༄༅།། ཁ་སང་ཕྱི་ཚེས ༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་དྲུག་པའི་སྟེང་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་རིག་གཞུང་འགན་འཛིན་ཤར་ཕྱོགས་ཁུག་རྟས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ། རང་སྲིད་རང་སྐྱོང་སྐོར་གཏམ་བཤད་སྤེལ་སོང། སྐབས་དེར་ཁོང་གིས་”ཁྱེད་རྣམ་པར་གཏམ་བཤད་ཀྱི་ཆེད་དུ་གཏམ་བཤད་སྤེལ་བ་དང། ལས་འགུལ་གྱི་ཆེད་དུ་ལས་འགུལ་སྤེལ་བ་མིན་པར། ད་ལྟའི་ཛ་དྲག་གི་སྐབས་སུ་ང་ཚོར་ཡང་སྙིང་ག་རེ་བྱེད་ཡ་འདུག ང་ཚོའི་རྩ་དོན་གྱི་གནས་བབ་གང་དུ་སླེབས་འདུག རང་ལུས་མེར་སྲེག་གིས་འོས་འགན་དེ་ལས་ཀྱང་ཆེ་རུ་བཏང་ཡོད་པས། དྲན་ཤེས་དང་སྤྱང་གྲུང་དོད་པོས་བོད་མི་རིགས་ཀྱི་རྩ་དོན་ལ་དོ་སྣང་བྱེད་དགོས་པ་གལ་ཆེར་ཡིན་ཙང། ཁྱེད་ཚོར་བོད་མིའི་རང་སྐྱོང་གི་གནས་བབ་གང་དུ་སླེབས་ཡོད་མེད་དང་ང་ཚོས་ག་རེ་བྱེད་དགོས་མིན་ཐད་ཚིག་གཅིག་གཉིས་ཤིག་ཞུ་འདོད་བྱུང་ཞེས་མགོ་འཛུགས་དང་”འབྲེལ།
ཞི་བའི་དོན་ཚན་ལྔ་ནས་རང་སྐྱོང་བསམ་འཆར་བར་གྱི་གནས་ཚུལ་འགྱུར་རིམ་སྙིང་བསྡུས་ངོ་སྤྲོད་དང། ”བསམ་འཆར་སྐོར་དོན་དངོས་ཀྱི་ཆ་ནས་རྒྱ་གཞུང་གིས་ལན་མ་རྙེད་པར། ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་གྱུར་བྱ་རྒྱུ་ནི་ལོ་རྒྱུས་དང་དངོས་ཡོད་གཉིས་ནས་གཞི་རྩ་བྲལ་བ་ཞིག་ཡིན་ཅེས་འཁྱོག་བཤད་དང། ལན་འདེབས་ཕལ་མོ་ཆེ་ཆབ་སྲིད་བྱུང་རབས་ནང་རྩིས་མེད་བཏང་ཟིན་པའི་ཞི་བའི་དོན་ཚན་ལྔ་དང་སི་ཏྲ་སི་སྦག་གི་གསུང་བཤད་ལ་ཡ་ལན་བཙུགས་འདུག ཡིན་ནའང། བསམ་འཆར་ནང་གི་དོན་དངོས་གནས་སྟངས་དེ་ག་རང་བོད་མིའི་མངོན་འདོད་ཡིན་པ་རང་སྲེག་གཏོང་མཁན་གྱི་མི་བརྒྱས་གསལ་བཤད་བྱས་འདུག་ཅེས་དང། ཡང་” རྒྱ་ནག་གི་རྩ་ཁྲིམས་དང་དེའི་རང་སྐྱོང་གི་འབྲུ་དོན་གྱིས་བོད་མིའི་མངོན་འདོད་གཞི་རྩའི་ཆ་ནས་སྐོང་ཐུབ་ཀྱི་ཡོད་ཀྱང། རྩ་ཁྲིམས་ནང་གི་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་ཁ་གསལ་དང། ཁྲིམས་བཟོའི་དབང་ཆའི་མཐའ་མའི་གཏན་འབེབས་གནང་ཕྱོགས་ཀྱིས་མཚོན་དོན་ཚན་རེ་འགར་འགྱུར་བ་གཏོང་དགོས་པ་ང་ཚོས་ལྷག་ལུས་མེད་པར་བསམ་འཆར་ཡིག་ཆའི་ནང་བཀོད་འདུག”་ཅེས་གསུངས།
མཇུག་མཐར་ང་ཚོས་ག་རེ་བྱེད་དགོས་མིན་སྐོར་གསུངས་སྐབས། ”ད་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་བྱུང་རབས་ནང་བལྟས་པ་ཡིན་ན། ང་ཚོའི་གཞི་རིམ་མི་མང་ནང་ལུས་ངག་ཡིད་གསུམ་ནས་སྲིད་བྱུས་འདི་ཚུལ་བཞིན་ཉམས་ལེན་བྱེད་མཁན་དཀོན་པོ་རེད། དེ་སྲིད་བྱུས་ལ་ཡིད་ཆེས་མེད་པའི་མིན་པར། བོད་མིའི་འཐབ་རྩོད་ཀྱི་གཤིས་ཀའི་ཆ་ནས་ཡིན་པ་དང། རྒྱུན་དུ་ལྷོད་སྡོད་དང་རྐྱེན་ངན་ཐོད་ལ་སླེབས་ན་མ་གཏོགས་ཞེ་དྲག་འགུལ་བསྐྱོད་མི་རྒྱག་པ་འདི་ང་ཚོས་ངེས་པར་དུ་བསྒྱུར་དགོས་ཀྱི་འདུག སོང་ཙང་ད་ང་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ཤེས་པ་དང། ཡིད་ཆེས་པ། ཁ་ནས་བཤད་པ་གཅིག་པུའི་སྟེང་བསྡད་ན་མི་འགྲིག་པར། མི་རེ་ངོ་རེའི་སྟེང་ནས་འཐབ་རྩོད་ཀྱི་ས་མཚམས་གཙང་མ་ཕྱེས་པའི་ཐོག་ནས་གང་ཟག་རང་ཉིད་དབུ་མའི་ལམ་དང་དབྱེར་མེད་པ་ཞིག་བཟོ་དགོས། སོ་སོ་མིས་མཐོང་ཙམ་ནས་དབུ་མའི་ལམ་མཐོང་ཡོང་བ་ཞིག་ཧུར་ཐག་འབད་ཐག་གིས་བཟོ་དགོས། སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་མི་མཐུན་པའི་མཉམ་ཐ་ན་རང་སྲེག་གཏོང་མཁན་ཚོར་མཆོད་འབུལ་སྨོན་ལམ་ཙམ་ཡང་བྱེད་རྒྱུ་མེད། དེ་ནི་རང་སྲེག་གཏོང་མཁན་ལ་གདུང་སེམས་མཉམ་བསྐྱེད་མེད་པ་དང་རྗེས་འཇུག་དགེ་སྒྲུབ་མ་བྱས་པ་མ་ཡིན་པར། རང་སྲེག་གཏོང་མཁན་གྱིས་རྒྱུ་མཚན་ཅི་ཞིག་གི་ཆེད་དུ་རང་སྲེག་བཏང་བའི་ཐད་འགྲེལ་བཤད་དང་ངོས་འཛིན་ཁ་ཁ་ཡིན་སྟབས། དབུ་མའི་ལམ་ཞུགས་པ་ཚོས་ངེས་པར་དུ་མང་གཙོའི་ལམ་ནས་ཁོང་ཚོའི་ཞལ་ཆེམས་ལྟར་རང་སྐྱོང་རྩོད་པ་དང། ཞལ་ཆེམས་ལ་འགྱུར་བ་མི་གཏོང་བ་བཅས་བྱས་ཏེ། བཙན་བྱོལ་གཞི་རིམ་སེར་སྐྱ་མི་མང་ཁྱོན་ཡོངས་ནས་རྒྱ་ནག་གཞུང་ལ་རང་སྐྱོང་གི་མངོན་འདོད་ཁ་ཞེ་གཉིས་མེད་ཡིན་པ་ཤུགས་ཆེན་པོའི་ཐོག་སྟོན་ཐུབ་པ་དགོས། དེ་ནི་དེ་རིང་གི་ང་ཚོའི་ལས་འགན་ཉག་ཅིག་དེ་རེད་”ཅེས་གསུངས།
གཞན་ཡང། ཉེ་ཆར་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བའི་སྐོར་གསལ་བཤད་དང་དབུ་མའི་ལམ་ལ་གྲུབ་འབྲས་མི་ཐོན་ཆེད་སྤྱི་ཚོགས་ནང་ཆེད་མངགས་དཀྲོགས་གཏམ་སྤེལ་མཁན་ཡོད་ཙང། ཁྱེད་ཚོར་དབུ་མའི་ལམ་དང་འབྲེལ་བའི་དོགས་པ་ག་རེ་བྱུང་བ་ཡིན་ནའང་བཀའ་འདྲི་ཞུ་ས་ཁེངས་བསྡད་ཡོད་པ་རེད་ལ། ང་ཚོའི་ལས་འགུལ་ཁང་དུ་མི་མང་གིས་བཀའ་མངགས་ག་རེ་གནང་བ་ཡིན་ན་གྲ་སྒྲིག་ཨང་གསར་ཡིན་པས། མ་འོངས་པར་རང་ཚུགས་བརྟན་བཟུང་གནང་དགོས་པ་ནན་བཤད་དང། དེ་བཞིན་༧རྒྱལ་བ་བཅུ་གསུམ་པའི་ ༩ ཚེས ༡༣ ཉིན་གྱི་གསུང་འཕྲིན་སོགས་ཀྱི་སྐོར་ལའང་གསལ་བཤད་ཤུགས་ཆེར་གནང་སོང། སང་ཉིན་ནས་བོད་སློབ་འཛིན་ཚོགས་དང་གཞིས་ཆགས་སེར་སྐྱ་མི་མང་བཅས་སུ་ཉིན་བསྟར་ཆགས་སུ་བགྲོ་གླེང་དྲི་བ་དྲིས་ལན་སོགས་གནང་རྒྱུ་རེད་འདུག །
བསྟན་འཛིན་ཐོས་བསམ་གྱིས།། ༢༠༡༣། ༢། ༥། ཉིན།
༼གཞན་ཡང། ཉེ་ཆར་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བའི་སྐོར་གསལ་བཤད་དང་༽ རེད་རང་བཙན་པ་ལ་རྡིག་ར་བསྐུལད་ཅིག
ད་དེ་རང་དྲགས་མེར་སྲེག་ཁོ་ན་གཏང་་ནས་བསྡད་ན་ཡག་པོ་ཡོད་ན།
དྲང་པོར་ཞུས་ན། མིང་མང་གི་སྐྱབས་མགོནས་རིན་པོ་ཆེའི་ཅི་འདོད་ཀྱི་ལམ་ལ་མཉམ་སྐྱོད་བྱེད་རྒྱུ་ཡིན་པ་འོས་བསླུག་པ་རེད། དེ་ནས་གྲོས་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལལ་བབ་ནས་འདས་པའི་མོ་ལོ་གསུམ་བཅུའི་རིང་ངོ་ལྐོག་དང་ཁ་ཞེ་གཉིས་མེད་ཀྱི་ཤར་བསྐྱོད་བྱེད་བཞིན་པ་ལ། དེ་ལ་ཤར་ཁུག་རྟས་འུར་སྒྲོག་དང་འབྲེལ་ནས་རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཞིན་མི་ཚང་མར་ད་དུང་《སོ་སོ་མཐོང་བ་དང་དབུ་མའི་ལམ་མཐོང་བ་ལྟ་བུ་བཟོ་དགོས་》ཞེས་ཡང་སྙིང་དམིགས་ཡུལ་ཅི་ཡིན་ཤེས་མ་སོང་། ད་དུང་ཁྱེད་ནས་《སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་མི་མཐུན་པའི་མཉམ་ཐ་ན་རང་སྲེག་གཏོང་མཁན་ཚོར་མཆོད་འབུལ་སྨོན་ལམ་ཙམ་ཡང་བྱེད་རྒྱུ་མེད། 》 ཅེས་ཟེར་དགོས་དོན་གང་ཡིན། འདས་པའི་ལོ་གཅིག་གི་ནང་རང་བཙན་དགོས་ཞེས་འབོད་སྒྲའི་ངང་མཐའ་དབུགས་ཆད་མཁན་ཚོར་ཁྱེད་ཀྱི་བཤད་སྟངས་འདི་འདྲ་རེད་པས། ཤོག་དབུ་མའི་ལམ་གྱི་ཆེད་དུ་ཁྱེད་ཀྱི་རང་སྲོག་དེ་འདོར་ནས་ཁྱེད་དང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་མཁན་ཚོས་ཁྱེད་ཀྱི་འདས་ཤུལ་མཆོད་འབུལ་དང་སྨོན་ལམ་ཙམ་ཡང་མ་འདོན་བཤད་ན་ཁྱེད་ཀྱི་ཅི་འདྲ་ཞིག་དྲན་པ་འདུག
ཅ་རིལ་བཞིན་དུ་རིལ་རིལ་བཟོས་ནས་རྒྱ་འོག་ཕམ་མིག་གྱེན་ལ་ལྟ་བའི་དབུ་མའི་ལམ། །
ཆ་རྒྱུས་བོད་ལ་ཡོད་པ་ཞིག་གིས་ཞིབ་འདང་བརྒྱབ་ན་སྙིང་རླུང་ལྡང་བའི་རྒྱ་མགོ་བསྒུར། །
ཇ་ཡུན་ཙམ་ལས་མེད་པ་ཡིན་ཡང་རང་བཙན་གཙང་མའི་བདེ་སྐྱིད་དེ་ནི་དགྲ་བཞིན་ལྟ། །
ཉ་ཉོག་བཙན་བྱོལ་སྒྲིག་འཛུག་ལང་ཕྱོགས་ཉི་མ་སྐྱེལ་ཐབས་དེ་ལས་མེད་ན་སྒོ་རྒྱོབས་ཤིག །
ཐོས་དགའ་ལགས།
《སོ་སོ་མཐོང་བ་དང་དབུ་མའི་ལམ་མཐོང་བ་ལྟ་བུ་བཟོ་དགོས་》འདི་འདྲ་ཞིག་བཤད་ཀི་ཡོད་པའི་ཁུལ་རེད། བོད་མི་མི་རེ་ངོ་རེ་ལ་རྒྱ་ནག་དམར་པོའི་གཞུང་གིས་བལྟས་བ་དང་། ཁ་སེམས་གཉིས་མེད་ངང་མགོ་འདེགས་བྱེད་བཞིན་ཡོད་པའི་འཐབ་རྩོད་དེ་རྒྱ་ནག་ཕུལ་བཞིན་ཡོད་པ་གསལ་བོ་བཟོ་དགོས་བའི་འབོད་སྐུལ་རེད། ཁྱི་རྒན་འདིའི་མགོ་ལ་ལྕགས་ཞྭ་ཞིག་སྐོན་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཡ་རེད།
《སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་མི་མཐུན་པའི་མཉམ་ཐ་ན་རང་སྲེག་གཏོང་མཁན་ཚོར་མཆོད་འབུལ་སྨོན་ལམ་ཙམ་ཡང་བྱེད་རྒྱུ་མེད། 》སྐད་ཆ་འདིས། རྒྱ་དམར་གཞུང་གིས་དགོས་འདུན་ལྟར་བཙན་བྱོལ་མི་མང་འདི་ཡང་བོད་བཙན་པོའི་དཔའ་བོ་དཔའ་མོ་ཚོ་དང་ཁ་བྲལ་གཏོང་བྱེད་ཀྱི་ལྐོག་ངན་འཐེན་གྱིན་ཡོད་པ་རེད། བྱས་ཙང་། གཞིས་བྱེས་ཁ་བྲལ་བའི་ཉེས་མིང་འོག་མྱི་ངན་འདི་བོད་ཕྱི་མང་གཉིས་ལ་འདུག་ས་མེད་པའི་གནས་ཕུད་གཏོང་དགོས་བ་རེད།
བོད་རྒྱལ་ཁབ་གྱི་བདག་དབང་དང་བོད་བཙན་པོའི་གདོང་རྒྱུད་འདི་བློ་ལུས་མི་གཏོང་བའི་དམ་བཅའ་བཙན་པོ་ལོ་རྒྱུས་དང་བདེན་པ་ལ་སྦྲེལ་ནས་ཡོད་པས། ཁྱོད་སྨྲ་བ་ཉུང་ནས་མགོ་བོ་སྒུར་ན་བཟང་།
རང་དབང་རང་བཙན་རང་ཆས་རང་བདག་ལས།།
གཞན་དབང་གཞན་ཞབས་གཞན་དགར་གཞན་ལག་ལ།།
ཐམས་ཅད་དབང་ཆ་ཧམ་པས་ཐག་བཅད་ན།།
ཕ་མ་ཉམ་ཐག་ལས་ངན་ཤ་ཡང་ཚ།།
གནམ་ཟེར་བའི་གླེན་པ་འདིས་རྒྱ་མིའི་སོ་པ་ལྟར་སྐད་ཆ་རྡོག་སྒྲུག་རྒྱབ་ནས་ཀླན་ཀ་འཚོལ་སྟངས་ལ་བལྟས་ན་སྙིང་རྗེ་བ་ཞིག་མ་རེད་དམ། ཤར་ཕྱོགས་ཁུག་རྟས་( སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་མི་མཐུན་པའི་མཉམ་ཐ་ན་རང་སྲེག་གཏོང་མཁན་ཚོར་མཆོད་འབུལ་སྨོན་ལམ་ཙམ་ཡང་བྱེད་རྒྱུ་མེད། དེ་ནི་རང་སྲེག་གཏོང་མཁན་ལ་གདུང་སེམས་མཉམ་བསྐྱེད་མེད་པ་དང་རྗེས་འཇུག་དགེ་སྒྲུབ་མ་བྱས་པ་མ་ཡིན་པར། རང་སྲེག་གཏོང་མཁན་གྱིས་རྒྱུ་མཚན་ཅི་ཞིག་གི་ཆེད་དུ་རང་སྲེག་བཏང་བའི་ཐད་འགྲེལ་བཤད་དང་ངོས་འཛིན་ཁ་ཁ་ཡིན་སྟབས)གསུངས་མི་འདུག་གམ། ཧཧཧཧ དེང་སང་མི་ཁ་ཤས་ཀྱི་རང་སྲེག་གཏོང་མཁན་ཚོས་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲེག་བཏང་བ་རེད་ཅེས་སྨྱོ་བཤད་རྒྱག་པ་ལ་སྤྱི་ཚོགས་ནང་གསལ་བོ་བཟོ་དགོས་པ་སྐབས་སུ་བབ་པ་རེད།།
ཁ་བ་ཅན་ལ་སྨོན་ལམ་ལོག་ཅིང་རྒྱལ་དབང་མཆོག་ལ་དད་དམ་མེད་པའི།།
མི་ཡི་ལུས་ལ་ཁྱི་ཡི་སེམས་ཅན་བདུད་རྒན་འཇམ་དབྱངས་ནོར་བུ་ཡི།།
གཡོ་ཇུས་སྟོང་གི་ཨབ་ཕྲུག་བྱེད་པའི་བཙན་བྱོལ་ནང་གི་རང་བཙན་འདི།།
རྒྱ་ལ་རྩོད་རྒྱུའི་འཐབ་རྩོད་མིན་པར་གཞུང་ལ་རྒོལ་བའི་ནང་རུལ་ཞིག།
lobsang ལགས། ཁྱེད་རང་མིང་བོད་ཡིག་ནང་འབྲི་མི་ཐུབ་པར་གཞན་ལ་ཁ་རྡུང་གཡུག་ཞོག སྐད་ཆ་རྡོག་ཕྲུག་རྒྱག་དགོས་དོན་མིན་འདུག 《སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་མི་མཐུན་པའི་མཉམ་ཐ་ན་རང་སྲེག་གཏོང་མཁན་ཚོར་མཆོད་འབུལ་སྨོན་ལམ་ཙམ་ཡང་བྱེད་རྒྱུ་མེད། 》 ཞེས་པའི་ཡིག་ཕྲེང་འདིའི་གང་ཟག་སུས་བཤད་ཀྱང་དེས་ཡང་སྙིང་བཤད་འདོད་གང་ཡོད་པ་སྐྱུ་རུ་ར་ལག་མཐིལ་ཏུ་བཞག་པ་ནང་བཞིན་བཤད་ཚར་པ་རེད། བཤད་མི་ཤེས་ན་ཁ་ལ་བདག་གཅེས་བྱེད་དགོས། རང་བཙན་སྐད་སྒྲོག་བྱས་ནས་མེ་ལ་ལྕེབ་མཁན་ཚོར་ཆབ་སྲིད་ཀྱི་དགོས་དབང་གིས་མཆོད་འབུལ་སྨོན་ལམ་འདོན་སྐལ་མེད་ཀྱང་བོད་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་ཟུང་བའི་ཐོག་ནས་དེ་འདྲ་བྱེད་མི་ཐུབ་པ་དང་མི་ཆོག་པ་ཅི་ཡིན་ནམ། བོད་མི་རྡོག་པོ་ཁ་ཤས་འདི་ཤོ་ཀྲུག་ཀྲུག་མ་བྱེད། ང་ཚོ་ནི་རེ་རེ་བཞིན་རྒྱས་གཡོ་བྱུས་ཀྱི་པགས་པ་བཤུ་བ་གཅིག་རེད། སྦུག་མི་ཤེས་ཀྱང་ཕྱི་ནས་ནང་པ་ཡིན་ཁུལ་ཞིག་གི་ཐོག་ནས་སེམས་ཅན་ཞིག་གི་འདུ་ཤེས་ཀྱི་ཐོག་ནས་ཁྱེད་ཀྱི་ཡིག་གྲུ་སྐམ་པོ་འགའ་འདོན་པ་དེར་ལྟ་གྲུབ་གང་དང་འགལ་འདུག་གམ།
ཐོས་པ་དགའ། གོ་རྒྱུ་ཐོས་རྒྱུ་མེད་པ་ཁྱེད། རང་སྲེག་གནང་མཁན་ཚོའི་མངོན་འདོད་ལ་འཁྱོག་བཤད་གནང་མཁན་ཚོའི་མཉམ་དུའམ། ཡང་ན་རང་བཙན་རྒྱ་གཞུང་ལ་མི་རྩོད་པར། དབུས་སྒྲིག་འཛུགས་དང་༧རྒྱལ་བ་རིན་པོ་ཆེར་རྩོད་མཁན་ཚོའི་མཉམ་དུ་ཐ་ན་མཆོད་འབུལ་སྨོན་ལམ་ཙམ་ཡང་མ་བྱེད་ཅེས་བཤད་མི་འདུག་གམ། ཧཧཧཧ ཁྱེད་གོ་རྒྱུ་མེད་པ་ཁྱེད།
ལྟ་བ་བཤད་ན་བཤད་སྟངས་ཡོད་པ་རེད། ཀླད་ཕྲུག་བློ་མི་བཟང་ལགས།
མཉམ་དུ་མཆོད་འབུལ་མ་བྱེད། སྐད་ཆ་ཡང་མ་བཤད། གྲོགས་པོ་ཡང་མ་བྱེད། ང་ཚོའི་དབུ་མིའི་ལྟ་བ་དང་རྒྱབ་སྐྱོར་མེད་ན་ཁྱོད་ཤི་ང་གསོན་གྱི་འདུ་ཤེས་འཛིན་དགོས་ཟེར་གི་ཡོད་པ་མ་རེད་དམ།
ལམ་དབུ་མ་ཟེར་ནས་མེ་ལ་མ་སྲེག་ན་མཆོད་འབུལ་དང་གདུང་སེམས་མཉམ་དུ་མི་བྱེད་ཟེར་གི་ཡོད་པ་མ་རེད་དམ། ལམ་དབུ་མ་མ་ཡིན་པའི་བོད་མིའི་ལྟ་བ་དང་འདོད་མ་ཚང་བཀག་བ་མ་རེད་དམ། བོད་མིའི་བར་ལ་དོན་མེད་གྱི་འཐབ་རྩོད་སློང་གི་ཡོད་པ་མ་རེད་དམ། བོད་ཕྱི་ནང་བར་ལ་གཅིག་རྗེས་གཅིག་ན་མེད་པའི་ཏང་སྲིད་བསྒྲགས་ཀི་ཡོད་པ་མ་རེད་དམ།
སྐད་ཆ་སྤེལ་སྟངས་དང་ལྟ་བ་སྐྱོང་སྟངས་ཡོད་པ་རེད། གྲོགས་པོ། ཁ་ནི་ཉེས་བ་ཀུན་གྱི་སྒོ་ཡིན་པས། ཁ་ལ་སྒོ་ཟྭ་ཡོད་ན་ཅི་མ་རུང་ཟེར་བ་གོ་ཨེ་མྱོང་།
ཤར་ཁུག་དང་ཁྱེད་གཉིས་སྐེ་སྦྲེལ་བྱས་ནས་རང་བཙན་དཔེ་མཛོད་ཁང་ཞིག་ལ་ཚེ་བཙོན་དུ་བཅུག་ན་དེ་ནས་སྐྱེ་བ་ཕྱི་མར་ཕན་པ་འདྲ་ཨེ་ཡོད་པའི་རེ་བ་བྱས་ཆོག།
བློ་བཟང་མིང་ཅན་ལགས། རང་སྲེག་གནང་མཁན་ཚོས་བོད་རྒྱལ་ཁབ་ཀྱི་ཆེད་དུ་མིན་ན་ཅི་ཞིག་གི་ཆེད་དུ། རང་སྲེག་གཏོང་མཁན་ཨ་ནེ་ཞིག་གིས་སོ་སོའི་ལག་པའི་སྟེང་ལ་བོད་རང་བཙན་རྒྱལ་ཁབ་ཡིན་ཞེས་བྲིས་ཡོད་མ་མཐོང་ངམ། དོན་དངོས་ལ་འཁྱོག་བཤད་མ་བྱས་ན་བཟང་། ང་ཡང་ལམ་དབུ་མ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་མོད། འོན་ཀྱང་ཤར་ཁུག་གིས་བྱེད་སྟང་འདི་ལ་ཞེན་པ་གཏིང་ནས་ལོགས་སོང་། མི་འདིས་ནམ་ཡིན་རུང་རྒྱ་གཞུང་ལ་མི་རྒོལ་བར་རང་བཙན་རྩོད་མཁན་ལ་རྒོལ་བཞིན་ཡོད། འདི་ནི་བོད་པ་ནང་ཁུལ་འགལ་ཟླ་བཟོས་ནས་འཐབ་རྩོད་ནུས་མེད་གཏོང་བ་ལས་ཅི་ཡང་མ་རེད།
ལུང་རྟོགས་ལ།
མགོ་མི་འཚོས་ན་སྐད་ཆ་མི་བཤད་ན་ཡག་གི་རེད་ཡ། ཁྱེད་རྣམས་ཀྱིས་ཚིག་རྡོག་སྒྲུག་རྒྱག་གི་འདུག གོ་བ་ཆ་ཚང་ལོན་གྱི་མི་འདུག་ཅེས་བཤད་ཡོད།
( ཐ་ན་རང་སྲེག་གཏོང་མཁན་ཚོར་མཆོད་འབུལ་སྨོན་ལམ་ཙམ་ཡང་བྱེད་རྒྱུ་མེད། དེ་ནི་རང་སྲེག་གཏོང་མཁན་ལ་གདུང་སེམས་མཉམ་བསྐྱེད་མེད་པ་དང་རྗེས་འཇུག་དགེ་སྒྲུབ་མ་བྱས་པ་མ་ཡིན་པར། རང་སྲེག་གཏོང་མཁན་གྱིས་རྒྱུ་མཚན་ཅི་ཞིག་གི་ཆེད་དུ་རང་སྲེག་བཏང་བའི་ཐད་འགྲེལ་བཤད་དང་ངོས་འཛིན་ཁ་ཁ་ཡིན་སྟབས། དབུ་མའི་ལམ་ཞུགས་པ་ཚོས་ངེས་པར་དུ་མང་གཙོའི་ལམ་ནས་ཁོང་ཚོའི་ཞལ་ཆེམས་ལྟར་རང་སྐྱོང་རྩོད་པ་དང། ཞལ་ཆེམས་ལ་འགྱུར་བ་མི་གཏོང་བ་བཅས་བྱས་ཏེ། བཙན་བྱོལ་གཞི་རིམ་སེར་སྐྱ་མི་མང་ཁྱོན་ཡོངས་ནས་རྒྱ་ནག་གཞུང་ལ་རང་སྐྱོང་གི་མངོན་འདོད་ཁ་ཞེ་གཉིས་མེད་ཡིན་པ་ཤུགས་ཆེན་པོའི་ཐོག་སྟོན་ཐུབ་པ་དགོས། དེ་ནི་དེ་རིང་གི་ང་ཚོའི་ལས་འགན་ཉག་ཅིག་དེ་རེད།)
འདིས་རང་སྲེག་གཏོང་མཁན་ནང་རང་བཙན་ཟེར་མཁན་དང་བོད་རྒྱལ་ཁབ་ཟེར་མཁན་མི་འདུག་གསུངས་མི་འདུག ཡིན་ནའང། མང་གཙོའི་ལམ་ནས་རང་སྲེག་གཏོང་མཁན་ཚོའི་མངོན་འདོད་སྤྱི་མོས་མང་མོས་བྱས་ན་ཏག་ཏག་བོད་ཀྱི་རང་དབང་༧རྒྱལ་བ་རིན་པོ་ཆེ་གདན་ཞུ་རེད་ཅེས་བཤད་འདུག་བསམས། དེས་ན་ཁྱེད་རྣམས་པས་མགོ་འཚོས་ནས་སྐད་ཆ་ཤོད་ཡ།།
བློ་བཟང་ལགས། ཤར་ཁུག་གི་སྐྱག་པ་ལ་བདག་བྱས་ན་བྱེད་ཚོད་ཅིག་ཡོད་པ་མ་རེད། ཁོས་ག་དུས་ཡིན་ན་ཡང་སྐྱག་པའི་ནང་གི་སྐྱག་པ་གཉང་བ་དེ་འདྲ་གཏོང་གི་རེད་ལོ།
ང་གཅིག་པུ་རྡ་ཤོད་ཟ་ཁང་ཞིག་གི་ཇ་འཐུང་ནས་བསྡད་ཡོད་དུས་ཕོ་སར་ཞིག་དང་གྲྭ་བ་ཞིག་ལ་ཚིག་ངན་ཁ་ཤས་སྨྲས་པ་ཡིན། དེ་ནི་ཤར་ཁུག་ཅེས་པ་དེ་ཡིན་གཞུག་ནས་ཤེས། ཧཧཧ
ང་ཡང་ལྡི་ལིར་ཕྱིན་པ་ཡིན་་་ཕོ་གསར་ཡིན་མདོག་བྱེད་མཁན་ཞིག་འདུག་རྐང་གསུམ་འཁོར་ལོར་ཞོན་ནས་སྨན་ཁང་ཞིག་གི་སྒོ་ཙར་ཐུག་བྱུང་མི་ངོ་ལ་ལྟས་ན་མི་བཟང་རབས་ཅིག་བསམ་བྱུང་རྗེས་སུ་ང་ཡི་རོགས་པ་དེ་ཡིས་མེད་པ་ལྔ་བཤད་མཁན་ཨོ་ཉི་རེད་ཟེེར། གཞི་ནས་ང་ཡི་བསམ་པར་དུག་གི་སྡོང་པོ་ལ་མེ་ཏོག་མཛེས་ཀྱང་ཕན་ཐོགས་མི་འདུག་ག་བསམ་བྱུང།
བློ་བཟང་ལགས། ཁྱེད་ཀྱང་གོ་བ་ཆ་ཚང་ལོན་ནས་བཤད་མཁན་ཞིག་ཡིན་ཚོད་མ་རེད། བོད་ནང་གི་རང་སྲེག་གཏོང་མཁན་ཁྲོད་རང་བཙན་དངོས་སུ་འབོད་མཁན་བྱུང་ཡོད་པ་ངས་གོང་དུ་བཤད་པ་ལྟར་རེད་ལ། གཞན་ཡང་བོད་ལ་རང་དབང་དགོས་ཞེས་པ་འདི་ཅིག་རེད། རང་དབང་ཞེས་པ་འདི་ནི་རང་སྲིད་རང་སྐྱོང་གཅིག་པུ་ལ་གོ་རྒྱུ་ཞིག་མ་ཡིན་པར་གང་ལ་ཡང་ཁ་བསྒྱུར་ཆོག་པའི་ཚིག་གྲུབ་ཅིག་རེད། བྱུང་མེད་པ་ངོ་མ་ནི་ད་བར་བོད་ལ་རང་སྲིད་རང་སྐྱོང་དགོས་ཤེས་འབོད་མཁན་ཧ་ལམ་གཅིག་ཀྱང་བྱུང་མེད་པ་རེད། དེས་ན་ཁྱེད་ཀྱིས་ཀྱང་ཧམ་པ་ཆེན་པོས་འགྲེལ་བཤད་བྱེད་ཆོག་པའི་ཚད་ལ་སླེབས་མི་འདུག་གོ།
ངས་ཤར་ཁུགས་ཀྱི་ལོ་རྒྱུས་ཆ་ཚང་མི་ཤེས་ཀྱང་ད་ལྟའི་སྐད་འཆོར་རྒྱབ་སྟངས་ལ་བལྟས་ནས་ཞེན་པ་ཆུང་ལོགས་སོང་། ཡིན་ནས་ད་དུང་ལྟ་རྒྱུ་ཡིན། དབུ་མའི་ལམ་རྩ་འཛིན་དེ་ངས་ལེགས་པར་རྟོག་ན་རང་གཞན་སུ་ལའང་ཕམ་པ་མེད་པར་གཉིས་ཕན་གྱི་ལམ་བུ་ཞིག་བསྐྲུན་རྒྱུའི་ལྟ་གྲུབ་ཞིག་མ་ཡིན་ནམ། ཡིན་ནས་ད་རེས་དབུ་མའི་ལམ་རང་ཉིད་དང་བྲལ་མི་ཐུབ་པའི་མི་ཞིག་གི་སྐད་ཆ་བཤད་སྟངས་དེ་ཕྱོགས་ལྷུང་དང་། ངན་རྒྱུགས། ཁོན་སེམས། བོད་མི་ཁ་བྲལ་གྱི་བསམ་པ། བཅས་བཅངས་ནས་བཤད་པ་ལྟ་བུའི་ཚོར་བ་བྱུང་།
སྤྱིར་དབུ་མའི་ལམ་རྒྱ་ཆེ་གཏིང་མཐའ་དཔོག་ཐབས་མེད་ཞིག་གྲགས་ཀྱང་ཡང་སྙིང་མི་ལོ་གསུམ་བཅུའི་རིང་སྐུ་མདུན་ནས་ཁ་ཞེ་གཉིས་མེད་ཀྱི་རྒྱ་བཤད་སྟོང་བཤད་བྱས་ཀྱང་ད་བར་རྒྱ་ཕྱོགས་ནས་སྡུག་རྩུབ་དང་བཙན་གནོན་རྐྱང་ལས་མེད་པ་དེ། ཡང་ན་གཏིང་མཐའ་ཟབ་པ་ལ་རྟེན་ན་རྒྱས་གོ་བ་མ་ལོན་པ་རེད་དམ། ཡང་ན་བོད་ནི་རྒྱ་ལ་ནོར་བུ་རྙེད་པ་ལྟ་བུ་ཞིག་ཡིན་པས་བློད་ཐབས་བྲལ་ནས་དེ་ལྟའི་བྱེད་སྟངས་དེ་དག་བྱེད་པ་རེད་དམ།
བློ་བཟང་དང་ཁུགས་རྟ་སོགས་དངོས་ནས་དབུ་མའི་ལམ་བཤད་མཁན་དང་ལག་ལེན་བྱེད་མཁན་ཡིན་ན་ལྟ་གྲུབ་དང་སྤྱོད་པ་གཉིས་མི་འགལ་བ་བྱོས།
ལམ་དབུ་མའི་འབྲས་བུ་རང་སྐྱོང་ཟེར་བ་དེ་གཅིག་བསྡུས་རིང་ལུགས་ཀྱི་ཏང་ཀྲུང་དབྱང་སྲིད་གཞུང་མགོ་རྟིང་མ་ལོག་བར་ལོན་རྒྱུ་ཞིག་དང་འཐོབ་རྒྱུ་ཞིག་མ་རེད། གལ་ཏེ་ཏང་ཀྲུང་དབྱང་སྲིད་གཞུང་མགོ་རྟིང་ལོག་པའི་ཉི་མོ་དེ་ནས་མ་བརྩད་ཀྱང་རག་གི་རེད། དེས་ན་དབུ་མ་ཁ་འཁྱེར་གྱི་རང་ཁེ་བསྒྲུབ་མཁན་འདི་ཚོ་ཚ་གི་ཚི་གི་མ་བྱེད་ཤིག། ཡང་གཅིག་མིན་ན་ཆ་རྐྱེན་ཅི་ཡང་མེད་པར་སྔ་ས་ས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་རྒྱུགས་རོགས།