དཔོན་པོའི“བོད་མིའི་འགན”།
བོད་ཀྱི་དཔོན་པོ་རྣམས་ལ། བཤད་མ་དགོས་པར“བོད་མིའི་འགན”ལྷག་ཏུ་ལྕི་བ་ཡོད། དཔོན་པོ་དག་གིས“ངས་བོད་མིའི་འགན”ཁུར་གྱི་ཡིན། ཁུར་སྟངས་འདི་ཡིན། ཁུར་ཕྱོགས་འདི་ཡིན“སོགས་ཁ་ཕོ་ས་བསྒྲགས་གནམ་བསྒྲགས་བྱས་ཏེ་དཔོན་སར་འགྱིང་བ་ཡིན་དུས། ཁོང་ཚོ་ལ“བོད་མིའི་འགན”ཁུར་བའི་ནུས་པ་དང་བྱེད་ཐབས་སོགས། བོད་མི་རྣམས་ཀྱི་འདོད་བློ་ཚིམས་པ་དང་ཡིད་ཆེས་འཕེལ་བ་ཞིག་དགོས་ཀྱི་ཡོད་པ་རེད། དེ་ཡང་རྒྱལ་ཁབ་ཡོད་པ་དང་རང་དབང་ཡོད་པའི་མི་རིགས་ཤིག་དང་གཏན་ནས་བསྡུར་ཐབས་མེད་པའི་མི་རིགས་ཤིག་གི་འཆི་གསོན་ལ་འཐབ་པའི་འགན་ཞིག་ཡོད་པ་རེད། དེ་ནི་“བོད་མིའི་འགན”འཁྲི་ཐེགས་མིན་དང་བོད་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་མངའ་དང་བྱང་ཆ་ཡོད་མེད་བཅས་ལ་བརྟེན་ནས། “བོད་མིའི་འགན”ཁུར་སྟངས་ཤིག་ཡོད་དགོས་པ་ཡིན། གཏམ་བཤད་དང་ལག་ལེན་གཉིས་རིང་དུ་སོང་བ་དང་སྤྱི་སྒེར་གྱིས་ནོར་ཚེ། “བོད་མིའི་འགན”བརྗེད་པ་དང་“བོད་མིའི་འགན”འཁུར་ངེས་ཡིན་ཞེས་པའི་དམ་བཅའ་སོགས་སྐྱག་རྫུན་དང་། བོད་མི་རིགས་ཀྱི་ལས་དབང་ཉག་ཕྲ་བའི་སྐབས་སུ། “བོད་མིའི་འགན”རྡོག་རོལ་བཏང་བ་དང་བོད་མི་རིགས་ལ་མགོ་སྐོར་གཏོང་མཁན་གྱི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཉེས་ཅན་པ་ཞིག་དང་། བོད་མི་རྣམས་ཀྱིས“བོད་ཀྱི་དཔོན་པོ་ཨ་ཐང་ཆད་པ”ཞེས་པའི་མིང་ཚིག་ལ་སྟོབས་ཤུགས་སྤྲད་པ་རེད། དཔོན་པོ་ཟེར་བ་ནི་དུས་ནམ་དུ་ཡང་མི་མང་ལ་འགན་ལེན་མཁན་དུ་བསྐོས་པ་དང་དམ་བཅའ་མཁན་ཞིག་ཆགས་སྟབས། བོད་ཀྱི་དཔོན་གནས་སུ་བསྡོད་མཁན་ཆེ་མ་ཆུང་གསུམ་གྱིས“བོད་མིའི་འགན”རང་ཉིད་ལ་འཁྲི་བའི་ལྡོག་མེད་ཀྱི་བྱ་བཞག་ཡིན་པ་ངོ་ཤེས་ཚེ། “བོད་མིའི་འགན”ཁུར་བ་ཡིན། དེ་མིན་དཔོན་པོ་ཚོས་འབངས་ཀྱི་ཁྲག་འཇིབ་མཁན་དུ་གྱུར་ན་ཚར་བ་ཡིན།
དགེ་རྒན་གྱི“བོད་མིའི་འགན”།
དགེ་རྒན་ནི་ཤེས་རིག་གི་སྒྲོན་མེ་ཡིན་ཟེར་སྲོལ་ཡོད་པ་ལྟར། བོད་ཀྱི་དགེ་རྒན་ཚོ་ནི་བོད་ཀྱི་སློབ་གསོའི་འགན་བཞེས་ཐུབ་མཁན་ཞིག་ཅིས་ཀྱང་ཡིན་དགོས་པ་དེ་ཡིན། སློབ་གསོའི་རྣམ་བཞག་དེ་ཡང་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་ལེགས་བྱང་ལ་གོམ་འདྲིས་ཡོད་པའི་ཤེས་རིག་དང་སྤྱོད་བཟང་གི་བྱ་བཞག་ཞིག་རང་ལ་ཡོད་པ་ནས་སློབ་ཕྲུག་ཚོར་འཆད་སྤེལ་འཁྲིད་གསུམ་བྱེད་ཐུབ་པ་དང་བྱེད་ཐབས་ལེགས་པར་བརྩོན་རྒྱུ་དང་། བོད་ལ་སྐྱེ་བའི་ཕྲུ་གུ་ཞིག་ཡིན་ན“བོད་མིའི་འགན”སྐྱེ་ནས་མ་ཤི་བར་དུ་ཡོད་པ་དེར་ངོ་འཕྲོད་པ་ཞིག་དགོས། ཉག་ཕྲ་བའི་བོད་ཀྱི་གནས་སྟངས་ཁྲོད་ནས། བོད་ཀྱི་དགེ་རྒན་རྣམས་ཀྱིས་ལས་ཁུར་དང་བྱ་བཞག་མི་རིགས་གཞན་གྱི་དགེ་རྒན་ལས་འགན་ལྕི་བ་དང་། མང་བ་ཡོད་པར་དགེ་རྒན་སོ་སོའི་ངེས་ཐུབ་པ་ཡིན་ན། དུས་རབས་ཉེར་གཅིག་པའི་བོད་ཀྱི་དགེ་རྒན་དག་གིས“བོད་མིའི་འགན”ཁ་ཞོར་ལག་ཞོར་ནས་མི་གཏོང་བར་ཁུར་དུ་བཞེས་ཐུབ་པ་ཡིན། ཉི་མ་གང་ཆོད་དང་གླ་ཕོག་གི་རིན་གོང་མཐོ་དམན་ལ་འཁོར་ནས་བསྡོད་མཁན་གྱི་རིགས་དེ་ནི། བོད་ཀྱི་དགེ་རྒན་གྱི་ཁོར་ཡུག་གི་དུག་ལྟ་བུ་ཡིན། དེ་དག་གི་རིགས་ཀྱིས་སྔར་བྱས་ལ་འགྱོད་བཤགས་དང་རང་ཉིད་ཀྱི་རྒྱུད་ན་ཡོད་པའི་དུག་མེད་པར་མ་བཟོས་པར་དུ། བོད་ཀྱི་དགེ་རྒན་གྱི་སྡེ་ནས་རང་འགར་གྱིས་ཕྱི་ལ་ཐོན་ནས། ཆེས་མཐའ་མའི་བོད་ལ་སྐྱེ་བའི“བོད་མིའི་འགན”ལ་བརྩི་མཐོང་ཞིག་བཞག་ན་འོས། དགེ་རྒན་ལ་གླ་ཕོག་དང་དུས་ཚོད་ལྷག་མ་རེ་མི་དགོས་པའི་དོན་དག་རྩ་བ་ནས་མིན་ན་ཡང་། དགེ་རྒན་གྱི་རྩ་འཛིན་བྱེད་ས་དང་བསམ་བློ་གཏོང་ཡུལ་དེ་ཆགས་མི་རུང་། དེང་དུས་བོད་ཀྱི་སློབ་གྲྭའི་ཁོར་ཡུག་གང་སར་དགེ་རྒན་གྱི་སློབ་གསོའི་བྱ་བཞག་ཉམ་དང་ཉམ་བཞིན་པ་མཐོང་རྒྱུ་ཡོད་པ་དེ་དགེ་རྒན་རང་ཉིད་ཀྱིས“བོད་མིའི་འགན”ཁུར་སྟངས་ལ་འཐུས་ཤོར་དང་དགེ་རྒན་གྱི་རྩ་བའི་ཀུན་སློང་དེ་གཙང་མ་མེད་པ་མངོན་པ་རེད། ད་ལྟའི་དུས་འདིར་བོད་ཀྱི་དགེ་རྒན་རྣམ་པ་ནི། “བོད་མིའི་འགན”བཞེས་མཁན་གྱི་སྲོག་ཤིང་ཆགས་པར་བརྩོན་རྒྱུ་ལས་སྲོག་གཅོད་བྱེད་མཁན་དུ་ཆགས་མི་རུང་བ་དེ་ཡིན། དགེ་རྒན་བཟང་བོ་སྨན་གྱི་ལྗོན་ཤིང་དང་དགེ་རྒན་ངན་པ་དུག་གི་སྡོང་བོར་གྱུར་བ་རེད།
ཕ་མ་ཚོའི་“བོད་མིའི་འགན”།
ཕ་མ་ནི་མིའི་རིགས་ཀྱི་བུ་ཕྲུག་དག་གི་སློབ་དཔོན་ཐོག་མ་དང་བཀའ་དྲིན་ཀུན་ལས་ཆེ་བའི་མི་དེ་ཆགས་ཡོད་སྟབས། བུ་ཕྲུག་ཚོར་རང་ཉིད་གང་དུ་གཏོགས་པའི་འགན། “བོད་མིའི་འགན”ཁུར་སྟངས་ཁ་ཞོར་ལག་ཞོར། ཟ་ཞོར་འཐུང་ཞོར། འགྲོ་ཞོར་འདུག་ཞོར་དུ་སློབ་ཀྱི་ཡོད་པ་རེད། དེ་ལ་མི་མངོན་པའི་བག་ཆགས་ཀྱི་འགན་ཞིག་དང་མངོན་པའི་བག་ཆགས་ཀྱི་འགན་བཅས་གཉིས་སུ་ཕྱེ་ཆོག་ལ། དེ་གཉིས་ཀ་སློབ་ཁྲིད་བྱེད་མཁན་ནི་ཕ་མ་ཆགས་ཀྱི་ཡོད། མི་མངོན་པའི་བག་ཆགས་འགོས་སྟངས་ནི། གཟས་ཏེ་བུ་ཕྲུག་ལ་བསླབ་པ་མིན་ཡང་། བཟའ་ཚང་གཉིས་ཀྱིས་དུས་རྒྱུན་འགྲོ་འདུག་སྤྱོད་གསུམ་གྱི་བག་ཆགས་ཕྲུ་གུར་ཆགས་པ་དེ་ཡིན། མངོན་པའི་བག་ཆགས་ནི། ཕ་མས་ཆེད་དུ་བུ་ཕྲུག་ལ་འགྲོ་འདུག་སྤྱོད་གསུམ་བསླབ་པ་དེ་ཡིན། དེའི་ཕྱིར་བོད་ཀྱི་ཕ་མ་ཚོས“བོད་མིའི་འགན”ཡོད་པའི་ཕ་མ་ཞིག་བྱེད་པར་འགྲོ་འདུག་སྤྱོད་གསུམ་གྱིས་བག་ཆགས་ལེགས་པོ་ཞིག་འཇོག་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་སྐོར། ངས་འདི་ནས་མང་བོ་མ་ཞུས་ཀྱང་དམ་པའི་གསུང་དང་མཁས་པའི་ཚིག་དག་ན་ཧ་ཅང་མང་དུ་ཡོད་ཀྱང་། དུས་རབས་ཉེར་གཅིག་པའི་བོད་ཀྱི་ཕ་མ་ཚོའི“བོད་མིའི་འགན”ཁུར་སྟངས་ལ་ཁྱིམ་ཚང་རེ་རེ་ཡིས་འགྲོ་འདུག་སྤྱོད་གསུམ་དང་འབྲེལ་བ་ཟབ་མོ་ཡོད་པ་རེད་ཅེས་དྲན་སྐུལ་བཏང་བ་དེ་ཡིན། ལྷག་པར་དུ། དེང་སྐབས་བོད་ཀྱི་ཕ་མ་མི་ཉུང་བ་ཞིག་གིས་སོ་སོའི་ཕྲུ་གུར། བོད་ཀྱི་སྐད་དང་ཡི་གེ བོད་ཀྱི་ཁོར་ཡུག་དང་གོམ་གཤིས་མེད་སར་རྒྱུ་དངོས་དབང་ཤུགས་ལ་བརྟེན་ནས་བསྐྱེལ་བཞིན་ཡོད་པ་དེ། “བོད་མིའི་འགན”མ་ཁུར་བ་མ་ཟད། རང་གི་སྐྱེ་རྒྱུད་རང་གིས་བསད་པ་ཡིན། གཞན་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ཆགས་ཐབས་མེད་ལ། གཞན་སྐད་ག་འདྲ་དར་ཡང་རང་སྐད་དུ་བེད་སྤྱོད་བྱེད་ཐབས་མེད་པ་ནི་མིག་མཐོང་ལག་ཟིན་ཡིན་དུས། ཕ་མ་ཚོས་རང་གི་བུ་ཕྲུག་མ་འོངས་བོད་ཀྱི་རྒྱུད་འཛིན་བྱེད་དུ་འཇུག་འདོད་ཡོད་པ་བདེན་པ་ཡིན་ཚེ། སོ་སོའི་བུ་ཕྲུག་རྣམས། བོད་ཀྱི་ཁོར་ཡུག་དང་གོམ་གཤིས་ཡོད་ས། བོད་ཀྱི་སྐད་དང་ཡི་གེ་སློབ་སར་སྐྱེལ་ཐུབ་པ་ཡིན་ན། “བོད་མིའི་འགན”ཁུར་བའི་བོད་ཀྱི་ཕ་མར་ཆགས་པ་རེད། དེ་མིན་ཧ་ལོ་(Hello)ཟེར་བ་དང་“ཨ་རོགས”ཟེར་དགོས་པའི་དུས་ལ་ཐུག་དུས། དེའི་ནོར་འཁྲུལ་ཕ་མར་ཡོད་པ་ལས་བུ་ཕྲུག་ལ་མེད། བུ་ཕྲུག་གི་ཆེད་དུ་རྒྱུ་དངོས་དབང་གསུམ་གྱི་ནུས་པ་འདོན་མཁན་ནི་ཕ་མ་ཆགས་ཡོད་སྟབས་ཡིན། ཕ་མ་བཟང་བོས་རྒྱུ་ནོར་བཙལ་སྟངས་སློབ་པ་དང་ཕ་མ་ངན་པས་རྒྱུ་ནོར་གཏོང་སྟངས་སློབ་ཀྱི་ཡོད། ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་བལ་ཡུལ་བཙོན་ཁང་ནས།( མུ་འགོད)
ཁ་བཤད་ཆུ་ཡི་ལྦུ་བ་ཞིག་ཡིན་ནའང་། ཡག་པོ་བྲིས་འདུག ཁྱེད་ཀྱི་རྒྱབ་ན་སུ་ཡོད་ན་ཤེས་ཀྱི་འདུག སྔར་མ་ཁྱེད་ལ་བསྟོད་ཚིགས་མང་པོ་བསྒྲོགས་ཡང་། ད་ཆ་ལྟས་ཡོང་དུས་ཁྱེད་ཀྱི་རྒྱབ་ལ་མི་ཡག་གའི་གྲལགཅིག་ཀྱང་མེད་པ་འདྲ། ཁྱེད་འཕྲོ་བརླག་བཏང་ཟིན་པ་རེད།
ཕ་མའི་བུ་ཕྲུག་སྐྱོང་སྟངས་ཀྱི་འགན་དེ་ཕལ་ཆེར་ཁྱོད་ལ་མ་བབ་པའི་སྐད་ཆ་རྩ་མ་དྭངས་ཞིག་ལས་ཅི་ཡང་གོ་མ་སོང་། ད་ཁྱོད་བཀུར་ན་བཀུར་ས་མི་འགྲོ་ནི། གཡུག་ན་གཡུག་ས་མི་འགྲོ་ནི་འདྲ་ཞིག་གིས་མི་ཆགས་པར་ཞུ།
འགྲོགས་རོགས་པ་ངན་པའི་ལས་འབྲས་ལ། རྒྱུད་བཟང་པོ་བོར་ནས་ངན་ལ་གོམས། ཟེར་བ་དེ་འདྲ་ཡོད་པ་རེད།
གོང་མི་གཉིས་ཀྱིས་ཕ་ཆེར་སྒེར་གྱི་སྙིང་ནད་སྤྱི་ལ་བཤད་ཀྱི་ཡོད་པ་འདྲ། གླིང་ཚའི་ཞི་བའི་འཐབ་རྩོད་ཁོ་རང་གིས་བརྩམས་པ་རེད་མ་གཏོགས། མིས་སྐུལ་སློང་བྱས་པ་གང་ཡང་མེད་ཤེས་པར་གྱིས
གོང་དུ་གྲོགས་པོ་གཉིས་ཀྱིས་དྲིས་པར་མོས་མཐུན་ཡོད། གླིང་ཚ་འདི་དང་ཐོག་སེམས་ཤུགས་ཅན་ཞིག་རེད་འདོད། ད་ཁོས་དྲ་ལམ་དུ་རྩོམ་ཡིག་འདྲ་མིན་སྤེལ་སྟངས་ལ་བལྟས་ན་སྙོག་དྲ་ཅན་ཞིག་ཏུ་འགྱུར་བཞིན་འདུག དང་པོ་རྡ་ས་ནས་མ་བུ་གསུམ་ལམ་ལ་ཆས་དུས་བོད་མི་ཚང་མས་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། ལྡི་ལིར་འབྱོར་ཕྱིན་དགྲ་བོ་རྒྱ་དམར་གྱི་དར་ཆ་ཕྱར་ནས་སོང་བ་རེད། དེས་ང་ཚོ་སྟེ་དགྲ་ཕྱོགས་ལ་འཐབ་བརྩོད་བྱེད་མཁན་རྣམས་ཀྱི་སེམས་སུ་མ་བདེ་བ་ཞིག་བཟོས་བྱུང་། ད་ཁྱེད་རང་གིས་དངོས་གནས་ལས་འགུལ་ཡག་པོ་སྤེལ་ཐུབ་ན་རབ། དེ་མ་བྱུང་ནའང་གཞན་ལ་སྐྱོན་འཛུགས་ཀྱི་གཏམས་ཉོག་སྤེལ་ནས་ཅི་ཕན།
ཤར་ཁུགས་ཡོད་རེད་ད་ ཧཧཧ
ཙི་ཏ་ཡུལ་གྱི་རྒྱ་རིགས་འགས།
ཕ་བསད་པ་ལ་རྒྱལ་རྔ་བརྡུང་།
ཟེར་སྲོལ་ཞིག་ཡོད། རྒྱ་ནག་གི་རྒྱ་དར་སྒང་པ་བོད་པ་ཞིག་གིས་འཕྱར་ནས་འགྲོ་སྲོལ་ཞིག་ག་ལ་ཡོད། དངོས་གནས་གླེན་པ་ལུག་རེད། ཀླད་པ་ནང་དུ་ཆུ་འཛུལ་སོང་བ་རེད།
བཙན་བྱོལ་ནང་ན་ཁྱེད་ཉིད་མ་གཏོགས་ཁ་ཡོད་ལག་ཡོད་གིས་ཕྱག་ལས་གནང་ཐུབ་མཁན་མི་འདུག འདི་ནི་ཁྱེད་ཀྱི་སྤོབ་པ་རེད་ལ། བོད་མི་རིགས་ལ་ཕུལ་བའི་མཛད་རྗེས་རེད། གང་ལྟར་ཁྱེད་ཀྱིས་ཡོད་བློ་བཏང་ཟིན་པ་དེ་ནི་ང་ཚོ་མང་དག་ཞིག་གིས་ཤེས་ཀྱི། ནམ་ཡང་ངས་ཁྱེད་ལ་རྒྱབ་སྐྱོར་ཡོད། ང་ནམ་ཡང་ཁྱེད་དང་མཉམ་དུ་ཡོད། །
ཐུགས་རྗེ་ཆེ། བོད་ཀྱི་དཔའ་བོ་ལགས།
ལོང་བ་རྐྱང་རྐྱང་གིས་ཅི་ཡང་མཐོང་ཐུབ་ནི་མ་རེད་་་མུ་མཐུད་ནས་འུར་རྒྱོབ་་་་རང་གི་ཆེད་དུ་་་་་ཕ་མའི་ཆེད་དུ་་་་མི་རིགས་ཀྱི་ཆེད་དུ་་་་བཟང་ཀི