དྲང་པོའི་གཏམ་གྱི་གཉའ་ནས་མི་གནོན་ཞིང༌།།
ལོག་པར་སྨྲ་བ་ཡལ་བར་མི་འདོར་བ།།
མདའ་སྨྱུག་རང་གི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབ་ཀྱང་འབད་པས་སྲུང་བར་ངེས།།
མཁས་དབང་དགེ་ཆོས་ཀྱིས། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང༌། །རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབ་ཀྱང་འབད་པས་སྲུང་བར་གྱིས། །ཞེས་པ་ལྟར་གྱི་དམ་བཅའ་འཇོག་ཁུལ་གྱིས་ན་ཡང༌། སྤྱིར་བཏང་འཇིག་རྟེན་ཡ་རབས་སྲོལ་བཟང་གི་འགྲོ་ལུགས་ལྟར་ན།༽ དྲང་པོའི་གཏམ་གྱི་གཉའ་ནས་མི་གནོན་༼པར། དྲང་པོའི་རང་མདངས་ནི་ཇེ་བཀབ་ཇེ་གསལ་དུ་གྱུར་པ་ཡིན་ཏེ། གཞན་ལ་དབང་ཤུགས་ཀྱིས་ཁ་ལོ་བསྒྱུར་མི་དགོས་པ་ནི། གནས་ལུགས་ཀྱི་བབ་འགྲོས་ཤིག་ཡིན་༽ཞིང༌། ༼སྐབས་འདིར་ནི་ནང་ཆོས་དང་ཚན་རིག་གཉིས་ཆར་གྱི་གཞུང་ལུགས་ཕྱོགས་རེ་ཙམ་ལ་ཞིབ་དཔྱོད་མཛད་ཚུལ་གྱིས་རང་རློམ་དྲ་ཐོག་ཏུ་ངོམས་པ་དེ་ནི། རྫུན་མའི་གཏམ་གྱི་དྲང་པོའི་གཉའ་ནས་བཙན་ཚུགས་ཀྱི་གནོན་པ་དེ་ཡང༌།༽ ལོག་པར་སྨྲ་བ་༼ཐམས་ཅད་ཀྱི་༽ཡལ་བར་མི་འདོར་བ༼འི་ཐ་ཚིག་ཅིག་ཡིན་པར་བརྟེན།༽ མདའ་སྨྱུག་༼པ་ཁྱེད་༽རང་གི་༼ཀྱང་༽དམ་ཚིག་དང་པོ་༼ཡིན་པ་ལ་ཡིན་པའི་ངེས་ཤེས་འདྲོངས་པ་ཞིག་༽སྟེ། ༼ཤེས་རབ་ཀྱི་ལེགས་ཉེས་མདོངས་པའི་གཤིས་ཀ་དེར་ཚུད་ཟིན་པའི་གང་ཟག་ཕལ་མོ་ཆེ་ནི། མེའི་འོབས་དེ་སྲེག་པའི་རང་བཞིན་ཡིན་པ་ཤེས་བཞིན་དུ། ཆེས་མཐའ་མའི་འདམ་ཀ་ནི་༽སྲོག་ལ་བབ་ཀྱང་༼མེ་དོང་དེར་འཆོང་རྒྱུ་ལས་ཐབས་བརྒྱ་ཇུས་སྟོང་གི་༽འབད་པས་སྲུང་༼བྱའི་ལམ་བུ་ཞིག་སྲིད་མཐའི་༽བར་༼བཙལ་ཀྱང་རྙེད་པར་༽ངེས་༼པའི་གདེང་ཚོད་མ་རག་པར་བརྟེན། ལྟག་ཆོད་ཡིག་ཚོགས་ཀྱིས་འཕྲེང་སྒྲིག་ཁོ་ནར་གཞོལ་བའི་རྩོམ་ལོག་ཅིག་ཡིན་པ་ནི། སྤྱིར་རྩོམ་པ་པོ་ཁོ་རང་གིས་ཀྱང་ཁས་ལེན་པ་ཡིན་ཏེ། (ལོག་ལྟའི་བསྒྲགས་ཡིག)་ཅེས་པའི་ཚིག་དེས་གསལ་བ་མ་ཟད། བྱེ་བྲག་རྣག་ཐོག་གཙག་འཁེལ་གྱི་ཚུལ་དུ་ཁོ་བོས་ཀྱང་བློ་ནུས་གང་ལྕོགས་ཀྱི་དཔྱད་བརྗོད་ཕྲན་བུ་རེས་གྱིས་ཁུལ་ཡིན་ན། རྒྱ་ཆེ་ཀློག་པ་པོ་ཀུན་གྱིས་ཞིབ་གཟིགས་གནང་བ་ཞུ་ཞུ།༽
མདའ་སྨྱུག་གིས་རང་གི་ལྟ་གྲུབ་ངོ་མ་དེ་བརྩམ་པར་དམ་བཅའ་དེས་བརྗོད་འདུག དང་པོ་་་་་་་རང་ལ་དྲང་མོ་མེད་ན་དྲང་གཏམ་ཡོད་མི་སྲིད་ལ། དྲང་ཚིག་མེད་པས་་་་་་༼དྲང་པོའི་གཏམ་གྱི་གཉའ་ནས་མི་གནོན་ཞིང༌།།༽སྟེ་ནོན་ནུས་བྲལ་བའི་ཕྱིར་དང་།
གཉིས་པ་་་་་་་་་༼ལོག་པར་སྨྲ་བ་ཡལ་བར་མི་འདོར་བ།།༽སྟེ་རང་གི་སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར་ཏེ། དེ་གཉིས་ནི་་་་་་་མདའ་སྨྱུག་རང་གི་དམ་ཚིག་དང་པོ་སྟེ།། རིག་གཞུང་དང་། མི་རིགས་སྤང་བ་དང་། ་་་་་་་་་་༼སྲོག་ལ་བབ་ཀྱང་འབད་པས་སྲུང་བར་ངེས།།༽སོ་ཞེས་དམ་བཅས་པའོ།།ཧཧཧཧཧ
འཕྲུལ་སྨྱུག་ལགས་་་་་ཉོན་རོགས།
ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
སྒེར་གཅོད་མདུན་དུ་པུས་མོ་མི་འཛུགས་པ།
བུ་སྡུག་ཅོ་རིའི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པའི་སྲུང་བ་ངེས།།་་་་་་རང་ཚིག་དམ་བཅའ་སྔོན་སོང་གྱི་ཐོག་ནས་གླུ་འདི་བླང་ངོ།
གླུ་ལ་་་་་་་་་་་གླུ་ཐ་ལ།
སྐྱིད་ན་ཇ་ཆང་མཚར་གླུ་རེད།
སྡུག་ན་རང་སེམས་གསོ་གླུ་རེད།
དུས་དེ་རིང་གླུ་ཞིག་བླང་བ་འདི།
ངའི་སྐྱིད་གླུ་མ་ཡིན་སྡུག་གླུ་ཡིན།
སྤུན་ཕུ་ནུའི་སེམས་སྡུག་གསོ་གླུ་ཡིན།
ཆོས་སངས་རྒྱས་གདན་ས་གོང་མ་ནས།
སྐུ་མི་འགྱུར་ཤྭཀྱའི་རྒྱལ་པོས་མཁྱེན།
གངས་ཁ་བ་ཅན་གྱི་མི་རིགས་འདིའི།
སྐྱིད་སྡུག་སྤྱན་གྱིས་ཨེ་གཟིགས་ལགས།
གཟིགས་ན་བྱིན་རླབས་ཅི་འདྲ་ཡོད།
བོད་གངས་ཅན་ཡུལ་གྱི་ས་ཆ་ནས།
རྗེ་རྒྱལ་པོ་སྲོང་བཙན་སྒམ་པོས་མཁྱེན།
བོད་བཙན་པོའི་རྒྱལ་གཞི་ཐོར་བ་འདིར།
ཐུགས་རྗེའི་སྤྱན་གྱིས་ཨེ་གཟིགས་ལགས།
གཟིགས་ན་ཇུས་བཀོད་ཅི་འདྲ་ཡོད།
ཤར་སྨར་ཁམས་གླིང་གི་ས་ཆ་ནས།
དཔའ་མི་འགྱུར་མདན་མ་བྱང་ཁྲ་ལགས།
དགྲ་དམར་པོ་དཔང་ཤུགས་ཆེ་ལུགས་འདིར།
དཔོན་གེ་སར་རྒྱལ་པོས་ཨེ་གཟིགས་ལགས།
གཟིགས་ན་དཔང་རོགས་ཅི་འདྲ་ཡོད།
ཤར་མདོ་སྨད་ཡུལ་གྱི་ས་ཆ་ནས།
མཁས་མི་འགྱུར་དགེ་འདུན་ཆོས་འཕེལ་ལགས།
བོད་ཁ་བ་ཅན་གྱི་མདུན་ལམ་འདིར།
ཐུགས་རྗེ་སྤྱན་གྱིས་ཨེ་གཟིགས་ལགས།
གཟིགས་ན་ལམ་སྟོན་ཅི་འདྲ་ཡོད།
ས་འདི་ཡི་ས་ངོ་ཨེ་ཤེས་ལགས།
ས་འདི་ཡི་ས་ངོ་མ་ཤེས་ན།
ས་རང་ཡུལ་མ་རེད་གཞན་ཡུལ་རེད།
ནུབ་མགོ་སེར་ཡུལ་གྱི་ས་ཆ་རེད།
རྒྱུ་ལོངས་སྤྱོད་ཕུན་སམ་ཚོགས་ས་རེད།
མི་ཀུན་ལ་རང་དབང་ཡོད་ས་རེད།
མིང་འབོད་ན་སི་སུད་ལན་འབྲི་རེད།
ང་འདྲ་ང་ངོ་ཨེ་ཤེས་ལགས།
ང་འདྲ་ང་ངོ་མ་ཤེས་ན།
བོད་གངས་ཅན་རང་བཙན་ཡོད་དུས་སུ།
བོད་བཙན་པོ་ཚང་གི་བུ་སྐལ་ཡིན།
དུས་དེང་སང་བཤད་ན་ཡིད་རེ་མུག
ས་མཐའ་འཁྱམ་པའི་སྐྱབས་བཅོལ་ཡིན།
དེ་ནས་ཉོན་དང་འཕྲུལ་སྨྱུག་ལགས།
ཉོན་དང་ཞུ་རྒྱུ་འགའ་རེ་ཡོད།
ཞུ་ཟེར་ལེ་དམ་ཆོས་མི་འདུག་ཏེ།
ཚིག་གསུམ་འདྲ་མ་ཨེ་འདྲ་ཡོད།
སྤྱང་དར་མས་ལུག་ཁྱུ་གཏོར་ཉིན་མོར།
དེ་དུས་ལུག་རྫུ་ག་ལ་སོང་།
རྒྱ་གུན་ཁྲན་བསྟན་པ་བཤིགས་ཉིན་མོར།
དེ་དུས་འཕྲུལ་སྨྱུག་མ་ཡོད་ཐལ།
ཚྭ་ལ་སོང་དང་ཚོང་ལ་སོང་།
དགྲ་འཕར་བས་ར་ཁྱུ་བཅོམ་ཉིན་མོར།
དེ་དུས་ར་རྫུ་ག་ལ་སོང་།
རྒྱ་དམར་པོས་བླ་སྤྲུལ་བསད་ཉིན་མོར།
དེ་དུས་འཕྲུལ་སྨྱུག་མ་ཡོད་ཐལ།
ཚྭ་ལ་དང་ཚོང་ལ་སོང་།
ཤིང་སྨན་རྩྭའི་འགོ་སྐེ་བཅད་ཉིན་མོར།
དེ་དུས་ཤིང་སྲུང་ག་ལ་སོང་།
བོད་ཕུ་ནུ་དམར་བསད་བཏང་ཉིན་མོར།
དེ་དུས་འཕྲུལ་སྨྱུག་མ་ཡོད་ཐལ།
ཚྭ་ལ་སོང་དང་ཚོང་ལ་སོང་།
བོད་མདོ་ཁམས་ཡུལ་གྱི་ས་ཆ་ལ།
བུ་མདའ་སྨྱུག་རྣམ་དཔྱོད་རང་འཁྲུངས་ཀྱིས།
ཆོས་བསྟན་པའི་གད་རྙིགས་བསྲེགས་ཉིན་མོར།
ཁྱོད་འཕྲུལ་སྨྱུག་སྟག་མོ་ངར་ངར་རེད།
མྱི་བོར་བའི་ཐོག་ཏུ་གླུ་ལེན་དང་།
རྟ་འགྱུར་བའི་ཐོག་ཏུ་རྡོག་བརྫིས་ཤིག
རོ་ཤི་བའི་ཐོག་ཏུ་བྲོ་གར་ཞིག
འཁྲབ་དགོས་པའི་གནད་དོན་ཅི་ཞིག་ཡོད།
མི་ཉན་ཆུང་གཉའ་ནས་གནོན་མཁན་ལ།
སེམས་བྱམས་པའི་བྱང་སེམས་ཐོབ་རབས་མེད།
སྟོང་སྡེ་པས་ཡར་རབ་བརྩི་སྲོལ་མེད།
སྐྱེས་ཕོ་རབ་མཚན་ཉིད་ཚང་རབས་མེད།
གོ་ན་རྣ་བའི་དཀྱུས་ལ་ཞོག
མ་གོ་གླུ་ལ་ཡང་ཞུ་མེད།
མི་མཁས་མཁས་དོག་་འཕྲུལ་སྨྱུག་ལགས།།
འཕྲུལ་སྨྱུག་མ་རེད་འཁྲུལ་སྨྱུག་རེད།།
གོ་རྒྱུ་ཚུགས་རྒྱུ་གཅིག་ཀྱང་མེད།།
ཛ་རེ་ཛོ་རེ་མང་པོ་བཀོད།།
མདའ་སྨྱུག་ཡོན་ཏན་བརྒྱ་ཆ་གཅིག།
ཁྱོད་ལ་ཡོད་ས་མིན་འདུག་པས།།
དུས་ཚོད་འཕྲོ་རླག་ཅིའི་ཕྱིར་གཏོང་།།
ཚུལ་ཁྲིམས་བློ་གྲོས་སོགས་ལས་ཀྱང་།།
ཁྱོད་ཉིད་མཁས་པར་རློམས་ལགས་སམ།།
ཞེས་དཔའ་བོ་ཅོ་རི་བས་གླུ་དེ་ལྟར་བླངས་ནས་ཤིང་ཁྲིའི་སྟེང་ནས་ཟུར་འདུག་བྱས་ནས་མིག་གིས་ཧུར་རེར་འཕྲུལ་སྨྱུག་ལ་བལྟས་ནས་ལན་ཞིག་ཨེ་ཡོད་དགོངས་ནས་བཞུགས་པ་ན། འཕྲུལ་སྙུག་ཚ་ག་ཚེ་གེར། རྐང་ཉྭ་འདར། ཁ་བསྐམ། ངོ་དམར་པོར་གྱུར་ལན་ཅི་ཡང་མེད་པར་འཇམ་ཆགས་གེར་ལུས་སོ།།
ཨ་བལྟས་ངན། བར་འདི་ན་གསར་བུ་ཞིག་འཛུལ་ཚར་འདུག འུམ་་
འཕྲུལ་སྨྱུག་གིས་ཉོག་གཏམ་འདིས་ཅི་ཞིག་བརྗོད་ཀྱི་ཡོད་པ་ཧ་མ་གོ ་ཨོ་ཉིས་ཞེས་པའི་ཐོག་མའི་གཏམ་ཤོ་ལོ་ཀ་འདིའི་དོན་ཡང་ཤེས་མི་འདུག་ན། བསྟན་བཅོས་འདིའི་གཞུང་གི་སྤྱི་ཁོག་ལ་ངེས་ཤེས་དྲོངས་རྒྱུ་ནི་སྤྲོས་བྲལ་རེད་།
ཨོ་ཉི་ཞེས་པས་་་་་་བཅོས་དགོས་པ་དགོངས་འཇགས
སྟོན་པ་ནས་སྒེར་སྤྱོད་རིང་ལུགས་བྱུང་།
༄༅༅ ། །ནང་བསྟན་མཁས་པ་རྣམས་གྱི་གསུང་རབ་ལ། །ངཔྱད་ཀྱང་རྙེད་པར་དཀོན་པའི་བརྗོད་བྱ་དང་། །ཡོད་ཀྱང་མཐོང་པར་དཀོན་པའི་དངོས་པོ་གཉིས། ། སུ་ཤིག་་ཐོབ་ན་གནས་ལུགས་རྙེད་པར་འདོད་། །དེ་འདྲ་གནས་ལུགས་ཚང་མའི་རྙེད་ཐབས་བྲལ་། །ཡ་མཚན་འོས་པས་གཏམ་ལ་སྐྱོན་ཤིག་མཐོང་། །སྔོན་བྱོན་མཁས་དང་གྲུབ་པའི་ཇི་སྙེད་པ།།མི་མངོན་ཚུལ་གྱི་དབྱིངས་སུ་གཤེགས་ལས་།།ནང་བསྟན་གཞུང་ནང་བཤད་པའིབརྗོད་བྱ་རྣམས་།།དངོས་པོའི་གནས་ཚུལ་སུ་ཤིག་གོ་བར་ཟད་། །སྟོན་པ་བཅོམ་ལྡན་འདས་ནས་བཟུང་ཏེ་ད་ལྟ་བར་དུ་ནང་པའི་ཆོས་འཆད་པ་པོ་དེ་ཚོའི་རྗེས་འཇུག་པ་ཚོར།བློ་འགུག་ཡ་ཆེད་དུ་དང་པོ་མགོ་བརྗོད་ལ་འདི་ལྟར་བཤད་གི་ཡོད།གང་ཟག་སུ་འདྲ་ཞིག་ཡིན་ན་སོ་སོས་གཞི་དངོས་པོའི་གནས་ཚུལ་ཡིན་ན་འདྲ།།་་་་ལམ་སྒྲུབ་པའི་རིམ་པ་ཡིན་ན་རེད།གནས་ཚུལ་ག་འདྲ་ཞིག་གཏན་ལ་འབེབས་པ་ན།སྲེགས་བཅད་བརྡར་གསུམ་ཀྱི་སྒོ་ནས་གཏན་ལ་འབེབས་དགོས་ཞེས་ཡིད་དུ་འོང་བ་ཞིག་གསུང་གི་ཡོད།རྗེས་འཇུགས་པ་རྣམས་ཀྱིས་ཀྱང་དེ་བཞིན་དགའ་དགའ་སྤྲོ་སྤོའི་ངང་དང་ལེན་བྱེད་ཀྱི་ཡོད།ཡིན་ན་འང་རིམ་བཞིན་གནས་ཚུལ་སྐྱུག་བྲོ་བ་ཞིག་ལྷག་ཡོད་པ་ནི།བླ་མ་དང་སློབ་མའི་བར་འབྲེལ་བ་ཞིག་ལ་ཁ་གཡར་ནས།གོང་དུ་གསུང་པའི་གནས་ཚུལ་ཡོངས་རྫོགས་རྩི་མེད་དུ་བཏང་ནས་།སློ་མ་རྣམས་ཀྱིས་བླ་མའི་བཀའ་ལ་སྐྱོན་དང་ཡོན་ཏན་གང་ཡོད་ཀྱང་།མཐའ་གཅིག་དུ་ཡོན་ཏན་དུ་བལྟ་དགོས་པ་ལས་སྐྱོན་ནམ་ཡང་བལྟ་མི་རུང་།གལ་སྲིད་སློབ་མ་རང་ངོ་ནས་སྐྱོན་ཞིག་མཐོང་ན་ཡང་རང་ཉིད་ཀྱིས་ནོར་འཁྲུལ་ཡིན་པ་ལས།བླ་མའི་སྐྱོན་དང་ནོར་འཁྲུལ་ཏིལ་འབྲུ་ཙམ་ཡང་མེད་ཞེས་ངར་ངར་རྫིག་རྫིག་གི་ཐོག་ནས་བཤད་བཞིན་ཡོད།གལ་སྲིད་དེ་ལྟར་མ་བྱུང་ན།སློབ་མ་རང་ཉིད་དམྱལ་བ་ལ་ལྷུང་བར་ངེས་པ་ཡིན་ཞེས་བཤད་ཀྱི་ཡོད།གནས་ཚུལ་དེ་སྟོན་པ་བཅོམ་ལྡན་འདས་ནས་བཟུང་ཏེ།དུས་ད་ལྟ་བར་རྒྱུན་སྐྱོང་ནས་རང་རང་གི་སློབ་མ་རྣམས་པ་ཉན་མི་འདོད་བཞིན་དུ་འབྲུག་སྒྲ་ལྟར་སྒྲོག་བཞིན་ཡོད།གནས་ཚུལ་དེས་རྐྱེན་པས་བླ་མའི་བཀའ་མི་རྩི་མཁན་དེ་ཚོ་ལ།སྤྱི་ཚོགས་ནང་ཡིན་ན་ཉེས་ཅན་པ་མི་བསད་ཁྲག་སྦྱོར་བྱེད་མཁན་ནང་བཞིན་ལྟ་སྟངས་སྡུག་ཅག་ཤིག་ཆག་ཡོད་པ་མངོན་གསལ་ཡིན།དེའི་དབང་གིས་སྟོན་པ་ཁོང་གིས་སློབ་མ་ཞིག་ཁར་ཐུག་ཁོང་ལ་ངོ་ལོག་ཕོད་མཁན་སུ་ཡང་བྱུང་མྱོང་མེད།དེ་ལྟར་མ་བྱུང་བ་ནི་ཁོ་ཚོས་རྣམ་དཔྱོད་མ་འདང་བ་དང་མེད་པ་གཏན་ནས་མིན་མོད།ཁོ་ཚོའི་རྣམ་དཔྱོད་ནི་སུ་ལ་འགྲན་དགོས་ན་འགྲན་པར་འོས་པའི་རྣམ་དཔྱོད་ཡོད་ལ།ཡིན་ན་ཡང་གོང་གིས་གནས་ཚུལ་དེ་རྣམ་རིམ་བཞིན་ཤེས་ནས་བླ་སློབ་བར་འབྲེལ་བ་གཏོར་ཤིག་བཏང་མི་ཡོང་ངམ་སྙམ་ནས།ཞེ་སྣང་བསྐྱེད་ཤིང་མི་མཐོང་ཁུལ་བྱས་ནས་བསྡད་དགོས་བྱུང་ཡོད།དེ་བཞིན་དུས་ཕྱིས་བོད་ནང་ཡིན་ན་རེད།རང་གི་བླ་མའི་གསུང་ལ་སློབ་མའི་ཇི་བཞིན་པ་ཁས་བླངས་པ་མ་གཏོགས་དེ་ལ་ཞིབ་འཇུག་བྱེད་མཁན་དཀོན་པོ་ཡིན།དེ་མ་བྱུང་བ་ནི་སློབ་མའི་རྣམ་དཔྱོད་མེད་པ་འམ་མ་འདང་བ་གཏན་ནས་མིན། གནས་ཚུལ་དེའི་དབང་གིས་སྤྱི་ཚོགས་ནང་ ། དོན་མེད་ཀྱི་རྩོད་རྙོགས་རིགས་མང་པོ་འབྱུང་གི་ཡོད།། ་་་་་་་་་་་་་་་་་ མཐོང་བའི་ཡུད་དུ་མེད་པའི་ལོག་བཤད་རྣམས་།། རྩལ་ན་རྙེད་དུ་མེད་པའི་བརྗོད་བྱ་འགའ།། ་རྩོད་ན་ཆོད་བར་མེད་པའི་ཆོས་ཉིད་ཡིན་།། ་ སྒོམ་ན་ཐོབ་དུ་མེད་པའི་ཐར་པ་ཡིན།། དོན་མེད་མི་ཚད་བསྐྱལ་བྱེད་ཁོར་ཡུག་ནང་།། ་ཞུགས་ན་གྲུབ་འབྲས་དོན་ལ་ཐོབ་བར་དཀོན་།། ་འབྲས་བུ་མེད་པའི་ལས་ལ་བརྩོན་པ་ལས་།། ལས་དོན་གཞན་ཞིག་འཚོལ་ན་བཟང་བར་མོད་།། བརྗོད་བྱ་དོན་གྱི་སྟོང་པའི་གཞུང་ལུགས་ལ་།། བདེ་སྐྱིད་བློས་བཏང་བྱས་ནས་བརྩོན་པ་ལས་།། འདོད་དོན་བསྒྲུབས་པའི་ཐར་ལམ་གཞན་ཤིག་འཚོལ།། སྐྱོ་བོ་བློ་རྨོངས་ཅན་ལ་བསླབ་བྱ་ཡིན་། །མི་བདེན་རྫུན་གྱི་སླད་པའིརིང་ལུགས་པའི་རྗེས་འབྲང་ཚོའི། ། བཟུང་དུ་མེད་པའི་རི་སྟོང་འགའ་ཤིག་བསྐྲུན་ཐབ་བྱོས་། ། དངོས་དང་མཐུན་པའི་རིགས་གསར་པ་ལ་འགྲན་ཐབས་མེད། ། ་དོན་དངོས་བདེ་སྐྱིད་སྐུན་པའི་ལམ་ཁ་ཤིག་ལ་མཐུན་ཐབས་མེད་།དུས་འདིར་ལང་ཚོ་ལོན་པའི་ན་གཞོན་རྣམས་། ། ལོགས་པར་འཆད་པའི་རིང་ལུགས་ཞིག་ལ་མགོ་མ་སྒུར། ། དངོས་དོན་དངོས་དོན་བདེ་སྐྱིད་ཐོབ་བའི་རིགས་གསར་ཤིག་ལ་བརྩོན་། ། རྨོངས་ཞེན་ཤུག་ཆེར་ཡོད་བའི་གསར་བུ་ཚོ་ལ་བསླབ་བྱ་ཡིན་། ། གུས་ཐུབ་བསྟན་བཀྲི་ནས་ཕུལ་བ་འོ། །་་་་་་་་་་་་ང་ནི་ཚ་བ་མདའ་སྨྱུག་གིས་རྗེས་འབྲང་ངོ་མ་དེ་ཡིན་ན་། །
ཆོས་པའི་མི་ཚད་ཆོས་ལ་བསྐྱལ་བས་ཀྱང་། །
ཆོས་སེམས་འཁོར་བའི་ཆོས་ཤིག་གང་དུ་རྙེད་། །
ཆོས་པའི་བསམ་བློ་ཆོས་ལ་གཏོང་ན་ཡང་། །
ཆོས་པ་བདེ་སྐྱིད་འཐོབ་པའི་ལམ་མི་འདུག། །
ཆོས་སེམས་འགུག་བའི་ཆོས་ཤིག་མེད་ན་ཡང་། །
ཆོས་སེམས་ཆོས་ལ་འཁོར་བ་ཡིད་རེ་སྐྱོ། །
རང་རྒྱུད་ཀྱི་དགག་སྒྲུབ་བསམ་བློ་འདི་ལོག་རྟོགས་ཡིན་པའི་ངོས་ལེན་ཞུས་པ་མིན་ལ། ལོག་རྟོགས་ཀྱི་བློ་རིག་དེ་སྙིང་སྟོབས་སུ་ཁས་བླངས་པའང་མིན་པས། རྗེས་ཕྱོགས་དགག་ལན་འབྲི་མཁན་འདྲ་ཡོད་ཚེ། ཤིན་ཏུ་ཞིབ་མོ་རྣམ་འཐག་ཡིན་ཁུལ་གྱིས། ཐོག་མར་ལོག་རྟོགས་སྙིང་སྟོབས་ཞེས་པའི་ཁ་བྱང་འདི་མི་འཐད་དེ། ལོག་རྟོགས་ཡིན་ན་སྙིང་སྟོབས་ཡིན་པ་འགལ་བའི་ཕྱིར། ཞེས་སོགས་དོན་མེད་ཀྱི་རྩོད་རྙོག་དེ་རིགས་སློང་དོན་མེད་ཅེས་ཞུ་བ་ཡིན”
འཕྲུལ་སྨྱུག་ལགས་ཁྱེད་ཀྱི་འདི་གཟིགས་ཡོད་འདོག་རེད། དུས་ཚོད་ནི་་་་་་་་་་་་་་་་་་་་་་
ཨོ་ན་ཡང་་་་་་་།
གླུ་ཨ་ལ་ལ་མོ་ཐ་ལ་ལེན།
གླུ་ཐ་ལ་ངག་གི་འགུག་ལུགས་རེད།
ས་སྐྱིད་པོ་སུད་སི་ཡུལ་ཁམས་ན།
མི་སྐྱིད་པོ་ཅོ་རིའི་ཉི་མ་ཁྱོད།
དགུན་ཟླ་བ་གསུམ་ལ་ཉལ་བའི་རྗེས།
དུས་དེ་རིང་ཁུ་བྱུག་གྲགས་གྲགས་རེད།
སྐད་དེ་ཚོ་གོ་ན་དགེ་བ་རེད།
གླུ་དེ་ལྟར་བླངས་ན་སྐྱིད་པོ་འདུག
མུ་མཐུད་ནས་གླུ་རེ་ལེན་ཀི་སྡོད།
དུས་དེ་རིང་དེ་ལས་ཞུ་ཡ་མེད།
ཁྱོད་བདེ་མོ་སྐྱིད་པོ་ཡིན་ཤག་རེད།
ནང་པའི་སློབ་དཔོན་ཚོས་གཤམ་གྱི་མདའ་སྨྱུག་གི་དྲི་བ་གཉིས་པོ་དེ་གཉིས་ལ་ལན་ཞིག་སྟེར་ཨེ་ཐུབ།
དང་པོ། མདའ་སྨྱུག་གི་སངས་རྒྱས་ཆོས་ལ་འདི་ལྟར་བཤད་པ་སྟེ། སངས་རྒྱས་པས་བློ་ནི་འཁྲུལ་བར་འདོད། འཁྲུལ་པའི་བློ་དེས་སངས་རྒྱས་ཇི་ལྟར་རྟོགས། དེ་ན་ཤཀྱ་ཐུབ་པ་ཁོ་རང་བློ་འཁྲུལ་སྟབས། ཁོང་གིས་བཤད་པའི་ཆོས་འདི་འཁྲུལ་ཅན་མ་ཡིན་ན་གང་ཡིན་ཟེར། རྒྱུ་མཚན་ནི་ཤཀྱ་ཐུབ་པའི་བློ་དེ་ཡང་འཁྲུལ་བ་ཡིན་པར་འདོད་ཟེར།
གཉིས་པ།
ནང་པ་ཚོས་བྱང་ཆུབ་སེམས་དེ་གལ་ཆེ་པོར་བརྩིས། འོན་ཀྱང་དེ་རིགས་པ་དང་རྒྱུ་མཚན་གཉིས་ཀར་བརྡར་མྱོང་དུས་ཁུངས་མི་བཏུབ་ཟེར། མདའ་སྨྱུག་ན་རེ། ང་ཚོ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གཞི་མ་དེ་སེམས་ཅན་དེ་དག་བདག་ལ་བཀའ་དྲིན་ཆེ་བ་ཡིན་ཟེར། འོ་ན་བདག་ཡང་སེམས་ཅན་དེ་དག་ལ་བཀའ་དྲིན་ཆེ་བ་ཡིན་པ་གཅིག་པར་གྲུབ་དགོས་སྟབས། བཀའ་དྲིན་ཆེ་ཆུང་ཁྱད་པར་མིན་འདུག་ཟེར། དེ་བཞིན་སེམས་ཅན་དེ་དག་གིས་རང་གི་ཕ་མ་བྱས་པར་བརྟེན་ནས་ཁོང་ཚོ་བདག་ལ་བཀའ་དྲིན་ཆེ་ཟེར་ན། དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་དེ་དག་གི་ཕ་མ་བྱས་མྱོང་སྟབས། བདག་ཁོང་ཚོར་ཡང་བཀའ་དྲིན་ཆེ་བ་གཅིག་མཚུངས་ཡིན་པས། བཀའ་དྲིན་ཆེ་བ་ཟེར་བའི་གཞི་རྩ་མེད་སྟབས། བཀའ་དྲིན་མཇལ་དགོས་པའི་རྒྱུ་མཚན་མིན་འདུག་ཟེར། བཀའ་དྲིན་འཇལ་དགོས་མེད་ན་ཅིའི་ཕྱིར་སེམས་ཅན་ལ་སྙིང་རྗེ་དང་བྱམས་པ་སྒོམས་དགོས། དེ་ན་ཅིའི་ཕྱིར་ཁོང་ཚོའི་ཆེད་དུ་རྣམ་མཁྱེན་ཐོབ་དགོས་སམ་ཟེར། དེ་ལ་ལན་ཞིག་ཨེ་འདུག
༄༅། །ཚ་སྨྱུགས་ནི་རྐུན་མ་ཆེན་པོ་ཞིག་རེད། ལོག་རྟོགས་སྙིང་སྟོབས་ཆ་ཚང་ལ་ཞིབ་ལྟ་ཞིག་བྱས་པ་ཡིན། རིག་གསར་གྱི་ཤུགས་རྐྱེན་གྱིས་བོད་རིགས་ཁྲོད་ནང་ཆོས་ལ་ཚུལ་མིན་གྱིས་དཔྱད་པ་སད་སུད་རེ་བྱུང་གི་ཡོད་པའི་ནང་ནས་ཞིབ་ཆ་ཆེ་བ་དང་། ཆུ་ཚད་མཐོ་ཤོས་རེད་ཅེས་བཤད་ཀྱང་ཆོག འདི་ལ་སྡོམ་ཚིག་གཅིག་བྱ་ན། དམིགས་ཡུལ་ཀྱི་ངོས་ནས་བལྟས་ན་མཁས་གྲགས་ལ་རེ་བ་ཆེ་མཁན་ཞིག་རེད། མི་གཤིས་གྱི་ངོས་ནས་དཔྱད་ན་བཅོལ་ཆུང་གླགས་འཚོལ་མཁན་ཞིག་རེད། རྩོམ་གཤིས་ལ་དཔྱད་ན་ལྟ་རྒྱ་ཆེ་ལ་རྩོམ་སྒོ་དོག་པ་ཞིག་རེད། སྐྱོན་ཆ་སྣང་བ་གང་དྲན་དང་སྐྱོན་བརྗོད་ཅི་ཐུབ་བྱས་པ་ཞིག་རེད། ནང་དོན་གྱི་ཆ་ནས་བལྟས་ན་མཐོང་ཐོས་ཀྱི་ཡིག་སྣ་རང་འདོད་ལྟར་བཅོས་པ་ཞིག་རེད། ཤེས་དགོས་པ་ཞིག་ནི་སྔར་མ་གྲགས་པའི་གཞུང་དང་རིགས་ལམ་གང་ཡང་མེད་པར་མ་ཟད། བོད་རྒྱ། ཉི་་ཧོང་སོགས་ཀྱི་མཁས་པ་རྣམས་ཀྱི་དཔྱད་རྩོམ་བརྐུས་ཏེ་རང་གིས་ཤེས་པ་ལྟར་བཀོད་འདུག་པས། གཞུང་ལུགས་མང་པོ་མཇལ་མ་མྱོང་པའི་གསར་བུ་རྣམས་འུར་ལང་དོན་ཡང་དེ་རེད། མདོར་ན་ལོག་རྟོགས་སྙིང་སྟོབས་ལ་རྐུན་མའི་ཕ་ནོར་ཞེས་བརྗོད་འོས་ལ་ལགས། ༡༽ས་བཅད་དང་པོར་མངོན་པའི་ལུགས་ཀྱི་སྣོད་བཅུད་ཀྱི་རྣམ་བཞག་ལ། གཞུང་གཙོ་བོ་མངོན་པ་དང་། དུས་འཁོར་གཉིས་པ་དགག་པ་གནང་བའི་། ཕྱོགས་སྔ་ར་སེ་དཀོན་མཆོག་རྒྱ་མཚོ། ཨ་ལགས་ཚེ་ཏན་ཞབས་དྲུང་། ཨ་ལགས་དོར་ཞི་སོགས་རེད། སྐྱོན་ཆ་ཚན་རིག་སྨྲ་བཞིན་ཚན་རིག་གི་བཤད་པ་ལ་ཤིན་ཏུ་རྨོངས་པར་མ་ཟད། ཉེ་དུས་སུ་ཚན་རིག་པའི་འཇིག་རྟེན་གྱི་དཔྱད་པའང་རྣ་ལམ་དུ་མ་སོན་པས། དེང་རབས་ཚན་རིག་ལ་མཐོང་རྒྱ་ཁབ་མིག་ལྟར་དོག་པར་མཐོང། ༢༽གཉིས་པ་དབུ་མའི་ལུགས་ཀྱིབདེན་གཉིས་ལ། གཞུང་དབུ་ཕར་དང་། ཕྱོགས་སྔ་ཚུལ་ཁྲིམས་བློ་གྲོས། རིགས་པ་དགེ་འདུན་ཆོས་འཕེལ། དགེ་ལྡན་པའི་ཡིག་ཆ་དྲངས་ནས་སྔ་རབས་པར་རྒོལ་བ་བྱས། གོ་རམ་པའི་ལྟ་བ་བཟུང་ནས་དགེ་ལུགས་པ་བཀག ཚན་རིག་པའི་ལྟོས་བཅས་རིག་པ་དང་ནང་ཆོས་ཀྱི་རྟེན་འབྲེལ་ལ་འགལ་བ་བརྗོད་ནས་རང་མིག་རང་གིས་བྲུས་འདུག ༣ ༽གསུམ་པ་ཚད་མའི་ལུགས་ཀྱི་མཐོ་རིས་དང་ཐར་བའི་རྣམ་བཞག་ལ། གཞུང་ཚད་མ་རྣམ་འགྲེལ། ཕྱོགས་སྔ་མཁས་གྲུབ་རྗེ། ཆོས་ཀྱི་གྲགས་པ། ཞི་བ་འཚོ། སློབ་དཔོན་དཔའ་བོ་སོགས་རེད། ནང་པའི་བཞེད་ཚུལ་ཕལ་ཆེར་འཇམ་དབྱངས་བཞད་པའི་གསུང་ལས་བཏུས་པ་དང་། ལོག་རྟོགས་ཀྱི་རྩ་བ་རྒྱ་ནག་གི་གསར་བརྗེ་སྨྲ་བའི་གཞུང་ལུགས་ལ་བརྟེན་པ་ཞིག་རེད། མར་ཁེ་སུ་དང་མོའི་ཙེ་ཏུང་ཡང་ལས་འབྲས་སྨྲ་བ་ཡིན་པར་འགྱུར་ཞེས་བྲིས་འདུག ༤༽འདུལ་སྔགས་ལུགས་ཀྱི་སྡོམ་དང་དམ་ཚིག་གི་རྣམ་བཞག་ལ། གཞུང་འདུལ་བ་དང་སྔགས། ཕྱོགས་སྔ་སངས་རྒྱས་དང་གྲུབ་ཐོབ། སྒྲུབ་བྱེད། རབ་བྱུང་གི་སྡོམ་པ་བྲམ་ཟེའི་ཆོས་ལུགས་དང་རྒྱ་གར་ཡུལ་ཆོས་ཡིན་ཚུལ། ས་པན་པཎ་གྱི་ལུང་གིས་འབྲི་གུང་བཀག མཁན་ཆེན་ངག་ཆོས་ཀྱི་ལུང་གིས་འབྲི་གུང་པའི་ཡེ་བཀག་ཡེ་གནང་གཉིས་ལ་བསྟོད་པ་རོབ་ཙམ་བྱས། རྡོ་རྗེ་ཐེག་པའི་ལུགས་ནི་དགེ་སྡུག་རྒྱུ་འབྲས་བརྒྱུད་མི་དགོས་པར་བླ་མས་ཐག་གཅོད་བྱེད་ཆོག་པ་རེད་ཅེས། ཕྱོགས་སྔ་ལ་འཕགས་བོད་ཀྱི་གྲུབ་ཐོབ་མང་པོ་བཀོད། རྒྱ་ནག་གི་ཡེ་ལི་ཏཱ་སི་ཟེར་བས་གསང་སྔགས་ལ་དགག་པ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུང་། འཛམ་གླིང་འཇིགས་བསྐུལ་རིང་ལུགས་པ་ཚོ་དང་གསང་སྔགས་པ་ཚོ་ངོ་བོ་དང་ཀུན་སྤྱོད་གང་གི་ཆ་ནས་ཀྱང་དབྱེ་བ་འབྱེད་དཀའ་ཚུལ་བཤད། ཡང་སྔགས་ལ་མི་མོས་པ་མིན་ཚུལ་གྱིས་རང་ཉིད་ལའང་དཀར་འདོན་ཞིག་ཆེད་དུ་བརྗོད་འདུག ༥༽ཕར་ཕྱིན་ལུགས་ཀྱི་སྐུ་དང་ཞིང་ཁམས་ཀྱི་རྣམ་བཞག་ནི། གཞུང་ཐེག་པ་ཆེན་པོ་སྔགས་དང་བཅས་པ། ཕྱོགས་སྔ་རྡོ་རྗེ་འཆང་དང་ཀླུ་སྒྲུབ་སོགས། ཐེག་ཆེན་གྱི་སྡེ་སྣོད་ཚད་མར་འོས་མིན་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད་ཅེས་དང་། ནང་ཆོས་ལ་འཕེལ་འགྱུར་གྱི་རིགས་སྤྱད་དེ། ཉི་ཧོང་གི་རྒན་པོ་རྣམས་ཀྱི་དངོས་པོའི་ཞིབ་འཇུག་གི་སྒོ་ནས་ནང་ཆོས་འཚོལ་ཚུལ་དང་། དེའི་ཁ་ཆུ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ཞལ་དུ་ཞུགས་པ་དག་དང་། ཐེ་ཝན་སོགས་སུ་ཆབ་སྲིད་ཚོགས་པས་ཆོས་ལུགས་ལ་ཆེད་དུ་སྦྱང་དེ་བོད་ཀྱི་ཆོས་དང་རིག་གཞུང་ཁྱད་པར་གསང་བ་སྔགས་ལ་སྐུར་འདེབས་བྱུང་བ་རྣམས་རགས་རིམ་ཞིག་བཀོད་འདུག །ཡང་ཁོས། དགེ་ལྡན་པའི་གདན་སྟེང་དུ་སྡོད་ཚད་ཀྱིས་ཙོང་ཁ་པ་ལ་རྫུན་ཚིག་མི་སྲིད་པ་འདོད་ཅིང ། སྔ་རབས་པའི་ལུས་བླང་ཚད་ཀྱིས་རྗེ་ཙོང་ཁ་པ་ནི་རྫུན་གྱི་རྐྱལ་བ་ཞིག་ཏུ་བརྩི་སྲོལ་ཡོད། ཅེས་བོད་ཀྱི་ཆོས་བརྒྱུད་ཆེ་ཤོས་གཉིས་ལ་ནང་འཁྲུགས་སློང་པའི་ཚིག་ངན་ཁུངས་མེད་ཅིག་ཀྱང་བཤད་འདུག འདི་ལ་དཔྱད་ན་རྫུན་ཁུངས་རྟོལ་ཐུབ་པ་མང་པོ་འདུག་སྟེ་དུས་ཚོད་ཀྱི་དབང་གིས་དེ་ཙམ་མོ། །དྲི་མེད་པས་འཕྲལ་བྲིས་བྱས།
ཟུར་གནས་ཀྱིས་བཀོད་པའི་དྲི་བ་དང་པོ་ནི་ཚད་མ་རྣམ་འགྲེལ་དུ་སྟོན་པ་ཚད་གྲུབ་ཅེས་པ་ཞིག་ཡོད་པ་དེས་རྒྱབ་ཚར་འདུག་བསམས། དྲི་བ་གཉིས་པ་ནི་དེ་ཙམ་གྱི་གནད་ཀ་ཞིག་མ་མཐོང་། རང་ཉིད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕ་མ་བྱས་ཡོད་པས་དྲིན་ལན་འཇལ་དགོས་མེད་ཚུལ་དང་དེ་ལ་བརྟེན་ནས་བྱམས་སྙིང་སྒོམ་མི་དགོས་ཚུལ་བཤད་པ་ལས་སེམས་ཅན་ཐམས་ཅད་རང་གི་དགྲ་བོ་མ་བྱས་པ་མེད་པས་སེམས་ཅན་ཐམས་ཅད་ཕན་ཚུན་གཅིག་གིས་གཅིག་ལ་དགྲ་བོའི་འདུ་ཤེས་འཛིན་ཏེ་ཐམས་ཅད་བསད་བརྡུང་གི་སྦྱོར་བ་ལ་བརྩོན་དགོས་ཞེས་ཤོད་དང་།
ཚ་སྨྱུགས་ཀྱི་བརྗོད་བྱ་ཕྱེད་ཙམ་ཞིག་ནང་ཆོས་འཕེལ་འགྱུར་རིག་པ་སྨྲ་བའི་ཕྱོགས་ཉི་ཧོང་དང་། རྒྱ་ནག་གི་ཆོས་མེད་སྨྲ་བའི་ལྟ་བ་རེད། དེ་དག་གི་བསྐྱུགས་པའི་མི་གཙང་པ་ན་བོད་ཀྱི་ནང་ཆོས་ཀྱི་ཁྲོད་དུ་ཁྲིད་དེ་མཐོང་ཚད་ལ་དྲི་ངན་མཆོད་པ་རེད་འདུག མ་ཟད་རང་གི་རྩ་བའི་བླ་སོགས་ལའང་མི་མངོན་གསལ་ཆེར་མེད་པས་རྒོལ་བ་བྱས་པ་ཞིག་རེད་ཅེས་རྫོང་སར་གྱི་མཁས་པ་ཞིག་གི་ཞལ་ནས་ཐོས། །
བཅོས། ཚ་སྨྱུགས་ཀྱི་བརྗོད་བྱ་ཕྱེད་ཙམ་ཞིག་ནང་ཆོས་འཕེལ་འགྱུར་རིག་པ་སྨྲ་བའི་ཕྱོགས་ཉི་ཧོང་དང་། རྒྱ་ནག་གི་ཆོས་མེད་སྨྲ་བའི་ལྟ་བ་རེད། དེ་དག་གིས་བསྐྱུགས་པའི་མི་གཙང་པ་ནང་ཆོས་ཀྱི་ཁྲོད་དུ་ཁྲིད་དེ་མཐོང་ཚད་ལ་དྲི་ངན་མཆོད་པ་རེད་འདུག མ་ཟད་རང་གི་རྩ་བའི་བླ་མ་སོགས་ལའང་མངོན་གསལ་ཆེར་མེད་པས་རྒོལ་བ་བྱས་པ་ཞིག་རེད་ཅེས་རྫོང་སར་གྱི་མཁས་པ་ཞིག་གི་ཞལ་ནས་ཐོས། །
ཡང་ཚ་བའི་མདའ་སྨྱུག་དང་དེའི་ལྡོག་ཟླ་འཕྲུལ་གྱི་མདའ་སྨྱུག་ལས་ཀྱང་ལྷག་པར་རློམས་པའི་་དྲི་མེད་ལྷག་བསམ་ཟེར་བ་ཞིག་སླེབས་སོང་།
ཧ་ཧ་ཧ་་ཧ་ཧ་ཧ། ཁྱོད་ལ་ཡང་རང་ལྟ་ཁྲེགས་འཛིན་ཆེན་པོ་ཞིག་འདུག་ག།མེད་ན་ཁྱོད་ཀྱི་འདི་འདྲ་བྲིས་དགོས་དོན་མེད།
ཁྱེད་ལ་ཕལ་ཆེར་དྲི་བཅས་ལྷག་བསམ་ཟེར་ན་ཆོག་པར་འདུག
ཀུ་རེ་ཡིན། ཡིན་ན་ཡང་ཞེ་དྲག་བློ་བདེ་པོ་རང་མིན་འདུག་ཨོ་གོ
ཐུབ་བསྟན་བཀྲ་ཤིས་ཟེར་བ་དེས་རང་མིང་གི་ཐོག་མ་དེ་བསུབ་ན་ལེགས། ་་་་་་
ངས་མིང་་བསུབ་དགོས་དོན་ཡ་གང་ཡིན་ན་་་་་་ཨོ་རྒྱན་ཉི་མ་ལགས་
ཐུབ་པའི་བསྟན་པ་ལ་ཡིད་ཆེས་མེད་ན་་་་་་་་་་་་་་་་་་་་་་ཐུབ་བསྟན་ཞེས་པའི་མིང་མ་ཁུར་ན་ལེགས།
དེ་ལ་་གནད་འགག་གང་ཡོད་མ་རེད།།་་་་་་་དཔེར་ན་ལས་དོན་གང་ཡང་།མ་འགྲུབ་པ་ཀུན་དགའ་དོན་འགྲུབ་ཟེར་མཁན་པོ་ཡོང་གི་འདུག་སྐྱོན་ཡོད་མ་རེད།།
བ་མོ་སྐྱ་བོ་སྤོབས་པ་མ་ཆེ་ཨོ་རྒྱན་ཉི་མས་བཞུ་ཉེན་ཆེ། །བ་མོ་ཚ་སྨྱུགས་སྐུབ་ལ་མ་རྒྱུགས་ཚ་རོང་ཚ་བ་ཇེ་ཆེ་རེད། །བ་མོར་རང་ལྟ་མཁྲེགས་འཛིན་མེད་ན་རྒོལ་བའི་པ་ཕོ་འཐེན་དོན་མེད། །བ་མོ་ན་བུན་ཕྲ་མོར་གྱུར་ནས་དྲི་མེད་མཁའ་ལ་ཐིམ་ཡང་སྲིད། །རྩེད་མོ་ཞུ། །
ཚ་སྨྱུགས་མཁན་ཆེན་བཀའ་ཆོས་ཞུ་ཚེ་གོང་ནས་སྡོད་པའི་སྐྱོར་དཔོན་ཞིག །ཚ་སྨྱུགས་གཞུང་ཆེན་ཚིག་འགྲེལ་འབྲི་སྐབས་ཐུབ་བསྟན་འཛིན་པའི་དགེ་སྦྱོང་ཞིག །ཚ་སྨྱུགས་གདམས་མཛོད་དབང་ལུང་ཞུ་ཚེ་དམ་ཚིག་ཕོག་པའི་མཆེད་གྲོགས་ཤིག །ཚ་སྨྱུགས་ལོག་རྟོགས་སྙིང་སྟོབས་རྒྱས་ཚེ་རྒྱལ་བསྟན་དཀྲུགས་པའི་དམ་ཉམས་ཞིག །
ཚ་སྨྱུག་ཐོག་མར་བཙུན་ཆུང་བྱེད་ཚེ་བཀའ་བརྒྱུད་པ་ཡི་གྲལ་དུ་འཁོད།།
ཚ་སྨྱུག་བར་དུ་ཐོས་བསམ་བྱེད་དུས་ས་སྐྱ་པ་ཡི་ཕྱོགས་སུ་བཟུང༌།།
ཚ་སྨྱུག་ཐ་མར་རྩོམ་རིགས་སྤེལ་དུས་ལོག་རྟོག་ལེགས་སྐར་གྱུར་བར་བརྟེན།།
ཚ་སྨྱུག་རང་གི་ཕ་ཡུལ་དོར་ནས་ཤི་སོན་ངེས་མེད་གྱུར་དེར་བལྟོས།།
ད་དུང་ཞིབ་འཇུག་བྱེད་རྒྱུ་རེད།
འོ་མིང་དོན་མ་མཐུན་ན་མིང་ཟུར་འདོར་དགོས་ཀྱི་ཡོད་ན། ཉི་མ་ནི་ཀུན་ལ་ཁྱབ པ། ཕྱོགས་དང་རིས་སུ་མ་ཕྱེས་པ། འཛམ་གླིང་གི་མི་རྣམས་ལ་བདེ་སྐྱིད་སྟེར་མཁན་ཅིག་ཡིན་པའི་འགྲེལ་བཤད་ཡོད་པས། དེས་ན་ཆགས་སྡང་གིས་སྨྱོས་པའི་མི་འགའ་ཞི་གི་མིང་ཟུར་དུ་ཉི་མ་ཞེས་ཡོད་པ་རྣམས་ཀྱང་འདོར་དགོས་པ་ཡིན་ནམ།
དགོངས་དག་ཞུ། གྲོགས་པོ་ཞིག་གིས་ཡི་གེ་སྐུར་བའི་ནང་དུ་དཔལ་སྤུང་གི་རྒྱ་འདྲེ་ཁོག་ཏུ་ཞུགས་པས་བསྟན་པ་དཀྲུགས་པར་རང་དབང་འབྱོར་བའི་དམ་ཉམས་སུ་གྲུབ་ཅེས་པ་དྲན་ནས། ཚ་སྨྱུགས་ལ་དམ་ཉམས་ཞུ་དགོས་བྱུང་། གནས་སྣང་མི་མཐུན་པ་ཡང་ཡོང་བས། བསམ་སྦྱོར་ཐ་དད་ཅིང་། ཐུགས་རྒྱུད་གྲོལ་ནས་ཡོད་ཡང་སྲིད་པས་སོ། །འཕྲལ་གྱི་ལོག་རྟོགས་འདིས་ལན་མང་བསླུས་པས་སོ། །
འོ་ལགས་སོ། དྲི་མེད་ལགས་གསུངས་པ་བཞིན་བ་མོ་ཚ་བས་ཞུས་ནསདྲི་མེད་ནམ་མཁའི་དབྱིངས་སུ་དགོངས་པ་ཐིམ་མོ།།
ཧཧཧཧཧཧཧ
ལགས་སོ། བ་མོ་དང་དྲི་མེད་གཉིས་ཀྱིས་གནམ་གྱི་ལྷ། བཙན་པོ་ཁྲི་བདུན་གྱི་རྗེས་ཤུལ་ཟིན་འདུག ཁ་ཕོ་ཆེ། ངོ་མཚར་ཆེ། སྐུ་ཚེ་གནམ་རྒན་མ་བཞིན་བརྟན་པའི་སྨོན་ལམ་འདེབས། །
རྣམ་དཔྱོད་མཆོག་ཏུ་མངའ་བའི་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱིས།
ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོས། ང་ཚོ་ལ་ལྟ་ལོག །དམ་ཉམས། བསྟན་བཤིག་སོགས་ཀྱི་མིང་ངན་འདོགས་ཤིང་དམྱལ་བ་ཟངས་དམར་མའི་མཐིལ་དུ་འབྱར་ འགྲོ་ཚུལ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་མོད། ང་ཚོས་མིང་ངན་འདི་དག་དགའ་བཞིན་དང་དུ་ལེན་འདོད་ཅིང༌། དམྱལ་བ་ཟངས་དམར་མའི་མཐིལ་དུ་སྤྲོ་བཞིན་འགྲོ་བར་ཕོད། སྐད་ཆ་འདི་དག་གིས་ནུས་པ་མ་ཐོན་པ་ཤེས་རྗེས། ཁོ་ཚོས་དེང་སང་དམར་སྲུང་མི་སྣ་དང༌། སྲིད་གཞུང་གི་རྒྱུག་ཁྱི། དངུལ་ལོའི་བྲན་གཡོག །ཨ་མའི་ནུ་མ་འཆའ་མཁན་སོགས་དཔྱིད་ཉི་རིང་མོ་ལ་དྲན་མི་དགོས་སྟོན་གནམ་ཁྲ་མོ་ལ་ རྨིས་ཀྱང་མ་མྱོང་བའི་ནག་ཉེས་དང་གླེང་ཕྱོགས་སྙིང་ལ་གྲི་ཡོག་པ་ལྟ་བུ་རེ་བཟོ་འོང་གི་འདུག
་་་་་་ཅེས་གསུངས་འདུག་པ་འདི་དོན་ལ་གནས་པར་འདྲ།
རི་རྒྱལ་ཏི་སེ་ལགས། ཚ་སྨྱུག་དང་པོ་བཀའ་བརྒྱུད་གྲྭ་བ་ཡིན་ན། ཏེ་ལོ་དང་། ནཱ་རོ། གྲུབ་ཐོབ་བརྒྱད་ཅུ་ཕལ་ཆེར། མར་པ་དང་བདག་མེད་མ།།མི་ལ། ཀརྨ་པ། ཀརྨ་ཆགས་མེད་སོགས་ལ་དགག་པ་བརྒྱབ་དེར་གཟིགས། བར་ཏུ་ས་སྐྱ་ཡིན་ན། འབྲི་གུང་དགོངས་གཅིག་དྲངས་ཤིང་། ས་སྐྱ་པཎ་ཆེན་གྱིས་དགེ་སྡུག་བྱེད་པོ་སངས་རྒྱས་ཡིན་པར་ཐལ་བའི་རྩ་བའི་རིགས་པ་དེ་ལ་སྐྱོན་སྤོང་་ཅུང་ཟད་ཀྱང་མ་ཐུབ་ཅེས་པར་དཔྱོད་ཅིག ལོག་རྟོགས་ཡིན་པ་རང་གིས་ཁས་ལེན་ཚུལ་ལ་གཟིག་ན་ད་དུང་ནང་ཆོས་ཀྱི་དྲི་མ་ཅུང་ཟད་ཡོད་མིན་ལ་དོགས་པ་དགོས། ཚ་སྨྱུག་ཤི་མིན་གསོན་མིན་དུ་གྱུར་བ་ཕྱོགས་ཀུན་ནས་ལུང་རིགས་ཀྱི་ཆར་བབ་པས་གཤིན་པོའི་མལ་དུ་མི་སྨྲའི་བརྟུལ་ཞུགས་མི་འཛིན་དབང་མེད་བྱུང་བ་རེད། གང་ལྟར་ཡང་ཁོང་ནི་རྣམ་དཔྱོད་ལྡན་པ་ཞིག་ཡིན་པས་འགྲན་ཟླ་བཙལ་བའམ། སྟིང་ཚིག་བརྗོད་པ་ཡིན་སྲིད་ལ། དེ་ལྟར་ཡིན་ན་ནི་ཧ་ཅང་ཐལ་སྟེ་ཤེས་རབ་ཆུང་ཞིང་འུར་ལང་སླ་བའི་སེམས་ཅན་མང་པོ་ཞིག་ངན་འགྲོར་སྐྱེལ་བའི་རྒྱུར་འགྱུར་ངེས་པའོ། །
དྲི་མེད་ལྷག་བསམ་ལགས། ཚ་བའི་མདའ་སྨྱུག་གི་མིང་ངོ་མ་ནི་བློ་གྲོས་དཔལ་ལྡན་ཞུ་ཞིང་།ཆབ་མདོ་ཚ་བ་སྒང་པའི་མི་རེད།(སྤང་མདའ་གནམ་གྲུ་ཐང་ནས་མར་ཙམ་ཡོང་ན་གོར་ཙ་འབྲོག་རྭའི་མཁྲིས་སུ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡོད་པས་དེ་ནི་ཁོང་ཉིད་དང་ཐོག་རབ་བྱུང་སྒྲུབ་སའི་དགོན་པ་དེ་ཡིན་པར་བཤད།)ཐོག་མའི་གྲུབ་མཐའ་བཀའ་བརྒྱུད།རྗེས་སུ་རྫོང་གསར་བཤད་གྲྭ་རུ་སློབ་གཉེར་བྱེད་པར་ཕེབས་ཤིང་དེར་ལོ་ངོ་ལྔ་དྲུག་ཙམ་དབུ་ཕར་མཛོད་འདུལ་སོགས་གཞུང་ཆེན་རྣམས་ལ་རྡོ་རུས་ཐུག་པ་སློབ་གཉེར་མཛད་པས་མཁས་གྲགས་མདོ་དབུས་ཁམས་གསུམ་དུ་ཁྱབ་པར་གྱུར།ཕར་ཕྱིན་སློབ་གཉེར་རྫོགས་རྗེས་སློབ་འབྲས་ཀྱི་དོད་དུ་ཕར་ཕྱིན་མཐའ་དཔྱོད་དང་།དབུ་མ་སོགས་ཀྱི་འགྲེལ་པ་མང་དུ་མཛད།ཁྱད་པར་དུ་གོ་ཤཱཀ་གཉིས་ཀྱི་གཞུང་ལ་དགེ་ལུགས་པའི་འགོག་པར་མི་འཐད་ཅེས་དཔྱད་གསུམ་རྣམ་པར་དག་པའི་རིགས་པའི་ཐོག་ནས་དགག་སྒྲུབ་མང་དུ་མཛད།གཞན་ཡང་དུང་དཀར་ཚིག་མཛོད་གྱི་འཁྲུལ་བ་རྣམས་འུར་འདྲོག་དང་།བརྒྱ་ཁར་གཅིག་འབྲངས་ཀྱི་བརྟུལ་ཞུགས་མི་འཛིན་པར་དེར་ལྷག་པའི་སྐྱོན་རྣམས་རེ་རེ་བཞིན་གསེར་གྱི་ཐུར་མའི་བསལ་བ་དེ་དག་འདི་མིན་གཏན་ཚིགས་ཤིག་སུས་ཀྱང་སྟོན་དུ་རྙེད་མ་སོང་། གཞན་དུ་ན་དེང་མཁས་པར་གྲགས་པའི་ར་སེ་དཀོན་མཆོག་རྒྱ་མཚོས་ས་པཎ་སྡོམ་གསུམ་རབ་དབྱེ་ལ་འགོག་ཁུལ་བྱེད་ཀྱང་དོན་ཚན་བཅུ་དགུའི་ཐོག་ནས་དགག་ལན་ཚ་ཐག་རྒྱབ་པའི་ར་སེ་ཞལ་ནག་རོག་གེར་སྡོད་དགོས་པ་བཟོས་སོང་།རྩོམ་དེ་རྣམས་ཚ་སྒང་མདའ་སྨྱུག་ལགས་ཀྱིས་བརྩམས་པའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ཞེས་ལྡེབ་གྲངས་༦༥༠ཡོད་པའི་དེབ་གཟུགས་དེར་གསལ་བས་གཟིགས་པར་ཞུ། ཞེས་ཤེས་རབ་ཟིན་བྲིས་ནང་དུ་sangdeng ནས་བཀོད་པ་དེར་གཟིགས་རོག
རི་རྒྱལ་ཏི་སེ་ལགས། ཐུགས་རྗེ་ཆེ། ཚ་སྨྱུག་གི་བླ་མ། མཆེད་གྲོགས། མི་ཚེའི་ལོ་རྒྱུས་སོགས་ཕྲན་ལའང་རྒྱུས་མི་དམན་ཙམ་ཡོད་ཀྱང་རེ་ཞིག་འགོད་འདོད་མེད། (ཟླ་འོད་གཞོན་ནུའི་འཁྲི་ཤིང་)ཟིན་བྲིས་ཁག་ཏུ་དྲངས་པ་དང་དུམ་བུ་རེ་གཞན་གྱིས་ཁུར་ཡོང་བ་ལས་མཐོང་མ་མྱོང་། ཁ་བྱང་ཚད་ལྡན་ཞིག་ཡོད་ན་སྐུར་རོགས་གནང་། ལོག་རྟོགས་སྙིང་སྟོབས་ལ་ཞིབ་ལྟ་ཞིག་བྱས་ཀྱང་། རྣམ་དཔྱོད་ལྡན་པ་ཞིག་ཡིན་པ་སྙོན་དུ་མེད་པ་ལས་རང་གཞན་ཀུན་ལ་ཕན་པའི་ལུང་རིགས་གསར་བ་ནི་ཅང་རྙེད་མ་སོང་། མ་ཟད་གཞན་གྱི་དཔྱད་པ་རྣམས་ཁུངས་མ་བརྗོད་པར་བྲིས་པས་ཕྲན་ལ་ནི་ལྟ་རྒྱ་ཆེ་བའི་རྩོམ་རྐུན་ཞིག་གི་ཚོར་བ་ལས་བྱུང་མ་སོང་ལགས།
སྔོན་གྱི་པན་གྲུབ་རྣམས་གཞུང་ཀུན་ལ་། །
བན་ཆུང་མི་ཚད་སྟོང་བའི་ཐབས་ཇུས་ལས། །
བདེ་སྡུག་འཚོལ་བའི་ལམ་ཤིག་མི་སྣང་ཡང་། །
ཆོས་མེད་ཆོས་ལས་རྒལ་མཁན་བན་རྒན་ཚོའི་། །
བདེ་བ་སྟེར་བའི་ལམ་ཤིག་ཞེན་པར་འདོད་། །
ཚ་བ་མདའ་སྨྱུག་གི་ཟླ་འོད་འཁྲི་ཤིང་ཟེར་བའི་དེབ་དེ་དྲ་རྒྱ་གང་དུ་ཡོད་ན་གསལ་པོ་ངོ་སྤྲོད་གནང་རོགས་
ཐུབ་བསྟན་བཀྲ་ཤིས་ལགས། ཚ་བ་མདའ་སྨྱུག་གི་ཟླ་འོད་འཁྲི་ཤིང་ཟེར་བའི་དེབ་ཕྲེང་ཞིག་ཡོད་པ་ལས། དྲ་རྒྱ་འི་ནང་དུ་ལྟ་རྒྱུ་ཡོད་ངས་ཀྱང་མཐོང་མ་སོང་།
ཟླ་འོད་འཁྲི་ཤིང་ལྟ་འདོད་ཆེ་ན་ཡང་ཪག་ཐབས་ཁག་པོ་འདུག་