ནག་ཐར་སྐྱིད།
སྔོན་གླེང་།
གོ་ལ་ཟླུམ་པོ་འདིའི་སྒང་ན་གནའ་ཤུལ་རིག་གནས་ལ་རྟོགས་ཞིབ་ཆེད་ས་རྐོ་རྡོ་སློག་བྱེད་མཁན་མང་ཞིང་། ཡུལ་སྐོར་སྤྲོ་འཆམ་པར་སྤྲོ་སྣང་བསྐྱེད་ཐུབ་པའི་ཁམས་གསེང་བྱེད་ཡུལ་གནའ་ཤུལ་གང་མང་རྙེད་བཞིན་ཡོད། པེ་ཅིན་མཁར་ན་ཡུལ་སྐོར་བྱེད་ཡུལ་མཛེས་ཉམས་དད་པོ་ཞིག་ཡོད་པ་ནི། མན་ཇུའི་གོང་མའི་ཕོ་བྲང་གི་མཛེས་བཀོད་དང་བྱུང་རབས། བརྗིད་ཉམས་ལྡན་ཞིང་རིན་ཆེན་རྒྱན་གྱིས་སྤྲོས་བའི་གསེར་ཁྲི་དེ་ཡིན་པའི་སྣང་བ་ཞིག་ངང་གིས་སྐྱེས་སོང་། དོན་དངོས་སུ་མན་ཇུའི་གོང་མའི་གསེར་ཁྲི་ནི་ཡུལ་སྐོར་སྤྲོ་འཆམ་པའི་ཁམས་གསེང་བྱེད་ཡུལ་ནས་དྲན་སྐུལ་གྱི་ཆེད་དུ་ལྷག་སོང་བ་ལྟར་སྣང་། གསེར་ཁྲི་འདིའི་བཟོ་བཀོད་བོད་མི་མང་གི་སེམས་ཁམས་ན་ཡོད་པའི་སྤྲུལ་སྐུ་ཚོའི་བཞུགས་ཁྲི་དང་ཅུང་མི་འདྲ་རུང་། དེ་སྔོན་མན་ཇུའི་གོང་མའི་དབང་བསྒྱུར་འོག་གི་འབངས་མི་ཚོས་གསེར་ཁྲི་འདི་ལ་འདུ་ཤེས་འཛིན་སྟངས། ད་ལྟའི་བོད་མང་ཚོགས་ཀྱིས་སྤྲུལ་སྐུའི་བཞུགས་ཁྲི་ལ་གཅེས་སྐྱོང་དང་དགའ་མོས་བྱེད་སྟངས་ཆ་འདྲ་བ་ཡོད། དེ་ག་ནང་བཞིན་གསེར་ཁྲི་འདིར་བཞུགས་མཁན་གྱི་གོང་མ་ལ་གུས་བརྩི་བྱེད་ལུགས་དང་། ཆེ་མཐོང་སྤྲོད་ཚུལ་སོགས་ཀྱང་བོད་མི་མང་གི་སེམས་ཁམས་ན་གནས་བའི་སྤྲུལ་སྐུ་ཚོ་ལ་མོས་གུས་བྱེད་ཕྱོགས་དང་འདྲ་བའི་ཆ་ཤིན་ཏུ་མང་། འདས་བའི་མི་ལོ་དགུ་བཅུ་ཡས་མས་ཀྱི་དུས་སྐབས་ནང་ལ་མན་ཇུའི་གོང་མའི་ཤུལ་འཛིན་མཁན་ཚོས། ཁོང་ཚོའི་མེས་བོའི་ཤུལ་བཞག་དང་གཞུང་འབངས་ཀྱི་སྒྲིག་སྲོལ་ཡོད་ཚད་བསྒྱུར་དུ་མི་རུང་ཞིང་འགྱུར་མེད་རྡོ་རྗེའི་བཀའ་ལུང་བཞིན་བསྒོམས་མྱོང་ན་ཡང་། བཟོ་བཀོད་རྒྱ་ཆེ་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱལ་ཁང་ནས་མན་ཇུའི་གོང་མ་གནས་དབྱུང་བཏང་ཁར། ཉི་ཧོང་གི་ལག་གཡོག་ལ་སྤྱད་དེ་བེད་མེད་དུ་གྱུར་རྗེས་གསར་བརྗེ་རིང་ལུགས་པའི་ལག་མཐུལ་ལ་ལྷུང་ཞིང་། མཐར་ཐུག་གསར་བརྗེ་རིང་ལུགས་ལ་འུར་བསྟོད་ཅི་ལྟར་བྱས་རུང་། མན་ཇུའི་མི་རིགས་ཀྱི་མངའ་ཐང་དར་བའི་ལོ་རྒྱུས་ནི་སྒྲུང་གཏམ་ཁོ་ན་ཞིག་ཏུ་གྱུར་པ་རེད།
མཐོ་དབུས་མཐོ་སྒང་ན་ཡང་འཛམ་གླིང་མི་མང་ལ་དུང་སེམས་བསྐྱེད་ཐུབ་པའི་གནའ་ཤུལ་གང་མང་ཡོད་པ་མ་ཟད། རིག་གནས་གསར་བརྗེའི་སྐབས་དྲན་སྐུལ་བྱེད་ཐུབ་པའི་དགོན་ཤུལ་དང་། བདག་པོ་གནས་དབྱུང་བཏང་ཟིན་པའི་མཁར་ལྷག་གྲངས་ཀྱིས་ཟིན་ཚོད་རེ་ཡོད། མཐོ་དབུས་མཐོ་སྒང་དུ་ཡུལ་སྐོར་བྱེད་མཁན་དག་ལ་སེམས་ཚོར་མི་འདྲ་བ་ཞིག་འབྱུང་སྲིད་པ་ནི། ལྷག་ལུས་ཀྱི་དགོན་མཐའ་ན་ཉིན་ལྟར་བསྐོར་བ་བྱེད་ཀྱིན་པའི་བོད་མང་ཚོགས་ཀྱིས་རེ་སྨོན་བྱེད་ཕྱོགས་ཞིག་ཡིན་དགོས་བ་ཡོད། འདི་ནི་མཐོ་དབུས་མཐོ་སྒང་གི་ཡུལ་ཁམས་འདིའི་བདག་དབང་སུ་ལ་ཡོད་མེད་ཀྱི་མཚོན་རྟགས་ཡིན། འོན་ཀྱང་། རྒྱ་ནག་གཞུང་གིས་བོད་གངས་ཅན་པའི་ཤུལ་ལུས་མཐའ་དག་མན་ཇུའི་རྒྱལ་ཁང་ཇི་བཞིན་འགྲེམས་སྟོན་ཁང་དུ་བསྒྱུར་འདོད་ཀྱིས་ནུས་ཤུགས་གང་ཡོད་འདོན་ཀྱིན་ཡོད་རུང་། བོད་མང་ཚོགས་ཀྱི་སེམས་གཏིང་ན་གྲུབ་པའི་དད་སེམས་ཀྱི་མཁར་རྫོང་དེ་བཤིག་རལ་དུ་མ་སོང་བར། བོད་མང་ཚོགས་ཀྱི་བློ་གདེང་འཁེལ་སའི་བླ་སྤྲུལ་ཚོའི་བཞུགས་ཁྲི། མན་ཇུའི་གོང་མའི་གསེར་ཁྲི་བཞིན་བདག་མེད་དུ་འགྱུར་མི་སྲིད་དེ། སྐབས་སུ་གྲུ་འཛིན་པོ་ཏཱ་ལ་དང་ནོར་གླིང་ཕོ་བྲང་། སེ་འབྲས་དགེ་གསུམ་དང་གཙང་བཀྲ་ཤིས་ལྷུན་པོ་སོགས་ཀྱིས་མཚོན་པའི་མདོ་དབུས་མཐོ་སྒང་གི་སྤྲུལ་སྐུ་ཚོའི་བཞུགས་ཁྲིར་རིམ་གྱིས་ས་རྡུལ་གྱིས་མནན་ཅིང་། མན་ཇུའི་གོང་མའི་རྒྱལ་ཁང་བཞིན་ཡུལ་སྐོར་སྤྲོ་འཆམ་པའི་ཁམས་གཡེང་བྱེད་ཡུལ་དུ་འགྱུར་ལ་ཉེ་བ་ཡོད།
རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཚོར་ལྟ་ཚུལ་ཅི་ཞིག་བཟུང་ཡོད་དམ།
རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་དམིགས་ཡུལ་ངེས་ཅན་བཟུང་ཡོད་པའི་གནའ་ཤུལ་ཞིག་ནི། ར་སྟག་གཉིས་ཀྱི་དོན་རྐྱེན་དང་འབྲེལ་བའི་ཞི་བདེ་གླིང་དགོན་པའི་ཉམས་རྒུད་དེ་རེད། དོན་དངོས་ཐོག་ཞི་བདེ་གླིང་དགོན་པར་གནོད་འཚེ་ཐེངས་གསུམ་ལ་བྱུང་མྱོང་ཞིང་། སྤྱི་ལོ་༡༩༥༩ལོར་ལྷ་ས་བཙན་གནོན་དང་རིག་གནས་གསར་བརྗེའི་སྐབས་ཀྱི་གཏོར་བཅོམ་རིམ་པ་ལྟར་བྱུང་མྱོང་ན་ཡང་། ད་ལྟ་དངོས་སུ་ཞི་བདེ་གླིང་དགོན་པ་བོད་སྲིད་གཞུང་གི་གདུག་རྩུབ་འགྲེམས་སྟོན་བྱེད་ཡུལ་དུ་དམིགས་ཡོད་ལ། ཡུལ་སྐོར་སྤྲོ་འཆམ་པར་འགྲེལ་བརྗོད་བྱེད་ལུགས་ཀྱང་ཁ་བྲལ་རིང་ལུགས་དང་བཙན་རྒྱལ་རིང་ལུགས་པའི་ངན་འབྲེལ་འོག ར་སྒྲེང་བླ་མ་དམར་གསོད་བཏང་ཞིང་སྤྲུལ་སྐུའི་རྒྱུན་ཐག་བཅད་ཚུལ་འདྲ་ཞིག་ཡིན་ཚོད་འདུག
འགྲེམས་སྟོན་ཁང་གཞན་ཞིག་རྒྱ་ནག་གཞུང་གིས་འདི་ལྟར་མགོ་རྩོམ་གྱིན་ཡོད། བོད་མི་རིགས་ཀྱི་དཔའ་བོ་༧པཎ་ཆེན་བླ་མའི་གདན་ས་གཙང་བཀྲིས་ལྷུན་པོ་དགོན་ཆགས་ཡོད། སྤྱི་ལོ༡༩༦༢ལོར་༧པཎ་ཆེན་སྐུ་ཕྲེང་བཅུ་བ་རྒྱུས་ལོན་ཡོད་པའི་བོད་རིགས་མི་མང་གི་དཀའ་སྡུག་ཆེད། རྒྱ་ནག་དབུས་གཞུང་ལ་ཕུལ་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནི། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྩ་མེད་དུ་བཟོ་བཞིན་པའི་སྲིད་ཇུས་གསལ་སྟོན་བྱས་པ་ཞིག་ཡིན། རིན་པོ་ཆེ་ཁོང་མི་ལོ་བཅུའི་རིང་བཙོན་འཇུག་དང་རྡུང་རྡེག་ལས་ཐར་རྗེས། སླར་ཡང་༧པཎ་ཆེན་སྣང་བ་མཐའ་ཡས་ཁོང་བོད་ས་ཁུལ་དུ་མི་མང་གི་དཀའ་སྡུག་དང་། བོད་མི་རིགས་ཀྱི་ཆོས་རིག་རྒྱུན་འཛིན་ཉམས་གསོའི་ཆེད་ཐེངས་མང་ཕེབས་མཐར། སྤྱི་ལོ་༡༩༨༩ལོར་གཙང་བཀྲིས་ལྷུན་པོ་དགོན་ནས་༧པཎ་ཆེན་རིན་པོ་ཆེ་ཁོང་གི་ཚེ་སྲོག་ལ་སྐུ་(བགེགས་)འཕྲད་དེ། བཀྲིས་ལྷུན་པོ་དགོན་གྱི་བཞུགས་ཁྲི་ལ་རྒྱ་ནག་གུང་ཁྲན་ཏང་གིས་སྟངས་འཛིན་གྱིས་ཐོ་ཡོར་ཞིག་བརྩེངས་ཤིང་། ༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་ཚོགས་ཁག་དུ་མས་རྒྱ་ནག་གཞུང་ལ་འདྲི་རྩད་ཅི་ལྟར་བྱས་རུང་། མི་ལོ་ཉི་ཤུ་ལྷག་ཙམ་རིང་ཁ་གསལ་གྱི་ལན་ཞིག་ཡོང་རྒྱུ་མེད་པར་གཞིགས་ན། དུས་ནམ་ཞིག་ལ་རྒྱ་ནག་གཞུང་གི་རྩིས་གཞི་ལྟར་གཙང་བཀྲིས་ལྷུན་པོ་དགོན་གྱི་བཞུགས་ཁྲི་བདག་མེད་དུ་ལྷག་ཚེ། འདས་དོན་ལྟར་པཎ་ཆེན་ནང་མའི་མིང་བྱང་འོག་ནས་ནད་རོ་ས་ཁར་དྲུད་དེ་ཡུལ་སྤྲོ་འཆམ་པ་ཚོའི་བློ་ངོར། ༧རྒྱལ་པཎ་རྣམ་གཉིས་ཀྱི་ལོ་རྒྱུས་སྟག་སེང་ཁ་སྤྲོད་གྱི་ངང་ཚུལ་ཞིག་འགྲེལ་བརྗོད་བྱ་སྲིད་པས་ན། ང་ཚོར་ཅིས་ཀྱང་༧པཎ་ཆེན་ཡང་སྲིད་ཐད་ལ་ཕྱག་སྟོང་སྤྱན་སྟོང་གི་གཟིགས་རྒྱ་རེ་དང་ལས་འཆར་ཞིག་ཡོད་དགོས་པ་མིན་ནམ།
པོ་ཏཱ་ལའི་མདུན་ངོས་ཀྱི་བྱང་ཆེན་ཐར་ལམ་དང་ཕུན་ཚོགས་མདུན་ལམ་གཉིས། ངའི་སེམས་ལ་འཆར་ཐེངས་རེར་༧གོང་ས་མཆོག་པོ་ཏཱ་ལའི་རྡོ་སྐེས་སྟེང་ན་འཛུམ་ཞལ་སྤྲོ་ལྷུག་ལྷུག་ཏུ། བོད་མང་ཚོགས་ལ་ཕྱག་བརྡ་གཏོང་བཞིན་པའི་གཟུགས་རིས་ཤིག་ངའི་མིག་ལམ་དུ་གྲུབ་ཅིང་། དགའ་སྤྲོས་མཉེས་བའི་ཚོར་བ་ཞིག་འགོག་མེད་དུ་སླེབས་མྱོང་བ་ལྟར། སྐབས་རེར་ཕོ་བྲང་པོ་ཏཱ་ལ་ཆེད་དུ་ངའི་སེམས་ལ་སྒོམ་གྱིན་ཡོད། འོན་ཀྱང་། དོན་དངོས་ཐོག་པོ་ཏཱ་ལ་ནི་ཡུལ་སྐོར་སྤྲོ་འཆམ་པའི་སྤྱོད་ཡུལ་དུ་གྱུར་ཡོད་ལ། ༧གོང་ས་མཆོག་གི་བཞུགས་ཁྲི་ཡང་རྒྱ་ནག་གཞུང་གི་བཀའ་རྒྱའི་འོག་མནན་ནས་ཡོད།
སྤྱི་ལོ་༡༩༥༩ལོར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་སྲིད་གཞུང་བྲོས་བྱོལ་དུ་སླེབས་ཐབས་བྱུང་བ་ནི། བོད་གངས་ཅན་པའི་ཚེ་སྲོག་གསོན་པོར་གནས་ཐུབ་པའི་གྲུབ་འབྲས་བླ་ན་མེད་པ་དེ་ཡིན། མི་ལོ་ལྔ་བཅུའི་རིང་བཙན་བྱོལ་གཞུང་འབངས་འདིས་རྒྱལ་སྤྱིའི་སྒང་ལ་བཟང་སྤྱོད་ཀྱི་ཆེ་མཐོང་བསྐྲུན་ཅིང་། བོད་གངས་ཅན་པའི་དཀའ་སྡུག་འཛམ་གླིང་ཟླུམ་པོ་འདིའི་གྲུ་ཟུར་ཡོངས་ལ་སྐྱེལ་ཐབས་ཀྱིས་འབྲས་བུ་གང་ཐོབ་ལོན་ཡོད། ཕལ་ཆེ་བ་༧གོང་ས་མཆོག་གི་ནུས་སྟོབས་ཁོ་ནར་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་ཡ་ལན་སྤྲད་པའི་འབྲས་བུ་ཡིན་རུང་། རྒྱ་ནག་སྲིད་གཞུང་གིས་ཀྱང་ཡུལ་གྱར་གཞུང་འབངས་ལ་ཐག་སྣེ་གློད་ནས་ཞགས་པ་བཏབས་པའི་ཟོལ་གྱིས་༧གོང་ས་མཆོག་གི་སྐུ་ཚེའི་མཐའ་ལ་གཏུག་སོང་བས་ན། སྔ་ས་ནས་རྒྱ་ནག་གཞུང་གི་དམིགས་འབེན་ལ་ཐག་ཉེ་ས་ནས་རྒྱུས་ལོན་དང་འགག་རགས་ཞིག་བརྩིགས་ཡོད་ལས་ཆེ་ཨང་།
གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག
རྒྱ་ནག་གུང་ཁྲན་གཞུང་གི་ཡུན་བརྟན་མིན་དང་སྲིད་སྒྲོམ་ལ་འགྱུར་བ་འགྲོ་མིན་ནི། ང་ཚོས་སེམས་ཁྲེལ་བྱེད་ས་དང་རེ་བ་བྱེད་ཡུལ་གྱི་རྨང་གཞི་ཡེ་ནས་མིན། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་འཚོལ་ཕྱོགས་གཏན་འབེབ་བྱས་ཡོད་པས་མ་ཚད། རང་འདོད་ལྟར་གསེར་བུམ་དཀྲུགས་ནས་གང་འདོད་ཀྱིས་ཁྱེའུ་རེ་སྐྱེད་སྲིང་བྱེད་ཅིང་། རྒྱ་ནག་སྲིད་གཞུང་གི་བཀའ་གསུང་ངོས་ལེན་མེད་པའི་སྐུ་བདག་ཚོར། སྤྲུལ་སྐུ་བཙལ་ཆོག་པའི་བཀའ་ཁྲོལ་འབྱོར་དཀའ་ཞིང་སྤྲུལ་སྐུ་ཚོའི་རྒྱུན་ཐག་ཆད་འགྲོ་བ་ལྟར་རེད། རྒྱ་ནག་གཞུང་གིས་བོད་གངས་ཅན་པའི་རྡོག་སྒྲིལ་ལ་ནུས་བ་འབྱུང་སའི་ཞན་ཆ་རང་དུ་སྙེགས། བོད་ཀྱི་འབྱུང་འགྱུར་ཐད་རྒྱུས་ལོན་ཀྱིས་ཚོད་ལྟ་དངོས་སུ་བྱེད་ཀྱིན་པ་འདི་ལྟར་ན། ང་ཚོས་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་འདིའི་ཆོལ་གསུམ་རྡོག་སྒྲིལ་གྱི་དམ་ཚིག་ཡུན་ནས་ཡུན་དུ་བརྟན་ཆེད་བློ་རིག་སྒྲིམ་དགོས་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་ཐག་དུས་ནས་དུས་སུ་བསྲིང་ཐུབ་པར་བསམ་ཤེས་བྱེད་དགོས་པ་འདི་ཡིན། དམ་ཚིག་རྡོག་སྒྲིལ་གྱི་ཆེད་དུ་སྲོལ་རྒྱུན་རིག་གནས་སྲུང་དགོས་ཤིང་། སྲོལ་རྒྱུན་རིག་གནས་སྲུང་བར་བླ་སྤྲུལ་དག་ལ་མོས་གུས་ཀྱི་འདུན་པ་རྙེད་དགོས། བསམ་གཞིགས་ཀྱི་དབང་གིས་དད་གུས་ལ་བརྩི་འཇོག་ཐོབ་སྲིད་ལ། དགོས་དབང་གིས་སྐྱབས་འཇུག་ཞུ་འོས། འོན་ཀྱང་། བླ་སྤྲུལ་སྐོར་ཞིག་རྒྱ་གཞུང་གིས་གསོ་ཕག་ནང་བཞིན་ལྟོ་རང་འགྲུབ་ཅན་དུ་གྱུར་རྗེས། ཚོད་མེད་དུ་ཉལ་ཞིང་རྫོགས་མེད་དུ་ལོངས་སྤྱོད་ལ་ཆགས་པའི་དབང་གིས་དབྱེན་དཀྲུགས་ཀྱི་ལས་བྱེད་མཁན་དུ་འགྱུར་བཞིན་ཡོད་ལ། མི་མང་ཞེན་པ་ལོག་ཞིང་ཞེ་མེར་དགོས་པའི་གནས་ལ་སྐྱེལ་ཞིང་། མཚམས་རེར་ཡུལ་གྱར་བླ་སྤྲུལ་ཚོས་རང་ཉིད་ཀྱི་ཆོས་ཚོགས་དང་རྒྱུ་འབྱོར་བའི་ཆེད། གཉེན་ཉེ་དང་གྲོགས་པོ་བར་ལ་གྲོས་མཐུན་གྱིས་སྤྲུལ་སྐུ་གང་མང་ཐོན་སྐྱེད་བྱེད་ཀྱིན་ཡོད་པའི་དགོངས་ཚུལ་ལྟར། བླ་སྤྲུལ་ཚོའི་སེམས་རྒྱུད་དང་ཤེས་ཚད་ལ་དགག་སྒྲུབ་བྱེད་པའམ་འབུར་འཇོམས་མཁན། བོད་མི་སེར་སྐྱ་དབྱེར་མེད་ནས་མི་རིགས་གཞན་དག་གི་གྲས་ནའང་འབྱུང་བཞིན་པར་རྒྱུ་མཚན་མེད་པ་ག་ལ་ཡིན་དེ། རྒྱུགས་པ་ལེབ་རྡུང་དང་བྱ་བརྒྱ་ཆེད་དཀྲོགས་ཀྱི་ལས་བྱེད་པ་ནི། བསམ་གཞིགས་གཏམ་སྙན་གྲགས་ཀྱི་ཆེད་དུ་གཏོང་མཁན་གྱི་གྲས་རེད། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་ཀྱི་གདོང་ཐུག་བར་ན། རང་ཚུགས་བོར་བཞིན་པའི་ཁྱུ་ཚོགས་དེ་ཁོ་བའི་གླེང་བྱ་མིན།
བོད་ཀྱི་བླ་སྤྲུལ། ཉམས་ཆུང་གི་ཐོ་བ། ཕྱུག་པོའི་གཡོག་པོ། བསྟན་པའི་དགྲ་བོ། རྐུན་ཇག་གི་དཔོན་པོ། གཙིག་སྡུད་རིང་ལུགས་པ་ཡིན་པས་ནམ་ཡང་འདི་ཚོར་ངོ་རྒོལ་གྱིས་བོད་མི་རྨོངས་གཉིད་ལས་སད་དེ་རང་དབང་ངང་ཆོས་དང་འཇིག་རྟེན་གྱི་འཚོ་བ་བཟང་པོ་ལ་རོལ་འོས།
དྲ་འབུ་ཚོ་གོ་བ་ལོག་ན་ཐང་།
མེ་གཀར་ལགས། དོན་མེད་ལ་ཁ་རྡུང་མ་བྱེད། རྨོངས་ཉིད་ལས་ཅི་ལྟར་སེལ་དགོས་བ་རེད། དམར་དམག་ཆུང་ཆུང་འདི་ཚོ། ཁ་མི་ཉན་ཡ།
བོད་ཀྱི་སྤྲུལ་སྐུས་བྱེད་བྱས་བརྗོད་ན་མཐོ་དྲག་པ་དང་ཆེ་དྲག་པ་བཙན་དྲག་པ་ལས་སོགས་ཀྱིས་སྙོག་ཁྲ་ཆེན་པོ་ཡོད། བཟུང་ན་ལག་པ་འཚིག་བཏང་ན་དཀར་ཡོལ་ཆག་འགྲོ་བའི་ཉེན་ཁ་འདུག་བྱས་ཙང་གནས་སྟངས་དེ་འདྲ་རེད།
མེ་ཏོག་དཀར་པོས་བཤད་པ་ལྟར་བྱས་ན། གོང་ས་མཆོག་ཀྱང་བསྟན་པའི་དགྲ་བོ། ཉམས་ཆུང་གི་ཐོ་བ། རྐུན་ཇག་གི་དཔོན་པོ་ཡིན་པ་འདྲ། ཁོང་ཡང་སྤྲུལ་སྐུ་ཡིན་པས་སོ།
ནག་ཐར་སྐྱིད་ལགས། སྤྲུལ་སྐུའི་རྒྱུན་ཐག་ཆད་པའི་ཉེན་ཁར་སེམས་སྡུག་གནང་མི་དགོས། གལ་ཏེ་སྤྲུལ་སྐུ་ཚོའི་བྱ་སྤྱོད་རྗེས་སུ་ཡིད་རངས་ཞུ་ཆོག་པ་ཞིག་ཡོད་ན། སྤྲུལ་སྐུའི་རྒྱུན་ཡུན་རིང་གནས་ཐུབ། གཞན་ཁྱེད་ཀྱིས། ༼ འོན་ཀྱང་། བླ་སྤྲུལ་སྐོར་ཞིག་རྒྱ་གཞུང་གིས་གསོ་ཕག་ནང་བཞིན་ལྟོ་རང་འགྲུབ་ཅན་དུ་གྱུར་རྗེས། ཚོད་མེད་དུ་ཉལ་ཞིང་རྫོགས་མེད་དུ་ལོངས་སྤྱོད་ལ་ཆགས་པའི་དབང་གིས་དབྱེན་དཀྲུགས་ཀྱི་ལས་བྱེད་མཁན་དུ་འགྱུར་བཞིན་ཡོད་ལ། མི་མང་ཞེན་པ་ལོག་ཞིང་ཞེ་མེར་དགོས་པའི་གནས་ལ་སྐྱེལ་ཞིང་། མཚམས་རེར་ཡུལ་གྱར་བླ་སྤྲུལ་ཚོས་རང་ཉིད་ཀྱི་ཆོས་ཚོགས་དང་རྒྱུ་འབྱོར་བའི་ཆེད། གཉེན་ཉེ་དང་གྲོགས་པོ་བར་ལ་གྲོས་མཐུན་གྱིས་སྤྲུལ་སྐུ་གང་མང་ཐོན་སྐྱེད་བྱེད་ཀྱིན་ཡོད་པའི་༽ ཞེས་པ་ལྟ་བུ་མཐོང་ཆོས་སུ་ཡོད་པས་དེ་དག་ལ་བརྟེན་ནས་སྤྲུལ་སྐུའི་རྒྱུན་རང་བཞིན་གྱི་ཆོད་འགྲོ་རྒྱུ་མ་ཡིན་ནམ། དོན་དངོས་ཐོག་སྤྲུལ་སྐུའི་རྒྱུན་ཆད་པའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པར་གཟིགས། སྤྲུལ་སྐུ་ཚོར་ཐུག་ཡོད།
ཞར་དུ་ཞུ་རྒྱུ་ཞིག་ལ། དེང་གི་ཆར་བོད་ཀྱི་ནང་ཆོས་དར་ནས་ཡོད་པའི་ཡུལ་ལུང་མང་པོ་ཞིག་གི་ནང་སྤྲུལ་སྐུ་ཚོས་སྤྲུལ་སྐུའི་ཐོན་སྐྱེས་གནང་བཞིན་ཡོད། དཔེར་ན། སྤྲུལ་ཞིག་སྡོམ་པ་ཤོར་ནས་བཟའ་ཟླ་ཞིག་བླང་རྗེས་དེའི་བཟའ་ཟླར་མཁའ་འགྲོ་མའམ་གསང་ཡུམ་ཟེར། དེ་ལ་བུ་ཞིག་སྐྱེས་པ་དང་དེ་སྤྲུལ་སྐུར་ངོས་འཛིན་ལས་སླ་པོས་ཐོབ་པ་ཡིན། གང་ཡིན་ཟེར་ན་སྤྲུལ་སྐུ་དེ་བླ་ཆེན་འདྲ་མིན་དང་འབྲེལ་བ་ཡོད་པས་ཡིན། བྱ་ཚུལ་དེ་གའི་ངང་ནས་སྤྲུལ་སྐུ་གཅིག་གི་བུ་རྒྱུད་མི་ཐོག་ཁ་ཤས་སུ་སྤྲུལ་སྐུ་ཆགས་འགྲོ་ཡི་ཡོད་པ་རེད། འོ་ན་སྤྲུལ་སྐུའི་རྒྱུན་མུ་མཐུད་ཡོད་ན་རང་ཅག་ཚོར་དགའ་སྤོབ་ཅིག་སྐྱེ་ཐུབ་པ་འདུག་གམ། ཐུགས་འཕྲལ་མ་གནང་། མི་རྟག་པ་སྒོམ།
སྤྲུལ་སྐུ་མི་དགོས་པའི་རྩོད་པར་ལན་འདེབས་པར་འདོད་ན། སྤྲུལ་སྐུའི་མཛད་པ་སྒྲུབ་བྱེད་དོན་གསལ་ལ་ཚིག་ཉུང་བར་འབྲི་དགོས དེ་མིན། བྲིས་རིང་པོ་དེ་འདྲའི་དོན་བསམ་པ་ལྟ་ཅི། ཀློག་པ་ཡང་ཁོམས་མེད་པའི་དུས་སོ།།
དང་པོ་བོད་ཀྱི་བླ་སྤྲུལ་ཚོ་མི་དགོས། གཉིས་པ་བོད་ཀྱི་གྲྭ་བཙུན་ཚོ་མི་དགོས་ཟར་གྱི་རེད། དེ་ནས་ཆོས་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་དགོས་ཟེར་བ་ཐག་ཆོད། ཧ་ཧ་་་་་་་དོན་ངོ་མ་འུ་ཅག་ལ་དགོས་རྒྱུ་དེ་ཅི་ཞིག་རེད། ངས་བསམ་ན་འུ་ཅག་ལ་མི་དགོས་རྒྱུ་མང་དྲགས་ན། མཇུག་མཐར་འུ་ཅག་གིས་ལག་ཏུ་རེག་པ་དེ་རྒྱ་ནག་དམར་པོའི་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་འུ་ཅག་ལ་སྤྲོད་བཞིན་པ་དེ་ཁོ་ན་རེད་སྙམ་མོ།།
ནགས་ཐར་སྐྱིད་ཀྱི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་གཙང་མ་ཡོད། བོད་ཀྱི་ཡོད་ཚད་མ་འོངས་བར་རྒྱ་ནག་གི་རིག་གཞུང་འགྲེམས་སྟོན་ཁང་ཞིག་ལ་མ་བསླེབ་གོང་། དཔེར་ན་མན་ཇི་གོང་མ་བཞིན་ཟེར་བ་བདེན་པ་འདྲ་བོ་རེད། ད་ལྟ་དེ་འདྲའི་གནས་སྟངས་ཆགས་མེད། རང་ཉིད་རང་གིས་མེད་པར་བཟོ་བའི་གླེན་རྟགས་ཚ་ཤོས་ནི་རང་གི་རིག་གཞུང་དང་བླ་སྤྲུལ་ལ་ཁྱད་གསོད་བྱེད་པ་དེ་རེད།
གོང་ས་མཆོག་གིས་གསུངས་གསལ་ལ། བླ་མ་དང་སྤྲུལ་སྐུ་གཉིས་ལ་མུ་བཞི་བཞག་ཡོད་པ་འདིའི་སྟེང་ནས་ཤེས་དགོས།
ལེགས་བཤད། ༧གོང་ས་མཆོག་གིས་མ་གསུངས་ན་ཡང་སྤྲུལ་གོག་ཟེར་ན་བལྟས་ངན་ཡིན་པ་སྔ་ནས་ཤེས།
སྙིང་དཀར་ལགས། སྤྲུལ་སྐུ་གཏན་ནས་མི་དགོས་ཏེ། ངེད་ཅག་ངན་པ་མི་འདོད་པས་སོ།། གྲྭ་བཙུན་དགོས་ཀྱང་སྤངས་ལ་ཤ་མོ་རྡོལ་བ་ལྟར་མང་པོ་མི་དགོས།
སྤྲུལ་སྐུའི་མིང་ཅན་དེ་ཚོས་འདོད་གཏམ་བཤད་པ་མཛེས་པོ་རང་མཐོང་གི་མི་འདུག །གཟབ་གཟབ་བྱེད་ན་བསྟན་པ་ལ་ཕན་ནོ།།
ངས་མེ་ཏོག་དཀར་པོ་ལ་ཐལ་བ་ཞིག་མ་འཕེན་རང་འཕེན་ཆགས་སོང་། རྒྱལ་བ་རིན་པོ་ཆེ་ཆོས་ཅན་་་ངན་པ་ཡིན་པ་ཐལ་་་སྤྲུལ་སྐུ་ཡིན་པའི་ཕྱིར། ལན་ཁྱེར་ཤོག
སྤྲུལ་གོག་ལ་ལས་སྡོམ་པ་མེད་བཞིན་ཆོས་གོས་བསྣམས།
།འགའ་ཞིག་འཁོར་བ་ཟིན་ཅིང་གྲྭ་བར་གཡོག་ལས་བཞག
།ཁ་ཅིག་བུ་དང་ཚ་བོ་རྒྱུ་ནོར་ཆེད་དུ་སྤྲུལ་རྫུན་བཟོས།
།དེ་འདྲའི་མགོ་བསྐོར་བཏང་མཁན་དུས་རབས་འདི་ལ་འཁོ་བ་མིན།
མེ་ཏོག་དཀར་པོ་ལགས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྤྲུལ་དེ་སྐུ་ཕྲེང་བཅུ་བཞི་བ་ཚང་དགོས་དང་མི་དགོས། ཁྱོད་ཀྱི་བསམ་ཚུལ་དང་བོད་མི་མང་གི་བསམ་ཚུལ་མཐུན་མིན་གྱི་ལན་ཁ་གསལ་ཞིག་གནང་རོགས།
མེ་ཏོག་དཀར་པོའི་གསུངས་པ་ལ་མངོན་པར་སྟོད་དོ། ཐོ་བ་ཚང་མ་མེད་པར་བཟོ་བ་ལ་དང་པོ་ཐོ་བ་ཆེན་དག་མེད་པར་བཟོ་དགོས། དེས་ན་རྒྱལ་པཎ་གཉིས་དང་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པར་མེད་སོང་ན་ཤུལ་ལས་ཀྱི་ཐོ་ལུ་ཆུང་ཆུང་ཚོ་རང་བཞིན་གྱིས་ས་རྡོ་ལ་ཐུམ་འགྲོ་གི་རེད། དེ་དུས་བོད་པ་ཚང་གི་འདོད་དོན་འགྲུབ་རེད། རྒྱ་དམར་པོ་ཙང་གི་ཁ་ནང་ལ་རྡོ་རྒྱབ་རེད།
གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །
གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །
གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །
གངས་ཅན་བོད་ཀྱི་བླ་སྤྲུལ་ཚོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །
་་་་་་ ང་ཚོས་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་འདིའི་ཆོལ་གསུམ་རྡོག་སྒྲིལ་གྱི་དམ་ཚིག་ཡུན་ནས་ཡུན་དུ་བརྟན་ཆེད་བློ་རིག་སྒྲིམ་དགོས་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་ཐག་དུས་ནས་དུས་སུ་བསྲིང་ཐུབ་པར་བསམ་ཤེས་བྱེད་དགོས་པ་འདི་ཡིན།
དམ་ཚིག་རྡོག་སྒྲིལ་གྱི་ཆེད་དུ་སྲོལ་རྒྱུན་རིག་གནས་སྲུང་དགོས་ཤིང་། སྲོལ་རྒྱུན་རིག་གནས་སྲུང་བར་བླ་སྤྲུལ་དག་ལ་མོས་གུས་ཀྱི་འདུན་པ་རྙེད་དགོས། བསམ་གཞིགས་ཀྱི་དབང་གིས་དད་གུས་ལ་བརྩི་འཇོག་ཐོབ་སྲིད་ལ། དགོས་དབང་གིས་སྐྱབས་འཇུག་ཞུ་འོས། ་་་་་་་
་་་་་ འོན་ཀྱང་། བླ་སྤྲུལ་སྐོར་ཞིག་རྒྱ་གཞུང་གིས་གསོ་ཕག་ནང་བཞིན་ལྟོ་རང་འགྲུབ་ཅན་དུ་གྱུར་རྗེས། ཚོད་མེད་དུ་ཉལ་ཞིང་རྫོགས་མེད་དུ་ལོངས་སྤྱོད་ལ་ཆགས་པའི་དབང་གིས་དབྱེན་དཀྲུགས་ཀྱི་ལས་བྱེད་མཁན་དུ་འགྱུར་བཞིན་ཡོད་ལ། མི་མང་ཞེན་པ་ལོག་ཞིང་ཞེ་མེར་དགོས་པའི་གནས་ལ་སྐྱེལ་ཞིང་།མཚམས་རེར་་་་
་་་རྒྱུགས་པ་ལེབ་རྡུང་དང་བྱ་བརྒྱ་ཆེད་དཀྲོགས་ཀྱི་ལས་བྱེད་པ་ནི། བསམ་གཞིགས་གཏམ་སྙན་གྲགས་ཀྱི་ཆེད་དུ་གཏོང་མཁན་གྱི་གྲས་རེད། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་ཀྱི་གདོང་ཐུག་བར་ན། རང་ཚུགས་བོར་བཞིན་པའི་ཁྱུ་ཚོགས་དེ་ཁོ་བའི་གླེང་བྱ་མིན། ་་་་་་ཟེར།
དགྲ་གཉེན་མ་ནོར་བར་གྱིས།
ནང་དགྲ་ཡང་ངོ་ཤེས་པར་གྱིས།
ཆོས་པར་དག་སྣང་བྱེད་ཤེས་པར་གྱིས།
ཡོད་ཚད་ལ་ཁ་མ་གཏོང་།
སྐྱོན་བརྗོད་བྱེད་ཐུབ་པའི་ཁ་དང་སྙིང་ཁམས་ཡོད་ན།
སྐྱོན་སེལ་བཟང་སྤྱོད་སྤེལ་བའི་རང་ལ་ལྟ་སྤྱོད་བཟང་པོ་ཡོད་དགོས་ལ་
དེ་ཡང་སྤྱི་ཚོགས་ནང་ཁྱབ་ཐུབ་པར་གྱིས།
དེ་མིན་དད་མེད་ཁ་སྡིག་དཀྲུགས་ཤིང་མ་གྱིས་ན་མི་ལེགས་སམ། ལགས།
སྤུལ་སྐུའི་ནང་ལ་ཡག་ཉེས་སྣ་ཚོགས་ཡོད། བོད་པའི་ནང་ལ་ཡང་ཡག་ཉེས་སྣ་ཚོགས་ཡོད། རྒྱ་མིའི་ནང་ལ་ཡང་ཡག་ཉེས་སྣ་ཚོགས་ཡོད། གཅིག་མགོ་ཀུན་འགེལ་མ་བྱས་ན་ཡག། ང་ཚོས་སྤུལ་སྐུའི་ལེགས་ཉེས་མ་བརྗོད། ང་ཚོས་བོད་མི་དམངས་ཀྱི་རེ་བ་དང་། ཐོབ་ཐང་། མངོན་འདོད་འདི་དག་ཤེས་པར་བགྱིས་ནས། དེ་ལ་ཞབས་འདེགས་སུས་གྲུབ་ཀྱི་འདུག། དེ་ལ་གནོད་པ་སུས་བྱེད་ཀྱི་ཡོད་མེད་བཤད་ན་ལེགས།
་་་་་་ ང་ཚོས་སྤུལ་སྐུའི་ལེགས་ཉེས་མ་བརྗོད། ང་ཚོས་བོད་མི་དམངས་ཀྱི་རེ་བ་དང་། ཐོབ་ཐང་། མངོན་འདོད་འདི་དག་ཤེས་པར་བགྱིས་ནས། དེ་ལ་ཞབས་འདེགས་སུས་གྲུབ་ཀྱི་འདུག། དེ་ལ་གནོད་པ་སུས་བྱེད་ཀྱི་ཡོད་མེད་བཤད་ན་ལེགས། ་་་་་་ཟེར།
༧རྒྱལ་བ་རིན་པོ་ཆེ་གང་ས་གང་ལ་འཁྱེར་མ་ཡོང་རོགས། དེ་རྩོད་གཞི་དང་བྲལ་བ་རེད། རྩོད་མེད་ལ་རྩོད་གཞིར་མ་བཟུང་རོགས། སྤྲུལ་སྐུ་ལེགས་ཉེས་ཡག་སྡུག་ཤོད་སའི་ར་བའི་ནང་དུ་༧གོང་ས་མཆོག་མ་འདྲུད་རོགས་གནང། ལྕེ་ལ་རུས་པ་མེད་དུས་ཁ་བརྡའི་ནང་དུ་མི་ངན་མང་བས་འདི་བཤད་དང་མི་བཤད་མེད་པས་རྟ་རྒྱུགས་ཞོར་ལ་མེ་ཏོག་གྲབས་པའི་ཉེན་ཡོད་པས་དེ་ལུགས་ཚང་མས་ཐུགས་གཟབ་གནང་རོགས། སྤྲུལ་སྐུའི་ལེགས་ཉེས་བཤད་དུས་སུ་ལ་ཕོག་པ་དེ་འདི་ཡི་ཉིང་དགོས་དེ་རེད་འདུག་ཟེར།
༢༢༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ གི་ཆུ་ཚོད་ ༠ སྐར་མ་ ༥༢
༧རྒྱལ་བ་རིན་པོ་ཆེ་གང་ས་གང་ལ་འཁྱེར་མ་ཡོང་རོགས། དེ་རྩོད་གཞི་དང་བྲལ་བ་རེད། རྩོད་མེད་ལ་རྩོད་གཞིར་མ་བཟུང་རོགས། ་་་་་ཟེར།
སྤྲུལ་སྐུ་ལེགས་ཉེས་བཤད་ས་ན་རྒྱལ་བ་རིན་པོ་ཆེ་ཅི་ལ་བཤད་མི་ཆོག ཁོང་ཀྱང་སྤྲུལ་སྐུ་མ་རེད་དམ། སྤྲུལ་སྐུའི་ལེགས་ཉེས་ཡག་རྡུག་མ་ཕྱེས་པར་དབྱུག་པ་ལེབ་རྡུང་བྱེད་མཁན་སུ་ཡིན་ཤེས་པར་གྱིས་ཤིག
༡༣ ལུང་རྟོགས། སྐད་ཆེན་པོས། རྟགས་མ་གྲུབ་ཅེས་བརྗོད་དོ།།
༡༣༽ ལུང་རྟོགས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༣ གི་ཆུ་ཚོད་ ༢༣ སྐར་མ་ ༡༣
ངས་མེ་ཏོག་དཀར་པོ་ལ་ཐལ་བ་ཞིག་མ་འཕེན་རང་འཕེན་ཆགས་སོང་། རྒྱལ་བ་རིན་པོ་ཆེ་ཆོས་ཅན་་་ངན་པ་ཡིན་པ་ཐལ་་་སྤྲུལ་སྐུ་ཡིན་པའི་ཕྱིར། ལན་ཁྱེར་ཤོག
ཞེས་པ་ལ།
༢༥༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ གི་ཆུ་ཚོད་ ༡ སྐར་མ་ ༥༢
༡༣ ལུང་རྟོགས། སྐད་ཆེན་པོས། རྟགས་མ་གྲུབ་ཅེས་བརྗོད་དོ།། ་་་་ཟེར་ན།
མེ་དཀར་ལགས།
རྒྱལ་བ་རིན་པོ་ཆེ་ཆོས་ཅན། སྤྲུལ་སྐུ་མ་ཡིན་པར་ཐལ། རྟགས་མ་གྲུབ་པའི་ཕྱིར། མེ་ཏོག་དཀར་པོ་ལགས། ཧ་ཧ་ཧོ་ཧོ། ལན་འཁྱེར་ཤོག ལན་མགྱོགས་པོ་འཁྱར་ཤོག ལན་ད་ལྟ་རང་འཁྱེར་ཤོག །
བོད་ཀྱི་ཆོས་རྒྱུད་ཚང་མ་ལ་སྤྲུལ་སྐུའི་ལམ་ལུགས་ཡོད་པ་གང་འདྲ་བྱས་ནས་བྱུང་བ་རེད་དམ། སྔོན་གྱི་སྐྱེས་བུ་དམ་པ་དེ་དག་གི་མཛད་པ་འཕྲིན་ལས་ཀྱི་མིག་ལྟོས་བཟང་པོ་སྲུང་སྐྱོབ་བྱ་ཆེད་སྤྲུལ་སྐུའི་ལམ་ལུགས་བྱུང་བ་ཞིག་རེད་ཅེས་གུས་བས་སེམས། དེས་ན་སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱར་ནས་བསྟན་པ་དང་འགྲོ་བ་ལ་ཕན་པའི་མཛད་པ་སྟོན་དགོས་པ་གལ་ཆེན་པོ་རེད། དེ་མིན་རྒྱུ་དང་འཁོར་གཡོག །གཉེན་དང་བག་མེད་ལོངས་སྤྱོད་ལ་ཅི་དགར་སྤྱོད་པ་འདིའི་རིགས་ཀྱིས་གང་ཟག་སྒེར་མཚན་དུ་བྱས་ནས་བསྟན་པ་སྤྱི་ལ་རྨ་མི་འབྱིན་པའི་ཐབས་སུ་འགྲོ་དཀའ་བས། མིག་ལྟོས་ངན་པ་ཞིག་མི་འཇོག་པའི་ཐབས་ལ་བརྩོན་པ་ཉིད་ནི་ཁ་སང་དེ་རིང་གི་དུས་ཚོད་འདི་ལ་ཉིང་དགོས་ཆགས་ཡོད། རྒྱལ་བ་ཀརྨ་པ་དང་། གླིང་རིན་པོ་ཆེ། ཀུན་བདེ་གླིང་མཆོག་སྤྲུལ་སོགས་བླ་སྤྲུལ་དགུང་གཞོན་མང་པོ་ཞིག་བསླབ་པ་ཚུལ་ཁྲིམས་ལ་གནས་ནས་སྤང་ལ་ཤ་མོ་བརྡོལ་བའི་དཔེ་ལྟར་ཡོན་ཏན་གྱི་གཏེར་ལ་མངའ་བརྙེས་ཤིང་རང་གིས་ཉམས་སུ་བླངས་ནས་གཞན་ལ་མིག་ལྟོས་བཟང་པོ་འཇོག་གནང་མཛད་པ་ནི་བསྔགས་བརྗོད་ཞུ་འོས་པ་རེད། གང་ལྟར་སྐྱེ་བོ་རྣམས་ཀྱི་མིག་ལ་རན་པ་ཞིག་གནང་དགོས་པ་ནི་འདུལ་བའི་ཀུན་སྤྱོད་ལས་ལྷག་པ་ཞིག་ཡོད་པ་མ་རེད།
རྒྱལ་བ་རིན་པོ་ཆེ་ཆོས་ཅན་་་སྤྲུལ་སྐུ་ཡིན་པ་ཐལ་་་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པའི་ཕྱིར། ལན་ཁྱེར་ཤོག
བོད་ཀྱི་སྐྱེ་དགུས་དད་པ་སུ་ལ་བྱེད།
ད་ལྟའི་སྐབས་སུ་སྤྲུལ་སྐུར་དད་པ་བྱེད།
འོན་ཀྱང་ལོ་ངོ་དྲུག་བརྒྱ་ཙམ་སྔོན་དུ།
བླ་མའི་མཛད་པ་མཐོང་ནས་སྤྲུལ་སྐུར་བརྩིས།
རོང་ཟོམ་ཆོས་བཟང་ས་པཎ་ཆོས་རྗེ་དང་།
ཀློང་ཆེན་རབ་འབྱམས་རྗེ་བཙུན་ཙོང་ཁ་པ།
སྤྲུལ་སྐུར་ངོས་འཛིན་མེད་ཀྱང་མི་མངས་དད།
འོན་ཀྱང་རིམ་པས་དུས་ལ་འགྱུར་བ་བྱུང་།
རང་གི་བླ་མར་ཡིད་ཆེས་དད་པ་ཡིས།
བོད་དུ་སྤྲུལ་སྐུ་མེད་ན་བསྟན་པ་མེད།
བདག་གིས་ངོ་ཤེས་མི་ཞིག་བོད་དུ་སོང་།
དགོན་པ་གང་ལ་སྤྲུལ་པའི་སྐུ་ཡོད་པ།
དེ་ཡི་སྒྲིག་ལམ་ཀུན་སྤྱོད་ལེགས་པ་མཐོང་།
དགོན་པ་གང་ལ་སྤྲུལ་པའི་སྐུ་མེད་པ།
དེ་ཡི་སྒྲིག་ལམ་ཀུན་སྤྱོད་ངན་པར་མཐོང་།
དེ་ཡང་བོད་མི་མངས་ལ་རག་ལས་པས།
སྤྲུལ་སྐུར་ངོས་འཛིན་མེད་ཀྱང་སྐྱེས་བུ་ཡི།
མཛད་པ་མཐོང་ནས་དེ་ལ་དད་སྐྱེད་དགོས།
རྒྱ་གར་འཔགས་པའི་ཡུལ་དུ་བྲམ་ཟེའི་རིགས།
མེད་པར་བཟོ་བའི་བསྟན་བཅོས་མང་ན་ཡང་།
མེད་པར་ཆགས་པ་ཤིན་ཏུ་དཀའ་བར་མཐོང་།
དེ་བཞིན་བོད་དུ་ཆེས་དར་སྐྲུལ་སྐུ་ལ།
དད་པ་མེད་པར་བཟོ་བ་ཤིན་ཏུ་དཀའ།
འོན་ཀྱང་མི་དགོས་ཟེར་བའི་གཏན་ཚིགས་འདི།
སྤྲུལ་སྐུ་ལེགས་པར་འགྱུར་ལ་ཕན་ཐོགས་ཡིན།
དེ་སྐད་སྨྲ་བ་པོ་ལའང་ལེགས་གསོལ་དགོས།
དཔེར་ན་ལྷས་བྱིན་གཏུམ་པོས་མ་སྨད་ན།
སངས་རྒྱས་ཆེ་བ་འཐོན་པ་དཀའ་བར་གསུངས།།
སྤྲུལ་སྐུ་དེ་ཚོས་ལུས་ལ་གོན་རྒྱུ་ཀོ་བའི་ལྷམ་དང་ཐེར་ཟན་གོས་ཆེན་འབུ་རས་དང། རྒྱབ་ལ་འཁྱེར་རྒྱུ་apple computer I phone 4 5 ཅན་དང་པར་ཆས་རྫིག་ཚད་ཀོ་བའི་ལྟོ་ཕད་ཀོ་བའི་དངུལ་ཁུག་དང། ཁ་ལ་བཟའ་རྒྱུ་བྱ་ཤ་ཉ་ཤ་རྒྱ་མཚོའི་འབུ་རིགས་ཀྱིས་མཚོན་པའི་ཤ་རིགས། གདོང་ལ་བྱུགས་རྒྱུའི་དེང་རབས་ཀྱི་ཞགས་རྩི་རིན་གོང་ཆེ་ཚད་དང། ལས་རྒྱུ་གྲོང་ཁྱེར་ལ་འཁྱམས་རྒྱུ། བསམ་རྒྱུ་བུ་མོ་ལོ་གཞོན། བལྟ་རྒྱུ་དངུལ་དང་བུད་མེད། བཤད་རྒྱུ་ཆོས་ལུགས་ཆགས་སྡང། ནུབ་ཕྱོགས་སུ་ཕྱིན་ཏེ་མེད་རབས་མུག་རབས་ད་ཕྲུག་གསོ་རབས་དགོན་པ་བཞེང་རབས་མཆོད་རྟེན་བཞེངས་རབས་དང། ཤར་ཕྱོགས་སུ་སླེབས་ཏེ་ཡོད་རབས་ཕྱུགས་རབས་མངོན་ཤེས་ཡོད་རབས་སྐུ་གོང་མར་མཐུ་དང་ནུས་པ་ཉམས་རྟོགས་ཡོད་རབས་ལུང་པ་བཅོ་བརྒྱད་བཤད། སབསོད་རྒྱལ་རིན་པོ་ཆེ་ཡིས་བྲིས་པའི་བར་དོའི་ནང་དུའང་རང་གི་རྩ་བའི་བླ་མས་ཁོང་ལ་ལུང་དུ་བསྟན་རབས་ཁོང་ལ་གཙིགས་མཐོང་ཆེན་པོ་བྱས་རབས། དོན་དུ་རང་ལ་ཡོད་རབས་སྟོན་པའི་ཆེད་དུ་སྐུ་གོང་མ་ལ་ཡོད་རབས་ཀྱི་བསྟོད་པ་ལུང་པ་གང་བཤད་འདུག
རྩོམ་པ་པོ་འདིས་ཞི་བདེ་གླིང་དགོན་པ་ཟེར་བ་ཞིག་ཡོད་ཚུལ་བྲིས་འདུག དེའི་སྐོར་མང་ཙམ་གསུངས་དང་། ལྷ་ས་ན་ཞི་བདེ་གླིང་ཟེར་བའི་དགོན་པ་ཞིག་ཡོད་པ་ཐོས་པ་ཐེངས་དང་པོ་ཡིན། དེ་ལྷ་སའི་གང་ཞིག་ན་ཡོད་པ་རེད། དེ་རྭ་སྟག་གཉིས་སུ་ཞིག་ལ་འབྲེལ་བ་ཡོད་པ་རེད། དེ་ལ་རྒྱ་ནག་གཞུང་གིས་འགྲེལ་བཤད་ཅི་འདྲ་ཞིག་རྒྱག་བཞིན་ཡོད་པ་རེད།
བོད་ཀྱི་གསང་བ་ཞེས་པའི་གློག་བརྙན་དེར་བལྟས་ན་གསལ་པོ་ཤེས་ཐུབ། དྲ་གྲོཊ་ཚོས་ཡིན་གཅིག་མིན་གཅིག་ལྟ་རོཊ་གནང་།
སྤྲུལ་སྐུ་ཡོད་ན་བོད་ལ་དེས་ཆོག་ཡིན།།
སྤྲུལ་སྐུ་མེད་ན་བོད་ལ་ཐབས་ཆག་ཡིན།།
སྤྲུལ་སྐུའི་རྣམ་ཐར་རྒྱས་ན་བོད་རྣམས་བདེ།།
སྤྲུལ་སྐུར་གུས་པ་ཆེ་ན་བོད་རྒྱལ་ལོ།།
སྤྲུལ་སྐུ་མེད་ན་བོད་རྣམས་ལྐུགས་པ་ཡིན།།།
སྤྲུལ་སྐུ་མེད་ན་བོད་རྣམ་འབྱོར་མེད་ཡིན།།
སྤྲུལ་སྐུ་མེད་ན་བོད་རྣམས་ཞྭ་བོ་ཡིན།།
སྤྲུལ་སྐུ་མེད་ན་བོད་ལ་འཇོན་ཐང་མེད།།
སྤྲུལ་སྐུས་བོད་ཀྱི་རིག་གཞུང་རྨང་ནས་བསླངས།།
སྤྲུལ་སྐུས་བོད་ལ་གནས་གོས་ཟས་མལ་བསྟབས།།
སྤྲུལ་སྐུས་བོད་ལ་ཟ་ལུགས་འཐུང་ལུགས་བསླབས།།
སྤྲུལ་སྐུས་བོད་ཀྱི་སྲོག་རྩ་གཞིར་བཞེངས་བྱས།།
སྤྲུལ་སྐུ་དཔལ་འབྱོར་ཆེ་བས་ཉོ་རྒྱུ་མེད།།
སྤྲུལ་སྐུ་གཡོ་སྒྱུ་ཅན་ཞིག་ཡོད་རབས་མེད།།
སྤྲུལ་སྐུའི་གཏི་མུག་ཅན་ཞིག་དེ་བས་མེད།།
སྤྲུལ་སྐུ་ཡིན་ན་ལེགས་དགུ་ཚང་དགོས་སོ།།
ད་བྱས་ན་སྤྲུལ་སྐུའི་སྐོར་ལ་བགྲོ་གླེང་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་གནང་གི་འདུག། དེ་ལ་ངོས་ནས་ཀྱང་བསམ་འཆར་ཅུང་ཟད་ཅིག་འབུལ་བར་སྤྲོ། ངའི་བསམ་འཆར་ལྟར་ན་སྤྲུལ་སྐུ་ངེས་པར་དུ་དགོས། དེང་སང་སྤྲུལ་སྐུའི་བྱེད་སྤྱོད་ཇེ་ངན་དུ་འགྱུར་པ་ནི་སྤྲུལ་སྐུ་ཁོང་ལ་ཁ་གཡོགས་མི་རུང། དེ་ནི་སྤྲུལ་སྐུ་དེ་ཚོའི་ཡོངས་འཛིན་དང་ཕ་མ་རྣམས་ཀྱི་ནོར་འཁྲུལ་རེད། དེ་ཡིན་དུས་སྤྲུལ་སྐུ་ཡག་པོ་རྒྱལ་བ་རིན་པོ་ཆེ། པད་ནོར་རིན་པོ་ཆེ། རྡོ་གྲུབ་རིན་པོ་ཆེ། ཨ་ལག་གཟན་དཀར་རིན་པོ་ཆེ་ལྟ་བུ་ཞིག་ཡོང་དགོས་ན་ཆུང་དུས་སྤྲུལ་སྐུར་ངོས་འཛིན་གནང་ཙམ་ཉིད་ནས་ཁྲི་མཐོན་པོ་སྒང་ལ་བཞག་ནས་བྱིན་རླབས་གནང་ཆོག་ཆོག་མ་ཡིན་པར་ཡོངས་འཛིན་ཡག་པོ་ཞིག་བསྐོས་ནས་སློབ་སྦྱོང་ཡག་པོ་ཞིག་སྤྲོད་དགོས་རེད། དེང་སང་གི་སྤྲུལ་སྐུ་ཆུང་ཆུང་ཚོའི་གྲལ་དུ་རང་ཉིད་ཀྱིས་དབང་གི་དོན་ཤེས་རྒྱུ་ཕར་བཞོག་དབང་བཤད་ཀྱི་ཚིག་ཙམ་ཡང་ཀློག་ཐུབ་ལ་མ་ཐུབ་ཀྱི་ངང་ནས་དབང་བསྐུར་མཁན་མང་པོ་མཐོང་རྒྱུ་འདུག། སྤྲུལ་སྐུ་ཆུང་ཆུང་དེ་ཚོ་མ་འོངས་པའི་ནང་དུ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་སྒྲུབ་མཁན་ཞིག་གུ་འགྱུར་དགོས་ན་ད་ལྟ་ཆུང་ཆུང་དུས་སུ་རྒྱུ་ནོར་སྒྲུབ་བྱེད་ཀྱི་ཆེད་དུ་བཀོལ་མི་རུང་། དེ་ལྟར་བཀོལ་མཁན་ཕ་མ་དང་ཡོངས་འཛིན་སུ་ཡིན་རུང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་མི་མང་ལ་བསླུ་འབྲིད་ཡང་སྒོས་ཕྲུ་གུ་དེ་ལོག་ལམ་དུ་བསྐྱལ་བས་འཛམ་གླིང་ནང་གི་ནག་ཉེས་པ་ཆེ་ཤོས་ཤིག་ཏུ་ངོས་འཛིན་འོས། དེ་བཞིན་ད་དུང་གཞན་ཞིག་བསྒྱུར་བཅོས་གཏོང་དགོས་པ་ནི་བླ་མ་ག་གེ་མོ་ཞིག་གིས་སྤྲུལ་སྐུར་ངོས་འཛིན་ན་དེ་ནས་རྒྱལ་བ་རིན་པོ་ཆེ་དབུས་པའི་བླ་མ་ཆེ་བགྲེས་ཡོངས་ནས་ཆོག་མཆན་ནམ་ངོས་སྦྱོར་གྱི་ཡི་གེ་ཞིག་ཞུ་སྲོལ་དེ་རེད། སྤྲུལ་སྐུ་དངོས་ནས་ཡིན་སོང་ན་དེ་འདྲའི་ངོས་སྦྱོར་དགོས་པ་ཞིག་རྩ་ནས་མཐོང་གི་མི་འདུག། དེས་སྤྲུལ་སྐུ་ཚོང་བསྒྲགས་བྱེད་རྒྱུར་ཕན་པ་ལས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་སྒྲུབ་རྒྱུར་ཕན་ཐོགས་གང་ཡང་ཡོད་མདོག་མེད། སྤྲུལ་སྐུ་ཡག་པོ་ཞིག་ཡོང་དགོས་ན་དེ་འདྲའི་ཁྱབ་བསྒྲགས་གནང་རྒྱུ་ཡང་འཛེམ་དགོས་པར་མཐོང་།
སྤྱིར་བོད་ཁམས་ཡོངས་རྫོགས་གཅིག་གྱུར་གྱི་ངང་ད་ལྟའི་བར་དུ་བསྡོད་ཐུབ་པ་འདི་གང་ལ་བརྟེན་ནས་བྱུང་བ་ཡིན་བསམ་གཞིག་བྱེད་དགོས་པ་དང་། རྒྱ་ནག་གིས་བླ་སྤྲུལ་མེད་པར་བཟོ་བའི་རྒྱབ་ལྗོངས་གང་ཡིན་དང་བླ་སྤྲུལ་དང་གྲྭ་བ་མེད་པར་ཆགས་ན་གང་འདྲ་ཞིག་འབྱུང་བ་སོགས་ད་ལྟ་བལྟོས་ན་ལེབ་མཐོང་ཡིན་པས་ཀུན་གྱིས་གཟབ་དགོས་པ་གལ་ཆེ་བར་མཐོང་། འོ་ཀྱང་བླ་སྤྲུལ་གྲྭ་བ་ཡང་དག་པ་ཡོང་རྒྱུ་ལ་འབད་དགོས་ལ་དེ་ཡང་རྒྱ་ནག་གི་ལག་ཆ་རུ་མ་སོང་བ་བྱེད་ཀྱི་གལ་ཆེ་བར་སྙམ། དེ་མིན་བླ་སྤྲུལ་ལ་ཞེ་སྡང་བ་ཙམ་གྱིས་མི་ཕན།
ད་དུང་གཅིག་ཞུ་རྒྱུ་ལ་དགོན་པ་དང་བླ་མ་གྲྭ་པ་སུན་ཡིན་རུང་རང་ཉིད་ཀྱི་རྩ་བའི་བླ་མའི་ཡང་སྲིད་ཅིག་ངེས་པར་དུ་བཙལ་འདོད་ཡོད་ན་ཐོག་མར་སྤྲུལ་སྐུ་བཙལ་བའི་བཙལ་སྟངས་དང་། སྤྲུལ་སྐུ་ངོས་འཛིན་པའི་རྗེས་སུ་ཁོང་ལ་ཡོངས་འཛིན་སུ་ཞིག་བསྐོ་རྒྱུ་ཡིན་ནམ། སྤྲུལ་སྐུ་དེ་ལ་སློབ་སྦྱོང་གང་འདྲ་སྤྲོད་ཀྱི་ཡིན་ནམ་སོགས་སྔ་ས་ནས་གྲ་སྒྲིག་ཡག་པོ་ཞིག་བྱེད་དགོས་འདུག། སྤྲུལ་སྐུ་ངོས་འཛིན་བྱས་ཚར་བའི་རྗེས་སུ་སྤྲུལ་སྐུ་བཙལ་མཁན་ནམ་འབྲེལ་ཡོད་དགོན་སྡེ་དང་དེ་གའི་གྲྭ་བཙུན་རྣམས་ཀྱིས་སྤྲུལ་སྐུ་དེའི་འགན་ཧྲིལ་བུ་འཁུར་ནས་དེ་ལ་སྤྲུལ་སྐུའི་ཕ་མ་གྲལ་གཏོགས་རྩ་ནས་བྱེད་དུ་མ་བཅུག་པར་བཞག་དགོས། སྤྱི་བྱེ་བྲག་གི་ཡོངས་འཛིན་སོ་སོར་བསྐོས་ནས་ལོ་༡༨ ཀྱི་བར་དུ་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་ནས་འགོ་བརྩམས་ཏེ་རང་རང་གི་སྒོས་ཆོས་རྣམས་ལ་མཚམས་བསྙེན་སྒྲུབ་གང་ལ་གང་འཚམས་ཤིག་ངེས་པར་དུ་གནང་བཅུག་དགོས། ལོ་༡༨ ཀྱི་བར་དུ་སྒྲིག་དམ་པོའི་ཐོག་ནས་དེ་ལྟར་སློབ་སྦྱོང་སྤྲད་པ་ཡིན་ན་སྤྲུལ་སྐུ་དེས་སངས་རྒྱས་ཀྱི་བསྟན་པ་ལ་ངེས་པར་དུ་ཕན་ཐོགས་ཐུབ་ཀྱི་རེད།
དེ་ལྟར་མིན་པར་སྤྲུལ་སྐུ་དེ་གང་སར་ཁྱེར་ནས་ཁྱབ་བསྒྲགས་ས་བསྒྲགས་གནམ་བསྒྲགས་བྱེད། ཡི་གེ་ཀློག་ཐུབ་མི་ཐུབ་ཙམ་ནས་དབང་བསྐུར་དང་བྱིན་རླབས་བྱེད་དུ་ཆུག། ཡོངས་འཛིན་ཟེར་བ་ཡང་བསྐོས་རྒྱུ་མེད། གལ་ཏེ་བསྐོས་པའི་དབང་དུ་གཏང་ན་ཡང་ཡོངས་འཛིན་དེ་ལ་སྤྲུལ་སྐུའི་དབང་ཆ་གང་ཡང་མེད་པར་ཞབས་ཕྱི་ལྟ་བུའི་རྣམ་པ་ཞིག་ལས་མེད་ན་ཡོངས་འཛིན་དེས་ཀྱང་སྤྲུལ་སྐུ་ལ་ཡོན་ཏན་ཕུལ་བ་ཁག་པོ་ཡོང་གི་རེད།
༢༨ ལུང རྟོགས། ཁྱབ་ལོག་འདྲ།
འདིར་རྒྱལ་བ་ཙོང་ཁ་པའི་རིང་ལུགས་པ་ད་ཡོད་ན་གསོན་ཅིག མིག་དཔེར་འོས་ཤིང་མིག་ལ་མཛེས་པ། དོན་དང་མཐུན་པའི་དགེ་ལྡན་ཁྲི་པའི་ལམ་ལུགས་དང་། དགེ་ལུགས་པའི་གདན་ས་དག་ཏུ་མཁན་པོ་དག་གིས་བསྐྱངས་དང་སྐྱོང་བཞིན་པ་འདི་བདག་པོ་ཡག་པོ་རྒྱབ་རོགས། གྲྭ་རྒན་རེ་རེ་ཤི་ཤུལ་དུ་བྱིས་པ་སྣམས་ལུད་རེ་རེར་སྤྲུལ་སྐུར་བཏགས་ན་སྔར་གྱི་སྲོལ་བཟང་ནུབ་ཉེན་ཆེ།
སྤྲུལ་སྐུ་ཡིན་ན་བལྟས་ངན་ ༨༡ ཡིན་པས་ཁྱབ། དཔེར་ན་ཨོ་ཉི་དང་དབང་ཆེན་བཞིན།
ཨོ་ཉིའི་གསོས་ཕྲུག
ཁྱེད་རང་བགྲོ་གླིང་བྱེད་པའི་ཁུལ་རེད་མོད་དོན་ལ་རང་གི་མི་རིགས་སེམས་ཁམས་ལ་རྡོག་རྩིས་གཏོང་གི་འདུག དོན་དངོས་ཀྱི་བསྟན་དགྲ་ངོ་མ་དེ་ཁྱེད་ཚོ་ཆགས་མི་འདུག་གམ།
གསུང་པ་པོ། འཇིགས་མེད་ཕུན་ཚོགས་འབྱུང་གནས།
གསེར་འོད་འཕྲོ་བའི་ཞབས་རྗེས་ཞེས་པ་ལས་བཏུས།
འོས་སྦྱོར་བྱེད་མཁན། ཁྱུང་པོ་བདེནའཚོལ།
དེ་རིང་ཁ་སང་སྤྲུལ་སྐུ་མང་པོ་འདུག སྔོན་ཆད་བླ་མ་དང་དཔོན་པོ་དེ་ཚོའི་བུ་སྤྲུལ་སྐུ་རེད། དེང་དུས་འབྱོར་ལྡན་དང་གདོང་པ་དཀར་པོ་དེ་ཚོ་སྤྲུལ་སྐུ་རེད། ཤམ་བྷ་ལ་དང་། ཟངས་མདོག་དཔལ་རི་སོགས་ཞིང་ཁམས་དེ་ཚོའི་སྒོ་སྲུང་ཇེ་བཙན་དུ་སོང་ཡོད་ས་རེད། ཚང་མ་ཡར་མི་ཕེབས་པར་མར་ལ་ཡོང་གི་འདུག ད་དུང་ཤི་གསོན་བྱེ་མའི་ལ་ཁ་ནས་ཚུལ་ཡོང་དུས་རྡོ་ཕ་བོང་ཞིག་ལ་གདོང་ཐུག་བརྒྱབ་སྟེ་གས་འཐོར་དུ་སོང་བ་འདྲ། ཚུལ་བསླེབས་དུས་མི་མང་པོ་ཞིག་ཏུ་ཆགས་འདུག ཡོན་ཏན་དེ་ཡང་ཡང་སྤྲུལ་མང་པོ་ཡོད་པ་དེ་ཚོར་བགོ་བཤའ་བརྒྱབ་པའམ། ཡང་ན་དམྱལ་བའི་སྒོ་སྲུང་རྣམས་ཀྱིས་འཕྲོགས་བཅོམ་བྱས་སོང་བ་འདྲ། གང་ལྟར་སྐུ་སྔོན་མ་ལས་བརྒྱ་འགྱུར་གྱི་སྡུག་ཏུ་ཕྱིན་འདུག མང་ཆེ་བས་ཆོས་གོས་དང་ཕྲེང་བ་སོགས་ངོ་ཤེས་ཀྱི་འདུག་ཟེར་ནའང་ཐུགས་རྒྱུད་ཀྱི་ཡོན་ཏན་ནི་བརྗེད་ཚར་འདུག་པས་ཐ་ན་ཀ་ཁ་ཡང་སློབ་ཁག་པོ་རེད། ཡང་ཅུང་ཙམ་ནར་སོན་པའི་ཚེ་ཐོས་བསམ་སློབ་གཉེར་ལ་མི་བརྩོན་པར་དགོན་པའི་བསྟན་བདག་དང་། ཁྲི་ཐོག་པའི་མིང་གནས་དབང་ཆ་དང་གོ་གནས་འཛིན་གྱི་འདུག མིང་ཁུར་ནས་བསྟན་པ་ལ་སྲི་ཞུ་བསྒྲུབ་ན་འགྲིག་གི་འདུག་གི་རེད་དེ། འགའ་ཤས་ནི་བསྟན་བཤིག་གི་གཙོ་འཛིན་ལྟ་བུ་ཆགས་འདུག དེ་སྐྱོ་གནས་རེད། ཇི་སྐད་དུ། སྐུ་སྐྱེས་བསྟན་དོན་ལ་བྱོན་ན།། བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས།། ཞེས་གསུངས་པ་བཞིན་སེམས་ཅན་གྱི་དོན་དུ་སྤྲུལ་ཡོང་ཡིན་ཟེར་མཁན་དེ་ཚོ་བསྟན་འགྲོ་ལ་ཕན་ཐོགས་མཁན་དམིགས་བསལ་འདྲ་བོ་ཞིག་དགོས་པ་རེད། འོན་ཀྱང་དེང་དུས་སྤྲུལ་སྐུ་ཟེར་བ་དེ་ཚོ་མང་ཆེ་བ་ཞིག་བླ་བྲང་ཆེ་གེ་མོའི་ཤུལ་འཛིན་དང་། བླ་མ་ག་གེ་མོའི་མཚན་གནས་བདེ་སྤྱོད་བྱེད་མཁན། ཡང་ན་དཔལ་འབྱོར་འདུ་འགོད་ཀྱི་ལག་ཆ་ལྟ་བུར་གྱུར་འདུག་པས་ཧ་ཅང་གི་སྐྱོ་པོ་རེད། བདག་ཅག་གི་སྟོན་པས། ངའི་བསྟན་པ་འདི་ཕྱི་རོལ་གྱི་ལྷ་དང་བཅས་པ་བདུད་དང་བཅས་པ་སུ་གང་གིས་ཀྱང་གཞིག་མི་ནུས་མོད། ངའི་རྗེས་འཇུག་གི་གཟུགས་བརྙན་འཆང་བ་འགའ་ཞིག་གིས་བསྟན་པ་བསྣུབ་པར་འགྱུར་ནུས་ཞེས་ལུང་བསྟན་གསལ་པོ་གསུངས་ཡོད་པས། བསྟན་པའི་བདག་པོ་དང་། སྤྲུལ་པའི་སྐུ། རིན་པོ་ཆེ་ཡིན་ཟེར་མཁན་དེ་ཚོ་གོང་གི་ལུང་བསྟན་གྱིས་ཟིན་པའི་མི་སྣ་གཙོ་བོ་ལྟ་བུ་ཆགས་སོང་ན་བློ་ཕམ་དང་ཐབས་སྡུག་རེད། ངས་ནམ་རྒྱུན་སྤྲུལ་སྐུ་དེ་ཚོ་ལ་དམའ་འབེབས་དང་། ཁ་གཏད་གཅོག་པ་ལྟ་བུའི་ཚིག་མང་ཞིག་ཞུ་དགོས་ཐུག་གི་འདུག་ཀྱང་། མ་དད་པ་དང་ཕྲག་དོག་ནི་བྱས་པ་མིན། བཤད་དོན་མེད། ང་ཡང་ཆུང་དུས་ཞིག་ནས་སྤྲུལ་སྐུ་ཞིག་ལ་ངོས་འཛིན་བྱས་པ་རེད། འོན་ཀྱང་བསྟན་པ་སྤྱི་དང་ཁྱད་པར་སྤྲུལ་སྐུ་དེ་ཚོ་ལ་ཕན་ཐོགས་ན་སྙམ་སྟེ་ཞུས་པ་ཡིན། སྤྲུལ་སྐུ་འགའ་རེས་ངས་ཅིག་བཤད་བསྡད་དུས་མི་དགའ་བ་གནང་གི་འདུག ཡིན་ནའང་ངས་བསམ་པ་དཀར་པོ་ཡིན་སྙམ་ནས་འཚེར་གྱི་མི་འདུག འགྲོ་ཐུབ་མཁན་ཚོ་ཕྱི་རྒྱལ་གྱི་ལུང་པ་དང་། འགྲོ་མི་ཐུབ་མཁན་རྒྱ་ནག་སོགས་ཡུལ་གྲུ་དུ་མ་ལ་ཤིག་བཞིན་ཉུལ་ཏེ་ཞབས་འདྲེན་མང་པོ་བྱེད་ཀྱི་འདུག དེ་ལས་ཆུང་དུས་ནས་མཚན་ལྡན་བླ་མ་རེ་བསྟེན། བཤད་སྒྲུབ་ཀྱི་བསྟན་པ་ཡོད་སའི་དགོན་སྡེ་གང་རུང་རེ་ལ་སོང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད། སྤྲུལ་སྐུ་རྣམས་ཀྱིས་ཡག་པོ་བྱས་ན་མཚན་གནས་རྗེས་འབྲེལ་གྱིས་བསྟན་འགྲོ་ལ་ཕན་ཐོགསཀྱི་འདུག ཡག་པོ་མ་བྱས་ན་དེ་བཞིན་བསྟན་པ་ལ་གནོད་ཀྱི་འདུག་ཅེས་སོགས་ཡང་ཡང་གསུངས་ཡོད་པ་དང་། དེ་བཞིན་ངའི་མི་ཚེའི་ནང་སྤྲུལ་སྐུ་སུ་ཡང་ངོས་འཛིན་མ་མྱོང་ལ་བྱེད་ཀྱང་མི་ནུས་ལ་ཞེས་ཀྱང་གསུངས་ཡོད།།
སྤོ་པ་མཐའ་ཡས་ལགས། འདིར་སླེབས་ནས་དོགས་འདྲི་བྱས་བ་ཤིན་ཏུ་འགྲིག
ཞི་བདེ་ཞེས་བ་ནི་བཞི་བདེའི་ཡིག་ནོར་ཤོར་འདུག ཡིན་པ་དེ་བཞི་བདེ་གླིང་རེད། བཞི་བདེ་གླིང་ནི་ར་སྒྲེང་རིན་པོ་ཆེའི་ལྷ་སའི་བཞུགས་ཡུལ་དངོས་ཞིག་མ་རེད་དེ། བླ་བྲང་གི་ཁྱབ་ཁོངས་ཞིག་ཡིན་ཚོད་འདུག
ད་ལྟ་རྒྱ་ནག་གཞུང་གི་བཞི་བདེ་གླིང་ར་སྟག་གཉིས་ཀྱི་དོན་རྐྱེན་དང་སྤྲེལ་ཐབས་ཀྱིས་ར་སྒྲེང་དགོངས་པ་རྫོགས་རྗེས་སྐུ་ཕུང་བཞི་བདེ་གླིང་དགོན་པ་ལ་གདན་འདྲེན་བྱས་ཚུལ་གྱི་ཤོད་སྲོལ་ལྟར་རེད།
ར་སྟག་གཉིས་ཀྱི་དོན་རྐྱེན་ལ་རྒྱ་ནག་གཞུང་གི་ཅི་ལྟར་འགྲེལ་བརྗོད་བྱེད་སྟངས།རྩོམ་པ་པོ་ལྗོངས་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀ་ཤོད་ཆོས་རྒྱལ་ཉི་མ་འབོད་པ་ལ་སོགས་ཀྱིས་མཚོན་པའི་ཏང་གི་རྗེས་འཇུག་པ་མང་བོས།སྟག་བྲག་ཕྱོགས་ཀྱིས་བཙན་རྒྱལ་རིང་ལུགས་པ་ངན་འབྲེལ་གྱིས་བོད་རང་བཙན་བྱེད་འདོད་དང་མེས་རྒྱལ་གཅིག་གྱུར་ལ་གནོད་སྐྱོན་བཏང་ཚུལ།སྔོན་ཆད་ཀྱང་དེ་ལྟར་འགྲེལ་བརྗོད་བྱས་བ་རེད་ལ།ད་ལྟ་ཡང་དེ་དང་དེ་བཞིན་གྱིས་མ་ཎི་འདོན་འདོན་བྱེད་ཀྱིན་འདུག་ན།མང་བོ་ཞིག་ཞུ་དགོས་བ་མི་འདུག ཐུགས་རྗེ་ཆེ།
ཨོ་ཉི་ལུང་བསྟན་པའི་མདོ་རེད་འདུག་ག
བསྟོད་སྨད་ལ་མ་ལྟོས་པར་དེང་སང་ཁ་བརྡ་དྲ་བའི་སྟེང་གི་སྐད་གྲགས་ཆེ་ཤེས་དེ་སྤྲུལ་སྐུ་ཨོ་རྒྱན་ཉི་མ་རེད་འདུག་ག
སྐྱ་བོ་ཆོས་མེད་འདི་དག་སྙིང་རེ་རྗེ།།
རང་གི་ཁ་རྐུབ་གོང་འོག་ནོར་བ་འདྲ།།
ཡང་ན་རྒྱ་དམར་རྒྱུག་ཁྱིའི་བྱ་ངན་དང་།།
གཉིས་སུ་མེད་འདི་བོད་པ་ཡིན་ནམ་ཅི།།
ཨོ་རྡོ་འབོད་ལགས་གཙོ་བྱས་བའི་དྲ་གྲོགས་གང་མང་ཞིག་གིས། སྤྲུལ་སྐུ་རེ་ཟུང་གི་སེམས་ཀྱི་ཞེན་ཆགས་མཐུག་ཞིང་བྱ་བྱེད་ལས་གསུམ་གྱི་སྤུས་ཀ་ཞན་པའི་དབང་གིས་རྒྱུག་པ་ལེབ་རྡུང་བྱེད་པ་ནི། བསམ་གཞིགས་བྱས་མ་མྱོང་བའི་མཚོན་རྟགས་རེད། བོད་ཀྱི་བླ་སྤྲུལ་ཚོ་ཆེད་ལས་བ་ཞིག་གི་ཚད་ལ་བཟུང་ནས་ཤེས་ཚད་དང་བསྟུན་གུས་བརྩི་ཞུ་དགོས་བ་ལས། སྤྲུལ་སྐུའི་མིང་ཡོད་ཚད་ལ་ཆེ་མཐོང་སྤྲོད་དགོས་བའི་ངེས་བ་མེད། རྒྱུ་མཚན་ཡང་སྤྲུལ་སྐུ་ཚོའི་ཆེད་ལས་ནི་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ལ་གཏོང་དགོས་ཞིང་། ལྷག་པར་དུ་བོད་མང་ཚོགས་ལ་ཞབས་འདེབས་སྒྲུབ་དགོས་བ་འདི་ཡིན། གལ་སྲིད་མི་མང་གི་ཤ་ཁྲག་འཇིབས་རྐྱང་བྱེད་མཁན་རེ་དང་སངས་རྒྱས་བསྟན་པ་ཅི་ཡིན་མི་ཤེས་མཁན་གྱི་བླ་སྤྲུལ་རེ་མཐོང་ནས་འཕྲད་ཚེ། དེ་རིགས་ལ་ཡ་ཁོ་རང་བྱེད་དགོས་དོན་ཡོད་བ་མ་རེད། འདི་དོན་གྱི་རྡོག་པོ་ཡིན།
དེ་མིན་ཚེ་འདི་ཕྱི་ཁས་མི་ལེན་ཟེར་ནས་སྤྲུལ་སྐུ་ཚོ་དགོས་དོན་མེད་ལབ་ཀྱིན་ཡོད་ན། ར་བྲག་འདོད་པ་བྲག་དང་ལུག་སྤང་འདོད་པ་སྤང་རེད།
མ་གཞི་ནས་དྲ་གྲོགས་ཚོའི་རྩོམ་གྱི་ངོ་གདོང་ཆོད་ཐུབ་པ་གྱིས། ཐུགས་རྗེ་ཆེ།
ཡ་གྲོགས་པོ་མེ་དཀར་ལགས། ཁྱེད་ཀྱིས་ལུང་རྟོགས་ལ་ཁྱབ་ལོགས་གསུང་གི་ཡོད་ན། ཁྱབ་པ་ཞིག་སློངས་དང་། དེ་ནས་བལྟ་ཆོག་ཨ།
སྤྱུལ་སྐུ་བལྟས་ངན་ཡིན་ཀྱང་སྤྲུལ་སྐུ་ཡིན་ན་བལྟས་ངན་ཡིན་པའི་མ་ཁྱབ་་་་དཔེར་ན་གོངས་ཡིད་བཞིན་ནོར་བུ་ལྟ་བོའོ།
འོ་འཇིགས་མེད་ཕུན་ཚོགས་ཀྱིས་སྤྲུལ་སྐུའི་སྐོར་ལ་གསུངས་པ་དེར་ཤིན་ཏུ་མངོན་པར་བསྟོད་དོ།
ཙི་ཙི་ལགས། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་ཁྱབ
ལོག་རེད།
ད་རེ་རེ་ནས་ངོ་སྤྲོད་མ་དགོས་པ་ཞིག
གསར་བརྗེ་རུ་དཔོན་མོའོ་ཡི་བུ་ཡིན་པ་ལྟ་བུའི་དམར་དམག་ཆུང་ཆུང་གང་མང་འདུག་ག མེ་ཏོག་དཀར་པོ་མཚན་ཅན་སོགས་འདུག་ད། གྲོད་ཁོག་སྟོང་པ་མིན་འགྲོ། རྒྱུ་མཚན་བཤད་རྒྱུ་མེད་ན་དམར་དམག་ཆུང་ཆུང་ཡིན་གདའ།
གསར་བརྗེ་རུ་དཔོན་མོའོ་ཡི་བུ་ཡིན་པ་ལྟ་བུའི་དམར་དམག་ཆུང་ཆུང་གང་མང་འདུག་ག མེ་ཏོག་དཀར་པོ་མཚན་ཅན་སོགས་འདུག་ད། གྲོད་ཁོག་སྟོང་པ་མིན་འགྲོ། རྒྱུ་མཚན་བཤད་རྒྱུ་མེད་ན་དམར་དམག་ཆུང་ཆུང་ཡིན་གདའ།
རྒ་ཨ་དབྱངས་སྤྲུལ་སྐུའི་སྲས་ལོ་ངོ་དགུ་བརྒྱའི་སྔོན་ནས་ཕེབས་པའི་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་མ་དཔལ་ཆེན་རྒ་ལོའི་སྤྲུལ་སྐུའི་ངོས་འཛིན་དང་ཁོང་གི་སྐུ་མཆེད་ཀྱི་སྲས་ལོ་བདུན་བརྒྱའི་སྔོན་ཕེབས་པའི་གྲུབ་ཐོབ་ལོ་རས་པའི་སྤྲུལ་སྐུ་ངོས་འཛིན་བྱས་འདུག དེ་བར་ལོ་དགུ་བརྒྱ་དང་བདུན་བརྒྱའི་བར་ལ་ངོས་འཛིན་ཞུ་མྱོང་མི་འདུག་ད་ཇི་ལྟར་འགྲེལ་བཤད་བྱེད། ཡང་ཁོང་གཉིས་ནི་གྲུབ་ཐོབ་རེད། ད་ལྟའི་སྤུ་གུ་གཉིས་ནི་འཁྲེབ་ཏོ་རེད་ད་གྲུབ་ཐོབ་ཇེ་སྡུགཇེ་ངན་ལ་་སོང་ན་རྒྱུ་འབྲས་ལ་ཇི་ལྟར་ཡིད་ཆེས་བྱེད་ལན་ཞིག་གནང་རོགས་སྐུ་ཆེ།
ཨོ་རྒྱན་ཉི་མ་ལྷ་ཁང་ནང་ལ་ཆང་ས་རྒྱབ་མ་སོང་ངམ།དེ་ག་འདྲ་ཡིན་ན
འདོད་ཆགས་ཆེ་བའི་སྤྲུལ་སྐུ་མི་དགོས། དཔེར་ན། ཀླུ་མྱོན་ལྟ་བུའོ། དད་པ་ཕར་ཟད། མྱོང་གོ་ན་ཁྱག་ཁོལ་གི་འདུག
ཨ་ཕྱི་ཆོས་སྒྲོན་འབོད་པས་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཚང་གི་བཀའ་སློབ་ཟབ་མོ་དེ་འདིར་བཀོད་ལ། ཐུགས་རྗེ་ཆེ་ཞུ་བ་ལགས།
ཡ་ཡ་ཡ་ཐོག་མར་སྤྲུལ་སྐུ་ལ་སྐུར་འདེབས་ཀྱི་མཆན་འདེབ་དུ་འཇུག་མཁན་སུ་ཡིན་ནམ།
མ་གཞི་ནས་རྩོམས་འདི་ཁ་བརྡར་བཅུག་པ་འདི་ཡིས་རྐྱེན་པས་སྤྲུལ་སྐུ་ལ་སྐུར་འདེབས་ཡིན་ནའང་འདྲ་གནས་ལུགས་བཤད་པ་ཡིན་ནའང་འདྲ་གང་ལྟར་ཐོག་མའི་གླེང་སླང་བ་ལ་བརྟེན་ནས་འདི་བྱུང་བ་རེད།
བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་ལུགས་འདི་དར་ནས་རྒྱུན་རིང་ཕྱིན་པ་རེད་ལ། བོད་མདོ་དབུས་ཁམས་གསུམ་ལ་ཁྱབ་བརྡལ་ཕྱིན་པ་མ་ཟད་ད་ཆ་ནུབ་གླིང་མགོ་སེར་གྱི་ཁྲོད་དུ་ཡང་ཁྱབ་བརྡལ་གང་འཚམས་ཕྱིན་འདུག། རྩ་བའི་དད་མོས་རང་དབང་གཙང་གཙང་ཡིན་པར་སོང་རྣམ་པ་ཐམས་ཅད་དུ་དཀར་པོ་དང་རྣམ་པ་ཐམས་ཅད་དུ་ནག་པོར་འཛིན་དགོས་པའི་རྒྱུ་མཚན་ཡེ་ནས་མ་མཆིས་ཀྱང་སྔར་ནས་ད་བར་སྤྲུལ་སྐུའི་མིང་འཛིན་པ་མི་ཉུང་བ་ཞིག་གིས་བྱ་སྤྱོད་ངོ་མའི་ཐོག་ནས་ནང་བསྟན་བསླབ་བྱ་དང་འདུལ་བའི་གཞུང་ལུགས་ལས་འགལ་བ་མ་ཟད་དད་ལྡན་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་བཟོས་པ་ཉུང་ཉུང་གཏན་ནས་མིན། མ་ཟད་སྤྲུལ་སྐུའི་མིང་འཛིན་གྱིས་ཆབ་སྲིད་སྡིང་ཆའི་སྟེང་དུ་སྐྱོ་གར་འཁྲབ་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད། མ་གཞི་བོད་མི་རིགས་འདི་བརྒྱ་ཆ་མང་ཆེ་བ་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་མཁན་རེད་ལ་སྤྲུལ་སྐུའི་འགྲོ་དོན་ཡང་རྒྱ་ཆེན་མཛད་ཡོད་པ་རེད་ལ་དད་ལྡན་མང་ཚོགས་ཀྱི་ཁ་ཕྱོགས་འཁྲིད་ཐུབ་པའི་ནུས་པ་གང་ཙམ་ལྡན་ཡོད། དེ་ལྟ་བས་ན་ཀྲུན་ནན་ཧེའེ་ལ་རིག་པ་གསར་པ་ཞིག་བརྙེད་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱས་དང་བྱེད་བཞིན་པ་རེད་ལ་ཡང་སྲིད་རྩད་གཅོད་ཚོགས་ཆུང་དང་ཁྲིམས་ལུགས་གསར་པ་བཟོས་ཡོད་པར་བསྒྲགས། མ་ཟད་སྤྲུལ་སྐུའི་མིང་འཛིན་པ་ཉུང་ཤས་ཞིག་བོད་རྒྱའི་འཐབ་རྩོད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། དེས་ན་ནང་བསྟན་དར་སྤེལ་ལ་སྤྲུལ་སྐུ་ངེས་པར་མཁོ་ཡང་བོད་དང་བོད་མི་རིགས་ཀྱི་ཆབ་སྲིད་རྩ་དོན་ཐད་ཇི་ལྟར་མཁོ་མིན་མི་ཤེས་མོད། ལར་ནས་ནང་བསྟན་ཉམས་རྒུད་ཐད་དད་ལྡན་མི་དམངས་ཀྱི་སེམས་ཁམས་ཉམས་རྨས་སུ་འགྲོ་དོན་ཡང་བླ་མ་སྤྲུལ་སྐུ་གཙོས་པའི་ཆོས་བྱེད་ཀྱི་གྲྭ་བཙུན་ཚོའི་བྱ་སྤྱོད་ལ་གཏན་གཏན་རགས་ལུས་ཡོད་པ་རེད་ལ་ནང་བསྟན་གནས་དང་མ་གནས་ཡང་ཁོང་ཚོར་རགས་ལུས་ཡོད་པ་རེད། གལ་ཏེ་སྤྲུལ་སྐུ་དགོས་མིན་ཡང་དད་ལྡན་མང་ཚོགས་ལ་རག་ལུས་ཡོད་པ་རེད། དེ་གཉིས་དབར་ལེགས་ཉེས་ཀྱི་བླངས་དོར་འབྱེད་པའི་བློ་མིག་ཡང་དག་ཅིག་ལྡན་དགོས་པ་དེ་གནད་ཀྱི་དོན་པོ་རེད།
ཧཧཧ་་་མེ་ཏོག་དཀར་པོས་རྩོད་པ་མི་ཤེས་ཐག་ཆོད་རེད་འདུག
ཨ་ཕྱི་ཆོས་སྒྲོན་ཟེར་བ་དེ་་ཁ་མཆེ་དཔལ་གྱེས་བསྡོ་རྗེ་ཟེར་བ་ཕུ་བཀྲུག་མདའ་བཀྲུག་བྱེད་མཁན་དེ་མ་རེད་པས
བོད་པ་ལགས་གནས་ཚུལ་གསར་བ་དེ་འདྲ་མི་མང་གི་མིག་འདུན་ལ་འགྲེམས་རྒྱུ་དེ་གལ་ཆེན་པ་རེད། དེ་མ་གཏོགས་ལུང་ཁུག་ཅིག་ནས་མི་མང་གི་མགོ་བསྐོར་བྱེད་ཡ་མཚན་དེ་འདྲ་འབྱུང་སྲིད་པའི་དུས་ཞིག་རེད། ལོ་ངོ་དགུ་བརྒྱའི་སྔོན་གྱི་མེས་བོ་ཞིག་ད་ལྟ་ངོས་འཛིན་བྱས་ནས་ཁྲིར་འགོད་ཀྱི་ཡོད་ཚེ། སྐུ་བདག་དམིགས་གསལ་བ་རེ་དགོ་རྒྱུ་རེད། དེ་མ་གཏོགས་ད་ལྟའི་དུས་ལ་རྐུབ་སྟེགས་མང་བོ་མི་འདུག གལ་སྲིད་རྐུབ་སྟེགས་རེ་རྙེད་ཡོད་དབང་དུ་བཏང་ན། བསམ་གྱིས་མི་ཁྱབ་པ་དང་བལྟ་བའི་ཆོག་མི་ཤེས་བའི་ཁྱད་ཆོས་དེ་འདྲ་སྟོན་རྒྱུ་ཞིག་ཡོད་བ་མིན་འགྲོ། ཅི་ཡང་མི་ནུས་ལ་གང་ཡང་མི་ཤེས་བའི་མགོ་འཁོར་ཞིག་ཡིན་ན། བོད་མང་ཚོགས་ལ་འབྲེལ་བ་གང་ཡང་ཡོད་བ་རེད། བྱས་ཙང་མི་ལོ་དགུ་བརྒྱའི་སྔོན་གྱི་སྐུ་ལོ་བདག་རྒྱག་མཁན་ཚོས་གསོ་དགོས་རྒྱུ་རེད། མ་རེད་དམ།
གོ་ཐོས་ལ་མདོ་སྨད་ཕྱོགས་ན་གླིང་གེ་སེར་རྒྱལ་བའི་བློན་ཆེན་ཚོའི་སྤྲུལ་སྐུ་བཙལ་ཡོད་ཚུལ་གོ་ཐོས་འདུག དེ་ཡང་བོད་མང་ཚོགས་དང་སངས་རྒྱས་བསྟན་པ་ལ་འབྲེལ་བ་དེ་ཙམ་མི་འདུག ཁྱིམ་ཚང་རེ་ལ་དགོས་མཁོ་ཡོད་ན། ཁྱིམ་ཚང་དེས་གསོས་ནས་སྐྱངས་ཏེ་སེམས་འགུ་ཁེངས་བྱེད་ལ་བལྟས་ཡོད་ན། དེ་ལྟར་གྱིས་སོ་ཞུ་བ་ལས། བོད་མང་ཚོགས་དང་འབྲེལ་མེད་ཆགས་ཡོད་བ་རེད་ལ། དེ་བཞིན་ཡ་ཁོ་རང་བྱེད་རྒྱུ་ཡོད་བ་མ་རེད། རེད་དམ།
བོད་མང་ཚོགས་དང་འབྲེལ་བ་ཡོད་མེད་ཟེར་བ་དེ་སྔོན་ནས་ཡོད་བསྡད་པ་ཞིག་ཁག་པོ་རེད། དེ་ཕྱིར་ཚང་མས་གང་ཟག་རང་ངོས་ནས། སྤྲུལསྐུ་དང་། མཁན་པོ། དགེ་བཤེས། བླ་མའི་མཚན་ཉིད་ཚང་མིན་ལྟ་དགོས་པར་སེམས།
དྲ་གྲོགས་གསེར་འབྲུག་ལགས་འདིར་ཕེབས་པ་ཤིན་ཏུ་དགའ། བརྗོད་དོན་གྱི་ནང་སྙིང་ཕྱིར་བཏོན་ནས་གླེང་བར་དེ་བས་དགའ། འོན་ཀྱང་། ད་ལྟའི་ཆ་ལ་བོད་མི་རིགས་ཀྱིས་སྲུང་ཐུབ་པ་གང་ཡིན་ནམ་ཅེས་བའི་དྲི་བ་གཅིག་དང་། བོད་མི་རིགས་རྡོག་སྒྲིལ་བྱེད་ཐབས་དེ་གང་ཡིན་ནམ་ཞེས་བའི་དྲི་བ་ཞིག་འབུལ་འདོད་བྱུང་སོང་། མ་གཞི་ནས་བོད་མི་རིགས་འདི་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་བདག་དབང་གི་གོ་རྟོགས་ཞིག་ཡོད་ཆེ་ཡང་། ཡིད་སྐྱོ་བ་ཞིག་ལ་ད་སྔ་ཡན་ལ་ཁོ་བོས་རྙེད་མ་སོང་། ག་ལེར་ཡིན་ད།
སྐུ་ལོ་ཨོ་རྒྱན་ཉི་མ་ལགས། སྐུ་ཉིད་ཀྱི་དགོངས་ཚུལ་ཨ་ལན་མ་སྤྲད་པའི་སྔོན་འདིར།༼ཨོ་རྒྱན་ཉི་མ་ལྷ་ཁང་ནང་ལ་ཆང་ས་རྒྱབ་མ་སོང་ངམ།དེ་ག་འདྲ་ཡིན་ན༽ཞེས་བ་ལྟར། ཐོག་མའི་དུས་ལ་གནས་སྟངས་འདི་གསལ་བོ་རེ་བཟོ་ཐུབ་ན་ཡག་པོ་འདུག་བསམ་པ་དྲན་སཽང་བ་ནས་དེ་ལྟར་གྱིས། གལ་སྲིད་སྒྲོ་འདོགས་ཡིན་ན་ཨ་ལན་མེད་ཀྱང་ཆོག ཐུགས་རྗེ་ཆེ།
ལུང་རྟོགས།
༼རྒྱལ་བ་རིན་པོ་ཆེ་ཆོས་ཅན་་་སྤྲུལ་སྐུ་ཡིན་པ་ཐལ་་་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པའི་ཕྱིར། ལན་ཁྱེར་ཤོག༽་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་ན་སྤྲུལ་སྐུ་མ་ཡིན་པས་ཁྱབ། ལན་འདི་རེད། རྩོད་པ་ཤེས་དང་མི་ཤེས་དེ་ནས་ཧ་གོ་ཡོང།
ཆང་ས་མ་རེད། རྒྱལ་ཁབ་རིམ་པའི་ས྄ིད་གཞུང་གི་རྩ་ཁ྄ིམས་ལྟར་རང་ཉིད་ཀྱི་རིག་གཞུང་གང་ཡིན་ངོས་འཛིན་པའི་ཆེད་དང་། མཆོག་གསུམ་གྱི་མདུན་དུ་སྐྱབས་འཇུག་ཞུ་བའི་ཆེད་དུ་བཅར་བ་རེད། ཆང་སའི་མཛད་སྒོ་དངོས་ཏེ་དགོན་པའི་ཕྱི་རོལ་དུ་བྱས་པ་ཡིན། ཡིན་ན་ཡང་ལོ་གཅིག་གི་རིང་རྒྱ་བོད་ཧོར་གྱིས་ངའི་ཆང་ས་བསྐོར་གླེང་སོང་།
ནག་ཐར་སྐྱིད་ལགས། བདག་ཅག་གི་སྟོན་པས། ངའི་བསྟན་པ་འདི་ཕྱི་རོལ་གྱི་ལྷ་དང་བཅས་པ་བདུད་དང་བཅས་པ་སུ་གང་གིས་ཀྱང་གཞིག་མི་ནུས་མོད། ངའི་རྗེས་འཇུག་གི་གཟུགས་བརྙན་འཆང་བ་འགའ་ཞིག་གིས་བསྟན་པ་བསྣུབ་པར་འགྱུར་ནུས་ཞེས་ལུང་བསྟན་གསལ་པོ་གསུངས་ཡོད་ཅེས་འཇིག་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་གསུང་པ་དེའི་དོན་མགོ་ཚོད་ཀྱི་མི་འདུག་གམ། སྤྲུལ་སྐུ་མིང་འཛིན་པ་རེ་གཉིས་ཀྱིས་བྱེད་རྗེས་ཕྲན་བུ་བཞག་པར་སྤྲུལ་སྐུ་གལ་ཆེན་པོ་ཡིན་པར་རྩིས་དགོས་ཀྱི་ཡོད་ན། སྤྲུལ་སྐུ་མང་པོས་ཞབས་འདྲེན་ཞུ་དུས་སྤྲུལ་སྐུ་གལ་ཆེན་པོ་མིན་པ་རྩིས་མི་ཆོག་པ་གང་ཡིན་ནམ། མདོར་ན། ཁྱེད་ནི་སྤྲུལ་སྐུ་ཞིག་གི་ཡོང་འབབ་འོག་འཚོ་བཞིན་ཡོད་པའི་རྣམ་པ་ཤིན་ཏུ་གསལ། གལ་ཏེ་རང་ཉིད་སྤྲུལ་སྐུ་གལ་ཆེན་པོ་བསམ་གྱི་ཡོད་ན་བོད་མི་ཚང་མས་གལ་ཆེན་པོ་རྩིས་དགོས་དོན་མེད། དེ་ཁྱེད་ཀྱི་རང་དབང་རེད། ཁྱེད་ལོངས་སུ་སྤྱོད། རྒྱུག་པ་ལེབ་བརྡུང་བྱེད་དགོས་དོན་མེད་དོ།
གྲོགས་ཀྱི་མཆོག་གྱུར་ མེ་ཏོག་དཀར་པོ་ལགས། སྐྱབས་མགོན་ཡིད་བཞིན་ནོར་བུ་ཆོས་ཅན་ སྤྲུལ་སྐུ་མ་ཡིན་པར་ཐལ་ གོང་ས་བཅུ་གསུམཔའི་ཡང་སྲིད་ཡིན་པའི་ཕྱིར་ ཁྱབ་པ་ཁས།
སྐུ་ལོ་ཨོ་རྒྱན་ཉི་མ་ལགས། བཀའ་མོལ་དྲང་བོ་གསུངས་འདུག་ན། ཁོ་བོའི་ཡིད་ཤིན་ཏུ་དགའ་སོང་། དེར་བརྟེན་མུ་མཐུད་དུ་ནས་གླེང་མོལ་རེ་བཤད་འདོད་པས་ན། ཨ་ལན་རེ་སྟེར་ཐུབ་པ་ཀྱིས།
དང་པོ། རྒྱལ་ཁབ་རིམ་པའི་སྲིད་གཞུང་གི་རྩ་ཁྲིམས་ལྟར་རང་ཉིད་ཀྱི་རིག་གཞུང་གང་ཡིན་འཛིན་པའི་ཆེད་དང་། ཆོགས་གསུམ་ལ་སྐྱབས་འཇུག་གི་ཆེད་དུ་ཡིན་ལབ་པ་ལྟར། རྒྱབ་གང་ཞིག་གི་སྲིད་གཞུང་རིམ་པའི་རྩ་ཁྲིམས་ལ་བསྟུན་པ་ཡིན་ནམ། རང་ཉིད་ཀྱི་རིག་གཞུང་ཞེས་བ་ནི་བོད་ཀྱི་རིག་གནས་ལ་གོ་བ་ལེན་ཆོག་པ་ཞིག་ཡིན་ནམ་།ཞེས་བའི་དྲི་བ་འདི་ཡིན། ལྷ་ཁང་ནས་ཆོག་གསུམ་ལ་སྐྱབས་འཇུག་ཞུ་འོས་ཞིང་ཁོ་བོ་དེ་རིགས་ལ་ཤིན་ཏུ་དགའ། ག་ལེར་དེ་རིང་གི་བརྗོད་གཞི་དང་འབྲེལ་བའི་དྲི་བ་རིམ་པ་ཡུན་གྱིས་གཏོང་འདོད་ཡོད་ན།ཐུགས་འཇགས་འཚལ།
ཨོ་རྡོ་འབོད་པ་ལགས། བསམ་གཞིགས་བྱས་རྗེས་རིག་པ་ཡོད་ན་བསྐུར་ལན་ལྟར་དགག་སྒྲུབ་བྱེད་ཐུབ་ན་དགའ་བསུ་ཡོད་ལ། དུས་ལྟར་ལན་ཡང་འབུལ་ཐུབ་པ་བྱེད་རྒྱུ་ཡིན། དེ་མིན་མི་ཡིད་ལ་མ་དྲན་པའི་བྱ་བ་འདྲེ་ཡི་ཡིད་ལ་དྲན་བཞིན་པའི་ཉ་ཉོག་དེ་ཚོར་ལན་འདེབས་རྒྱུ་མིན།
བན་དེ་བ་ཉོན་ཅིག འདི་ན་སྤྲུལ་སྐུ་ལ་བསྐུར་འདེབས་བྱེད་མཁན་སུ་ཡང་མིན་འདུག རང་བཞིན་བརྗོད་མཁན་རྐྱང་རེད་འདུག་ང
ངས་ཡ་ལན་མ་བྱས་པ་མིན། ཡིན་ན་འགའ་ཞིག་ལ་བཤད་ན་གོ་བརྡ་ཐུག་གི་མི་འདུག་ལ། ནམ་ཞིག་ནས་སུན་འགྲོ་བ་ཞིག་ལས་ཕན་ཐོགས་མི་འདུག རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཁྲིམས་མཐུན་གྱི་གཟའ་ཚང་ཡིག་ཆ་དེབ་སྐྱེལ་དགོས་ན་སྲིད་གཞུང་ཙམ་མ་ཡིན་པར། དབྱིན་ཇིའི་སྲིད་གཞུང་གིས་ངོས་ལེན་ཡོད་པའི་ཆོས་སྡེ་ཚད་ལྡན་ཞིག་ནས་རྒྱབ་གཉེར་གྱི་ཡིག་ཆ་རིག་གཞུང་གང་ཡིན་རྟོགས་པའི་ཆེད་དང་། ཆོས་ལུགས་གང་ཡིན་ཤེས་པའི་ཆེད་དུ་དགོས་པ་གཞིར་བཟུང་ཐོགས། བསམ་ཡས་གླིང་གི་དགོན་པར་རྟེན་འབྲེལ་གྱི་མཛད་སྒོ་རྒྱས་པ་ཞིག་བྱས་པ་ཡིན། འདིས་བསྟན་པ་ལ་ཕན་ཐོགས་པ་ལས་གནོད་འགྲོ་བར་མི་སེམས་ལ། དེ་ལྟར་མ་བྱས་ན་ཡང་ན། ཡེ་ཤུ་དང་། ཁ་ཆེ་ལྷ་ཁང་ཞིག་ནས་ཡིག་ཆ་ལེན་དགོས་ངེས་པས། ཚང་མས་ཐུགས་བསམ་ཞིག་བཞེས་ན་ལེགས་པར་སེམས།
དེ་འདྲ་ཡིན་ན་ཁྱོད་ཀྱི་ཕུང་གསུམ་པར་གྲགས་པ་ཚོའི་བྱ་སྤྱོད་ཁྱོད་ཀྱི་སྣང་བར་མ་འགྲོ་བ་དེ་དག་ཀྱང་བསྟན་པ་ལ་ཕན་ན་བསམ་ནས་བྱས་ཡིན་རྒྱུ་རེད་ཨ།
སྐུ་ལོ་ཨོ་རྒྱན་ལགས། དྲིས་ལན་དུས་ལྟར་འབྱོར་སོང་ལ་གོ་དོན་སེམས་ངེས་བྱུང་། དེར་བརྟེན་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ་བཀའ་འདྲི་ཞིག་མུ་མཐུད་ནས་བྱེད་རྒྱུ་ཡིན།
ཕྲན་ལ་ཆ་མཚོན་ན་བླ་སྤྲུལ་ཞིག་དང་ལྷན་དུ་གླེང་མོལ་ཆེར་བྱས་མ་མྱོང་སྟབས། དེ་རིང་སྐུ་ཉིད་དང་ལྷན་ཏུ་གླེང་མོལ་བྱེད་སྐལ་བྱུང་བ་ལྟར་དགའ་ཚོར་དང་འབྲེལ་དྲི་བ་འདི་ལྟར་ཡིན། སྐུ་ཉིད་སྤྲུལ་སྐུ་ཞིག་ཡིན་པར་བརྟེན། ད་ལྟ་བོད་མང་ཚོགས་དང་ཤེས་ལྡན་པ་སྐོར་རེ་ནས་བླ་སྤྲུལ་ཚོའི་རྒྱུན་ཐག་ཆད་སོང་སྐྱོན་མི་འདུག་བསམ་མཁན་དང་། ཡང་ན་བླ་སྤྲུལ་ཚོ་རྒྱུ་ནོར་ལོངས་སྤྱོད་དང་ཐོབ་གོ་ས་ལ་དགའ་མོས་བྱེད་མཁན་མང་འདུག སངས་རྒྱས་ཀྱི་བསྟན་པ་གནོད་ཀྱིན་འདུག་ལབ་ནས་དགག་སྒྲུབ་བྱེད་མཁན་ཚོར་ལྟ་ཚུལ་ག་རེ་ཡོད་དམ། དེ་བཞིན་སྤྲུལ་སྐུན་ཞིག་ཡིན་ན་ཁོང་གི་བྱེད་ལས་གཙོ་བོ་ག་རེ་དམིགས་སུ་འཛིན་དགོས་བ་རེད་དམ། ཐུགས་རྗེ་ཆེ།
བྱི་ལས་ལན་དུ་མཆན་བུ་ ༦༣ ནང་འདུག
ཡ་་་ཁོ་རེ་མེ་ཏོག་དཀར་པོ། གོང་ས་བཅུ་གསུམ་པའི་ཡང་སྲིད་སྤྲུལ་སྐུ་མ་ཡིན་པའི་རྒྱུ་མཚན་ཁུར་ཤོག ཡང་སྲིད་གཞན་དག་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་ཁུར་ཤོག
ལུག་རྟོག་རྣ་བ་བཀླགས་ཏེ་ཉོན། ༡༣ པའི་ཡང་སྲིད་སྤྲུལ་སྐུ་མིན་ཏེ་བཟང་པོ་ཡིན་པའི་ཕྱིར། སྤྲུལ་སྐུ་ཡིན་ན་བལྟས་ངན་ཡིན་པའི་དམ་བཅའ་ཞིག་མེད་དོ།།
ཧཧཧ་་་པུ་གུས་སྐད་ཆ་རང་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྤྲུལ་སྐུ་མ་རེད་ཟེར་མཁན་ཁྱེད་རང་ལས་བོད་པ་སུ་གཅིག་མེད་པ་ངས་ཐག་བཅད་ནས་བཤད་ཐུབ། རྩ་མ་ཚང་བའི་སྐད་ཆ་དེ་འདྲ་མ་བཤད་ན་མི་ལེགས་སམ། ཕན་ཐོག་གང་ཡང་མེད་པ་རེད།
མེ་ཏོག་ལགས་ཡག་པོར་གཟིགས་རོགས་ངས་སྤྲུལ་སྐུ་ལ་སྐུར་འདེབས་བྱས་འདུག་ཟེར་མེད། རྩོམས་པ་པོས་སྐུར་འདེབས་མ་བྱེད་རོགས་ཟེར་བར་ངས་ལན་བཏབ་པ་ཡིན། ང་ཡི་མཆན་ལྔ་པ་དེ་ལ་གཟིགས་རོགས་སྐྱར་དུ། སྐུར་འདེབས་ཟེར་ནའང་འདྲ་གནས་ལུགས་ཟེར་ནའང་འདྲ་ཞེས་པར་གོ་རྒྱུ་ཡོད་དོ།
འོ་ད་བྱེད་དུས་ཡིག་ཆ་ཐོབ་པའི་ཆེད་དུ་ལྷ་ཁང་ནང་དུ་ཆང་སའི་རྟེན་འབྲེལ་སྒྲིགས་པ་རེད། ད་དངུལ་དང་གོ་གནས་ཐོབ་དང་བུད་མེད་ཀྱི་ཆེད་དུ་མི་འདི་ཚོས་ཅི་ཡང་བྱེད་ས་རེད།
སྤྲུལ་སྐུ་འཁྲུངས་པ་མ་རེད།།
སྤྲུལ་སྐུ་བཟོས་པ་རེད་ཞག།
སྤྲུལ་སྐུ་བཟོ་བའི་བཟོ་གྲྭ།།
སྤྲུལ་རྒྱུད་ཁྱིམ་དུ་རེད་ཞག།
མེ་དཀར་ནས། “སྤྲུལ་སྐུ་ཡིན་ན་བལྟས་ངན་ ༨༡ ཡིན་པས་ཁྱབ། དཔེར་ན་ཨོ་ཉི་དང་དབང་ཆེན་བཞིན།” དང་། ཡང་། “གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་ན་སྤྲུལ་སྐུ་མ་ཡིན་པས་ཁྱབ།” ཟེར།
དེ་ལྟར་ན་ནང་པ་སངས་རྒྱས་པའི་གཞུང་ལུགས་རྣམས་སུ་སྐུ་གསུམ་དང་སྐུ་བཞི་སོགས་གསུང་ཚུལ་དུ་མ་ཡོད་སྣང་ཡོད། ཕལ་ཆེར་དེ་དག་ཁོངས་སུ་སྤྲུལ་སྐུའི་མཚན་ཉིད་ཀྱང་ཡོད་པར་སེམས། དང་པོ་དེ་དག་ལ་སྤྱན་གཟིགས་གནང་ནས་དཔྱད་གླེང་གནང་རོགས་ཞུ།
སྤྱིར་ལུགས་དང་མཐུན་པའི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་སྐོར་ལ་ཆོས་ལུགས་ཀྱི་སྲོལ་དང་བསྟུན་ཏེ་མི་འདྲ་འགའ་ཞིག་ཡོད་པར་སེམས། ཡིན་ནའང་དེ་དག་ལས་“ཨ་རུ་ར་ཡི་རང་མདོག་སྟོན་”ཞེས་བྱིས་པ་རང་ངོས་ནས་གོང་མའི་ཐུགས་དམ་སོགས་གཞན་གྱིས་མ་བསྐུལ་བར་ངོས་འཛིན་བྱེད་པའི་ལུགས་དེ་ཤིན་ཏུ་ནས་འཐད། དཔེར་ན་༸གོང་ས་ཡིད་བཞིན་ནོར་བུ་ལྟར་ཡིན། དེ་མིན་རྒྱུ་ལ་འབྱོར་བ། ཐོབ་དང་གོ་སར་དམིགས་ནས་བླ་མ་ག་གེ་མོས་ཕར་ཁྱེད་རང་བླ་མ་ཅིག་ཅིག་མིག་མིག་གི་ཡང་སྲིད་རེད་ཅེས་ངོས་འཛིན་སྡད་པ་ཡིན་ན་བསྟན་པར་རྨ་འབྱུང་བ་ལས་ཕན་ཐོག་གང་མེད།
༦༣༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ གི་ཆུ་ཚོད་ ༨ སྐར་མ་ ༢༡
ལུང་རྟོགས།
༼རྒྱལ་བ་རིན་པོ་ཆེ་ཆོས་ཅན་་་སྤྲུལ་སྐུ་ཡིན་པ་ཐལ་་་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པའི་ཕྱིར། ལན་ཁྱེར་ཤོག༽་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་ན་སྤྲུལ་སྐུ་མ་ཡིན་པས་ཁྱབ། ལན་འདི་རེད། རྩོད་པ་ཤེས་དང་མི་ཤེས་དེ་ནས་ཧ་གོ་ཡོང། ་་་་་་ཟེར།
ལུག་རྟོག ཐལ་བ་འཕེན་ན་དེ་ལུགས་ཀྱི་ཐ་སྙད་ཐོག་གནོད་པ་གཏོང་ཤོག མནའ་ཆུ་འཐུང་ནས་ལ་དག་ཡ་ཅང་མེད་རེད་ཀོ
ངས་ཡང་སྐྱར་སྐད་སེང་མཐོན་པོས། སྤྲུལ་གོག་ཡིན་ན་བལྟས་ངན་ ༨༡ ཡིན་པས་ཁྱབ་ཟེར་རོ།།
བོད་ནང་པ་ཚོ་སྐྱིད་འདོད་ན་སྤྲུལ་གོག་རིང་ལུགས་སམ་གཅིག་སྡུད་རིང་ལུགས་རྩ་གཏོར་གཏོང་དགོས།
བསྟན་འཛིན་རྒྱལ་བོ་འབོད་པའི་བསམ་ཚུལ་འདི་གལ་ཆེན་པོ་ཞེ་དྲག་རེད།
སངས་རྒྱས་ཆོས་གཞུང་ནས་བཤད་པའི་སྤྲུལ་སྐུ་དང་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་བར་གནམ་སའི་ཁྱད་པར་འདུག།
ད་བཤད་མ་བཤད་ཅང་ཡོད་མ་རེད། མེ་དཀར་མ་ཤི་བར་དུ་སྤྲུལ་སྐུའི་ལམ་ལུགས་གནས་ཐག་ཆོད་རེད། མ་དགའ་ནས་ཤི་སོང་ན་ཡང་སྡུག་གྱོང་རེད་དོ།
དྲ་གྲོགས་སྤྱང་ཤོག་ལགས།
སངས་རྒྱས་ཆོས་གཞུང་ནས་བཤད་པའི་སྤྲུལ་སྐུ་དང་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་བར་གནམ་སའི་ཁྱད་པར་ཅི་ལྟར་འདུག གང་ན་འདུག དོགས་འདྲི་ཡིན་ད།
དྲ་གྲོགས་མེ་དཀར་ལགས།
སྤྲུལ་སྐུ་ཚོའི་རྒྱུན་ཐག་ཆད་སོང་ན་བོད་ནང་པ་ཚོ་སྐྱིད་ལ་ཉི་མ་ཅི་ལྟར་ཤར་ཡོང་ངེས་སམ། བོད་ཀྱི་སྤྲུལ་སྐུ་ཚོ་གཅིག་སྡུད་རིང་ལུགས་ཀྱི་མཚོན་རྟགས་གང་ན་འདུག བློ་འདྲི་ཡིན་ད།
དམར་པོ་རས་ཀྱི་སྟངས་ཀའི་འོག་ན་འདོད་པའི་ན་ཟུག་རླབས་ལྟར་གཡོ། །
ལུས་ཟུངས་བདུན་གྱི་འཁོར་སྐྱོད་ཁྲོད་ན་འཆར་གཞི་སྣ་དགུ་རླུང་ལྟར་འཚུབ། །
རིགས་མཐུན་འགྲོ་བའི་སྤྱི་ཚོགས་དཀྱིལ་ན་ཚུལ་འཆོས་བང་སོ་རྡོ་ལྟར་སྲ། །
གཤོག་པ་མེད་ཀྱང་འཕུར་ལ་གོམས་པའི་དེང་རབས་སྤྲུལ་པའི་སྐུ་ལོ་མཁྱེན། །
སྤྱི་ཚོགས་རྙིང་པའི་ཁུག་སོ་ཞིག་ནས་མིང་གི་ཆོ་ལོ་ཁྱོད་ལ་ཐོབ། །
ལོ་དང་ཟླ་བའི་ཀྱོག་མཚམས་ཁྲོད་ནས་ཁྱོད་ཀྱི་ཡན་ལག་ཉིང་ལག་རྒྱས། །
ད་ལྟ་སྤྱི་ཚོགས་གསར་བའི་ནང་ན་ཁྱོད་ཀྱི་མཛད་འཕྲིན་ཇེ་ཆེ་རེད། །
མ་འོངས་དུས་རབས་སོ་གཅིག་ནང་ན་ཡོད་ཚད་སྤྲུལ་སྐུར་འགྱུར་ངེས་རེད། །
སྔ་མ་སྔ་མའི་རྣམ་པར་ཤེས་པ་སྐད་ཅིག་མི་སྡོད་འཕོས་པའི་རྒྱུན། །
ཕྱི་མ་ཕྱི་མར་སྲིད་གསུམ་འདི་ན་ངེས་མེད་སྐྱེ་བ་ལེན་པའི་ཚུལ། །
སྦྲང་མ་གྲོག་མ་འབུ་སྲིན་སོགས་ལའང་ཁྱད་པར་མེད་པར་སྣང་གྱུར་ན། །
འཁོར་བའི་སེམས་ཅན་ཡོད་དགུ་ཐམས་ཅད་སྤྲུལ་པའི་སྐུ་རུ་ཅིས་མ་ངེས། །
ཉེར་ཅིག་དུས་རབས་གསར་པའི་ནང་ན་སྤྲུལ་སྐུའི་གྲངས་ཀ་ཇེ་མང་རེད། །
ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་ན་སྤྲུལ་སྐུའི་འདུར་རྒྱུག་ཇེ་བྲེལ་རེད། །
མ་ཀི་གཤིན་རྗེའི་འཇིག་རྟེན་ཁམས་ན་སྤྲུལ་སྐུ་འཚང་ག་ཤིག་ཤིག་རེད། །
རྒྱུ་ནོར་སྒོར་མོའི་ཡོ་ལང་ཁྲོད་ན་སྤྲུལ་སྐུའི་འཛུམ་མདངས་ཇེ་ཡག་རེད། །
སྤྲུལ་པའི་སྐུ་ཡི་མཛད་པ་མཐོང་བས་དམར་པོའི་སེམས་ལ་སྨུག་པ་འཐིབས། །
སྤྲུལ་པའི་སྐུ་ཡི་རྣམ་ཐར་ཐོས་པས་ཡ་ཆུང་སེམས་པ་རྨང་ནས་འགུལ། །
སྤྲུལ་པའི་སྐུ་ཡི་སེམས་ཁམས་བསྔོགས་པས་མི་ཕྱེད་དད་པ་གཏིང་ནས་འགྱེལ། །
སྤྲུལ་པའི་སྐུ་ཡི་རྐང་རྗེས་མཐོང་བས་གངས་དཀར་སེམས་པ་དུམ་བུར་འཐོར། །
མེ་དཀར་ཟེར་མཁན་འདིའི། དེ་རིང་ལེགས་པོ་བཤད་འདུག་བསམ་པ་གཅིག་ཡང་མཐོང་རྒྱུ་མེད་ཁར་དུས་རྒྱུན་པར་ཁ་བརྡ་དྲ་ནང་དུ་ཡོང་ནས་སྡུག་སྐད་འདོན་ཡ་དང་། ནང་ཁུལ་དཀྲུགས་ཤིང་བཟོ་ཐབས་དང་། དེ་བཞིན་དུ་༧གོང་ས་མཆོག་ལ་ཡང་ཟུར་ཟ་བཟོས་པ་ཉུང་ཉུང་གཏན་ནས་མིན། ཆོས་སྲིད་གང་གི་ཐད་ནས་ཡང་ཡིན་ལུགས་དཔྱོད་བྱེད་ཀྱི་བློ་མིག་ཞར་སོང་བ་ནང་བཞིན་རེད།
མེ་དཀར་དང་ལུང་རྟོགས་ཀྱི་རྩོད་པའི་བཅུད་བསྡུས། མེ་དཀར་གྱིས་སྤྲུལ་སྐུ་ཡིན་ན་ལྟས་ངན་༨༡ ཡིན་པས་ཁྱབ་ཟེར། ལུང་རྟོགས་ཀྱིས་འོ་ན་རྒྱལ་བ་རིན་པོ་ཆེ་ཆོས་ཅན་ལྟས་ངན་༨༡ ཡིན་པར་ཐལ། སྤྲུལ་སྐུ་ཡིན་པའི་ཕྱིར་ཟེར། མེ་དཀར་གྱིས་རྟགས་མ་གྲུབ་ཟེར། ལུང་རྟོགས་ཀྱིས་རྒྱལ་བ་རིན་པོ་ཆེ་ཆོས་ཅན། སྤྲུལ་སྐུ་མ་ཡིན་ཏེ་ཟེར་དྲིས་དུས། མེ་དཀར་གྱིས་ལྟས་ངན་༨༡ མ་ཡིན་པའི་ཕྱིར་ཟེར།
སྤྲུལ་སྐུས་དབང་བསྐུར་ཆོས་འཆད་སོགས་ཀྱི་སྒོ་ནས་མི་མང་ནས་རྒྱུ་ནོར་འཕྲོག་སོང་ཟེར་ན། བླ་མ་དང་མཁན་པོ་དགེ་བཤེས་ཚོ་ཡང་དེ་དང་གཅིག་པ་གཅིག་རྐྱང་རེད་བསམ་གྱི་འདུག། གང་ཡིན་ཟེར་ན་བླ་མ་དང་དགེ་བཤེས་མཁན་པོ་ཚོའི་གྲལ་ལ་ཡང་དབང་བསྐུར་ཆོས་བཤད་སོགས་ཀྱིས་རྒྱུ་ནོར་ལོངས་སྤྱོད་བསྡུ་སྒྲུབ་གནང་མཁན་ཡོད་པས་སོ། །ད་འོ་ན་བླ་མ་དང་སྤྲུལ་སྐུ་མཁན་པོ་དགེ་བཤེས་གྲྭ་པ་ཚང་མ་རྩ་མེད་གཏང་དགོས་པར་འགྱུར་ཏེ། སྤྲུལ་སྐུ་དང་མཚུངས་པའི་ཕྱིར།
སྤྲུལ་སྐུ་ལ་ལས་ཞབས་འདྲེན་བྱས་དང་བྱེད་བཞིན་པ་ཡི་རྒྱུ་མཚན་གྱིས། །
སྤྲུལ་བའི་སྐུ་ལོ་ཡོད་ཚད་ཀུན་ལ་ལོག་པར་ལྟ་བའི་ཁྱི་སྨྱོན་འགས། །
འགན་ཁུར་མེད་པའི་ཀུ་ཅོ་འདོན་པ་རང་ཉིད་ངལ་བའི་རྒྱུན་ཉིད་ལས། །
བསྟན་དང་འགྲོ་བ་གང་ལ་མི་ཕན་ཁ་ལ་ཚོད་འཛིན་བྱས་ན་ལེགས། །
གང་བཤད་ན་མ་བཤད་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་སྟངས་དང་སྲོལ་ཡིག་འདི་དག་ལས་བྱུང་བ་རེད། ཡིག་ཆ་དང་རྒྱུད་ལམ་འདི་དག་ལས་ནང་ཆོས་ཀྱི་སྐུ་གསུམ་མམ་སྐུ་བཞིའི་ནང་ཚན་གྱི་སྤྲུལ་པའི་སྐུ་ཡི་མིང་དོན་མཚུངས་པ་ཞིག་ཡོང་དཀའ་སྙམ། དྲ་གྲོགས་ཚོས་གཤམ་འོག་གི་རྩོམ་དེར་དཔྱད་གླེང་གནང་རོགས།
“ཏྰ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ(ཕྱི་ལོ་༡༣༩༡ནས་ཕྱི་ལོ༡༤༧༤ལོ) དང་ཏྰ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ(མིང་དངོས་ལ་སངས་རྒྱས་འཕེལ་ཕྱི་ལོ་ ༡༤༧༥ ནས་ཕྱི་ལོ་ ༡༥༤༢ལོ)གཉིས་ནི་རྗེ་ཙོང་ཁ་བའི་ཐུགས་སྲས་གཉིས་ཀྱི་ཡ་གྱལ་རྒྱལ་ཚབ་རྗེ་དར་མ་རིན་ཆེན་གྱི་ཡང་སྲིད་དུ་ཐད་ཀར་གཏན་འབེབས་བྱས་པ་ཡིན་ལ། དེ་ནས་ཕྱི་ལོ་ ༡༥༧༨ ནས་ད་གཟོད་ཏྰ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ(ཕྱི་ལོ་༡༥༤༣ནས་ཕྱི་ལོ་༡༥༨༨)དངོས་སུ་སྐུ་བཙལ་ནས་ཏྰ་ལའི་བླ་མའི་སྤྲུལ་སྐུའི་ཡང་སྲིད་ཀྱི་ངོས་འཛིན་གནང་སྟངས་གསལ་བོར་བྱུང་བ་དང་། མི་རྣམས་ཀྱིས་བཤད་པ་ལྟར། སོག་པོ་རྒྱལ་བོ་ཨལ་ཐན་ཧན་གྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོར“ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏྰ་ལའི་བླ་མ” ཞེས་པའི་མཚན་བསྟོད་ཕུལ་ཡོད་པ་རེད།
རྗེ་ཙོང་ཁ་བའི་ཐུགས་སྲས་གཉིས་ཀྱི་ཡ་གྱལ་མཁས་གྲུབ་རྗེའི(ཕྱི་ལོ་ ༡༣༨༥ནས་ཕྱི་ལོ་༡༤༣༨) ཡང་སྲིད་ལ་པཎ་ཆེན་སྐུ་ཕྲེང་དང་པོ་ཐད་ཀར་གཏན་འབེབས་གནང་བ་དང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་གཉིས་པ་ཨིར་ཏི་ནི་བསོད་ནམས་ཕྱོགས་གླང་( ཕྱི་ལོ་ ༡༤༣༩ ནས་ཕྱི་ལོ་ ༡༥༠༤ )མཆོག་ཡང་དེ་ལྟར་ངོས་འཛིན་གནང་བ་རེད། དེ་ནས་པཎ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་དོན་འགྲུབ(ཕྱི་ལོ་༡༥༠༥ནས་ཕྱི་ལོ་༡༥༦༨)ནས་བཟུང་ད་གཟོད་དངོས་སུ་སྐུ་བཙལ་ནས་པཎ་ཆེན་ཡང་སྲིད་ལ་ངོས་འཛིན་གནང་སྟངས་བྱུང་། གུ་ཤྲིར་ཧན་གྱིས(མན་ཇུའི་བོད་སྡོད་དབུ་ཁྲིད )པཎ་ཆེན་བློ་བཟང་ཆོས་རྒྱན་ལ“པཎ་ཆེན་ཧོ་ཐོག་ཐུ”ཞེས་པའི་མཚན་བསྟོད་ཕུལ་ཡོད་ལ། དེ་ནི་པཎ་ཆེན་ཞེས་པའི་མཚན་གནས་ཀྱི་ཐོག་མའི་མགོ་འཛུགས་ཡིན་པ་དང་ཡར་སྔོན་གྱི་སྐུ་ཕྲེང་གསུམ་རྗེས་ནས་གཏན་འབེབས་བྱས་པ་ཞིག་རེད།
གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་དེ་ཕྱི་ལོ ༡༧༩༣ ལོར་མན་ཇུའི་གོང་མ་ཆན་ལུང་གིས “ བོད་ནང་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེན་དགུ ” ཁྱབ་བསྒྲགས་བྱས་ཏེ་གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་གསར་བའི་སྲོལ་བཏོད། སྲོལ་ཡིག་འདིའི་ཚན་པ་དང་པོའི་ནང་དུ “ གོང་མ་ཆེན་མོས་དགེ་ལུགས་པ་དར་སྤེལ་གཏོང་སླད་ཆེད་དུ་གསེར་བུམ་བསྩལ་ཅིང་། རྗེས་ཕྱོགས་ཡང་སྲིད་ངོས་འཛིན་གནང་དུས་བསྟན་སྲུང་ཆེན་པོ་བཞི་གདན་དྲངས་ནས་ཡང་སྲིད་ཀྱི་མཚན་དང་སྐྱེས་ལོ་སྐྱེས་ཚེས་བཅས་མན་ཇུའི་ཡི་གེ་དང་རྒྱ་ཡིག བོད་ཡིག་བཅས་གསུམ་གྱིས་བྲིས་ཏེ་གསེར་བུམ་ནང་དུ་འཇོག་དགོས་པ་དང་། དེ་ནས་བླ་ཆེན་ཁག་གིས་ཉིན་བདུན་ལ་གཏད་གཉེར་བྱས་རྗེས། ཧོ་ཐོག་ཐུ་རྣམ་པ་དང་བོད་གཞུགས་ཨམ་བན་བཅས་ཀྱིས་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་མདུན་དུ་ཟན་སྒྲིལ་མགོ་བཙུགས་ནས་ངོས་འཛིན་གནང་དགོས་ལ། ཏྰ་ལའི་བླ་མ་དང་པཎ་ཆེན་ཡང་སྲིད་ངོས་འཛིན་གནང་དུས་ཀྱང་། ཁོང་ཚོའི་མཚན་མན་ཇུའི་ཡི་གེ་དང་རྒྱ་ཡིག བོད་ཡིག་བཅས་ཀྱིས་བྲིས་ནས་གོང་གི་བརྒྱུད་རིམ་དེ་བཞིན་འགྲོ་དགོས།” ཞེས་གཏན་འབེབས་གསལ་བོ་བྱས་ཡོད།”
“ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ལགས་ཀྱིས་སྲོལ་བཏོད་པའི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་འདི་ནི་མཚུར་ཕུ་དགོན་པ་ནས་ཐོག་མར་མགོ་བཙུགས་ཤིང་། ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ཁོང་ཉིད་སྐུ་དངོས་ཀྱིས་དགོན་པ་འདི་ནས་རང་གི་ཡང་སྲིད་སྐོར་གྱི་ལུང་བསྟན་ཡི་གེ་དགེ་ཕྲུག་འགྲོ་མགོན་བདེ་ཆེན་གྱི་ལག་ཏུ་བཞག་པ་ནས། དེང་དུས་འཛམ་གླིང་ཡོངས་གྱིས་དོ་སྣང་བྱེད་བཞིན་པའི་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱི་སྲོལ་ཐོག་མར་བྱུང་བ་རེད། ཕྱི་ལོ་ ༡༢༠༤ ལོར་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་མཆོག་སྐུ་འཁྲུངས་ནས་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གི་ཡང་སྲིད་ལ་ངོས་འཛིན་བྱས་པ་ནས་བཟུང་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དངོས་སུ་དབུ་བརྙེས་པ་དང་། དེ་ནས་རིམ་གྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་དག་གིས་ལག་བསྟར་བྱས། ཀརྨ་པའི་ཡང་སྲིད་རིམ་བྱོན་ནི་དེང་སྐབས་ཀྱི་སྐུ་ཕྲེང་བཅུ་བདུན་པ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་བར་དུ་རྒྱུན་མཐུད་དེ་མཚམས་ཆད་མ་མྱོང་ལ། དེ་ལ་ལོ་ངོ་བརྒྱད་བརྒྱའི་ལོ་རྒྱུས་ཡོད། བཤད་ཚུལ་ལྟར་ན་ཆོས་རྒྱུད་འདིས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་སྲོལ་ཕྱེས་པ་ནས། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་གདན་རབས་སྐོར་གྱི་ལྐོག་གྱུར་རིང་ལུགས་པའི་སྲོལ་ཐོག་མར་སྤེལ་བ་རེད་ཟེར།”
མེ་དཀར་ལགས། འོ་ན་སྟོན་པ་ཐུབ་པའི་དབང་པོ་ཆོས་ཅན། སྤྲུལ་སྐུ་མ་ཡིན་པར་ཐལ་ བཟང་པོ་ཡིན་པའི་ཕྱིར། རྟགས་དངོས་ཁྱབ་པ་ཁས། འདོད་མི་ནུས་ཏེ་ སྤྲུལ་སྐུ་ཡིན་པའི་ཕྱིར། དེ་ཐལ་ མཆོག་གི་སྤྲུལ་སྐུ་ཡིན་པའི་ཕྱིར། ལན་ཐོབ་ཅིག།
དྲ་གྲོགས་དག་ངོ་མ་བཤད་ན་སྤྲུལ་སྐུ་བྱས་བ་སྟེ་མཁོ་བའི་གཡོ་བྱེད་ཞིག་ཡིན་མིན་གང་ལ་ལྟོས་ན་ཤེས་སམ་དེ་ནི་མི་རིགས་འདྲ་མིན་དང་རྒྱལ་ཁབ་འདྲ་མིན་སོགས་ཀྱི་གནས་སྟངས་ལ་གཟིགས་ན་མཁྱེན་ཐུབ་སྤྲུལ་སྐུའི་ལམ་ལུགས་དེ་ཐོག་མར་གང་ནས་བྱུང་བ་རེད་ཟེར་ན་དེ་ནི་བོད་ཡུལ་ནས་བྱུང་བ་ཡིན་པ་འདྲ་བྱུང་སྟངས་ཀྱི་རིམ་པ་སྟེ་ཡང་གཞུང་ནས་སྤྲུལ་སྐུའི་དངོས་འཛིན་གནང་བ་ཅི་བཞིན་ཞིག་རྩ་བ་ནས་མ་རེད་དེ་ནི་ཕལ་ཆེ་བ་ཟིག་མི་རང་གི་ཁེ་ཕན་དང་ཁྱིམ་ཚང་དགོན་སྡེ་ལུང་པ་་མྱི་ཆེན་བཅས་གང་ཟག་བྱེ་བྲག་པ་དང་ཚོགས་པ་བྱེ་བྲག་པ་དེ་དག་གི་ཁེ་ཕན་ཁོ་ནིའི་ཆེད་མི་དཀྱུས་མ་ཞིག་ལ་མིང་རྫིག་པོ་བཏགས་ནས་རྨོངས་གཉིད་ན་ཡོད་པའི་བོད་རིགས་མང་ཆེ་བ་ཞིག་ལ་རྟག་པར་མགོ་སྐོར་རྐྱང་རྐྱང་བཏང་ནས་བསྡད་ཡོད་སྤྱིར་གཞུང་ནས་བཤད་པའི་སྤྲུལ་སྐུ་བྱས་བ་ནི་ཡོང་མི་སྲིད་པ་དང་གལ་སྲིད་ཡོང་བ་ཡིན་ན་ཡང་དུས་རབས་འདི་ལྟ་བུ་དང་སྤྱི་ཚོགས་འདི་ལྟ་བུ་ཤིག་ལ་མི་འོས་བའི་རྟགས་མཚན་ངན་པ་ཞིག་རེད་ལབ་ན་ཐལ་ཆེ་མེད་པ་འདྲ་གོང་ས་མཆོག་ལྟ་བུ་ཟེར་ན་དེ་ནི་བླ་མ་ཡིན་མིན་ལ་ཐེ་ཚོམ་མེད་ཀྱང་གཞུང་ནས་བཤད་པའི་སྤྲུལ་སྐུ་རེད་ཟེར་ན་དེ་ནི་ཧ་ཅང་གི་ལྐོག་གྱུར་ལྐོག་གྱུར་ཞིག་རེད་གོང་ནས་བཤད་པ་དེ་འདྲ་མིན་ན་འོ་ན་འགོ་བདག་ཅག་སྟོན་པ་ནས་རྒྱན་དྲུག་མཆོག་སོགས་སྨྲ་བརྗོད་ཀྱི་ཡུལ་ལས་འདས་བའི་མཁས་དབང་དེ་དག་གི་སྤྲུལ་སྐུ་གང་ན་འདུག་
ཁ་བརྡ་དྲ་བ་བློ་རྟགས་སྦྱངས་ས་མ་རེད་ད། རྒྱ་ནག་གཞུང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་འབྲེལ་བའི་ལམ་ལུགས་གཏོར་བཅོམ་བྱེད་ཀྱིན་འདུག ང་ཚོས་སྲུང་སྐྱོབས་བྱེད་དགོས་ཀྱིན་འདུག དེ་མ་གཏོགས་ནམ་ཞིག་གི་ཚེ་བོད་གངས་ཅན་གྱི་ཡུལ་ཁམས་འགྲེམས་སྟོན་ཁང་དུ་མ་ཞིག་འགྱུར་རྒྱུ་རེད། དེ་ལས་ཀྱང་རྫོབ་གཏམ་བཤད་ན་ནམ་ཞིག་གི་ཚེ་བོད་མི་རིགས་ཀྱི་མགོ་རུས་དང་རྐང་རུས་ཡན་ནས་འགྲེམས་སྟོན་ཁང་ན་ཡོད་རྒྱུ་རེད་ཟེར་ཀྱིན་ཡོད་ད། དགག་ལན་ཤོག
བོད་བརྒྱུད་སྤྲུལ་སྐུའི་ལུགས་སྲོལ་ནི། སངས་རྒྱས་པའི་གཞུང་ལས་བཤད་པའི་སྐུ་གསུམ་དང་སྐུ་བཞི་གང་ཡང་མ་ཡིན་པའི་སྤྲུལ་སྐུ་ཡིན། དང་པོ་ཆོས་སྐུ་དངལོངས་སྐུ་མ་ཡིན་པར་རྩོད་མེད་ཡིན། སྤྲུལ་སྐུ་མ་ཡིན་ཏེ་མཆོག་གི་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ། བཟོ་བོའི་སྤྲུལ་སྐུ་སོགས་གང་རུང་་མ་ཡིན་པའི་ཕྱིར།
དམ་ཚིག་ཉམས་པ་དང་། སེམས་འཚོ་མ་ཟིན་པ་དང་། མཐའ་གཅིག་ཏུ་ཕྱོགས་སུ་ལྷུང་བ་དང་། འགན་འཁུར་རྒྱུན་ནས་མེད་པར་ཁ་བརྡར་ཕེབས་ན་ཕེབས་མཁན་རང་དང་གཞན་ལ་ཕན་པ་ལས་གནོད་ཆེ་བའང་ཡོང་མི་སྲིད་པ་མིན་ལགས།
༧གོང་ས་མཆོག་གིས་ཁོང་རང་ཤྭཀྱའི་དགེ་སློང་དཀྱུས་མ་བ་ཞིག་ཡིནཞེས་གསུངས་པ་མང་ཙམ་གོ་མྱངས་ཡོད་མ་གཏོགས་ཁོང་རང་སྤྲུལ་སྐུ་ཡིན་གསུངས་པར་གོ་མྱངས་མེད། དེ་དང་དེ་བཞིན་གྲྭ་པ་ཡང་མང་པོ་མི་དགོས་སྤུས་དག་པོ་ཞིག་གི་བཞི་བྱུང་ན་དེས་འགྲིག་ཅེས་གསུངས་པར་གོ་མྱངས་ཡོད།
ཁྱེད་རྣམ་པ་ཚོས་༧གོང་ས་མཆོག་གིས་ཁོང་རང་སྤྲུལ་སྐུ་ཡིན་གསུངས་པ་གོ་མྱངས་མཁན་འདྲ་ཡོད་ན་འདིར་བཀོད་རོགས་བྱོས། ག་དུས་གསུངས་མིན་དང་ག་པར་གསུངས་མིན་སོགས་ཁ་གསལ་ཙམ་བཀོད་རོགས་གནང་། ་ལྷག་པ་ཏུ་་་ལུང་རྟོགས་ལགས་ཀྱིས་གོ་མྱངས་འདྲ་ཡོད་ན་གསུང་རོགས་བྱོས།
པཎ་ཆེན་ཐམས་ཅད་མཁྱེན་པས་དགེ་འདུན་པ་དང་བཙུན་མ་མང་ཉུང་གཙོ་བོ་མིན་པ་སྤུས་དག་པོ་ཞིག་དང་། འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་བསྟན་པའི་བྱ་བ་བྱེད་ཐུབ་མཁན་ཞིག་དགོས་ཡོད་གསུངས་ཡོད། དེ་བཞིན་སྤྲུལ་སྐུ་རྣམས་ཀྱང་མཚན་དང་མཐུན་པའི་བསྟན་པའི་བྱ་བ་བྱེད་མཁན་ཞིག་དགོས་པ་དང་། དེང་སྐབས་སྤྲུལ་སྐུ་ཁ་ཤས་རང་ཉིད་ཀྱི་སྐྱབས་འགྲོའི་འགྲོ་ལུགས་ཙམ་ཡང་མི་ཤེས་པར་མི་གཞན་ལ་ལམ་སྟོན་ཇི་ལྟར་བྱ་ཐུབ་བམ་མ་ཟད་ཁྲི་འཛིགས་པོ་ཞིག་གི་སྒང་ལ་བསྡད་པ་ཞབས་འདྲེན་རེད་གསུངས་ནས་པད་ཅིང་ནང་བསྟན་སློབ་གླིང་གསར་འཛུགས་གནང་ནས་དེའི་ནང་ཆོས་ལུགས་རིས་མེད་བོད་སོག་གི་བླ་སྤྲུལ་མང་པོ་ཞིག་ལ་སློབ་སྦྱོང་སྤྲོད་གནང་ཡོད།
དྲ་གྲོགས་ནག་ཐར་ལགས། སྐུ་ཁམས་བཟང་། སྐུ་ཉིད་ཀྱིས་དྲིས་ལན་དུ།
༡༽ ད་ལྟའི་འཆར་བོད་མི་རིགས་ཀྱིས་སྲུང་ཐུབ་པ་ནི་གལ་ཆེ་ཤོས་མི་རིགས་ཀྱི་སྐད་ཡིག་དང་། མི་རིགས་ཀྱི་སྲོལ་རྒྱུན་རིགས་གནས། ཡུལ་མི་རང་བཞིན་མི་འགྱུར་བ། མཐའ་ན་རྒྱན་གོས་ཡན་ནས་རང་མི་རིགས་ཀྱི་ལམ་ལུགས་དེ་བསྲུང་ཐུབ་པའི་ནུས་པ་ཆ་ཚང་མི་ལྡན་ཡང་གང་ལ་གང་ཙམ་ཡོད་པ་རེད། དེ་བོད་མི་རིགས་ཞིག་ཡིན་ཕྱིན་མི་རེ་ངོ་རེའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་རང་བཞིན་ཅན་དེ་རེད། འོན་ཀྱང་གཙོ་ཆེ་ཤོས་གང་ཟག་སོ་སོའི་འདུ་ཤེས་དང་བསམ་བློར་རགས་ལུས་པ་ཞིག་རེད། དེ་དང་ཆབས་ཅིག་རང་རང་སོ་སོའི་གནས་སའི་འཁོར་ཡུག་གཙང་མ་ཉར་ཐུབ་པའི་ནུས་པ་ངེས་ཅན་ལྡན་ཡོད། ད་དུང་མི་རིགས་འདི་འཕེལ་རྒྱས་གཏོང་ཐུབ་པའི་ནུས་པ་དང་འཕེལ་རྒྱས་འགྲོ་བ་ཙམ་དུ་མ་ཟད་འཕྲོད་བརྟེན་གང་ཟབ་བྱེད་རྒྱུའི་ནུས་པ་ཆ་ཚང་ཡོད་པ་འདྲ་ཞིག་རེད། འདི་ཚོ་ཕལ་ཆེ་བ་བྱིས་པ་གསོ་སྐྱོང་ཡག་པོ་ཞིག་བྱེད་རྒྱུ་དང་གནའ་དེང་གི་ཤེས་ཡོན་་གང་ལེགས་སྤྲོད་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཡིན་ཙང་། ཕ་མ་དང་དབུས་གཞུང་གིས་གཙོས་པའི་འབྱོར་ལྡན་ཚོས་འཕྱར་བ་གྲུ་སྟེགས་བྱེད་ཐུབ་ན་ད་གཟོད་བོད་མི་རིགས་འདི་མི་རིགས་གཞན་གྱི་བརྙས་བཅོས་གཟེད་མི་དགོས་པ་འཛམ་གླིང་མི་རིགས་གཞན་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་ཀྱི་རེད། དེ་ཚོ་ཚང་བྱེད་ནུས་པ་དང་སྲུང་ནུས་པ་རྐྱང་རེད། ད་དུང་ད་དུང་མང་པོ་ཡོད་པ་རེད།
༢༽ བོད་མི་རིགས་འདི་རྡོག་སྒྲིལ་བྱེད་ཐབས་དེ་གང་ཡིན་ནམ་ཞེས་ན། དེ་ཡང་བོད་མི་རིགས་འདི་ལོ་རྒྱུས་རང་བཞིན་ལྡན་པའི་མི་རིགས་ཞིག་རེད་ལ་རྒྱལ་ཁབ་ཀྱི་བདག་དབང་ཆ་ཚང་ཡོད་པའི་མི་རིགས་ཞིག་ཡིན་ཙང་། མི་རིགས་ཀྱི་ལྟ་བ་དང་། མི་རིགས་ཀྱི་གདུང་ཞེན། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་སྤོབས་པ། མི་རིགས་ཀྱི་སྙིང་སྟོབས། མི་རིགས་ཀྱི་འདུ་ཤེས། མདོར་ན་བཙན་པོའི་སྙིང་སྟོབས་དང་བཙན་པོའི་ཁྲག་རྒྱུན་ཆད་མེད་ན་འདི་ཚོར་བརྟེན་ནས་རྡོག་རྡོག་གཅིག་ལ་སྒྲིལ་ཐུབ་ཀྱི་རེད་མ་གཏོག་དེ་མིན། ངའི་ཚོད་དཔག་ནོར་མེད་ན་སྐུ་ཉིད་ཀྱི་དགོངས་ཚུལ་དེ་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ག་གེ་མོའི་ནུས་མཐུར་བརྟེན་ནས་བོད་མི་རིགས་འདི་རྡོག་སྒྲིལ་བྱེད་ཐུབ་ཀྱི་རེད་དགོངས་མེད་དྲོ། དེ་ཡིན་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཡིན་དུ་ཆུགས་ཀྱང་གཞན་ཁག་པོ་བྱས་པ་རེད་ལ། གལ་ཏེ་༧གོང་ས་ཏཱ་ལའི་བླ་མ་དགོངས་པ་གཞན་དོན་དུ་གཤེགས་ན་རྡོག་རྡོག་དེ་འཐོར་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད་ལ་སྐུ་ཕྲེང་བཅོོ་ལྔ་པ་ཡང་འདི་ལྟ་བུའི་མཛད་འཕྲིན་རྒྱས་པོ་ཞིག་ཡོང་རྒྱུ་ངེས་པ་གཏན་ནས་མེད་པ་རེད། མ་གཞི་བོད་རྒྱུད་ནང་བསྟན་སྤྱི་ལ་ཁྱབ་པའི་བླ་སྤྲུལ་ཞིག་ཕལ་ཆེར་མེད་པ་རེད་ལ་ཆོས་ལུགས་ནང་ཁུལ་གྱི་རྙོག་འཛིང་སྣ་མང་རང་བཞིན་ཅན་དེས་ཧ་ཅང་ཧ་ཅང་གི་རྡོག་རྡོག་གཅིག་ལ་སྒྲིལ་ཐུབ་རྒྱུ་ཞིག་ཁག་པོ་བྱས་པ་མ་རེད་པས། དེ་ལྟ་བས་ན་གལ་ཆེ་ཤོས་ངས་གོང་ཞུས་ཀྱིས་བོད་མི་རིགས་ཀྱི་ཀླད་ཁམས་ལ་ཡོད་དགོས་པའི་ཆ་རྐྱེན་དེ་ཚོས་བོད་མི་རིགས་འདི་རྡོག་རྡོག་གཅིག་ལ་སྒྲིལ་ཐུབ་ཀྱི་རེད་ལ་ཡུན་གནས་ཀྱང་ཐུབ་ཀྱི་རེད་ལ་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ངར་ཤུགས་ཀྱང་བསྟེར་ཐུབ་ཀྱི་རེད།
དེ་ནས་མི་རིགས་འདི་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་བདག་དབང་གི་གོ་རྟོགས་ཞིག་ཡོད་ཆེ་ཡང་། སྐུ་ཉིད་ལ་ད་སྔ་ཕན་ལ་མ་རྙེད་པ་ནི་ཅི་འདྲའི་ཡིད་སྐྱོ་བ་དང་ཡ་མཚན་སྐྱེ་གཞི་མ་རེད་པས། དེས་ན་དུས་བབས་ཀྱིས་གསར་འགོད་པས་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲགས་གནང་ནས་ལོ་ངོ་བརྒྱ་ཏག་ཏག་འཁོར་བའི་རྗེས་དྲན་དང་སྟབས་བསྟུན་ཆུང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་བཀོད་འདུག་པས་དེར་གཅིག་གཟིགས་ན་གང་ལ་གང་ཙམ་ཞིག་གསལ་པོ་བྲིས་འདུག།
༡་་་་སྤྲུལ་རྐུ་མང་བའི་ཡུལ་ལུང་ནང་དུ་དམངས་གཙོ་ཡང་དག་པ་ཞིག་ལ་ལོངས་སྤྱོད་ཐུབ་པའི་དུས་ཚོད་ཡོང་མི་ཐུབ། བརྒྱ་ཁ་གཅིག་གཅོད་དང་དབང་ཐང་རྒྱ་སྐྱེད་ཁོ་ནའི་དུས་འདའ་འགྲོ
༢་་་་སྤྲུལ་རྐུ་མང་བའི་ཡུལ་ལུང་ནང་དུ་དཔལ་འབྱོར་ཡར་རྒྱས་ཡོང་མི་ཐུབ། ཡུལ་ལུང་དེའི་མི་དམངས་ཀྱིས་གསོ་དགོས་པའི་སྤྲུལ་རྐུ་ཡི་འདོད་རྔམ་གྱི་ཁུག་མ་ཧང་ཅང་ཆེན་པོ་རེད།
༣་་་་སྤྲུལ་རྐུ་མང་བའི་ཡུལ་ལུང་ནང་དུ་དུས་བདེ་ཞི་འཇགས་ཡོང་མི་ཐུབ། སྤྲུལ་རྐུ་ཚོས་རང་མཐོ་གཞན་དམའ་དང་རྒྱུ་བདག་འཕྲོག་རྩོད་ཀྱི་འཐབ་རྩོད་བྱེད་ཀྱི་རེད།
༤་་་་སྤྲུལ་རྐུ་མང་བའི་ཡུལ་ལུང་ནང་དུ་ཤེས་ཡོན་པའིམགོ་བོ་ཡར་བཀྱག་མི་ཐུབ། དགེ་བཤེས་ལྷ་རམས་དང་སྔགས་རམས་པ་ཡིན་ཀྱང་ཡོན་ཏན་མེད་པའི་སྤྲུལ་རྐུ་ལ་ཕྱག་མཚལ་དགོས། ཤེས་ཡོན་གྱི་རིན་ཐང་གླེང་ས་མེད།
དྲ་གྲོགས་གསེར་འབྲུག་སྡེར་ལྔ་ལགས། དུས་ལྟར་ལན་འབྱོར་སོང་བ་བཞིན་ལྷག་བསམ་དཀར་པོ་དེ་ཁོ་བོས་རྟོགས་ཡོད་དེ། བསམ་ཚུལ་མི་མཐུན་སའི་གནད་རེ་འབྱུང་སྲིད་པས་ན་ཐུགས་དཀྱེལ་ཡངས་རེ་ཡོང་རྒྱུ་རེ་བས་བལྟས་ཡོད།
༡༽མིའི་ལུང་པ་ཞིག་ནས་གཞན་བསྟུན་དང་སྟབས་བསྟུན་འོག རིག་གནས་རྒྱུན་འཛིན་དང་གོམས་སྲོལ་དར་སྤེལ་གཏོང་རྒྱུ་དེ་བྱ་བ་ཆུང་ཆུང་ཞིག་མ་ཡིན་ཀྱང་། བོད་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་འབད་པས་བསྒྲུབས་པའི་འབྲས་བུ་ཡག་ཐག་ཆོད་ཐོབ་ཡོད་བ་རེད་དེ། ཕྱོགས་གཅིག་ནས་ཡུལ་གྱར་བོད་མི་ཚོའི་སེམས་ཀྱི་འཁྱེར་སོ་དེ་བྲོས་བྱོལ་དུ་སླེབས་མ་ཐག་པའི་བརྟན་བརྟན་པོ་དང་རིལ་རིལ་བོ་ནང་བཞིན། འགྱུར་མེད་རྟག་བརྟན་ཞིག་མེད་པ་གསལ་བོ་ཆགས་བཞིན་པ་རེད། དཔེར་ན། རྡ་སའི་རྒྱུ་ཆེན་དང་ངོ་ཆེན་ཚོའི་བུ་ཕྲུག་དག་གིས་མཚོན་པའི་ཕྱི་རྒྱལ་ལུང་པ་ཁག་ན་བཞུགས་མཁན་གྱི་བོད་ཕྲུག་ཚོས། རྒྱ་གར་རམ་ཨ་རི་ལྟ་བུའི་རྒྱལ་ཁབ་ཀྱི་རྗེས་འཇུག་པ་ཞིག་ལས་བོད་ཀྱི་རིག་གནས་ལབ་ཡོང་དུས་མགོ་འཁོར་བྱུང་བ་ལྟར། ལུས་སེམས་གཉིས་འདར་སུག་སུག་ཆགས་བསྡད་ཡོད་བ་རེད། ཡིན་ནའང་། བོད་ཀྱི་རིག་གནས་སློབ་སྐལ་མ་བྱུང་བའི་བུ་ཕྲུག་ཚོའི་མི་རིགས་གཞན་གྱི་སློབ་གསོ་དང་རིག་གནས་རྒྱུན་འཛིན་ཐད་དགག་སྒྲུབ་དང་གྱོད་འདྲི་བ་དེ་འདྲ་གཏན་ནས་མིན། དོན་གྱི་མདོར་གཏུགས་ས་དེ་བུ་ཕྲུག་འདི་ཚོའི་ཕ་མ་ཚོའི་བསམ་བློའི་ཁ་ཕྱོགས་གཡོན་གཟུར་ཆེ་བར་འདོད་ཀྱིན་ཡོད། བུ་ཕྲུག་འདི་དག་གི་ཕ་མ་ཚོའི་བསམ་བློའི་ཁ་ཕྱོགས་དེ་རྐྱེན་གང་ལ་བརྟེན་ནས་བྱུང་ཚུལ། བོད་ཀྱི་རིག་གནས་ལ་ལྟ་སྟངས་ཐད་ནས་ཡིན་ཀྱང་ཆོག དེ་མིན་བོད་སྤྱི་བའི་རྩ་དོན་གང་ཐད་ནས་བལྟས་རུང་། བྱུང་ས་དེ་བར་སྐབས་ཀྱི་དགོས་མཁོ་ཞིག་ལ་དམིགས་ནས་བྱུང་བ་རེད་མ་གཏོགས། བུ་ཕྲུག་ཚོ་ཆེན་པོ་ཆགས་ཡོང་དུས་བོད་སྤྱི་ཚོགས་ལ་རིགས་གནས་གཞན་འདི་དང་དེ་མཁོ་བསམ་པའི་མིག་རྒྱ་ཆེར་བསྐྱེད་སྟངས་ཤིག་ཡེ་ནས་མ་རེད།
རྡོ་ཁོག་ཆུས་མི་ལོན་ཟེར་སྲོལ་འདུག་མོད། ཁེ་སྤོག་མེད་ཚེ་རིག་གནས་ཡིན་ཀྱང་ཆོག་ཆོས་ལུགས་གོམ་སྲོལ་གང་ཡིན་རུང་། བཙན་བྱོལ་བོད་མི་ཚོས་དུས་ཚོད་རིང་བོ་ཞིག་ལ་ཉར་ཐུབ་པར་ཁོ་བོ་དོགས་པ་ཡོད།
༢༽བོད་མི་རིགས་ཀྱི་རྡོག་སྒྲིལ་འདིའི་ཕྱིའི་དབྱིབས་ལ་བལྟས་ན། རྡ་རམ་ས་དང་གཞི་ཆགས་ཁག་གི་བོད་མི་ཉུང་ནས་ཉུང་དུ་འགྲོ་བཞིན་པའི་ཚུལ་འདི། རྡོག་སྒྲིལ་གྱི་དབྱིབས་གཟུགས་འདི་ཕྱིའི་རྣམ་པ་ཁ་ཐོར་དུ་འགྲོ་བཞིན་པ་གསལ་བོ་རེད། བསམ་གཞིགས་ཞིབ་ཏུ་བཏང་ན་ཕྱིའི་རྣམ་པ་དེ་ཙམ་མི་སྐྱོན་སྟེ། མིག་ཐག་རིང་ན་བློ་ཐག་རིང་ཟེར་བའི་དཔེ་ལྟར། བསམ་བློའི་རྡོག་སྒྲིལ་ལ་ཆད་སྐྱོན་ཅུང་ཙག་རེ་འཕྲད་ཀྱིན་ཡོད་ཡོད་པ་རེད། ད་གནད་དོན་གཙོ་བོ་དེ་བསམ་བློའི་རྡོག་སྒྲིལ་ཅི་ལྟར་བྱེད་ཐུབ་མིན་དེ་ཆགས་འདུག སྐུ་ཉིད་ཀྱི་འདོད་པ་ལྟར་ན། མི་རིགས་འདུ་ཤེས་ཀྱི་དབང་གིས་དམ་པོར་གནས་ཐུབ་པ། མཁོ་ཆས་ནི་དུང་བ། ལ་རྒྱ། ལྟ་བ། མདོར་གཏུགས་ན་བཙན་པའི་སྙིང་སྟོབས་མངོན་འགྱུར་ཐུབ་དགོས་བ་འདི་རེད། སྤྱིའི་ཆ་ནས་ཡིན་དང་ཡིན། འོན་ཀྱང་། ཅི་ལྟར་མི་རིགས་དང་རྒྱལ་ཁབ་གྱི་འདུ་ཤེས་དེ་སྐྱེད་སྲིངས་བྱེད་རྒྱུ་ཡིན། ད་ལྟའི་ཆ་ལ་དགེ་བའི་བཤེས་ཆེན་པོ་རྣམས་གཙོ་གྱུར་བའི་གྲ་བཙུན་ཚོའི་མི་རྟོགས་པ་དང་། མི་ཤེས་བ་ནི་བཙན་པའི་སྙིང་སྟོབས་ཡིན། ཡུལ་གྱར་བོད་མིའི་བརྒྱ་ཆའི་སུམ་བཅུ་ལྷག་ཟིན་ཡོད་རྒྱུ་རེད། དེའི་རྗེས་ནས་བོད་ཀྱི་སློབ་ཕྲུག་ཚོ་རེད། བཙན་པའི་སྙིངས་སྟོབས་འབུས་བར་ལོ་རྒྱུས་རིག་གནས་ལ་རྒྱུས་མངའ་དགོས་བ་ཡིན། ལོ་རྒྱུས་ཀྱི་གོ་རྟོགས་ལ་བརྟེན་རྒྱལ་ཁབ་དང་བདག་དབང་གི་འདུ་ཤེས་སླེབས་དགོས་བ་ཡིན།ད་ལྟའི་སློབ་ཕྲུག་ཚོས་རྒྱལ་རབས་རིམ་བྱུང་དེ་ཡང་གསལ་བོ་ཞིག་གྲངས་འདྲེན་བྱེད་མི་ཐུབ། གྱར་བོད་མིའི་བརྒྱ་ཆའི་སུམ་བཅུ་འདྲ་ཞིག་ཟིན་ཡོད་རྒྱུ་རེད། ལྷག་ལུས་ཚོ་ཕ་མ་དང་མྱི་ལྡོམ་ཚོ་ཆགས་ཡོད་བ་རེད། ཁོང་ཚོ་མི་ཁོམ་པའི་ལས་ཤིན་ཏུ་མང་པོ་རེད། རབ་བྱུང་ན་རྒྱལ་ཁབ་དང་མི་རིགས་ཀྱི་འདུ་ཤེས་ཡོད་མཁན་ག་ཚོད་ཅིག་ཡོད་རྒྱུ་རེད། སྤྱིའི་ཆ་ནས་གྲངས་ཀའི་གནད་དོན་ཞིག་མ་རེད་དེ། རྩིས་ཀྱི་འགྲོ་ལུགས་འདི་གནད་དོན་གསལ་གྲོལ་བྱེད་ཐབས་གལ་ཆེན་ལ་བརྩིས་ནས་ལབ་ཀྱིན་ཡོད།
ད་ཆོས་ལུགས་ཀྱི་འདུ་ཤེས་སྒང་ནས་རྡོག་སྒྲིལ་སླེབས་ཐབས་ཞིག་ལྷག་ཡོད་བ་རེད་དེ། སྐབས་སུ་བཞག་ནས་རྗེས་ཕྱོགས་བརྗོད་གཞི་རེ་དང་འབྲེལ་ནས། སླར་གླེང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།
་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲགས་གནང་ནས་ལོ་ངོ་བརྒྱ་ཏག་ཏག་འཁོར་བའི་རྗེས་དྲན་ལ་རྒྱབ་སྐྱོར་དང་། དགོས་དམིགས་བསམ་ཀྱིས་མི་ཁྱབ་རེད་བསམ་ཡོད། འོན་ཀྱང་རེ་བ་དང་འདུ་ཤེས་གཉིས་ཁ་ཁ་དགར་ནས་བསམ་གཞིགས་བྱེད་འདོད་ཡོད། ཐུགས་རྗེ་ཆེ།
དྲ་གྲོགས་ཅོ་རི་ལགས། མ་གཞི་ནས་སྐུ་ཉིད་བསམ་ཚུལ་ལ་བདེན་ལུགས་མེད་པ་མ་ཡིན་ཏེ། མེད་པའི་ཚབ་ཏུ་གང་ཞིག་བཙལ་ནས་རྙེད་དགོས་བ་ཡིན་ནམ། བོད་སྤྱི་ཚོགས་མ་གཞི་ནས་འདི་ལྟར་གྲུབ་ཡོད་པ་ཡིན་ཙང་། ཡོད་པ་དེ་སྤུས་ཀ་ལ་མ་ལྟོས་ནས་དམ་བཟུང་དགོས་བར་ཁོ་བོས་འདོད་ཡོད། དྲིས་ལན་འདི་ཙམ་ལས་རྒྱག་ཁོམ་བྱུང་མ་སོང་། བྱུང་ན་ག་ལེར་ཡིན་ད།
སྤྲུལ་སྐུ་བྱོན་ན་མི་དགའ་ཟེར། སྐྱེ་བ་སྔ་ཕྱི་ཡོད་རབས་ཟེར།
འཇོན་པོ་སྤྱང་པོར་མི་དགའ་ཟེར། རང་གིས་སྤྱང་མདོག་ཤེས་མདོག་སྟོན།
འདི་མོའི་མྱི་ཚན་བཙོག་པ་ཟིག། སྐྱེ་རྒྱུ་གོ་རྒྱུ་མེད་ན་བསམ།།
་་་་་་་་་་་་ ་་་་་་་་་་་་་་་་ ་་་་་་་་་་་་་་་
ཁ་ཕོ་གནམ་གང་འཐེན་པའི་ཨ་ལུ་ཚོས། རང་ལུས་འདོམ་གང་ཡིན་པ་མ་རིག་པར།
ཉི་ཟླ་ས་འོག་གནོན་པའི་འཕྲུལ་སྣང་ན། རྦད་དེ་སངས་རྒྱུ་མེད་པ་ཨ་ལ་ལ།
100 བྱི་ལ་ཁྱབ་ལོག་འདྲ། ཧ ཧཧ ཧ
༩༢ ནག་ཐར་སྐྱིད་ཀྱི་ལན་དུ། ༡༠༨ ཅོ་ཅོས་བཤད་འདུག ད་དུང་ལོག་པའི་ལ
་ལ་མཐའ་མེད་ཕྱིར། །ཟད་རྒྱུ་མེད།
འཇམ་གཅེས་སོགས་འགས་ང་ལ་བརྡིག་ར་བསྐུལ་འདུག ལན་ག་ལེར་བྲིས་ཆོག
དཔྱོད ལྡན་ལུང་རྟོགས་ལགས་ཀྱིས། རྟགས་གསལ་ཆད་ནས་སྙིང་ཚིམ་ཅིག་བརྡར་འདུག གཉའ་ནས་བསྣོན་མཁན་ལ་དུང་བ་ཟབ་པ་ལ་ང་ནི་ཧ་ལས་སོ།།
ཨ་ལེ། སྤྲུལ་སྐུ་མ་རེད་སྤྲུལ་རྐུ་རེད།
ནག་ཐར་སྐྱིད་ཀྱིས། བླ་སྤྲུལ་ལ་བསྐུར་འདེབས་ཟེར་བ་ནོར་ཏེ། སྤྲུལ་སྐུའི་རང་བཞིན་བརྗོད་པ་དག་གིས་ཉོན་ཟེར་ན་དགའ།
ཅོ་རི་ཉི་མ་ལགས། རྒྱལ་བ་རིན་པོ་ཆེས་ཁོང་སྤྲུལ་སྐུ་ཡིན་པ་གསུང་རུང་མ་གསུང་རུང་། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་རྒྱུད་ནས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་བྱས་པ་ཞིག་ཡིན་པས་སྤྲུལ་སྐུ་ཡིན་པ་ལ་སྙོན་དུ་མེད་པ་རེད། གལ་ཏེ་རྒྱུ་མཚན་དེས་ཀྱང་སྤྲུལ་སྐུ་ཡིན་པ་མི་འགྲུབ་ན་ཡང་སྲིད་གཞན་དག་ཀྱང་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་མེད་པ་རེད་ལ། དེ་ལྟར་ན་སྤྲུལ་སྐུ་གཞི་མ་གྲུབ་པར་འགྱུར་རོ། སྤྱིར་ང་རང་ཉིད་ཀྱང་སྤྲུལ་སྐུའི་ལམ་ལུགས་ལ་འདོད་མོས་མེད་མཁན་ཞིག་ཡིན་ཡང་། འདས་པའི་ལོ་རྒྱུས་ལ་བལྟས་ན་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་བླ་མེད་སྒྲུབ་མཁན་གྱི་སྤྲུལ་སྐུ་གྲངས་ཀྱིས་མི་ཆོད་པ་ཞིག་བྱུང་ཡོད་ལ། ད་ལྟ་ཡང་ཞབས་འདེགས་སྒྲུབ་བཞིན་པའི་སྤྲུལ་སྐུ་ཡང་མང་པོ་ཞིག་ཡོད་པ་མཐོང་ཆོས་ཡིན་པས། འདིར་མི་ཁག་ཅིག་གིས་བཟང་ངན་དབྱེ་འབྱེད་མེད་པར་སྤྲུལ་སྐུ་ཚང་མ་ལ་དབྱུག་པ་ལེབ་རྡུང་བྱེད་པ་ནི་དྲང་པོ་བྱེད་སྟངས་ཤིག་མ་ཡིན་པས་ནམ་ཡང་ངོས་ལེན་མེད་དོ།
ཚང་མས་ངོས་ལེན་ཡོད་པ་དང་། ཀུན་གྱིས་སྤྱི་བོར་བཀུར་བ་མི་སྲིད་པས་སྤྲུལ་རྐུའི་རིང་ལུགས་པ་རྒོལ་བར་བྱའོ།།
འཇམ་གཅེས་ལགས། འདྲེ་ཉལ་ཕཊ་ཀྱིས་མ་དཀྲོག་རོགས། དགེ བ་ཡོང ཨུ་ཤི
དགེ་སྟག་སྤྲུལ་སྐུས་རྒྱ་འདྲེ་འབོད། །
སྟག་བྲག་སྤྲུལ་སྐུས་ར་སྒྲེང་དཀྲོང་། །
འཛེ་སྨད་སྤྲུལ་སྐུས་དེབ་ངན་བརྩམས། །
ཁྲི་བྱང་སྤྲུལ་སྐུས་འདྲེ་ངན་བསྟེན།
དགེ་སྟག་སྤྲུལ་སྐུས་རྒྱ་འདྲེ་འབོད། །
སྟག་བྲག་སྤྲུལ་སྐུས་ར་སྒྲེང་དཀྲོང་། །
འཛེ་སྨད་སྤྲུལ་སྐུས་དེབ་ངན་བརྩམས། །
ཁྲི་བྱང་སྤྲུལ་སྐུས་འདྲེ་ངན་བསྟེན། །
ཨོ་ཉི་སྤྲུལ་སྐུས་དམ་པར་སྨོད། །
དབང་ཆེན་སྤྲུལ་སྐུས་༧རྒྱལ་མཆོག་སྨོད། །
ཟམ་གདོང་སྤྲུལ་སྐུས་བཙན་བྱོལ་གྱི། །
ལོ་ངོ་བཅུ་པོ་འཕྲོ་བརླག་བཏང་། །
མེ་དཀར་ལགས་དང་མི་རྩོད་དེ། །
མེ་ཏོག་དཀར་པོའི་སྦྲུལ་༼སྤྲུལ་༽རྐུ་༼སྐུ༽དེ། །
ཨོ་ཉིས་ཕུང་གསུམ་བཏགས་དང་མཚུངས། །
ཀརྡོ་ང་ཡི་སྤྲུལ་སྐུ་ནི། །
ཕུང་གསུམ་མིན་པའི་བླ་སྤྲུལ་ལོ། །
ད་ནས་རྩོད་པ་དམིགས་མེད་གྱུར། །
ཚང་མས་ངོས་ལེན་མེད་པ་དང་། ཀུན་གྱིས་རྒོལ་བ་ཡང་མི་སྲིད་པས། སྤྲུལ་སྐུའི་ལམ་ལུགས་ལ་རྒོལ་བར་མི་བྱའོ་ཟེར་ན་རྒྱུ་མཚན་གཅིག་པ་རེད་དོ།
ཏཱ་ལིའི་བླ་མས་འཛམ་གླིང་ཞི་བདེར་བཀོད།།
པཎ་ཆེན་བླ་མས་བོད་འབངས་སྡུག་པས་སྐྱོབ།།
ཟམ་གདོང་སྤྲུལ་སྐུའི་སྔར་མེད་མཛད་རྗེས་བཞག།
སྤྲུལ་སྐུ་འདི་དག་བོད་ཀྱི་རྒྱན་ཆ་ཡིན།།
སྡུག་ལས་བཅོས
མེ་རིང་གི་ཁ་སྐོང་དུ།
སྤྲུལ་སྐུ་གྲགས་པ་དམ་སྲིར་སྐྱེས།
མེ་ཏོག་ལ་བཅོས་རོགས
རྩོམ་པ་པོ་ལགས། དེ་ལ་ཞི་བདེ་གླིང་མ་རེད། བཞི་སྡེ་བླ་བྲང་ཡིན་རྒྱུ་རེད།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་སྙིང་ནས་དད་པ་དང་དག་སྣང་ཡོད། འོན་ཀྱང་ཁོང་བཅུ་གསུམ་པའི་ཡང་སྲིད་ཡིན་མིན་གྱི་ཆ་ནས་དག་སྣང་སྐྱེས་པ་མིན། བོད་ཀྱི་བླ་ཆེན་ཚོས་རང་ཉིད་ནམ་འཆི་དང་གར་སྐྱེ་གསལ་པོ་ཞིག་སྟོན་རྒྱུ་མེད་བཞིན་དུ་སྤྲུལ་སྐུ་ངོས་འཛིན་གནང་བཞིན་པ་འདི་ནི་དྲང་དོན་ཁོ་ན་རེད། བོད་ཀྱི་བླ་ཆེན་ཞིག་སྐུ་གཤེགས་པ་དང་བྱིས་པ་ཆུང་ཆུང་མང་པོའི་མཚན་ཐོ་བསྡུ་རུབ་ཀྱིས་རྒྱན་ཤོག་དཀྲུགས་ན་གཅིག་འཐོབ་རྒྱུ་ཡིན་པ་ཐག་ཆོད། དེ་ལ་ཡིད་ཆེས་གཏད་ནས་མེད། སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཐེ་ཚོམ་སྐྱེ་བཞིན་དུ་ཡང་སྲིད་ལམ་ལུགས་ཡིད་ཆེས་རྣལ་མ་ཞིག་ཇི་ལྟར་སྐྱེ་ཐུབ། མདོར་ན་བོད་མི་ཚོ་མིང་ཙམ་གྱི་རྗེས་སུ་ཧོབ་རྒྱུགས་བྱེད་པའི་ལམ་ལུགས་འདི་མཇུག་བསྡུ་རན་པ་རེད། ང་ནི་སྤྲུལ་སྐུའི་མིང་ཅན་བརྒྱ་ལས་ཀྱང་དོན་གྱི་ཉམས་ལེན་པ་གཅིག་ལ་དགའ་དད་ཆེ། ད་དུང་རྒྱ་མི་རིགས་འདི་ཚོས་སྤྲུལ་སྐུའི་མིང་ཅན་དག་ལ་རྒྱབ་སྐྱོར་བྱས་ཏེ་ང་ཚོ་བོད་མི་ཚོ་ལོག་པའི་ལམ་ནས་ནམ་ཡང་ཐར་ཐབས་མེད་པ་བཟོ་བཞིན་པ་འདིར་ལྟོས་དང་སེམས་པ་གཏིང་ནས་སྐྱོ།
དབང་འདུས་ལགས། དེ་ཡིན་དང་ཡིན། ༧གོང་སམཆོག་ལ་དད་པ་ནི་གོང་མའི་ཡང་སྲིད་ཡིན་པའི་རྒྱུ་མཚན་གྱིས་ག་ལ་རུང་། གོང་མའི་ཡང་སྲིད་ཡིན་པའི་ཁྱད་ཆོས་གང་ཡང་མེད་དེ་སློབ་སྦྱོང་ནི་འགོ་ནས་སྦྱོང་དགོས། དབང་ལུང་ཁྲིད་ནི་འགོ་ནས་ཞུ་དགོས། གཞུང་བཀའ་པོད་ལ་ཐོས་བསམ་འགོ་ནས་བྱ་དགོས། དེ་ལ་དམིགས་བསལ་བ་གང་ཡང་མ་མཐོང་། ༧གོང་ས་མཆོག་གིས་ཤཱཀྱའི་དགེ་སྦྱོང་སོགས་ལ་སྤྲུལ་སྐུ་ཏ་ལའི་བླ་མ་ནམ་ཡང་མ་གསུངས་སོ།།
༧༠ བྱི་ལའི་ལན་དུ། འདོད་ཅེས་ཟེར། གོང་དུ་ནོར་འདུག
མེ་དཀར་དང་ལུང་རྟོགས་མཚན་ཅན་འདི་ཚོས་འགྲོ་ལུགས་འདུག་སྟངས་ད། གསར་བརྗེ་རུ་དཔོན་མོའོ་ཡི་རྐུབ་ནས་ཐོན་པའི་སྐྱག་ཕྲུག་དམར་དམག་དང་འདྲ་བ་ལེན་རྒྱུ་རྐང་གཅིག་མི་འདུག རྗེས་ཕྱོགས་འདི་ཚོའི་མིང་ལ་སྐྱག་ཕྲུག་དམར་དམག་ལབ་ནས་འབོད་རྒྱུ་ཡིན་གདའ།
༡༢༣༽ ལུང་རྟོགས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༡༤
ཏཱ་ལིའི་བླ་མས་འཛམ་གླིང་ཞི་བདེར་བཀོད།།
པཎ་ཆེན་བླ་མས་བོད་འབངས་སྡུག་པས་སྐྱོབ།།
དེ་དེ་བཞིན་ནོ་ཞུའོ།།
ཨ་རོག་མེ་དཀར་་་དྲང་བོ་བཤད་ན་ཁྱོའི་སྐད་ཆ་འདི་ཅུང་ཐལ་དྲག་པ་མིན་འགྲོ་བསམ་གི་་་་་འདི་ལ་ཅིག་ལྟོས་དང་་་་
དབང་འདུས་ལགས། དེ་ཡིན་དང་ཡིན། ༧གོང་སམཆོག་ལ་དད་པ་ནི་གོང་མའི་ཡང་སྲིད་ཡིན་པའི་རྒྱུ་མཚན་གྱིས་ག་ལ་རུང་། གོང་མའི་ཡང་སྲིད་ཡིན་པའི་ཁྱད་ཆོས་གང་ཡང་མེད་དེ་སློབ་སྦྱོང་ནི་འགོ་ནས་སྦྱོང་དགོས། དབང་ལུང་ཁྲིད་ནི་འགོ་ནས་ཞུ་དགོས། གཞུང་བཀའ་པོད་ལ་ཐོས་བསམ་འགོ་ནས་བྱ་དགོས། དེ་ལ་དམིགས་བསལ་བ་གང་ཡང་མ་མཐོང་། ༧གོང་ས་མཆོག་གིས་ཤཱཀྱའི་དགེ་སྦྱོང་སོགས་ལ་སྤྲུལ་སྐུ་ཏ་ལའི་བླ་མ་ནམ་ཡང་མ་གསུངས་སོ།།
འོ། ག་ལ་རུང་མིན་པར་ག་ལ་ཡི་་ཞེས་པར་བཅོས། གཞན་ཐལ་རྒྱུ་ཅང་མེད།
མགཞི་ད་སྤྲུལ་རྐུའི་གླེང་གི་མིན། ཡང་ཨོ་ཉོ་དང་དབང་ཆེན་དེ་ཚོ་སླེབས་ནས་ཅ་ཅོ་སྒྲོགས་ན་སྤྲུལ་རྒོལ་བྱ་རྒྱུ་ཡིན།
དགོངས་དག ག་ལ་རུང་ཞེས་པ་ག་ལ་ཡིན་ཞེས་སུ་བཅོས
དགེ་ཆོས་ཀྱིས།
དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ་་་་་བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་ཡོང་་་་གསུངས་པ་ཅི་འདྲིའི་དོན་གནས་ཨང་།
ཁོང་གིས། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ། །དེ་ལྟར་མཁས་རྣམས་ཚིག་ལ་ལྐུག་པ་སྟེ། །ཟེར་བ་འདྲ་ཞིག་ཀྱང་ཡོད་དམ་སྙམ
གྲྭ་བ་བླ་མ་མཁན་པོ་དགེ་བཤེས་སོགས། །
ཆེན་པོ་རྣམས་ཀྱིས་སྤྲུལ་སྐུས་འཇོན་ཞེས། །
ཡོད་ཚད་སྐྱོན་དུ་མཐོང་ན་ཕྲག་དོག་ཡིན། །
སྤྲུལ་སྐུ་ཡོད་ཚད་སྐྱོན་བཅས་ག་ལ་ཡིན། །
སྤྲུལ་རྫུན་ཕུང་གསུམ་སྨད་ན་དགའ་འོས་ཀྱང་། །
སྤྲུལ་སྐུ་ཡོད་ཚད་སྡང་ན་རང་སྐྱོན་ངེས། །
ཕུང་གསུམ་བསྟན་པའི་དགྲ་བོ་དགེ་བཤེས་དང་། །
མཁན་པོ་གྲྭ་བ་བླ་མའི་ཁྲོད་ན་མང་། །
དེ་དག་ཚང་མ་དག་ཐེར་མི་བྱེད་པར་། །
སྤྲུལ་སྐུ་གཅིག་པུར་སྡང་ན་ཁྲེལ་མེད་ཡིན། །
སྤྲུལ་སྐུ་འབྱོར་བ་ཆེ་དང་ཐོབ་ཐང་ཆེ། །
སྤྲུལ་སྐུ་འཇོན་ཐང་ཆེ་དང་སྟོབས་ཆེ་ཞེས། །
སྨད་ན་རང་ཉིད་གང་ཡང་མི་འཇོན་མེད་མུག་རྟགས། །
སྤྲུལ་རྫུན་འགའ་ཞིག་བསྟན་པ་བཤིགས་པ་དེ། །
གཞན་གྱིས་བསྟན་པ་བཤིགས་ལས་ཉེས་པ་དང་། །
གནོད་པ་ཆེ་ཞེས་སྨད་ན་ཡི་རང་ཡོད། །
དེ་ཕྱིར་སྤྲུལ་རྫུན་སྤྲུལ་སྐུ་དག་མ་དབྱེ་འབྱེད་བྱོས། །
ཡོད་ཚད་ལོག་པར་ལྟ་བའི་བསམ་བློ་ཅན། །
དེང་གི་བོད་མིའི་ཁྲོད་ན་མོད་པ་དེ། །
ལས་དབང་ཐུར་དུ་བསྟན་པའི་རྟགས་མཚན་རེད། ཛ
ཡོད་ཚད་ལོག་པར་བལྟ་མཁན་ཁྱོད་རང་རེད།
དམྱལ་བར་སྐྱེ་ཁར་སྤྲུལ་སྐུར་སྐྱེ།།
ཁྱོད་ཀྱིས་བཤད་པའི་ཕུང་གསུམ་པ་ཡིན་ལ་སྤྲུལ་སྐུ་མིན་པ་ཡོད་དམ། ཧ་ཧ་
༡༢༥༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༢༥
མེ་རིང་གི་ཁ་སྐོང་དུ།
སྤྲུལ་སྐུ་གྲགས་པ་དམ་སྲིར་སྐྱེས། །ཞེས་པ། གྲགས་རྒྱན་སྤྲུལ་སྐུ་རྒྱ་འདྲེར་སྐྱེས། །ཞེས་བཅོས
ད་ཡིན་ན་ཉོབ་སོང་། སྐད་ཆ་ཚང་མར་ཆུ་རི་མ་གཏོགས་བྲོ་རྒྱུ་མེད་ཀི། འདིའི་ཐོད་སྐམ་མལ་འབུད་རྒྱུ་ཆ་བོ།
ཨ་ཕྱི་ཚང་ནས་སྙན་ངག་ཅིག་བྲིས་ཡོད།
ཨ་ཕྱིའི་ངོ་གདོང་ལ་ཞིབ་ཀྱིས་བལྟས་པ་ཡིན
འཇིག་རྟེན་གྱི་སྣང་བ་ནུབ་པའི་ངའི་དྲན་ཤིང་སྟེ
གསལ་དང་མི་གསལ་བའི་ཨ་མའི་ཞལ་རས་དྲན་བསླངས་བྱས་སོང
འདས་པའི་ལོ་ཟླ་ལ་ཕྱི་མིག་འོག་ནས
ད་ལྟའི་གནས་བབས་ཀྱི་ཁ་དོག་དྲན་བཞིན
ཕྱི་ནང་གི་ཁ་བ་ལྟ་བུའི་རང་གཤིས་དེ་བཙལ་ཡོད
ཉིན་སྲིབ་ཀྱི་ས་གཤིས་དེ་དག་ལ
མིག་ཟུང་ནན་གྱིས་ཅེར་དུས
ཨ་ཕྱི་ཚང་གི་འཕེལ་འགྲིབ་ནི
དངོས་པོའི་ཆོས་ཉིད་ཀྱི་ཀློང་དུ་འཛུལ་བཞིན་པ་རེད
བདག་གི་སེམས་པའི་དཀྱིལ་ནས
སྤྲིན་དཀར་ལྟ་བུའི་རྨི་ལམ་ཞིག་རྨིས་པས
ནམ་མཁའི་དཀྱིལ་འཁོར་ནས་ཟླ་བ་འདྲ་བའི་ཞལ་ངོ་ཞིག་དྲན་སོང
ཅ་ནེའི་ཕྱི་ཀོག་གི་མཛེས་རིས་འདྲ་བའི་འཁོར་བའི་ཕུན་ཚོགས
ཨ་ཕྱིའི་ཐབ་ཁུང་ནས་མེ་ལྕེ་བཞིན་མངོན་དུས
བུ་ཕྲུག་ཚོའི་ཁ་ལྕེ་ནས་རྡོལ་བའི་སྙིང་གཏམ་ཞིག
དྲན་པའི་མཁའ་དབྱིངས་ནས་བཞུད་སོང
ཨ་ཕྱིའི་བཅོས་མིན་གྱི་ཞལ་རས་དང
ངག་ལམ་ནས་ཆད་པའི་ལྷད་མེད་ཀྱི་དུང་གཏམ་ཟབ་མོ
འདས་མ་ད་གསུམ་གྱི་ལོ་རྒྱུས་དང་བསྡེབས་ནས
ངེད་ཅག་མིང་སྲིང་དག་ལ་ལྷུག་པོར་བཤད་པས
བདག་གི་སེམས་ཁོང་ན་རླངས་པ་ལྟ་བུ་འཕྱུར་སོང
2013 1 31ཉིན་ཉག་ལའི་ཡུལ་ཕྱོགས་ནས་བྲིས།
ལུང་རྟོགས་ལགས་་་བོད་ཀྱི་ཡུལ་དུ་སྤྲུལ་སྐུ་གཞི་མ་གྲུབ་ཏེ་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་མེད་པས་ཕྱིར།
གནམ། སྐྲགས་དགོ་ལེ་མ་རེད། ཕམ་དགོ་ལེ་མ་རེད་གདའ། མེ་དཀར་ལུང་རྟོགས་སོགས་དམར་དམག་ཚོས་ག་ཚོད་བར་དུ་སྡུག་སྐད་རྒྱག་ཐུབ་རྒྱུ་རེད། དམར་དམག་ཆུང་ཆུང་ཚོ་ལག་ཆ་གཉིས་ལས་གང་ཡང་མེད། ཐོ་དང་ཟོར་བ་གཉིས་རེད། ཡིད་ཆད་དགོས་ལེ་མེད།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །
སྐྱེས་པ་ཉམས་པ་མེད་པར་ཡང་།།
གོང་ནས་གོང་དུ་འཕེལ་བར་ཤོག །
ཕྲག་དོག་གཏན་ནས་ཞི་གྱུར་ཅིག །
ཞེ་སྡང་མིང་ཡང་མེད་པར་ཤོག །
གཏི་མུག་རྩ་བ་ཆོད་པར་ཤོག །
འདོད་ཆགས་བྱམས་བརྩེར་འཕོས་གྱུར་ཅིག །
ལོག་རྟོག་རྒྱུད་ལྡན་གང་ཟག་གིས། །
ལོག་ཚིག་སྣ་ཚོགས་སྨྲ་བའི་ཚེ། །
ལོག་པར་འཆེལ་བའི་གང་ཟག་ལ། །
ལོག་པའི་ལམ་དུ་མ་ཕེབས་ཞེས། །
ལོག་ལམ་མཛུབ་སྟོན་ཆེད་དུ་བསླེབས། །
ཧཧཧཧཧཧཧཧཧཧཧ
བོད་སྔ་རབས་དུས་སུ་བོད་ཀྱི་སྒྲ་སྒྱུར་པ་ཀུན་སྤྲུལ་པའི་སྐུ་ཡིན།
དེ་དག་རྣམས་ཀྱིས་བསྒྱུར་པའི་བཀའ་བསྟན་ཚིག་རྣམས་གསལ་པོ་མཆོག་ཏུ་གྱུར།
ཕྱིས་ཀྱི་སྒྲ་སྒྱུར་པ་ཀུན་སོ་སོའི་སྐྱེ་བོ་ཡིན་པས་ཚིག་མི་གསལ།
དེ་ལྟར་ཀློང་ཆེན་རབ་འབྱམས་པ་ཡིས་གྲུབ་མཐའ་མཛོད་དུ་གསུངས།།
སྐད་ཅ་ཅི་ཞིག་བཤད་ཀྱང་། རྩོད་པ་ཅི་ཞིག་རྒྱབ་ཀྱང་བོད་ཀྱི་སྤྲུལ་སྐུའི་སྐོར་དེ་ཆེས་ཚོར་བ་ཟབ་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་ནི་མཆན་གྲངས་འདི་ནས་རྟོགས་ཐུབ ཉིན་གྲངས་གཉིས་ཙམ་ལ་ཞབས་མཆན་༡༤༨ཟིན་སོང་། ཚིག་བརྒྱ་བཤད་ཀྱི་སྙིང་པོ་དོན་ཡིན། འོ་མ་བརྒྱ་དཀྲུགས་ཀྱི་སྙིང་པོ་མར་ཡིན་ཟེར་བ་ལྟར་མདོར་ན་སྤྲུལ་སྐུའི་མིང་འཆང་མཁན་དཀོར་ནག་ཧམ་ཟ་མཁན། ནག་ཆང་གང་འདོད་སྤྱོད་མཁན། ཡུལ་ལུང་དཀྲུགས་མཁན་སོགས་ང་ཚོ་ལ་མི་དགོས་ལ། བསྟན་ལ་གཅེས་པ། འགྲོ་ལ་ཕན་པའི་སྤྲུལ་སྐུ་དག་ཡུན་ནས་ཡུན་དུ་དགོས་ཞེས་པ་དེ་ཡིན་པར་སེམས་ན་མང་པོ་རྩོད་དགོས་པའི་དོན་གནད་མ་མཐོང་ངོ།།
སྤྲུལ་སྐུ་ཡིན་ན་བསྟན་དགྲ་ཡིན་པས་ཁྱབ།
མེ་དཀར་ད་ཁྱོད་རང་གིས་ སྟོན་པ་ཐུབ་པའི་དབང་པོ་ཡང་སྤྲུལ་སྐུ་མིན་ལོབ་ཅིག
ཡིན་དང་ཡིན། དེ་རྩ་བའི་དམ་བཅའ་རེད། སྤྲུལ་སྐུ་ཡིན་ན་་་
བྱི་ལ་ནི་བྱི་ལ་རང་རེད། ཙ་ག་ཙུག་གེ་དྲུད་ནས་ཡོང་ཚུལ་ལ་བལྟས་ན་དམར་དམག་ཆུང་ཆུང་ཞགི་ཡིན་པ་ཐག་གིས་ཆོད། དམར་དམག་ལབ་ན་མགོ་བོ་ཡོད་ཀྱང་ཀླད་པ་མེད་མཁན་གསར་བརྗེ་བ་ལ་ཟེར།
ནག་ཐར་སྐྱིད་ཀྱི་བསམ་ཚུལ་དངོས་དེ་སྤྲུལ་སྐུའི་སྐོར་དེ་གོ་བ་ཅུང་ཟད་ལྡོག་ཕྱོགས་ནས་བླངས་ན་གོ་རྒྱུ་ཆེན་པོ་ཞིག་འདུག་པར་སྙམ།མ་གཞི་ནས་སྤྲུལ་སྐུའི་ལམ་ལུགས་ལ་བཅོས་བསྒྱུར་བྱེད་པའི་དུས་ལ་བབ་པ་མ་ཟད།ཕྱིས་དྲག་པས་སྐྱོན་ཡོད།བསྟན་པ་ཡང་དར་གྱི་འགོ་བཙུགས་ནས་ལོ་ངོ་སུམ་བཅུ་ལྷག་ལས་བརྒལ་མེད་ན་ཡང་།བསྟན་པ་ཞིགས་པའི་སྤྲུལ་སྐུའི་མིང་ཅན་གྲོག་འཚང་བརྡོལ་བ་བཞིན་འཕེལ་ཡོད།
་་་་་་ མདོར་ན་སྤྲུལ་སྐུའི་མིང་འཆང་མཁན་དཀོར་ནག་ཧམ་ཟ་མཁན། ནག་ཆང་གང་འདོད་སྤྱོད་མཁན། ཡུལ་ལུང་དཀྲུགས་མཁན་སོགས་ང་ཚོ་ལ་མི་དགོས་ལ།
བསྟན་ལ་གཅེས་པ། འགྲོ་ལ་ཕན་པའི་སྤྲུལ་སྐུ་དག་ཡུན་ནས་ཡུན་དུ་དགོས་ཞེས་པ་དེ་ཡིན་པར་སེམས་ན་མང་པོ་རྩོད་དགོས་པའི་དོན་གནད་མ་མཐོང་ངོ།། ་་་་་ཟེར།
སྤྲུལ་སྐུ་ཆོས་ཅན། སེམས་ཅན་ལ་སྙིང་ནས་བརྩེ་བ་ཡོད་དེ། གཞན་དོན་དུ་སྲིད་པ་བཟུང་བ་ཡིན་པའི་ཕྱིར།
དྲ་གྲོགས་རྣམ་པ་འདི་ལ་གཟིགས་དང་སྤྲུལ་སྐུ་ཟེར་བ་དེ་ཇི་འདྲ་ཞིག་ཡིན་དགོས་མིན་སོགས་གསུང་འདིའི་ལྷག་ཅིག་མི་དགོས་༼་༤༣༽ ཨ་ཕྱི་ཆོས་སྒྲོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ གི་ཆུ་ཚོད་ ༤ སྐར་མ་ ༥༥
གསུང་པ་པོ། འཇིགས་མེད་ཕུན་ཚོགས་འབྱུང་གནས།
གསེར་འོད་འཕྲོ་བའི་ཞབས་རྗེས་ཞེས་པ་ལས་བཏུས།
འོས་སྦྱོར་བྱེད་མཁན། ཁྱུང་པོ་བདེནའཚོལ།
དེ་རིང་ཁ་སང་སྤྲུལ་སྐུ་མང་པོ་འདུག སྔོན་ཆད་བླ་མ་དང་དཔོན་པོ་དེ་ཚོའི་བུ་སྤྲུལ་སྐུ་རེད། དེང་དུས་འབྱོར་ལྡན་དང་གདོང་པ་དཀར་པོ་དེ་ཚོ་སྤྲུལ་སྐུ་རེད། ཤམ་བྷ་ལ་དང་། ཟངས་མདོག་དཔལ་རི་སོགས་ཞིང་ཁམས་དེ་ཚོའི་སྒོ་སྲུང་ཇེ་བཙན་དུ་སོང་ཡོད་ས་རེད། ཚང་མ་ཡར་མི་ཕེབས་པར་མར་ལ་ཡོང་གི་འདུག ད་དུང་ཤི་གསོན་བྱེ་མའི་ལ་ཁ་ནས་ཚུལ་ཡོང་དུས་རྡོ་ཕ་བོང་ཞིག་ལ་གདོང་ཐུག་བརྒྱབ་སྟེ་གས་འཐོར་དུ་སོང་བ་འདྲ། ཚུལ་བསླེབས་དུས་མི་མང་པོ་ཞིག་ཏུ་ཆགས་འདུག ཡོན་ཏན་དེ་ཡང་ཡང་སྤྲུལ་མང་པོ་ཡོད་པ་དེ་ཚོར་བགོ་བཤའ་བརྒྱབ་པའམ། ཡང་ན་དམྱལ་བའི་སྒོ་སྲུང་རྣམས་ཀྱིས་འཕྲོགས་བཅོམ་བྱས་སོང་བ་འདྲ། གང་ལྟར་སྐུ་སྔོན་མ་ལས་བརྒྱ་འགྱུར་གྱི་སྡུག་ཏུ་ཕྱིན་འདུག མང་ཆེ་བས་ཆོས་གོས་དང་ཕྲེང་བ་སོགས་ངོ་ཤེས་ཀྱི་འདུག་ཟེར་ནའང་ཐུགས་རྒྱུད་ཀྱི་ཡོན་ཏན་ནི་བརྗེད་ཚར་འདུག་པས་ཐ་ན་ཀ་ཁ་ཡང་སློབ་ཁག་པོ་རེད། ཡང་ཅུང་ཙམ་ནར་སོན་པའི་ཚེ་ཐོས་བསམ་སློབ་གཉེར་ལ་མི་བརྩོན་པར་དགོན་པའི་བསྟན་བདག་དང་། ཁྲི་ཐོག་པའི་མིང་གནས་དབང་ཆ་དང་གོ་གནས་འཛིན་གྱི་འདུག མིང་ཁུར་ནས་བསྟན་པ་ལ་སྲི་ཞུ་བསྒྲུབ་ན་འགྲིག་གི་འདུག་གི་རེད་དེ། འགའ་ཤས་ནི་བསྟན་བཤིག་གི་གཙོ་འཛིན་ལྟ་བུ་ཆགས་འདུག དེ་སྐྱོ་གནས་རེད། ཇི་སྐད་དུ། སྐུ་སྐྱེས་བསྟན་དོན་ལ་བྱོན་ན།། བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས།། ཞེས་གསུངས་པ་བཞིན་སེམས་ཅན་གྱི་དོན་དུ་སྤྲུལ་ཡོང་ཡིན་ཟེར་མཁན་དེ་ཚོ་བསྟན་འགྲོ་ལ་ཕན་ཐོགས་མཁན་དམིགས་བསལ་འདྲ་བོ་ཞིག་དགོས་པ་རེད། འོན་ཀྱང་དེང་དུས་སྤྲུལ་སྐུ་ཟེར་བ་དེ་ཚོ་མང་ཆེ་བ་ཞིག་བླ་བྲང་ཆེ་གེ་མོའི་ཤུལ་འཛིན་དང་། བླ་མ་ག་གེ་མོའི་མཚན་གནས་བདེ་སྤྱོད་བྱེད་མཁན། ཡང་ན་དཔལ་འབྱོར་འདུ་འགོད་ཀྱི་ལག་ཆ་ལྟ་བུར་གྱུར་འདུག་པས་ཧ་ཅང་གི་སྐྱོ་པོ་རེད། བདག་ཅག་གི་སྟོན་པས། ངའི་བསྟན་པ་འདི་ཕྱི་རོལ་གྱི་ལྷ་དང་བཅས་པ་བདུད་དང་བཅས་པ་སུ་གང་གིས་ཀྱང་གཞིག་མི་ནུས་མོད། ངའི་རྗེས་འཇུག་གི་གཟུགས་བརྙན་འཆང་བ་འགའ་ཞིག་གིས་བསྟན་པ་བསྣུབ་པར་འགྱུར་ནུས་ཞེས་ལུང་བསྟན་གསལ་པོ་གསུངས་ཡོད་པས། བསྟན་པའི་བདག་པོ་དང་། སྤྲུལ་པའི་སྐུ། རིན་པོ་ཆེ་ཡིན་ཟེར་མཁན་དེ་ཚོ་གོང་གི་ལུང་བསྟན་གྱིས་ཟིན་པའི་མི་སྣ་གཙོ་བོ་ལྟ་བུ་ཆགས་སོང་ན་བློ་ཕམ་དང་ཐབས་སྡུག་རེད། ངས་ནམ་རྒྱུན་སྤྲུལ་སྐུ་དེ་ཚོ་ལ་དམའ་འབེབས་དང་། ཁ་གཏད་གཅོག་པ་ལྟ་བུའི་ཚིག་མང་ཞིག་ཞུ་དགོས་ཐུག་གི་འདུག་ཀྱང་། མ་དད་པ་དང་ཕྲག་དོག་ནི་བྱས་པ་མིན། བཤད་དོན་མེད། ང་ཡང་ཆུང་དུས་ཞིག་ནས་སྤྲུལ་སྐུ་ཞིག་ལ་ངོས་འཛིན་བྱས་པ་རེད། འོན་ཀྱང་བསྟན་པ་སྤྱི་དང་ཁྱད་པར་སྤྲུལ་སྐུ་དེ་ཚོ་ལ་ཕན་ཐོགས་ན་སྙམ་སྟེ་ཞུས་པ་ཡིན། སྤྲུལ་སྐུ་འགའ་རེས་ངས་ཅིག་བཤད་བསྡད་དུས་མི་དགའ་བ་གནང་གི་འདུག ཡིན་ནའང་ངས་བསམ་པ་དཀར་པོ་ཡིན་སྙམ་ནས་འཚེར་གྱི་མི་འདུག འགྲོ་ཐུབ་མཁན་ཚོ་ཕྱི་རྒྱལ་གྱི་ལུང་པ་དང་། འགྲོ་མི་ཐུབ་མཁན་རྒྱ་ནག་སོགས་ཡུལ་གྲུ་དུ་མ་ལ་ཤིག་བཞིན་ཉུལ་ཏེ་ཞབས་འདྲེན་མང་པོ་བྱེད་ཀྱི་འདུག དེ་ལས་ཆུང་དུས་ནས་མཚན་ལྡན་བླ་མ་རེ་བསྟེན། བཤད་སྒྲུབ་ཀྱི་བསྟན་པ་ཡོད་སའི་དགོན་སྡེ་གང་རུང་རེ་ལ་སོང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད། སྤྲུལ་སྐུ་རྣམས་ཀྱིས་ཡག་པོ་བྱས་ན་མཚན་གནས་རྗེས་འབྲེལ་གྱིས་བསྟན་འགྲོ་ལ་ཕན་ཐོགསཀྱི་འདུག ཡག་པོ་མ་བྱས་ན་དེ་བཞིན་བསྟན་པ་ལ་གནོད་ཀྱི་འདུག་ཅེས་སོགས་ཡང་ཡང་གསུངས་ཡོད་པ་དང་། དེ་བཞིན་ངའི་མི་ཚེའི་ནང་སྤྲུལ་སྐུ་སུ་ཡང་ངོས་འཛིན་མ་མྱོང་ལ་བྱེད་ཀྱང་མི་ནུས་ལ་ཞེས་ཀྱང་གསུངས་ཡོད།།
ཨོ་ཉི་ལགས། སྤྲུལ་སྐུ་ཆོས་ཅན། སེམས་ཅན་ལ་བརྩེ་བ་མེད་པ་ཐལ། མི་མང་ཤ་ཁྲག་གི་དཀའ་ལས་རྒྱབ་པའི་རྒྱུ་ནོར་ལེན་པའི་ཕྱིར།
དྲ་གྲོགས་རྣམ་པ་འདི་ལ་གཟིགས་དང་། དུང་དཀར་གྲུབ་མཐའ་ལས། ༼བླ་མའི་ཡང་སྲིད་ངོས་འཛིན་ཞུ་སྲོལ་སྐོར་དེ་རྒྱལ་བ་སྐུ་ཕྲེང་ལྔ་པས་མཛད་པའི་ཕྱག་དཔེ་ཞིག་གི་ནང་མི་ཚོས་ང་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པའི་ཡང་སྲིད་ཡིན་ཚུལ་ཤོད་ཀྱི་ཡོད་པ་དང་། ཡིན་ལུགས་ཡིན་སྟངས་ཀྱི་རྒྱུ་མཚན་ནི་ང་སྐྱེས་པའི་སྐབས་སུ་ཁྱིམ་གྱི་ཀ་བའི་སྒང་ནས་འོ་མ་བབ་པ་རེད་ཟེར་བ་དང་། གནམ་ལ་འཇའ་ཟུག་པ་རེད་ཟེར་བ། སྐུ་ཕྲེང་བཞི་པའི་སྐུ་ཆས་རྣམས་ངས་ངོས་འཛིན་བྱས་པ་རེད་ཟེར་བ་སོགས་བཤད་ཀྱི་ཡོད་ནའང་དེ་འདྲ་བྱས་པ་ང་རང་གིས་དྲན་གསོས་ཀྱི་མི་འདུག ངས་སྐྱེ་བ་སྔོན་མའི་མི་ངོ་ཤེས་རྒྱུ་དང་སྐྱེ་བ་སྔོན་མའི་ཅ་ལག་ངོ་ཤེས་རྒྱུ་ལྟ་ཅི། ལོ་བཅུ་དྲུག་ཙམ་ལ་མ་སླེབས་བར་དུ་ཡོན་ཏན་ཡང་དགེ་རྒན་གྱི་ཉེས་རྡུང་དང་གཤེ་གཤེ་འོག་ཏུ་བསླབས་པར་བརྟེན་མ་བསླབས་པར་ཤེས་རྒྱུ་ཕར་བཞག་བསླབས་པ་དེའང་ཡག་པོ་ཤེས་ཀྱི་མི་འདུག་པས་ཐམས་ཅད་མཁྱེན་པའི་ཡང་སྲིད་དེ་བས་ཀྱང་གང་ནས་ཡིན། སྐྱེ་བ་སྔོན་མའི་མི་དང་ཅ་ལག་ངོ་ཤེས་པ་ལ་བསླབས་པའི་ཡོན་ཏན་དེ་མ་ཤེས་པ་རྩ་བ་ནས་ཡོང་མི་སྲིད་ཅིང་། མ་བསླབས་པ་དེ་ཤེས་རྒྱུ་ཡོད་དུས་བསླབས་པ་དེ་དེ་བས་ཀྱང་ཤེས་པ་ཞིག་དགོས་ཀྱི་རེད། འོན་ཀྱང་བསླབས་པ་དེ་དཀའ་ལས་ག་ཚོད་བརྒྱབ་ནའང་ཤེས་ཀྱི་མི་འདུག་ལ་སང་ཉིན་མི་ལ་ཆོས་ཤོད་དགོས་བྱུང་ན་དེ་རིང་དགེ་རྒན་གྱིས་སང་ཉིན་དེ་ལྟར་ཤོད་ཨང་ཞེས་བསླབ་དགོས་ཀྱི་ཡོད། ཡིན་ནའང་ང་དགོས་པའི་དབང་གིས་ཁྲིའི་སྒང་དུ་བསྐྱལ་བ་རེད་ལ་ངས་ཀྱང་མ་ཡིན་ཡིན་མདོག་མ་བྱས་ཀ་མེད་རེད་ཅེས་དང་། ང་སྐྱེས་པའི་སྐབས་སུ་ཆར་པ་བབ་པ་དང་། མེ་ཏོག་ཤར་བ། འཇའ་ཟུག་པ་སོགས་ཀྱི་ཤོད་ཚུལ་དེ་དག་རྒྱུ་མཚན་དུ་བྱས་ནས་རྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཚེ་གཏན་ནས་འགྲིག་ཐབས་མེད། དེ་གང་ཡིན་ཞེ་ན་ང་དང་དུས་མཚུངས་སུ་སྐྱེས་པའི་འབུ་གྲོག་མ་དང་སྦྲང་བུ་དེ་ཚོ་ཡང་ཚང་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེད་པོ་དེ་འདྲས་སྐུ་སྐྱེ་ཡིན་ཤས་ཆེ་བས་དེ་ལྟར་རྩ་བ་ནས་ཡོང་སྲིད་ཀྱི་མ་རེད། ཅེས་དང་། ཡང་ཁོང་གིས„དེང་སང་སོག་པོའི་དཔོན་པོ་རྒྱུ་ཆེ་བ་དང་བོད་ཀྱི་སྐུ་དྲག་རྒྱུ་ཆེ་བ་དེ་ཚོའི་ཕྲུ་གུ་མང་ཆེ་བ་བླ་མའི་ཡང་སྲིད་ཡིན་དགོས་པ་དེ་ཚོ་ཡ་མཚན་ཞིག་མ་ཡིན་ནམ།༽ ཞེས་གསུངས་འདུག་པ་འདི་དང་གོང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་གསུངས་པ་འདི་གཉིས་ལས་ལྷག་ཅིག་བཤད་ཀྱི་མེད།
དེང་སང་སྤྲུལ་སྐུ་འམ་ཡང་སྲིད་ཡིན་ཟེར་མཁན་ཚོས་རང་ཉིད་ཡིན་འདོག་འདོག་བྱས་ནས་གོང་མའི་ཁྲི་ཐོག་འདུག་ན་འདུལ་བའི་དབང་དུ་བྱས་ན་མི་ཆོས་བླ་མའི་རྫུན་གྱི་ཕམས་པ་འབྱུང་གི་རེད་དམ་མ་རེད།
སྤྲུལ་སྐུ་མང་ན་ཕན་ཐུབ་གང་ཡང་མིན་འདུག་་་་་ས་སྤྲུལ་་་རྡོ་སྐུ་ཧཧཧཧགྲ་པ་ཡང་མང་དྲག་འདུག་་་་་་་གྲ་པ་མང་ཆེ་བ་ཆབ་སྲེད་པ་རེད་འདུག་་་་་་དངོས་གནས་ཡིན་་་་ཆབ་སྲེད་པ་གྲ་པ་ལ་དད་པ་ཡོངས་གི་མིན་འདུག་་་་་་
ཞབས་འདྲེན་ཞུ་མཁན་གྲ་པ་དང་ཨ་ནི་རེད་དོ་་་་་གཟབ་ཟབ་གནང་ན་མ་ཏོག་་་་
འདི་ན་བདེན་པའི་གཏམ་གྱི་ང་རོ་ཞིག།
མི་ཆུང་མགྲིན་པའི་ལམ་ནས་བཙུར་ན་ཡང་།།
སུ་དང་གང་གིས་ཡིད་རྟོན་མི་འདུག་མོད།།
བསྟན་པ་རྨང་ནས་འགྱེལ་དུས་འགྱོད་ངེས་སོ།།
བོད་ལ་རང་བཙན་མེད་ན་མེད་དུ་ཆུགས།།
བོད་མི་གཏིང་རྫོགས་སོང་ཡང་མི་འགྱོད་མོད།།
བོད་ཀྱི་རིག་གཞུང་དམ་ཆོས་སྒྲོན་མེའི་འོད་།།
བོད་ཀྱི་སྲོག་དང་བྲལ་ན་ཤིན་ཏུ་གནོངས།།
རྒྱལ་བའི་བསྟན་པ་ཕྱོགས་མཐར་དར་བ་དང་།།
དར་གི་འཇུག་མཁན་སྤྲུལ་སྐུ་དགེ་བཤེས་ཡིན་པར་ཤོག།
སློབ་ཡོན་ཅི་འདོད་རེག་པའི་ཐེབས་རྩ་ཡིས།།
བོད་ཡུལ་ལྷ་དང་ལྷ་མིའི་གདན་ས་རྩིག་པར་ཤོག།
བསྟན་པ་དྲི་མེད་རིན་ཆེན་རྒྱས་པ་དང་། །
བསྟན་འཛིན་མཚན་ཉིད་ཚང་བས་ས་སྟེང་གང་། །
བསྟན་ལ་དད་པའི་གདུལ་བྱའི་རྒྱུད་ཐུལ་ཞིང་། །
བསྟན་པ་ཡུན་རིང་གནས་པའི་སྨོན་འདུན་ཞུ། །
ཁ་བ་གངས་ཅན་ཡུལ་ལ་སྐྱིད་པའི་འོད་ཞིག་འཕྲོས་ནས་གདའ།།
ཉི་མའི་འོད་སྣང་མ་རེད་བླ་མའི་བྱིན་རླབས་རྒྱས་ལེ་འགུ།།
དགོང་ཉི་ཟླའི་ཕན་ན་རྗེ་བླ་མའི་འོད་སྣང་དྲོད་ཙམ་གདའ།།
འདི་ཡང་ཡང་འཆར་བའི་སྨོན་ལམ་ཡང་ཡང་འདེབས་ལེ་ཡིན།།
བསྟན་པ་དར་ན་ཨོ་ཉི་ཁ་བསོད་ཐོབ།།
བསྟན་པ་དར་ན་ཨོ་ཉི་འབྱོར་བ་རྒྱས།།
ཁ་དང་བསོད་མི་མཁོ་མཁན་གྱིཅསྤྲུལ་སྐུ་ཞིག།
ད་བར་བོད་ཀྱི་ཁྲོད་ནས་བྱུང་མྱོང་མེེད།།
ཇི་ཙམ་སྤྲུལ་སྐུ་དར་ན་གྲྭ་འབོར་རྒྱས།།
གྲྭ་འབོར་རྒྱས་བས་མི་རིགས་གྲངས་ཉུང་ཆགས།།
གྲངས་ཉུང་མཐའ་མ་རང་ས་བརླགས་པ་ཡང་།།
སྤྲུལ་སྐུའི་སྤྱོད་ཉེས་མིན་པ་འགྲོ་ས་མེད།།
དགོས་དུས་དགོས་དུས་བོད་དམག་གྲྭ་དམག་ཡིན།།
ཟིང་འཁྲུག་ཞུ་ན་གྲྭ་བ་ཆོས་དམག་ཡིན།
ཆོས་ཡོན་རྟོག་ན་སངས་རྒྱས་རློན་པ་ཡིན།
སངས་རྒྱས་ས་ཕྱོགས་ཀུན་ལ་མཁོ་དུས་ཡིན།
གོང་གི་དེ་ཆོས་ཡོན་བརྟགས་ན་ཟེར་དགོས་པ་རེད། འདས་རྟོག་གི་རྟོག་རེད། ད་རྟོག་གི་རྟོག་མ་རེད།
ཕོ་མིན་མོ་མིན་ནག་ཐར་མཚན་ཅན།།
རྒྱ་བོད་འབྲུག་གསུམ་བཀུག་ནས་བཞག་ཐལ།།
ལྷ་ཀླུ་གཉན་གསུམ་འཁོར་ནས་ཡོང་ཐལ།།
རྒྱ་འདྲེ་ཅན་ལ་བློ་འཚབ་སྤྲད་ཐ།།
བོད་འདྲེ་ཅན་ལ་དོགས་སློང་བྱས་ཐ།།
འབྲུག་འདྲེ་ཅན་ལ་ཕྲག་དོག་སླངས་ཐ།།
བླ་སྤྲུལ་རྣམས་ཀྱང་འཚུབས་ནས་ཐོན་ཐལ།།
བློ་རིག་རྟགས་རིག་ཡོད་ཁུལ་བྱས་ཐལ།།
སྟོད་ཀྱི་མཁན་ཆེན་དྲུད་ནས་རྩད་ཐ།།
སྨད་ཀྱི་སྤྲུལ་རྫུན་བརྩངས་ནས་རྩད་ཐ།།
གནད་གསུམ་ཚང་བའི་ནག་ཐར་བརྗོད་སྙིང་།།
མདོ་གསུམ་དེ་ལ་སུས་ཀྱང་མ་རྟོགས།།
རྒྱ་བོད་འབྲུག་གསུམ་དྲ་འབུ་འདི་ཚོ།།
ཞེ་རེ་ཁྲེལ་ནས་སྙིང་རེ་རྗེ་ཨང་
བསྟན་པ་དྲི་མེད་རིན་ཆེན་རྒྱས་པ་དང་། །
བསྟན་འཛིན་མཚན་ཉིད་ཚང་བས་ས་སྟེང་གང་། །
བསྟན་ལ་དད་པའི་གདུལ་བྱའི་རྒྱུད་ཐུལ་ཞིང་། །
བསྟན་པ་ཡུན་རིང་གནས་པར་སུས་འདོད་པ། །
གོ་སྐབས་ནམ་བྱུང་སྤྲུལ་རྐུ་མཐར་སྤྲོད་གཏོང་། །
༼༡༦༥ ཨོ་ཉི༽
བོད་ལ་རང་བཙན་མེད་ན་མེད་དུ་ཆུགས།།
བོད་མི་གཏིང་རྫོགས་སོང་ཡང་མི་འགྱོད་མོད།།༼མི་རིགས་ཀྱི ལ་རྒྱ་མེད་རྟགས་སུ༽
བོད་ཀྱི་རིག་གཞུང་དམ་ཆོས་སྒྲོན་མེའི་འོད་།།
བོད་ཀྱི་སྲོག་དང་བྲལ་ན་ཤིན་ཏུ་གནོངས། །༼བསྟན་པ་ཉམས་ན་རང་དང་རང་ལྟོས་ཁྱིམ་ཚང་བྲོད་ཁོག་ལྟོག་པར་ལུས་པའི་སེམས་ཁྲལ་ཆེ་བའི་རྟགས་སུ༽
བོད་ཀྱི་རིང་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་གཅིག་སྒྲིལ་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་ཡར་སྐྱེད་དགོན་ན་འདོད་ན་སྔ་རབས་སྐད་ལ་སྦྱོངས།
སྔར་རབས་སྐད་དེ་བཀའ་འགྱུར་གཞུང་ན་གསལ།།
ཨོ་ཉི་ཡི་ཞེ་འདོད་མེ་དཀར་གྱིས་གསུངས་པ་བདེན་པ་རེད། ད་གང་ལྟར་ཀྱང་དེང་སང་སྤྱི་ཚོགས་སྔོན་མ་རང་བཞིན་ཤེས་ཡོན་མེད་པའི་བླུན་དད་བྱེད་པའི་དུས་རབས་རྫོགས་ཚར་བ་རེད། སྤྲུལ་རྫུན་རྣམས་ཀྱི་རྐུབ་ལོ་རེ་ནས་རྡོལ་གྱིན་ཡོད་པ་དང་ད་དུང་བོད་ནང་དུ་སྤྲུལ་རྫུན་དང་གྲ་རྫུན་སོགས་ཀྱིས་ཞབས་འདྲེན་ཞུ་བཞིན་ཡོད་པ་སོགས་ག་ས་གང་དུ་ཡོད་པ་རྣམས་ཀྱི་པར་དང་ལོ་རྒྱུས་འཚོལ་སྒྲུབ་བྱས་ནས་དྲ་ཐོག་དང་ཁ་པར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱེད་ཀྱི་རེད་ཟེར་གི་འདུག དེ་དུས་སྤྲུལ་རྫུན་དང་གྲ་རྫུན་སུ་ཡིན་མིན་ཧ་གོ་གི་རེད།
ལ་དྭགས་པ་ལགས། ཚིག་འདི་དག་གི་དོན་ཅི་ཡིན་་་་་རིང་གཞུང་་་་་་་གཅིག་སྒྲིལ་་་་་་་དགོན་ན་་་་་་་
སྔར་རབས་་་་་་་་།་་་་་་་་་།།་་་་་གསུང་རོགས་ཞུ།
བོད་ཀྱི་རིང་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་གཅིག་སྒྲིལ་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་ཡར་སྐྱེད་དགོས་ན་འདོད་ན་སྔ་རབས་སྐད་ལ་སྦྱོངས།
སྔར་རབས་སྐད་དེ་བཀའ་འགྱུར་གཞུང་ན་གསལ།།
བོད་ཀྱི་རིང་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་གཅིག་སྒྲིལ་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་ཡར་སྐྱེད་དགོས་ན་འདོད་ན་སྔ་རབས་སྐད་ལ་སྦྱོངས།
སྔ་རབས་སྐད་དེ་བཀའ་འགྱུར་གཞུང་ན་གསལ།།
བོད་ཀྱི་རིང་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས།
ཞེས་པ་འདི་ལ་དཔྱད་པ།
༡༽ བོད་ཀྱི་རིག་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས། སྔར་དུས་སུ།
༢༽ བོད་ཀྱི་ལེགས་བྱང་འདོད་ན་སྔ་རབས་སྐད་ལ་སྦྱོངས། ཟམ་གདོང་གིས།
༣༽ བོད་ཀྱི་རིང་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས། ལ་དྭགས་འཇམ་དཔལ་གྱིས།
༤༽ བོད་ཀྱི་ལེགས་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས། །ཀརྡོ་ངས།
རྒྱ་སྐད་དུ། སནྶཀྲི་ཏི།
བོད་སྐད་དུ།
༡༽ བོད་ཀྱི་རིག་གཞུང་།
༢༽ བོད་ཀྱི་ལེགས་བྱང་།
༣༽ བོད་ཀྱི་རིང་གཞུང་།
༤༽ བོད་ཀྱི་ལེགས་གཞུང་།
སནསཀིརིཏི། = ལེགས་གཞུང་།
ཨོ་ཉི་ཡིས་ཆོག་ཤེས་སོགས་ཀྱི་སྐོར་ལ་འགྲེལ་བཤད་སྣ་ཚོགས་རྒྱབ་ཅིང་དེབ་ཅིག་ཀྱང་འབྲི་ཁུལ་བྱས་ཡོད་ཀྱང་དགོན་པ་དང་ཆོས་ཚོགས་རྒྱག་རྒྱུ་ལ་ཆོག་ཤེས་མི་འདུག་ལ་གྲྭ་འབོར་འཕེལ་བ་ལ་དེ་བས་ཆོག་ཤེས་མི་འདུག སྦྱིན་བདག་འཚོ་རྒྱུ་ལ་ཆོག་དེ་བས་ཀྱང་ཆོག་ཤེས་དཀོན་པས་་ཁོང་གི་བཤད་པའི་ཆོག་ཤེས་ནི་ཁོང་གི་ཚོང་རྫས་རེད། ལོས་ཡིན། དེ་ལྟར་མ་བཤད་ན་སྦྱིན་བདག་བྱེད་མཁན་སུ་ཡོད།
ལྷག་པར་དུ་བོད་རིགས་རྩ་རྫོགས་ཕྱིན་ཡང་ཕངས་སེམས་མེད་ཅིང་སངས་བསྟན་དར་བ་ལ་དེ་བས་ཆོག་ཤེས་མེད་པ་ནི་ཁོང་གི་འདོད་རྔམ་རི་བོའི་ལས་ཀྱང་ཆེ་བའི་དེ་ཉིད་བསྟན་པ་མ་ཟད། འདྲ་མཉམ་གྱི་ལྟ་ཚུལ་མེད་ཅིང་ཕྱོགས་ལྷུང་གི་དུག་བཟི་བའི་ནད་རྟགས་མངོན་པ་རེད། དེ་བརྟེན་ཁོང་གི་ཆོག་ཤེས་དང་དྲང་བདེན་གྱི་ལག་ཆ་བྱེད་པ་ནི་དོན་དངོས་རང་སྲོག་གཅོད་པའི་སྟ་རེ་ཞིག་ཏུ་མཐོང་། ཡིན་ཏེ། ཁོང་ལ་ཆོག་ཤེས་དང་དྲང་བདེན་གྱི་དྲི་མ་ཙམ་ཡང་མེད་ཅིང་། མེད་དེ་བོད་རིགས་རྩ་རྫོགས་ཕྱིན་ཡང་བཏང་སྙོམས་སུ་སྒོམས་ཤིང་སངས་བསྟན་ཁོ་ན་སྤེལ་བ་ནི་ཕྱོགས་ལྷུང་གི་ན་ཚ་རེད། རང་ཉིད་དགའ་ས་རྒྱབ་སྐྱོར་ཁོ་ན་བྱེད་ཅིང་སྡང་ཡུལ་དུག་མདའ་འཕེན་མཁན་ནི་དྲང་བདེན་གྱི་དགྲ་བོ་རེད།
ཨ་ནུ་ཐང་། འགྲེལ་བཤད་མང་པོ་ཞིག འབྲེལ་བ་མེད་པ་ཞིག སངས་རྒྱས་བསྟན་པ་རྒྱས་པ་ནི་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་རེད། དམ་པའི་ཆོས་ཀྱི་ངོ་བོ་གཞན་ལ་མི་འཚེ་བ་དེ་རེད། གཞན་ལ་མི་འཚེ་བ་ཞེས་པ་དེ་རང་དོན་གྱི་ཆེད་དུ་སེམས་ཅན་གཅིག་ལའང་མི་འཚེ་བ་དང་། གཞན་དོན་བརླབས་ཆེན་འགྲུབ་ན་ཆེན་པོའི་ཆེད་དུ་ཆུང་ངུ་བློས་གཏོང་དགོས་ཚུལ་ཡང་གསུངས་ཡོད། དཔེར་ན་ཚོང་པ་ལྔ་བརྒྱ་སྐྱོབ་པའི་ཆེད་དུ་མི་ནག་མདུང་ཐུང་བསད་པ་ལྟ་བུ་རེད། གང་ལྟར་ཁྱེད་ཅག་ལ་བཤད་ན་ཕན་ཐོགས་ཤིག་ཡོད་མི་མཆི་ཡང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཧ་ཧ་། ཁྱོད་ཀྱིས་རབ་བྱུང་སྡོམ་པ་བཏང་ནས་ནག་མོ་ལེན་རྒྱུ་དེ་ཡང་གཞན་དོན་རེད་ཟེར་རྒྱུ་ན
ངས་བྱས་ཚད་གཞན་དོན་དང་། ང་ལ་ཆོག་ཤེས་ཡོད་བཤད་མ་མྱོང་ཨ་རོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མེ་མགོ།
མགོ་ལ་མེ་ཤོར་ན་ཡང་མི་ཚོར་བའི། །
མགྲིན་བཟང་དབང་པོའི་ཏོག་ཁྱོད་འདུག་ན་དགའ། ཧཧཧཧ
༼གཞན་ལ་མི་འཚེ་བ་ཞེས་པ་དེ་རང་དོན་གྱི་ཆེད་དུ་སེམས་ཅན་གཅིག་ལའང་མི་འཚེ་བ་དང་།༽
དེ་ལྟར་ན་ཁྱོད་ནི་སྤུལ་སྐུ་ནང་པ་རྫོགས་ཆེན་པ་ཆོས་ལུགས་ནང་ནས་ཡག་ཤོས་དེ་ཉམས་སུ་ལེན་མཁན་ཡིན་ཚུལ་བསྟན་གྱི་དེ་ལྟར་ན།
ཁྱོད་མགོ་ན་དུས་དང་འཆམ་པ་ན་དུས་དང་གྲོད་པ་བཤལ་དུས་སྨན་ཟ་མྱོང་ངམ་མ་མྱོང། མ་མྱོང་ན་སྨོས་མེད་རེད། ཟ་མྱོང་ན་སྨན་དེ་ཡིས་འབུ་རིགས་གསོད་ཀྱི་ཡོད་དམ་མེད། མགོ་ན་བ་ལས་སོགས་ནད་རིགས་ཕལ་ཆེ་བ་སྲིན་འབུ་ཕྲ་མོས་རྐྱེན་བྱས་པ་ཚན་རིག་པས་དངོས་མཐོང་ལག་ཟིན་རེད།
རྩུབ་མོའི་ཚིག་གིས་སྤྱོས་པར་བྱས་ཀྱང་རུང་།།
འཇམ་པོའི་ཚིག་གིས་བསླུ་དྲིད་བྱས་ཀྱང་རུང་།།
བསྟན་དགྲ་སྤྲུལ་སྐུར་རྒོལ་བའི་ལས་འགན་འདི།།
མེ་ཏོག་དཀར་པོས་དོར་བར་མི་བྱ་འོ།།
ཧི་ཧི། འུ་ཅག་བོད་པའི་རྗེས་རབས་པ་ན་གཞོན་དེང་དུས་ཀྱི་ཤེས་ཡོན་ཡོད་པར་རློམ་པ་ཁག་གཅིག་ཆེས་བློ་ཕམ་པ་ཞིག་རེད། བོད་ཀྱི་ཆོས་དང་རིག་གནས་ཀྱིས་མཚོན་པའི་ལེགས་ཆ་དང་། བོད་མི་ནང་ཁུལ་ལ་སྐྱོན་བརྗོད་དང་སྨ་འབེབས་བྱེད་དུས་སྨྲ་ལྕེ་བདེ་ཞིང་དྲན་འཕྲུལ་རྒོད་ཅིང་། བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས། མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ཀར་རྩ་མེད་དུ་གཏོང་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་དང་དེའི་རྗེས་འབྲང་པ་ཚོར་སྐད་ཆ་ཚིག་གཅིག་བཤད་མི་ནུས་པར་ངོ་མ་བློ་ཕམ་པ་ཞིག་རེད། དཔེར་ན་ཉེ་ཆར་རྒྱ་ནག་གིས་བཀྲམ་པའི་བརྙན་འཕྲིན་བོད་ཀྱི་གསང་བ་ཞེས་པར་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ལ་དྲ་འབུ་མཁས་པ་ཚོས་མཆན་གཅིག་ཀྱང་བྲིས་མི་འདུག ཧ་ཧ་ངོ་མ་་་་་་་་