཡིན་པའི་དགོངས་པ་རླབས་པོ་ཆེ་ཤ་སྟག་ཡིན་སྟབས་སྡེ་སྲིད་ཕྱི་མ་དག་ལའང་མི་ལྟོས་དང་སྒྲིག་གཞི་རྩ་དོན་ལེགས་པར་བསྟན་པ་ཡིན་ནོ།།
དེ་ལྟར་ཕག་གྲུའི་སྡེ་སྲིད་དང་པོ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་མཁྱེན་རྒྱ་ཡངས་ཤིང་དཔའ་མཛངས་ལྡན་པ་དང་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཆེན་པོ་བོད་ཀྱི་ལོ་རྒྱུས་མི་སྣ་རླབས་པོ་ཆེ་ཞིག་ཡིན་ལ། ཁོང་གི་མཛད་རྗེས་དག་ནི་ཕྱི་རབས་སྐྱེ་བོ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱས་དང་བྱེད་བཞིན་པ་ལགས་ཤིང་། ཁྱད་པར་དེང་དུས་ཀྱི་མཁས་པ་ལ་ལས་བོད་རྒྱལ་བཙན་པོ་དག་གི་མཛད་རྗེས་དང་གཉིས་སུ་མེད་པར་སྨྲ་ཡང་ཐལ་ཆེ་བར་མི་སེསམ་ཤིང་། དེ་ལྟ་བུའི་སྐྱེ་བུ་དམ་པ་འདིས་བོད་མི་དམངས་ལ་བཀའ་དྲིན་གྱི་མཛད་རྗེས་གཟུགས་ཅན་བཞིན་དུ་བཞག་མཐར་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ༡༣༦༤ལ་དགུང་གྲངས་རེ་གཉིས་སྟེང་ཞི་བར་གཤེགས། ཁོང་གིས་དགུང་ལོ་ཉི་ཤུ་ནས་ང་གསུམ་གྱི་བར་དུ་ཕག་མོ་གྲུ་པའི་ཁྲི་དཔོན་ལོ་ངོ་སུམ་ཅུ་ལྷག་དང་དེ་ནས་དགུང་ལོ་རེ་བཞི་བར་ལོ་ངོ་བཅུ་ཙམ་ལ་ཕག་གྲུའི་སྲིད་དབང་གི་སྡེ་སྲིད་མཛད་དེ། ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་དགེ་སྡིག་དང་དཀར་ནག་ཟན་ཕྱེ་བའི་ཁྲིམས་ཀྱིས་བོད་གངས་ཅན་ཡོངས་ལ་དབང་བསྒྱུར་ཅིང་རྒྱལ་ཁམས་ལེགས་པར་བསྐྱངས་པས་ན་སྐབས་འདི་ལ་བོད་ཀྱི་ལོ་རྒྱུས་སྟེང་རྒན་མོ་གསེར་འཁུར་གྱི་དུས་ཞེས་དུས་བདེ་ཞོད་འཇགས་ཀྱི་རྣམ་པ་མཚོན་པའི་མིང་གི་རབ་ཏུ་བསྔགས་པ་དོན་ལ་གནས་པར་གྲགས་སོ།།
《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།》ལས།
སུ་དོན་ལ་གནས་མིན་མ་རེད་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གིས་གང་བྲིས་གནང་བ་དེ་གཙོ་བོ་རེད་