༄༅། །ཀུན་མཁྱེན་བསྟན་པ་རྒྱས་པའི་སྨོན་ལམ།
ན་མོ་མ་ཧྰ་གུ་རུ་བུདྡྷྰ་ཛྙྰ་ན་ཡེ། །
གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །
ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་དང་། །
སྤྲུལ་སྐུ་པདྨ་འབྱུང་གནས་བརྒྱུད་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག །
མ་རིག་མུན་སེལ་ཀུན་མཁྱེན་ཉི་མའི་གཉེན། །
རྒྱལ་སྲས་རྣམ་བརྒྱད་གྲུབ་ཆེན་བརྒྱད་ཅུ་དང་། །
གཏད་རབས་བདུན་དང་གནས་བརྟན་བཅུ་དྲུག་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འཕགས་ཡུལ་པན་གྲུབ་རྒྱལ་བའི་དགོངས་པ་དང་། །
བོད་ཡུལ་རྩ་གསུམ་ཆོས་སྐྱོང་དགེ་འདུན་སྡེ། །
མདོ་སྔགས་བཤད་སྒྲུབ་ཕྲིན་ལས་སྤེལ་བའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མཁྱེན་བརྩེ་ནུས་པའི་མཁན་སློབ་རྗེ་འབངས་གྲོགས། །
གངས་ལྗོངས་ཐུབ་བསྟན་སྣང་བའི་སྒོ་འབྱེད་མཆོག །
སྔ་འགྱུར་ལོ་པཎ་རིག་འཛིན་ཐུགས་བསྐྱེད་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རིང་བརྒྱུད་བཀའ་མ་ཡིད་བཞིན་ནོར་བུའི་མཛོད། །
ཉེ་བརྒྱུད་ཟབ་རྒྱས་སྒྲུབ་སྡེ་ཆོས་གཏེར་ཆེའི། །
ཡང་ཟབ་སྙིང་ཏིག་འོད་གསལ་སྙིང་པོའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཀ་དག་ཁྲེགས་ཆོད་དགོངས་པའི་ཀློང་ཆེན་པོར། །
ལྷུན་གྲུབ་ཐོད་རྒལ་ལམ་གྱི་རྩལ་རྫོགས་པའི། །
ཁྱད་ཆོས་དྲུག་ལྡན་ཀུན་བཟང་རྒྱལ་བའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྟེན་འབྱུང་ལྟ་སྒོམ་རྒྱ་ཆེན་སྤྱོད་པའི་སྲོལ། །
ཡོངས་རྫོགས་གདམས་པའི་མཛོད་འཛིན་ཨ་ཏི་ཤས །
བཀའ་བསྟན་རིག་པའི་འབྱུང་གནས་གདམས་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྡོ་རྗེ་འཆང་ཆེན་ཏེ་ལོ་ནྰ་རོ་དང་། །
མར་མི་དྭགས་པོའི་བཀའ་བརྒྱུད་ནོར་བུའི་མཛོད། །
འཁོར་འདས་སྤྲོས་བྲལ་ལྷན་སྐྱེས་ཕྱག་རྒྱའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྣལ་འབྱོར་བིརྺའི་སྙན་བརྒྱུད་ཚད་མ་བཞིའི། །
ངེས་དོན་རྒྱལ་བའི་མདོ་སྔགས་བསྟན་པའི་གནད། །
རྒྱུ་རྐྱེན་ལམ་འབྲས་ཚུལ་བཞིན་ལེགས་མཛད་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རིགས་གསུམ་ཀུན་འདུས་བློ་བཟང་གྲགས་པའི་བསྟན། །
རྟེན་འབྲེལ་ཟབ་རྒྱས་ལྟ་བའི་ལམ་རིམ་དང་། །
གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྒྱ་གར་དམ་པ་སངས་རྒྱས་ཡུམ་སྲས་ལས། །
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་བཞི་འཇོམས་པའི་ངེས་དོན་ཆོས་ཀྱི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཡེ་ཤེས་མཁའ་འགྲོ་ནི་གུ་མ་ཡི་སྲོལ། །
བདེ་སྟོང་ཆོས་དྲུག་བྱིན་རླབས་ཉེ་བརྒྱུད་པའི། །
ཤངས་པ་བཀའ་བརྒྱུད་ལུང་རྟོགས་བསྟན་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་ལས། །
མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས། །
ཕྱི་ནང་གསང་གསུམ་དུས་འཁོར་བཀའ་གཏེར་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཏིང་འཛིན་དགོངས་པ་རང་འཁྲུངས་ཨོ་རྒྱན་པས། །
མདོ་རྒྱུད་གདམས་པ་ཡོངས་རྫོགས་བསྙེན་སྒྲུབ་པའི། །
མཁའ་འགྲོ་རྒྱ་མཚོའི་གསང་མཛོད་བསྟན་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཆོས་རྒྱལ་མེས་དབོན་དམ་པའི་སྐུ་དྲིན་ལས། །
ལྷ་མིའི་ཐེག་པས་བསྟན་སྲིད་འཛིན་སྐྱོང་སྤེལ། །
འཚེ་མེད་ཞི་བདེའི་དགེ་ཁྲིམས་ལེགས་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དྲུག་སོགས། །
ཐེག་དགུའི་ལམ་གྱི་ངོ་བོ་གོ་རིམ་རྣམས། །
མ་ནོར་ཉམས་སུ་ལེན་པའི་ལུགས་བཟང་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མཁས་པས་བཤད་པའི་ཀ་ཆེན་རྣམ་བཅུ་དང་། །
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་གངས་ཅན་པའི། །
མདོ་སྔགས་ཟུང་འབྲེལ་མན་ངག་སྤྱོད་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བསྟན་འཛིན་དཔལ་ལྡན་བླ་མའི་སྐུ་བརྟན། །
བསྟན་འཛིན་དམ་པས་ས་སྟེང་ཡོངས་ལ་ཁྱབ། །
བསྟན་པའི་སྦྱིན་བདག་མངའ་ཐང་རྒྱས་པའི་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འཇིག་རྟེན་ཁམས་སུ་ལོ་ཕྱུགས་རྟག་ཏུ་བཀྲ། །
འབྲུ་ནོར་ལོངས་སྤྱོད་མི་ཉམས་ཀུན་ཏུ་ཤིས། །
གང་བསམ་ལྷུན་གྲུབ་གཏན་གྱི་བདེ་ལེགས་དཔལ། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འདི་ལྟར་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་ཕྱིར་དང་། །
མ་གྱུར་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །
ཕན་བདེའི་འབྲས་བུ་མྱུར་ཏུ་ཐོབ་པར་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་གྲོགས་པོ་དང་མཁའ་འགྲོ་དུ་མས་བསྐུལ་ངོར་ཤྲྰི་བུདྡྷ་ཛྙྰ་ནའི་ཆོས་ཚོགས་ཁང་ནས་ཨེ་མ་ཧོས་སྙིང་ནས་སྨོན་པས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ། ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །
ལེགས་སོའི་མེ་ཏོག་འཐོར་རོ།།
ཐོས་ན་སྙན་འཇེབས་གསུང་གིས་ཡིད་དབང་ཕྲོག།
བསམ་ན་ཡིད་ཀྱི་དགའ་བ་ངང་གིས་འཕེལ།།
སྒོམ་ན་དྲི་མེད་སེམས་ཀྱི་གཤིས་མཐོང་བའི།།
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
གཅིག་ཆད་འདུག
བོན་ཆོས་ཆད་འདུག སྐོང་རོགས་གྱིས།
ཧིན་དུ། ཨེ་ཤུ་སོགས་ཀྱང་ཆད་འདུག
རང་ཞེན་གྱི་ཆགས་སྡང་མེ་ལྕེ་འབར་འབར།།
གཞན་སྐྱོན་གྱི་གནས་ལ་རླུང་བུ་འཚུབ་འཚུབ།།
ཐེག་ཆེན་ཞིག་ཡིན་ཟེར་ཐེག་ཆུང་ཙམ་ཡང་།།
སེམས་སྐྱེད་ཅིག་མེད་པར་ནང་ཆོས་ཟེར་རམ།།
རང་ཉིད་གྲུབ་མཐར་ཞེན་པའི་ཁ་གཡང་རྒྱན།།
དེ་མིན་གྲུབ་མཐར་སྡང་སེམས་ཐལ་བ་གཏོར།།
མ་བཅོས་སེམས་ཀྱི་རྣལ་མར་རྨོངས་པའི་གྲིབ།།
རྣམ་ཀུན་ཆགས་སྡང་ཅན་པར་ནང་ཆོས་སམ།།
བདག་ལས་གཞན་གཅེས་ལྟ་བ་གོ་ལྡོག་འཛིན།།
གཞན་ལས་བདག་གཅེས་ལྟ་བ་གནས་ལ་འཆང་།།
འཚེ་མེད་ཅེས་བརྗོད་འཚེ་བའི་གཏམ་གྱིས་སྦྱོར།།
བདག་གཅེས་འཚེ་བ་ཅན་པར་ནང་ཆོས་སམ།།
རང་ཉིད་ངོ་ཡི་འབག་བཙོག་རྣམ་ཀུན་སྦས།།
གཞན་སྐྱོན་བ་སྤུར་ཙམ་དེར་ཁབ་ཀྱིས་བཙག།
རང་གཞན་ལེགས་ཉེས་མ་རྟོགས་ཞེ་སྡང་ཅན།།
བདག་དགའ་གཞན་སྡུག་པ་ལ་ནང་ཆོས་སམ།།
མདོ་སྔགས་གཉིས་ཀྱི་སྙིང་པོ་མ་རྟོགས་པར།།
རང་རང་ཆགས་ཞེན་གནས་ལ་ཁ་རྩོད་སྦྱོར།།
ནང་སེམས་མ་འདུལ་ཕྱི་ཡི་བརྗིད་ཉམས་དེ།།
ཚུལ་བཅོས་པ་ཞིག་འཛིན་པར་ནང་ཆོས་སམ།།
དུས་གསུམ་ཆགས་སྡང་གནས་ཀྱི་འཁོར་ལོ་བསྐོར།།
ཆོལ་གསུམ་གྲུབ་མཐའི་ནང་དམེ་ཁྲག་གིས་བཀང་།།
ཉེས་གསུམ་རྣམ་ཀུན་རྨོངས་པའི་ཟོག་རྫུན་རྣམས།།
བསླབ་གསུམ་ཚུལ་ཁྲིམས་བྲལ་བར་ནང་ཆོས་སམ།།
ས་དགེ་བཀའ་རྙིང་ཐུབ་པའི་དབང་པོའི་སྲས།།
གཅིག་ཡག་གཅིག་སྡུག་ཆགས་སྡང་མ་སྦྱོར་བར།།
ཕྱོགས་བཞི་བབས་པའི་དྭངས་གཙང་ཆུ་ཕྲན་ཞིག།
མ་བཅོས་རང་སེམས་གནས་པར་ཡོངས་ཀྱི་སྙིང་།།
དུག་སྦྲུལ་ཁ་ནས་གཞན་ཕན་ནོར་བུ་སྐྱུག་འདོད་རི་བོང་རྭ།
ཨ་ཕྱི་ཆོས སྒྲོན་ལ་ག་རེ་འགྲིག་མ་སོང་། གོང་རྩོམ་ནང་ས་དགེ་བཀའ་གསུམ་མ་དག་ཟེར་མིན་འདུག སྐབས་ཐོབ་འདིར་རྙིང་མའི་བསྟན་རྒྱས སྨོན་ལམ་བྲིས་འདུག་ག གུ་ཡངས་ཙམ་གནང་རོགས།
གྲུབ་མཐའ་དེ་གང་ཐུབ་ཐུབ་རྩོད་དགོས། སྤྱིར་ན་མཚན་ཉིད་རིག་པ་ཞེས་པ་ཤར་ནུབ་གང་གི་ལུགས་ཡིན་ན་ཡང་རྩོད་དགོས་པ་རེད། རྩོད་པ་མེད་ཉིན་མཚན་ཉིད་རིག་པ་དེ་ཤི་ཚར་བ་རེད། གྲུབ་མཐའ་འདི་རྩོད་དགོས་རྒྱུ་ཞིག་ཡིན།
མེ་ཏོག་དཀར་པོ་ལེགས། དགོངས་པ་མ་ཚོམས། གང་ཡང་མིན། ངའི་སྐྱག་འབི་བན་མིང་ཅན་ལ་ཟུར་ཙམ་བརྗོད་པ་ཡིན། ཁོ་ལ་འཕོང་པ་ཕོག་འདུག་ག ཕོག་ནས་མི་ཚད་ཤི་འདུག ཧ ཧ ཧ ཧ ཧོ།
ཨ་ཕྱི་རྐུབ་རལ་ང་ཡི་མདའ་མོ་དེ་ཕག་འདུག
ཤ་སྐྱེས་གཙུག་གི་དུང་རྭ་དེ།
མཁའ་ལ་མཛུབ་རིས་བྱེད་པ་འདྲ།
རང་བཞིན་འདྲ་སྟངས་བཤད་ན་ཡང།
མཚངས་ཆེན་མི་ལ་སྨྲས་པ་འདྲ།
ད་དུག་སྦྲུལ་ཡིན་པར་ཁས་བླངས་སོང་རང་གི་རང་ཉིད་ལ་ངོ་འཕྲོད་ཡོད་ན་འགྲིག་གི་རེད།
ང་ཡི་ཚིག་གཅིག་ནམ་མཁའ་སྟོང་པ་ལ་འཕེན་ཡོད་རུང་ཕོག་ས་གཅིག་ལ་ཕོག་ན་བཟོ་རྒྱུ་ཡོད་པ་མ་རེད་དོ།
ཧ་ཧ་ཧ་ བལྟད་མོ་འདུག
བན་དེ་བས་གཅིག་ཆད་འདུག་ཟེར་བ་དེ་ཕལ་ཆེར་ཇོ་ནང་ཆད་འདུག་ཟེར་བ་མིན་ནམ་སྙམ།