_____གླུ་མ་དབྱངས་ཅན་ལྷ་མཛེས་ལ་བྲིས།
ཞལ་ཁྱིམ་དྲོན་མོ་དེ་མཐོང་དུས།
ངའི་སྙིང་ཁར་སྦྲང་རྩིས་བརླན་པའི།
མངར་ཁ་དེ་ཁོལ་བྱུང་།
ངས་ཁྱེད་ཀྱི་མཛེས་སྡུག་གི
མེ་ཏོག་ཁྲི་ཚོ་མཉམ་ཅིག་ཏུ་བཞེད་པའི།
ཞལ་རས་གོར་གོར་དེ་མཐོང་ཁར།
ངའི་སེམས་པ།
སྨག་རུམ་གྱི་གཏིང་སར།
ཁྱེད་ཁོ་ནའི་ཆེད་དུ་སྦྲིད་སོང་།
དབྱངས་ཅན་མའི་ཟུངས་སྔགས་ཀྱི།
ཡི་འབྲུ་རེ་རེ་དང་མཉམ་དུ་སྐྱེས་ཤིང་།
གླུ་གར་དང་ཉམས་འགྱུར་གྱི།
གོམ་ཁ་རེ་རེ་དང་མཉམ་དུ་འཚར་ལོང་བྱུང་།
སྒྱུ་རྩལ་དང་རྣམ་འགྱུར་གྱི
མཛེས་སྡུག་རེ་རེ་དང་ལྷན་དུ་ན་སོན་པའི།
གླུ་མ་དབྱངས་ཅན་ལྷ་མཛེས།]
ངའི་བྲང་ཁོག་ཚལ་བ་ཁྲི་སྟོང་གས་ཏེ།
ཐོར་ཞིག་ཏུ་གཏོང་མཁན།
ཁྱེད་ཀྱི་ཟིལ་བས་བརླན་པའི།
རྒྱལ་སྲས་མེ་ཏོག་གི་བྱད་བཞིན་ཤ་ཚ་པོ་དེ་ཡིན་ནམ།
དབྱངས་ཅན་ལྷ་མཛེས་ལ་ནམ་རྒྱུན་ང་སྣང་བ་འགྲོ་མོད། ཡིན་ནའང་མོའི་སྐད་ཆ་ཞིག་གིས་ང་ཞེན་པ་ལོག་སོང་། དེ་ནི་སྐྱིད་མདོའི་ས་ཡོམ་ཀྱི་ཆེད་ཚོགས་པའི་གཞས་ཀྱི་འདུ་ཚོགས་ཞིག་སྐབས་ལེ་ཚན་ཚོགས་སྐྱོང་བས་མོ་ལ་ས་ཡོམ་སྐབས་ཁྱེད་རང་ལ་བག་ཆགས་ཟབ་ཤོས་གང་བྱུང་ཞེས་དྲིས་སྐབས། མོས་མོའི་བག་ཆགས་ཟབ་ཤོས་ནི་བཅིངས་དཀྲོལ་དམག་གིས་གནོད་འཚེ་ཕོག་པའི་མི་རྣམས་སྐྱོབ་བཞིན་པ་དེ་རེད་ཟེར་ནས་མགོ་བདེའི་ལན་དེ་འདྲ་ཞིག་རྒྱབ་སོང་། དེ་མ་ཐག་ངའི་སེམས་དེ་གྲང་འཁྱགས་སེ་སོང་། ས་ཡོམ་སྐབས་རང་གི་སྤུན་ཟླ་་སྟོང་ཕྲག་གི་ཚེ་སྲོག་ཤོར་བ་དེ་མི་ཁ་ཤས་ཀྱིས་རང་གིས་ཁེ་ཕན་བསྒྲུབ་ཆེད་བེད་སྤྱད་པ་ནི་ངོ་མ་ངོ་ཚ་པོ་རེད། གལ་སྲིད་ཆབ་སྲིད་ཀྱིས་དབང་གིས་དེ་ལྟར་ལབ་དགོས་ཐུག་ན་ཡང་དེ་སྐབས་དང་བླངས་ཀྱིས་གནོད་འཚེ་སེལ་བའི་ལས་འགུལ་ནང་བཞུགས་མཁན་རྣམས་སྨོས་མི་དགོས་པ་གང་རེད།
བོད་ལ་ཞེན་ལགས་ཕེབས་པར་དགའ། ཆབ་སྲིད་ཀྱི་ལྟ་སྟངས་ཐོག་ནས་ཁོང་དང་ཁོང་ལྟ་བུའི་གླུ་བ་གླུ་མ་ཚོར་མངར་སྐྱུར་གྱི་བྲོ་བ་རེ་ལྟ་རྒྱུ་ཡོད་ཀྱང་། ཁོ་བོས་ནི་གླུ་མ་དབྱངས་ཅན་ལྷ་མཛེས་ལགས་ཀྱི་སྐད་ངག་སྙན་མོ་དེ་དང་ཁོང་གི་སྦྲང་རྩི་ལྟ་བུའི་རྣམ་འགྱུར་སོགས་ལ་བསམས་ཏེ་རང་གི་ཚོར་བ་དམར་རྗེན་དེ་ཕབ་གང་ཐུབ་བགྱིས་པ་ལགས།
གྲོགས་དགེ་བཤེས་སྙན་ངག་པས་སྙན་མོ་ཞིག་བྲིས་འདུག
གླུ་མ་འདིའི་སྐད་ངག་དང་ཉམས་འགྱུར་གྱིས་སྤྲང་བོ་ང་ཡང་ཡང་བཀུགས་མྱོང་།
དྲ་གྲོགས་ཁྱུང་དཀར་ལགས་དང་ཤར་ཕྱོགས་ཁུག་རྟ་ལགས་གཉིས་ལ་འཚམས་འདྲི་ཞུ། ཤར་་་་ཁུག་ལགས་ནས་བདག་ལ་དགེ་བཤེས་ལགས་གསུངས་འདུག་པས་ཕལ་ཆེ་ཁྱེད་ལ་མི་ཞིག་གོ་ནོར་ཐེབས་པ་འདྲ། བདག་ནི་མི་སྐྱ་ཐལ་ཆག་ཞིག་ལས་དེ་འདྲ་ཞིག་མིན།