ཨོ་རྒྱན་ཉི་མ།
བོད་མི་རིགས་བཀའ་དྲིན་ཆེ་ཞིང་། སེམས་པ་གཏད་ས་དང་། འབད་བརྩོན་བྱེད་རུང་བ། བསྟོད་བསྔགས་བྱེད་དགོས་ས་ངོ་མ་དེ་མཁན་སློབ་ཆོས་གསུམ། འཇམ་དབྱངས་རྣམ་གསུམ། བོད་ཀྱི་ཆོས་བརྒྱུད་ཁག་གི་མཁས་དབང་རྣམས་དང་། ཁྱད་པར་དུ་ཡང་དུས་རབས་ཀྱི་གཉན་འཕྲང་རིག་གནས་གསར་བརྗེ་ཆེན་པོའི་རྗེས་མཇུག་དྲིལ་བ་དང་། མི་རིགས་རིག་གནས་དང་བཅས་པའི་ཚེ་སྲོག་གཞི་ནས་བསླང་མཁན་༧གོང་ས་བཅུ་བཞི་པ་མཆོག པཎ་ཆེན་བཅུ་པ་ཆོས་ཀྱི་རྒྱལ་མཚན། མཁན་ཆེན་འཇིགས་མེད་ཕུན་ཚོགས། གུང་ཐང་བསྟན་པའི་སྒྲོན་མེ། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན། དུང་དཀར་བློ་བཟང་ཕྲིན་ལས། རྡོ་རྗེ་རྒྱལ་པོ། ཁྲོ་རུ་ཚེ་རྣམ། ཤན་ཤུལ་མཁྱེན་རབ་འོད་གསལ་སོགས་བོད་ཀྱི་མཁས་པའི་དབང་པོ་རྣམ་པ་རེད། འདི་དག་ལ་བཀའ་དྲིན་རྗེས་དྲན་གྱིས་མཆོད་པ་ཕུལ། བསྲུང་བརྩི་ཞུས་ན་ནང་གི་མི་ལ་བགས་ཆགས་བཟང་པོ་ཞིག་འཇོག་པ་ལ་ཕན་པར་མ་ཟད། ཕྱིའི་མི་རྣམས་དེ་དག་གིས་མཚན་ཐོས་པ་དང་སྙིང་འདར་ནུས་པའི་མཁས་མཛངས་ལྡན་པའི་མཁས་གྲུབ་ཚད་ལྡན་རྐྱང་རྐྱང་རེད།
དེ་ལྟར་མ་ཡིན་པར་དེང་སང་གི་བོད་ཀྱི་ཀླད་མེད་ཚོས་ཤུགས་བསྣོན་རྒྱག་ས་དེ་ནུབ་ཕྱོགས་པས་ཀྱང་འདོར་ལ་ཉེ་བའི་རིག་པའི་སྙིགས་རོ། ཕྱི་ནང་སྣོད་བཅུད་ཚང་མ་རྡུལ་དུ་བརླགས་བྱེད། ཚེ་སྲོག་གི་གཤེད་མ་གསར་གཏོད་དང་། གསར་བརྗེ་བ་ཞེས་སྙིང་ནས་རེ་བསྐུལ་དང་འབོད་སྒྲ་སྒྲོག བྱས་རྗེས་བརླབས་ཆེན་གང་ཡང་མེད་ན་ཡང་། དུས་སྟོན་ཕལ་ཆེར་དགེ་ཆོས་དང་། དོན་གྲུབ་རྒྱལ་གྱི་ཁྱད་ཆོས་གླེང་། དོན་ངོ་མར་བསམ་ན་ཁོ་གཉིས་ལ་གོ་ཆོད་པའི་སློབ་ཕྲུག་ཅིག་དང་། ངོམས་རུང་བའི་བསྟན་བཅོས་རྩ་ཚང་བ་ཞིག་སྟོན་རྒྱུ་ཡོད་པ་ཁག་པོ་རེད། དེའི་རྗེས་སུ་འབྲང་བ་ཞོགས་དུང་། ཚ་སྨྱུག་སོགས་ཀྱང་གཅིག་པ་རེད། བོད་ཀྱི་རིག་གཞུང་ཞེས་པ་སྐད་ཡིག་གཅིག་པུ་ལ་ངོས་འཛིན། དེ་ལས་གཞན་པའི་ཡབ་མེས་ཚོས་མི་ལོ་སྟོང་ཕྲག་མང་པོ་དཀའ་སྤྱད་ཀྱིས་བསགས་པའི་ཡ་རབ་དང་། དྲང་བདེན། གཞན་ཕན་ཞེས་པ་ལ་རིན་ཐང་གཏན་ནས་མེད་པར་ལྟ་བཞིན་པ་དང་། འདི་ལྟ་བུའི་བྱེད་སྒོ་དང་། བསྟོད་བསྔགས་བྱ་ཡུལ་ཚང་མ་ཆོས་འཇིག་རྟེན་གཉིས་ཀ་མེད་ས་རྐྱང་རྐྱང་ལ་བྱེད་བསྡད་ན་བོད་ཅེས་པ་དེ་འཇིག་རྟེན་འདིའི་གོང་ལ་མིང་ཙམ་ལས་མེད་པར་འགྱུར་ངེས་པ་དམ་བཅའ་ནུས་སོ། །
བོད་ཀྱི་རིག་པའི་གནས་ཆེ་ཆུང་བཅུ་པོ་ནི་འཇིག་རྟེན་འདིའི་སྟེང་གི་རིག་གཞུང་ཡོད་ཚད་དང་། འགྲན་ནུས་པ་དང་། ནུབ་ཕྱོགས་པའི་རིག་གཞུང་གསར་རྙིང་གཉིས་ཀས་བསྡུར་ཐབས་བྲལ་བའི་རིན་ཐང་ཆེ་བའི་བོད་ཀྱི་མཚན་ཉིད་རིག་པ་ཞེས་འཛམ་གླིང་མཁས་པའི་མདུན་ས་ན་འགྱིང་བཞིན་པ་འདི་དག་རེད། ཡིན་ན་ཡང་བོད་ཀྱི་གཞོན་ནུ་ཀླད་མེད་ཚོས་མ་མཐོང་བ་རེད། ད་དུང་དེང་སང་བོད་པ་ཚོས་རྒྱ་གར་དུ་སོགས་རྒྱལ་ཁབ་དུ་མར་ཡར་ལང་བྱེད་བཞིན་པ་རེད། ཡར་ལང་བྱས་པ་དེས་དགེ་ཕན་དང་། གྲུབ་འབྲས་གང་ལྟར་ཐོན་མིན་དང་། གལ་སྲིད་གྲུབ་འབྲས་བརླབས་ཆེན་ཞིག་མ་ཐོན་ན་གློ་བུར་དུ་ལས་འགུལ་མཚམས་འཇོག་བྱ་རྒྱུ་ཡིན་ནམ། མུ་མཐུད་ནས་ལའ་འགུལ་སྤེལ་རྒྱུ་ཡིན། གལ་སྲིད་དུས་ཡུན་རིང་དྲགས་སོང་ན་ལས་འགུལ་བ་ཚོ་སུན་མི་འགྲོའམ། ད་ནས་བཟུང་རང་བཙན་མ་འཐོབ་ཀྱི་བར་དུ་ལས་འགུལ་རྒྱ་ཆེན་པོ་དེ་སྤེལ་འདོད་ཡོད་ན། བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་གྱིས་འདང་ས་རེད་པས། ནམ་ཞིག་འགྲོ་གྲོན་དང་། བློ་སྟོབས་གཉིས་ཀས་མི་འདང་བའི་དུས་ཚོད་ཅིག་བསླེབ་མི་སྲིད་དམ།
དེང་སང་གཞོན་སྐྱེས་ཚོའི་ནང་ན་ཟམ་གདོང་བླ་མ་ལོ་བཅུར་སྲིད་སྟེགས་སྟེང་བསྡད་པ་རེད་དེ། སྐད་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་སྲིད་སྟེགས་སྟེང་ཐེངས་གཅིག་ཀྱང་ཐོན་མ་མྱོང་བ་དང་། ད་ལོ་བློ་བཟང་སེང་གེ་ལོ་གཅིག་གི་ནང་ཨ་རི་དང་། ཡོ་རོབ། ཨོ་སི་ཊི་ལི་ཡ་སོགས་སུ་ཐེངས་མང་གཏམ་བཤད་དང་། འཚོགས་འདུ་སོགས་ལ་ཞུགས་སོང་བས་ཁྱད་ཆོས་འདུག་ཅེས་བཤད་མཁན་མང་པོ་རེད། སྐད་གྲགས་ཀྱི་ཆ་ནས་བལྟས་ནས་བདེན་པ་རེད། དེ་དུས་གོང་ས་མཆོག་གིས་ཆོས་སྲིད་གཉིས་ཀའི་ཚབ་བྱས་ཏེ་ཕེབས་ཀྱི་ཡོད་རེད། ཕེབས་པ་བཞིན་གཞན་ལས་རིན་ཐང་ཆེ་བ་ཕར་བལྟས་ཚུར་གཟིགས་རེད། ད་ལོ་གོང་ས་མཆོག་གིས་ཆབ་སྲིད་ལས་རྒན་ཡོལ་ཞུས་ཏེ་ཟུར་བཞུགས་གནང་ཡོངས་དུས་ཆབ་སྲིད་དང་འབྲེལ་བའི་བྱེད་སྒོ་དག་ལ་བློ་བཟང་སེང་གེ་མ་ཕེབས་རང་ཕེབས་རེད། དེ་ཕྱིར་ཟམ་སེང་གཉིས་ཀྱི་དུས་ཚོད་ལ་ཁྱད་པར་ཡོད་པ་དང་། བྱ་བའི་བརྒྱུད་རིམ་ལ་ཡང་ཁྱད་པར་ཆེན་པོ་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དཔེར་ན། བྱ་བ་ཆེན་པོ་ཡུན་གྱིས་སྒྲུབ། །ངང་ཐུང་འབད་པས་དོན་མི་འགྲུབ། །ཟེར་བ་ལྟར་ལོ་གཅིག་གི་ནང་ལྟར་སྣང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་འདུག་སྟེ། གཞུག་ནས་ཇི་ལྟར་བྱ་འོངས་ན་བསམ་པ་དེ་རེད། བློ་བཟང་སེང་གེ་ཤེས་འཇོན་གཉིས་ལྡན་གྱི་གང་ཟག་ཡིན་པ་ལ་བསྙོན་དུ་མེད་མོད། ཡིན་ན་ཡང་ད་ལྟའི་ལས་འགུལ་འདིས་གྲུབ་འབྲས་ཐོན་མིན་དང་། ཡུན་རིང་ཐུང་ག་ཚོད་རྒྱུན་མཐུད་ཐུབ་ཀྱི་ཡོད་མེད་དེ་ངས་དྲི་བ་ཡིན། བོད་ནས་མི་གྲངས་བརྒྱ་ལྷག་མེར་བསྲེགས་པ་ཚང་མ་ཤེས་བཞིན་པ་དེ་རེད། དེས་གྲུབ་གང་ཐོན་སོང་། རྒྱ་གཞུང་གིས་བཤད་པ་ལྟར་ན་བོད་ཀྱི་རིག་གཞུང་གི་ཆེད་དུ་བསམ་བློ་གཏོང་གི་ཡིན་ཞེས་ཟེར་བ་ཞིག་གོ་ཐོས་བྱུང་། དེ་ལས་གཞན་པའི་གྲུབ་འབྲས་ཐོན་པ་ཁག་པོ་རེད་ཅེས་ངས་སྔར་ནས་ཁྱེད་ཅག་ལ་ཞུས་ཟིན་པ་ལྟར་རེད།
དེ་ག་ནང་བཞིན་གཞིས་བྱེས་གཉིས་ཀྱི་རྒྱ་ཆེ་མང་ཚོགས་ནས་བོད་ལ་སེམས་ཤུགས་ཡོད་ན། གལ་སྲིད་བོད་ཅེས་པ་དེ་དངོས་སུ་དགོས་ཀྱིན་ཡོད་ན། ཕྲུ་གུ་ཆུང་དུས་ནས་བོད་ཀྱི་ཤེས་ཡོན་སློབ་ཏུ་འཇུག་དགོས་པར་མ་ཟད། དགོན་པའི་ནང་གྲྭ་བ་བྱེད་དུ་འཇུག་པ་དེ་གལ་ཆེན་པོ་རེད། བོད་ཀྱི་རིག་གཞུང་ངོ་མ་དེ་གདན་ས་དང་བཤད་གྲྭ་ནས་ལོན་དགོས་པ་ལས། གཞན་ནས་ལེན་ནུས་བྲལ་བ་རེད། གལ་སྲིད་ཕྲུ་གུ་དང་པོ་དེས་གྲྭ་མགོ་མ་ཐོན་ན། གཉིས་པ་དེ་བཙུགས་པ་དང་། གཉིས་པ་དེས་མ་ཐོན་ན་གསུམ་པ་དེ་བཙུགས་དགོས་པར་མ་ཟད། དགོན་པ་དེ་དག་གིས་དེང་གི་བསླབ་བྱ་དང་། སློབ་གཞི་རྐྱང་རྐྱང་བསམ་བློ་གཏང་མི་འདུག་པར་སྲོལ་རྒྱུན་གྱི་བསམ་བློ་དང་། གོམ་གཤིས་བཟང་པོ་ཞིག་འཇག་ཨེ་ཐུབ་ལ་རེམས་དགོས་པར་མ་ཟད། དགོན་པའི་ནང་དུ་དགེ་འདུན་གྱི་སྡེ་གཉིས་གང་ཡིན་ཡང་བསྒྲིགས་ཁྲིམས་རེ་ཡོད་སྲིད་པས། དེ་དག་གཞིར་བཟུང་གིས་ཁྲིམས་ལ་མི་འདའ་བ་གལ་ཆེན་པོ་རེད། བན་དེ་སྒྲིག་གིས་འཚོ། ངང་པ་ཆུ་ཡིས་འཚོ་ཟེར་བ་བཞིན་སྒྲིག་མེད་ན་དམ་ཉམ་ལུང་པ་དང་། ཆུ་མེད་ན་ངང་རོས་ས་གཞི་ཁྱབ་ཟེར་བ་ལྟར་འཇིག་རྟེན་རྒན་པོའི་གཏམ་ལ་གོ་རྒྱུ་ཆེན་པོ་ཡོད་པས་ཐུགས་ལ་འདོགས་པར་ཞུ།
དེང་སང་གི་བོད་པ་ཚོར་གཞན་ཞིག་ལ་ངོ་བརྒོལ་གྱིས་ཚར་གཅོད་འདོད་པ་ལས། རང་ཉིད་ཀྱི་འདུག་ས་དང་། ནང་གི་བསམ་བློ་བརྟན་པོ་བཟོ་འདོད་ཡོད་མཁན་དཀོན་པོར་གྱུར་ཡོད་པར་མཐོང་། སྔོན་གྱི་རྒན་རབས་པ་ཚོའི་གསུང་ལ། དང་པོ་རང་གི་རྐང་པ་ཚུགས། དེ་ནས་གཞན་ཚར་བཅད་དང་རྗེས་འཛིན་བྱ་དགོས་ཟེར་བ་གོ་རྒྱུ་ཆེན་པོ་ཞིག་ལོས་ཡོད། གོང་དུ་ཞུས་པ་བཞིན་ཞི་བའི་རྔམ་སྟོན་ཡིན་ན་རེད། དྲག་པོའི་རྔམ་སྟོན་གང་ལྟར་ཡང་ད་ལོ་ནང་བཞིན་ལོ་ནས་ལོ་མཐུད་དེ་བྱ་དགོས་ན་བཙན་བྱོལ་བོད་གཞུང་གི་མ་དངུལ་རྫོགས་པ་ལས་ཕན་ཐོགས་ཤིག་ཡོད་ས་རེད་པས། ད་སྔོན་གོང་ས་མཆོག་གཙོར་གྱུར་བའི་གཞིས་བྱིས་གཉིས་ཀྱི་བླ་རྒན་རྣམ་པས་དྲིན་ལ་བརྟེན་ནས་བོད་ཟེར་ཡོང་དུས་འཇིག་རྟེན་ངོ་ཚ་མི་དགོས་པ་དང་། སྤོབས་པ་ཤོར་མི་དགོས་པའི་ཤིག་ཀྱང་བསླེབས་པ་རེད། དེ་དག་ཚང་མ་ཆོས་ཀྱི་བཀའ་དྲིན་རེད། བོད་ཀྱི་ནང་ཆོས་ཟེར་འོངས་དུས་རིག་གསར་བ་ཚོས་ཀྱང་ཁས་བླང་བསྡད་པ་དེ་བླ་རྒན་ཚོས་ཡུན་རིང་གསན་བཞེས་གནང་། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་གནང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། ད་ལྟ་འདི་ནས་བཟུང་ཁྲེལ་མེད་བོད་ཀྱི་མི་རབས་གསར་པ་ཚོས་ཡར་ལྷ་གྲལ་མི་བསླེབ། མར་འདྲེ་གྲལ་མི་ལྷུང་བར། དེ་གཉིས་ཀྱི་བར་མ་དོར་ཆོས་དཔལ་སྲིད་གསུམ་གྱིས་ཕུང་སྟེ་ལྟོགས་གྲིར་འཆི་ངེས་སོ། །
ཁ་སང་སྤྲུལ་སྐུ་ཟེར་བའི་རྩོམ་འོག་ཏུ་ཨོ་རྒྱན་ཉི་མས་ཚིགས་བཅད་རྩོམ་ཞིག་ཚར་གཉིས་སུ་བསྟུད་མར་བཀོད་འདུག་པར་གལ་ཆེན་ཞིག་ཡིན་ནམ་སྙམ་སྟེ་མིག་ཤར་ཞིག་རྒྱབ་པར་གཤམ་གྱི་གོ་དོན་དེ་རྙེད་བྱུང་།
༼ང་ནི་སྤྲུལ་སྐུ་མིན་ཡང་སྤྲུལ་རྫུན་ཞིག །༽འདིས་རབ་བྱུང་མིན་ཡང་རབ་བྱུང་གི་ཆས་སུ་བྱས་པས་མ་རུང་ཕུང་གསུམ་པའོ་ཟེར་བའི་མདུང་རྩེ་རང་ལ་བཟུག་པ་སྟེ་སྤྲུལ་སྐུ་མིན་པར་ཁས་བླངས་བཞིན་སྤྲུལ་སྐུའི་མིང་འཆང་ནས་ལྟོ་གོས་འཚོལ་བས་ཕུང་གསུམ་པར་དོན་གྱིས་གྲུབ་བོ།།
༼ཕུང་གསུམ་པ་ལས་བཟང་ཞིག་ཡིན། །༽ ཟེར་བ་ནི་སྙིང་པོ་མེད་པའི་གཏམ་སྟེ་ཕུང་གསུམ་ལས་བཟང་སྟངས་ཅི་ཡོད་དེ་རང་ཉིད་ཕུང་གསུམ་པར་ཚིག་རྐང་དང་པོ་དེས་གྲུབ་ཟིན་པས་སོོ། །
༼སྤྲུལ་སྐུ་མཆོག་ལས་ཞན་པ་ཡིན། །༽ འདི་ཡང་ཁྱད་གཞི་མེད་པའི་ཁྱད་ཆོས་ཏེ་མཆོག་ལས་དམན་ཙམ་ཟེར་བ་ནི་དོན་དུ་ང་རྒྱལ་གྱི་རྒྱུད་སྦོས་པའི་རྟགས་བླ་མེད་དེ་ང་རྒྱལ་བདུན་ལས་དྲུག་པ་ཅུང་ཟད་སྙམ་པའི་ང་རྒྱལ་ཡིན་པའི་ཕྱིར་རོ།། ད་དུང་གཡོ་སྒྱུས་ང་སྤྲུལ་སྐུ་ཡིན་ཟེར་འདོད་པ་སྟེ་མི་ཆོས་བླ་མའི་རྫུན་ནོ།།
༼བསྟན་པ་སྲུང་ལ་དཔའ་བོ་ཡིན། །༽མ་འཇོན་པའི་འུབ་ཤོབ་ཁོ་ན་སྟེ་རང་ཚུགས་ཤོར་ཞིང་གཞན་སེམས་དཀྲུག་པའི་རྣམ་ཐར་ལས་བསྟན་པ་སྲུང་བ་གང་ནའང་མ་མཐོང་པས་སོ།།
༼བསྟན་བཤིགས་སྟེང་དུ་ཁོང་ཁྲོ་ཆེ། །༽ འདིས་ཞེ་སྡང་ཆེ་བར་བསྟན་ཅིང་ཞེ་སྡང་གི་ཡུལ་རང་དང་མི་མཐུན་པའི་ཚོགས་ཡིན་ལ་དེ་དག་ལ་མིང་བསྟན་བཤིགས་སུ་བཏགས་པ་ཙམ་སྟེ་དོན་དུ་ད་ལྟའི་བསྟན་འཛིན་རྣམས་དང་ཡོངས་གྲགས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་ཡོད་ན་དེས་ཆོག་དང་མེད་ན་ཐབས་ཆག་པ་ལྟ་བུ་དག་ཡིན་པས་སོ།།
༼བསྟན་འཛིན་མཆོག་ལ་དད་པ་ཆེ། །༽ འདི་དོགས་པ་ཤིན་ཏུ་ཆེ་བའི་ཚིགས་ཏེ་མི་འདིས་ད་བར་སུ་ལའང་དག་པ་ལྟེར་བ་ཞིག་མ་མཐོང་ལ། གལ་ཏེ་དད་ཡུལ་ཡིན་ན་༧འཇིགས་ཕུན་རིན་པོ་ཆེ་དང་༧གྲུབ་དབང་པད་ནོར་རིན་པོ་ཆེ་གཉིས་ཡིན་སྲིད་མོད། ཁོང་གཉིས་ཀྱི་བཀའ་ལས་དཔག་ཚད་ཀྱི་འདའ་སྟངས་ལས་དད་པ་ཟེར་བ་འཕྱང་མོ་ཉུག་སྟེ། དད་ཡུལ་གྱི་གསུང་ཚད་མར་མ་འཛིན་པས་སོ།།
༼བསྟན་པ་རིན་ཆེན་འཇིག་དོགས་ནས། །མཚམས་རེར་གཉིད་ཀྱང་མི་ཁུག་ཐལ། །༽ ཁག་མེད་འདོད་ཆགས་ཀྱིས་ཨར་མ་བརྟན་པར་བུད་མེད་བླངས་ནས་ཁྱིམ་གཞི་འཛིན་པ་ན་ཟས་གོས་གནས་ཁང་སོགས་ཀྱི་འགྲོ་སོང་ཆེ་བས་སྡུག་སྐད་ཤོར་བ་སྟེ་མཚམས་འདིར་དགེ་སློང་ལྷ་ཆེན་པོའི་རྣམ་ཐར་དྲན་པར་བྱའོ།།
༼དམ་མེད་ཕུང་གསུམ་མཐོ་སོང་ན། །དད་ལྡན་གང་ཟག་རྒྱུད་ཆུད་གཟན། །བསྟན་པ་དྲི་མེད་རྨང་ནས་བཤིགས། །དེ་ཕྱིར་ཕུང་གསུམ་གཏིང་ནས་དམོད། །༽ ཚིགས་སུ་བཅད་པ་འདིས་ཕྲག་དོགས་ཀྱི་མེ་ལྕེ་གུང་ན་མཆེད་པ་བསྟན་པ་སྟེ། ཁོའི་ཕུང་གསུམ་པར་གྲགས་པ་བླ་ཆེན་རང་དང་ལོ་ཚད་མཉམ་པ་དག་ལ་སྐྱེ་བོ་དག་གིས་ནི་བཀུར། འབྱོར་བ་ནི་རྒྱས། བཀུར་སྟི་ནི་གཟབ། ཕྱག་ནི་འཚལ། ཅི་གསུངས་བཀའ་བཞིན་དུ་འགྲུབ་པ་ན་རང་ལ་དེ་ལྟར་མ་འབྱོར་བའི་སྨྲེ་ངག་ཾངག་ནས་འཐོན་པའོ།།
༼འབྱོར་མེད་ཉམས་ཆུང་སྙིང་ནས་བརྩེ། །༽ འདིས་དད་ལྡན་ཉམས་ཆུང་མགོ་བོ་བསྐོར་སླ་ཞིང་དེ་དག་ལ་བདག་པའི་རྒྱུ་དངོས་བུ་མེད་སོགས་ཅི་འདོད་དུ་སྤྱད་པར་སླ་བས་ནའོ།།
༼འབྱོར་ལྡན་མགོ་བོ་བསྐོར་བསམ་ཡང་། །ད་བར་འབྱོར་ལྡན་ཐུག་མ་མྱོང་། །ཕྱི་ཡུལ་འགྲིམས་པའི་བར་ལམ་ནས། །ཐུག་ཚད་སྤྲང་པོ་རྐྱང་རྐྱང་ཡིན། །སྤྲང་པོས་སྤྲང་པོར་ལྟོ་བསླང་ན། །རང་གཞན་གཉིས་ཀ་ཁྲེལ་བའི་རྒྱུ། །དེ་ཕྱིར་ཡོད་ཚད་རང་དགར་བཞག །༽འདིས་རང་གི་དེ་ཁོ་ན་ཉིད་མ་བཅོས་པར་གསལ་པོར་སྨྲས་འདུག་པར་འགྲེལ་མི་དགོས་པ་ལ་དེ་ནི་རང་གི་བླ་མས། འགྲོ་ཐུབ་མཁན་ཚོ་ཕྱི་རྒྱལ་གྱི་ལུང་པ་དང་། འགྲོ་མི་ཐུབ་མཁན་རྒྱ་ནག་སོགས་ཡུལ་གྲུ་དུ་མ་ལ་ཤིག་བཞིན་ཉུལ་ཏེ་ཞབས་འདྲེན་མང་པོ་བྱེད་ཀྱི་འདུག་ཅེས་པའི་ལུང་གི་ཟིན་འདུག་པས་སོ།།
༼འབྱོར་ཆེན་སྦྱིན་བདག་བླ་ཆེན་ལས། །ཆུང་ཆུང་ང་ཚོར་མི་ལྟ་ཁི། །༽ འདི་ནི་ཤིན་ཏུ་གལ་ཆེ་བའི་གནད་དེ་ཆོག་ཤེས་ཟེར་བའི་དེབ་དེ་ནས་ཁ་བརྡ་སོགས་སུ་བླ་ཆེན་རྣམས་ལ་ཕུང་གསུམ་པ་ཟེར་བའི་དོན་ཡང་ཏིག་དེ་འབྱོར་ལྡན་སྦྱིན་བདག་རང་ལ་མ་འཐོབ། བླ་ཆེན་རྣམས་ལ་འཐོབ་པར་སྙིང་ནད་དང་ཕྲག་དོགས་གིས་ཡིན་པར་ཤེས་སོ།།
ཡག་པོ་འདུག
ཕྱོགས་དང་རིས་སུ་ཕྱེས་པའི་སྐད་ཆ་རང་རྗེན་དུ་བསྟན་པ་ལས་ཅི་ཡང་མི་འདུག
གསར་པ་ཅི་གང་མི་འདུག ཁྱོད་ཀྱི་ཁ་ལག་ན་རོགས་་་་ད་ཡི་མིག་ན་རོགས་རེད་འདུག
མོས་འདུན%མེད།
མེ་དཀར་འདི་ཚིག་འབྲེལ་བདག་པོ་ཞིག་ཡིན་ས་རེད། ཧཧཧཧཧ་རྩེད་མོ་ཡིན། ཡག་པོ་འདུག་་་་་་་་་་འདི་འདྲའི་འབྲེལ་བཤད་རྒྱབ་ན་ཕན་ཐོགས་ཤིག་ཡོད་སྲིད་པ་རེད། དེ་མིན་ཨོ་ཉི་བླུན་པོ་རེད་ཟེར་བསྡད་ན་དེ་ཙམ་རེད།
བན་དེ་ལགས། འདིས་ངའི་ལག་པ་ན་ཐུབ་རྒྱུ་མ་རེད། སྐར་མ་བཅུའི་ལས་དཀའ་རེད། ད་ཐེངས་ཀྱི་བརྗོད་བྱ་དེ་སྣང་བ་མ་འགྲོ་ན་སྐྱོན་ཞིག་ཡོད་ངེས་སོ།།
ཧ་ཧ་
ཨོ་ཉི་འདི་སྐར་མ་བཅུ་ཡི་ལས་ཀ་ཡིན་ཟེར་དེ་ལྟར་ན་ཁྱོད་ཀྱི་རྒྱང་ལྟ་ཟེར་དུས་རྒྱང་ལྟ་རེད་མེད་ཁོ་ཐག་རེད། ཕུགས་རྒྱང་རིང་པོར་ལྟ་དུས་བསམ་གནོ་དྲུག་སུམ་བཅོ་བརྒྱད་བཏང་ནས་འབྲི་དགོས་པ་རེད་མ་གཏོགས་སྐར་ཆ་བཅུ་ལ་བྲིས་ན་འདི་འདྲ་རེད། སྐར་ཆ་བཅུ་ཡི་གནས་བབ་དེ་ལས་ཡོང་རྒྱུ་གཅིག་གང་ནས་ཡོང། རྒྱང་ལྟ་ཟེར་དུས་འཕྲལ་ཕུགས་འགྱང་གསུམ་ལ་ཕན་པའི་གནས་ཚུལ་འབྲི་དགོས་པ་མ་གཏོགས་ག་རེ་བྱུང་ནའང་བྱུང་ཟེར་ནས་བྲིས་ན་སྐྱོན་ཆ་འདི་རིགས་བྱུང་བ་རེད། ཁྱོད་ཀྱི་མཚན་གཞི་བཞག་པ་དེ་ཚོར་རིས་སུ་ཕྱེས་འདུག་དེས་མ་འོངས་བོད་མིའི་ཆིག་བསྒྲིལ་ལ་ཕན་པ་མི་འདུག་དེས་མ་འོངས་བོད་མིའི་འདུན་ལམ་ལ་ཕན་པ་མི་འདུག་དེས་འཕྲལ་ཕུགས་འགྱང་གསུམ་གང་ལའང་ཕན་པ་ཏིལ་འབྲུ་ཙམ་ཅིག་མི་འདུག་དེ་ནི་གཡག་ཞར་གྱིས་རྩ་ཟ་སྟངས་རང་རེད། ང་སྣང་བ་མི་འགྲོ་ས་དེ་ཡིན། ང་སྣང་བ་འགྲོ་ས་ནི་ཆོས་ལུགས་མི་རིགས་ཡོངས་སུ་རྫོགས་པའི་སྐད་ཆ་ཞིག་དང་མ་འོངས་བོད་མིའི་ཆིག་བསྒྲིལ་དང་མཐུན་ལམ་ལ་ཕན་པའི་སྐད་ཆ་ཕྱི་ནང་རང་གཞན་སུས་བཤད་ཀྱང་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་%བརྒྱ་ཐམ་པ་ཡོད། དེས་བྱེད་དུས་རྒྱབ་སྐྱོར་མེད་པའི་རྒྱུ་མཚན་དེ་ལྟར་རོ།
༤༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༩ གི་ཆུ་ཚོད་ ༢ སྐར་མ་ ༣༥
མེ་དཀར་འདི་ཚིག་༼འགྲེལ་་་་་༽འབྲེལ་བདག་པོ་ཞིག་ཡིན་ས་རེད། ཧཧཧཧཧ་རྩེད་མོ་ཡིན། ཡག་པོ་འདུག་་་་་་་་་་འདི་འདྲའི་༼འགྲེལ་༽འབྲེལ་བཤད་རྒྱབ་ན་ཕན་ཐོགས་ཤིག་ཡོད་སྲིད་པ་རེད། དེ་མིན་ཨོ་ཉི་བླུན་པོ་རེད་ཟེར་བསྡད་ན་དེ་ཙམ་རེད།
བཅོས།
བན་དེ་ལགས། ངས་ཕྱོགས་ལྷུང་སྐད་ཆ་གང་བཤད་འདུག རེ་རེ་ནས་ཐེར་འདོན་མེད་ན་ཁྱོད་རང་ཕམ་སོང་བ་ཡིན།
རིག་གཞུང་བཤད་ཀྱི་ཡོད་དམ་ཆབ་སྲིད་བཤད་ཀྱི་ཡོད་མི་ཤེས་པ་ཞིག་རེད། ད་དུང་རྒྱ་གུང་ཁྲན་ལ་དང་དངོས་ཤུགས་རྒྱུད་གསུམ་ནས་བསྟོད་ར་དང་། བོད་མི་རིགས་ཀྱི་སེམས་ཤུགས་བཅོག་ཐབས་ཀྱང་ཡོད་ཡོད་པ་རེད། རོ་རྙིང་པ་ལ་སེམས་གསར་པ་ཅི་ཡང་སྐྱེས་མི་འདུག་གོ
ད་ཡང་སྤྲུལ་རྒོལ་བྱ་གི་ཡིན་ད
ཧཧཧ་་་་་་་་་་་རྡོ་ལ་ཁུ་ཚུར་བསྣུན་ན་ཁུ་ཚུར་རྒྱལ་བ་ཁག་པོ་རེད། སེམས་ཤུགས་ཟེར་བ་དེ་དུས་ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་དགོས་པ་ལས། ལོ་གཅིག་ལོ་གཉིས་ཤིག་གིས་གྲུབ་འབྲས་ཐོན་པ་ཁག་པོ་རེད། ད་ལྟའི་བོད་མི་ཚོས་བྱེད་སྟངས་དེ་ལ་བལྟས་ན་རང་བཙན་རག་རན་ཡོད་པའི་ལས་འགུལ་ནང་བཞིན་བྱེད་ཀྱིན་འདུག འདི་ལྟ་བུའི་ལས་འགུལ་རྒྱ་ཆེན་པོ་དེ་གྲུབ་འབྲས་ངེས་ཅན་ཞིག་མེད་ན་གཞུག་ནས་མི་མང་སེམས་ཤུགས་ཆགས་་སྲིད་པ་རེད། ལས་འགུལ་ཆུང་ས་ནས་ཆེན་པོ་དང་། ཆེ་པོ་དེ་དུས་ནམ་ཡང་ཆུང་དུ་མ་འགྲོ་བ་ཞིག་དགོས་ངེས་སོ།།
གང་ལྟར་ཡང་ཕུང་གསུམ་པ་མ་གནང་ན་འགྲིགས་པ་རེད། ཕུང་གསུམ་པའི་བྱ་བ་དེས་མི་རིགས་རིག་གཞུང་དང་བཅས་པའི་རིན་ཐང་ས་འོག་ཏུ་བསྡུ་ངེས་སོ།།
ད་ཁྱོད་ལ་ག་རེ་ལྡང་མ་སོང་།
མེ་དཀར་ཁྱེད་ཀྱིས་གསང་རྡོར་བདག་པོ་རྒྱག་མ་ཐུབ་ན་ཕུང་གསུམ་པ་མ་གནང་རོགས། ཧཧཧཧཧཧ
གཞན་ཚང་མ་རང་འདྲ་པོ་རེད་དྲན་གི་ཡོད་པེ། ངའི་གསང་རྡོར་ལ་སྔ་ས་ནས་བདག་པོ་ཡོད་ཡོད་པ་རེད། ང་ཕུང་གསུམ་པ་ཡིན་སྟངས་མེད་དེ། སྤྲུལ་སྐུ་མིན་པའི་ཕྱིར་རོ།།
ཨོ་ཉི་ཁྱོད་ཀྱི་བོད་མི་ཐམས་ཅད་ཀྱི་དེ་ཚོར་བསྟོད་དགོས་དེ་ཚོར་གུར་ཞབས་དགོས་དེ་ཚོའི་རྗེས་སུ་འབྲེང་དགོས། དེ་ཚོར་མ་གུས་མ་བསྟོད་རྗེས་སུ་མ་འབྲེང་བོད་རྒུད་པ་རེད་ཡག་རྟགས་རེད་ཟེར་མེད་དམ། བོད་མིར་ཆོས་ཁས་ལེན་མཁན་ཡོད་ལ་མི་ལེན་མཁན་ཡོད་བོད་མིར་ཤཀ་བསྟན་རྗེས་འཛིན་ཡོད་ལ་རྗེས་སུ་མི་འཛིན་མཁན་ཀྱང་ཡོད། བོད་མི་ཐམས་ཅད་རྒྱ་གར་ནང་བསྟན་གྱི་རྗེས་སུ་ཞུགས་་དགོས་མ་ཞུགས་ན་ཐབ་ཅག་ལྟས་ངན་ཡག་རྟགས་མིན་རབས་བཤད་སོང་ང་བོད་མི་ཀུན་ལ་ཁྱབ་པའི་སྐད་ཆ་བཤད་དགོས་བོད་མིའི་མ་འོངས་མདུན་ལམ་ལ་རྒྱང་ལྟ་ཡིན་ཟེར་གྱི་ཡོད་ན།
རྒྱབ་མདུན་ཡག་པོ་ཞིག་གླེང་འདུག བརྒྱ་ཆའི་ལྔ་བཅུ་ལ་འདོད་མོས་ཆ་ཚང་ཡོད། བརྒྱ་ཆའི་ལྔ་བཅུ་ད་རུང་བློ་ཐག་ཆོད་པོ་ཞིག་མི་འདུག ཐུགས་རྗེ་ཆེ།
མི་སེར་དུང་ཕྱུར་༡༣་གྱི་དགྲ་བོ་གུན་ཁྲན་དམར་ཕྱོགས་ཚོགས་པའི་ཕག་གསོའི་ཆེད་ལས་སློབ་དཔོན་ཆེན་མོ་ཞིས་ཅན་པིང་གིས་དམར་ཕྱོགས་ཚོགས་པ་ལ་སྐྱོན་བརྗོད་བྱེད་འོང་དུས་སྙན་པོ་མེད་ནའང་ཉན་དགོས་ཅེས་ལབ་འདུག་ག
སྨྱུ་ཁ་དམར་ཕྱོགས་པ་ལ་སྐོར་མི་ཕོད་པའི་བོད་ཀྱི་རྩོམ་བྲིས་པ་སྡར་མ་ཚོ་སྐྲག་དགོས་ས་མ་རེད་དོ་་་་་མགྱོགས་པོ་དམར་ཕྱོགས་པའི་རྗེས་སུ་རྒྱུགས་ས་མེད་པ་ཆགས་ས་རེད་་དོ་་དོ་་་ཧཧཧཧཧ
ང་ཚོས་ལོ་ངོ་༤༠ལྷག་ལ་སྐྱ་ཟད་སྔོ་སྡུག་གི་འཚོ་བ་རོལ་ནས་མི་རིཊ་ཀྱི་རང་དབང་དང་རང་བདག་ལ་རྩོན་ལེན་བྱོས་པ་རེད་ལ་ད་ལྟའང་སྔོན་ལས་ཀྱང་ལྡབ་བརྒྱ་འགྱུར་གྱིས་རྩོན་ལེན་དང་ད་རུང་འཐབ་རྩོད་ཀྱི་སེམས་ཤུཊ་དང་མི་རིཊ་ཀྱི་འདུ་ཤེས་ཀྱང་ཉིན་རེ་ནས་ཉིན་རེར་ཇེ་དྲགས་དག་ཇེ་ཆེར་འགྲོ་བཞིན་ཡོད་པས་ང་ཚོར་རེ་བ་མེད་ཚུལ་སྨྲ་བ་ནི་དོན་དམ་རང་ཉིད་སྡར་མ་ཞིག་ཡིན་པ་ཀུན་ལ་གསལ་བྱེད་བྱས་བ་ཙམ་ཡིན་པས་སོ།། །།
གང་ལྟར་ཡང་ཁྱོད་ཚོས་མི་རིགས་དང་། རིག་གཞུང་གི་ཆེད་དུ་གང་བཤད་ཐམས་བཟང་ས་ནས་བཤད་པ་ལས། རྡུག་ས་དང། ཉེན་ཁ་ཆེ་ས་ནས་མི་བཤད་པ་ནི། རང་དོན་ཁོ་ན་ལས་མེད་པའི་རྟགས་རེད།
ཚ་པོ་བྲིས་འདུག དོན་དག་མང་པོའི་ཐོག་ང་དང་ཁྱོད་འདོད་པ་མཐུན་འདུག སློབ་དཔོན་ཆེན་པོ་་ཟམ་གདོང་པ་ཡང་ངེས་དོན་གྱི་མཁས་དབང་ཞིག་ཡིན་པར་སུས་ཀྱང་བསྙོན་དུ་མེད། སློབ་མས་ས་གཞི་ཁེབས། ལེགས་བཤད་རྒྱུན་དུ་སྒྲོགས། ཁ་བཤད་དོན་ལ་འཁྱོལ། བརྩམས་ཆོས་དང་གསུང་བཤད་ཟིན་བྲིས་སོགས་གང་ཡིན་ཡང་བློ་བསྐྱེད་ཆེ་བ་དོན་ལ་བརྟག་བཟོད་པ། གནད་དོན་ཅི་ཡང་གླེང་བ་ལ་མཁས་པའི་མདུན་སར་མི་འཇིགས་པའི་སྤོབས་པ་མཆོག་ཏུ་དགེ་བས་སོ།། ད་མང་པོ་མི་ཞུ།
གྲོགས་ཨོ་ཉི་ལགས་ཁྱེད་དང་སྤོབས་མཐའ་ཨ་ཕྱི་སོགས་ལོ་གསར་གཏོང་གི་ཡོད་ཀྱི་རེད། ཁྱེད་ཀྱི་ལོ་གསར་གྱི་གྲ་སྒྲིག་གང་འདྲ་བྱེད་ཀྱི་ཡོད་དམ་དགུ་ཐུག་གྲ་སྒྲིག་བྱས་ཡོད་དམ། དེ་རིང་ཡིན་ན་དགུ་ཐུག་དྲ་མ་ཞིག་འཐུང་གི་ཡོད་ཀྱི་རེད། གསང་ཡུམ་གྱིས་བཟོས་པའི་དགུ་ཐུག་དེ་ཡག་པོ་བྱེད་དེ་མཆོད་རོགས་གནང། དགུ་ཐུག་ནང་དུ་བལ་སྐུད་སེར་པོ་དང་སོལ་བ་ནག་པོ་དམར་ཚ་སོགས་བླུགས་སྲོལ་ཡོད་པས་དེ་ལྟར་གྲ་སྒྲིག་བྱས་ཡོད་ཚེ་ཁྱེད་ལ་གང་བབ་མིན་ང་ལ་ལན་ཅིག་སྤྲོད་རོགས།
དེ་རིང་ཨོ་རྒྱན་ཉི་མའི་རྩོམ་ཡིག་འདིར་ཁ་ཕྱོགས་སྔོན་དང་མ་འདྲ་བ་ཞི་འདུག །གལ་སྲི་དེ་ལྟར་ཡིན་ན་ཁྱོད་རང་རང་ཚུགས་དང་ལྟ་གྲུབ་ངེས་གཏན་མེད་པའི་མི་ཞིག་མཚོན་པ་མ་ཡིན་ནམ་་་་་་
དེ་སྔ་བོད་ཤོར་ནས་བཙན་བྱོལ་ལ་ཐོག་མར་སླེབས་དུས། བོད་པཕྱི་རྒྱལ་ནུབ་ཕྱོགས་དང་ཤར་ཕྱོགས་སུ་འགྲོ་བསྐྱོད་བྱེད་མཁན་དཀོན་པོ་རེད། དེའི་རྒྱུ་མཚན་དང་པོ་ནི། བོད་མི་ཚོར་དེ་ལྟར་འགྲོ་བའི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་ཡིན། གཉིས་ནི་བོད་གཞུང་གི་བཀག་བསྡོམ་གང་མཚམས་བྱེད་ཀྱི་ཡོད། ལོ་རབས་དགུ་བཅུའི་ནང་བོད་མི་ཆིག་སྟོང་ཞིག་ཨ་རི་གཞུང་ནས་ལེན་ཡོད། དེ་ནས་བཟུང་བཙན་བྱོལ་བོད་པ་ཕྱི་རྒྱལ་ལ་འགྲོ་མཁན་མང་དུ་ཕྱིན། དཔལ་འབྱོར་ཡང་ཡག་ཏུ་ཕྱིན་ཡོད། སླར་ཡང་ཟབ་གདོང་བླ་མ་བཀའ་ཁྲི་གནང་སྐབས་ཡང་སྐྱར་ཕྱི་རྒྱལ་ལ་འགྲོ་བསྐྱོད་བཀག་སྡོམས་བྱས་ཡོད། དེ་ནི་དངོས་གནས་བསམ་བློ་གཏོང་བཏང་སྦུབས་སུབ་དོག་པོ་ཞིག་རེད། ཁོང་གིས་བོད་མི་ཚང་མ་རྡ་རམ་ས་ལའི་འོག་ཏུ་བསྡད་དགོས་པ་འདྲ་བཟོ་བགྱི་ཡོད། གང་ལྟར་བཀའ་ཁྲི་ལོ་ངོ་བཅུའི་རིང་གི་གྲུབ་འབྲས་ནི་དཔལ་འབྱོར་སྲི་ཚགས་ཙམ་བྱས་པ་རེད། དེ་མིན་གང་ཡང་མེད།
ངས་སྐད་ཆ་གང་བཤད་ཀྱང་ནང་བསྟན་སྤྱི་དང་། བོད་མི་རིགས་སྤྱི་ལ་བསམ་པ་ལས། ཆོས་ལུགས་ཆོལ་ཁ། གང་ཟག་བྱེ་བྲག་པའི་ཆེད་དུ་བཤད་ཀྱིན་མེད། ཀརྨ་པ་ལ་བསྟོད་པ་དེ་ཡང་ཀརྨ་པའི་ཆེད་དུ་མ་ཡིན་པར། འབྱུང་འགྱུར་བོད་མིའི་ཆེད་དུ་ཡིན། བོད་ལ་སེམས་ཤུགས་བོད་མི་ངོ་རེ་ནས་སྲིད་ན་ཡང་། རླབས་ཆེ་བའི་གང་ཟག་ཅིག་གིས་བོད་ཀྱི་དབུ་ཁྲིད་ཐུབ་ན་ཕན་ཐོགས་པར་འདོད།
ཁྱོད་ཀྱི་དེ་ལྟར་ཡིན་དུ་ཆུད། ང་ཚོའི་བཤད་པ་དེ་རང་དོན་ཁོ་ནས་ཡིན་སྟངས་ཅི་རེད།
རླབས་ཆེ་བའི་དབུ་ཁྲིད་བོད་པས་བཀྲབས་ནས་ཡོད་ཡོད་པ་རེད། ཁྱོད་ཀྱིས་ཟུར་དུ་ཀརྨའི་མིང་འདོན་བྱེད་དགོས་པའི་འུ་ཐུག་དེ་འདྲ་མི་དགོས་ཡ།
གོང་འཁོད་འདི། དབྱངས་ཅན་འབངས་ལ་ཡིན།
སེམས་ཤུགས་དང་ཨ་ཚུག་གཉིས་ཐ་དད་རེད་དོ་ཨོ་ཉི་ལགས། གནས་ལུགས་མེད་ན་ཨུ་ཚུག་རྒྱག་ནས་མི་སེམས་བསྒྱུར་མི་ཐུབ་པ་ཤེས་ན་འགྲིག་པ་རེད།
ད་ལྟ་ཡོད་ཀྱང་ང་ཚོ་ལ་གཞུག་ནས་དབུ་ཁྲིད་ཅིག་དགོས་ངེས་སོ།།
གནས་ལུགས་མེད་ན་ངས་ཚིག་རེ་རེ་ནས་རྒྱུ་མཚན་དང་བཅས་ཐེར་འདོན་གྱིས་དང་བསྒུབ་ནས་བསྡད་ཡོད།
གཞུག་ནས་ཀྱང་མང་མང་གིས་འདེམས་གི་རེད། ཀརྨ་ལྟ་བུ་བླ་གྲྭ་ཞིག་མི་མང་གིས་མང་མོས་ཀྱིས་བཀྲབས་ན་དེར་ཟད། གཞན་གཅིག་སྡུད་རིང་ལུགས་མི་དགོས་སོ།།
ཨོ་རྒྱན་འདི་ད་བལྟས་དུས་གླེན་པ་དྲང་པོ་ཞིག་ཡིན་ས་རེད། དེ་སྔ་ཁྲི་ཁར་བུད་མེད་གཡེམ་སྦྱོར་ལ་གྲྭ་ཆས་གྱོན་མཁན་དེ་འད་ཞབས་ཞུར་བཞག་པ་མཐོང་བས། དངོས་གནས་རང་བསྟན་བཤིག་གངས་ཅན་བླ་མའི་རྗེས་མཐུན་ཨ་མདོའི་ཞབས་འདྲེན་ཅིག་རེད་བསམས་བསྡད་ཡོད། དེང་སང་ཤེས་ན་མི་ཤེས་ན་ཨུ་ཚུགས་ཀྱིས་བོད་ཀྱི་སྐོར་གླེང་སློང་བྱེད་པ་འདི་ཕལ་ཆེར་ལམ་ནོར་ལྡོག་ཤེས་དང་འགྱོད་བཤགས་ཀྱི་བཟོ་ལྟ་ཞིག་ཡིན་སྲིད་པ་རེད། དེས་ན་རྒྱ་ཆེས་རྒྱ་ཆེའི་དྲ་དམངས་ཀྱིས། ཨོ་རྒྱན་ཁོང་གངས་ཅན་བླ་མ་འཁྲབ་ཏོ་དང་ཅུང་ཐག་རིང་དུ་གཏོང་རོགས།།
བོད་འབྲུག་དབར་ལ་དབྱེན་རྒྱུ་ལྷག་མེད་དབྱེན་དབྱེན་ཁ་རེད།
འབྲུག་པས་བོད་པའི་རྐུབ་ལ་ཚ་ལྕགས་བརྒྱབས་པའི་འཚིག་དྲི་དེང་སང་ཀྱང་ངའི་སྣ་ལ་ཁ་གི་འདུག
ནུབ་ཕྱོགས་གངས་ཕྲུག ཁྱོད་ཀྱིས་ང་ལ་ཁ་ཡ་བྱས་པར་དགའ། ཟམ་གདོང་པ་སྐུ་འཚོ་བཞུགས་སྐབས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་དམའ་འབེབས་བྱེད་འདོད་པ་མང་ཡང་། གནས་ལུགས་ཡོད་པའི་དམའ་འབེབས་ཤིག་ད་བར་མཐོང་མ་སོང་། མ་འོངས་པ་ཁོང་ལ་བསྔགས་བརྗོད་རྗེས་དྲན་གྲངས་མེད་པར་འཇུག་པའི་ཚེ་ཁྱོད་ནི་ཨང་དང་པོའི་གྲས་ཡིན་པར་དོགས། ཨ་ལ་ཀུ་རེ་ཡིན།
དེ་ལ་རྒྱབ་སྐྱོར་བྱེད་ཐུབ་ས་མ་རེད
ཁྱེད་ཅག་ཁ་ཤས་ཀྱིས་མཁས་དབང་དགེ་འདུན་ཆོས་འཕེལ་ལ་སྐུར་འདེབས་དྲག་པོ་བཏང་བ་མཐོང་བས། འདི་གར་གཏམ་ཉུང་ཉུང་མ་བཤད་ཀ་མེད་བྱུང་། སྔོན་ཆད་རྡོ་སྦིས་ཤེས་རབ་རྒྱ་མཚོ་དང་། ཛེ་སྨད་སྤྲུལ་སྐུ་སོགས་ཀྱིས་ཁོང་གི་ལྟ་བར་སྐྱོན་བརྗོད་གང་མང་བཏང་། དོན་དངོས་ནས་བཤད་ན། ཁོང་ནི་རྒྱལ་བ་ཀློང་ཆེན་པ། མ་ཅིག་ལབ་སྒྲོན་དང་། རྗེ་ཙོང་ཁ་བ་སོགས་བོད་ཀྱི་སྐྱེས་ཆེན་དམ་པའི་གྲལ་སྟེགས་དུ་བཞག་འོས། ཁོང་གཅིག་པོ་མ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ལ་དགག་པ་བྱེད་མཁན་མང་བོ་བྱུང་། ལྷས་སྦྱིན་ཀྱིས་སངས་རྒྱས་ཟོལ་མ་དང་སངས་རྒྱས་མཛད་སྤྱོད་ཚང་མ་ཚུལ་འཆོས་དང་ལོག་སྤྱོད་འབའ་ཞིག་མཐོང་། དེ་སངས་རྒྱས་ཀྱི་སྐྱོན་མ་ཡིན་པར་ལྷས་སྦྱིན་རང་ཉིད་འཁྲུལ་བའི་དུག་ཆང་གིས་སྨྱོས་པའི་སྐྱོན་ལ་ཐུག །དེས་ན་མི་ཁ་ཤས་ཀྱིས་དགེ་འདུན་ཆོས་འཕེལ་ལ་དགག་པ་བྱེད་པ་ནི་ལྷས་སྦྱིན་གྱིས་སྐུར་འདེབས་བྱས་པ་དང་ཀུན་ནས་རྣམ་པ་མཚུངས་པས་བདག་ཡིད་རབ་ཏུ་སྐྱོ།
ང་ཚོ་བོད་ཀྱི་མི་རིགས་འདི་སྐུར་འདེབས་བྱེད་པར་སྔོན་ཆད་ནས་དགའ་བོ་ཡོད། རྗེ་བཙུན་མི་ལ་རས་པས་ཕྱག་རྒྱ་ཆེན་པོ་ས་ལམ་ཅིག་ཆོད་ཀྱི་གདམས་ངག་མང་དུ་གསུངས་པར། དེ་བློ་ལ་མ་ཤོང་ནས་རྟོག་གེ་བ་ཚོས་ཁོང་ཆད་ལྟ་བ་ཞིག་རེད་ཅེས་པའི་མིང་ངན་བསྒྲགས་པར་ཁོང་ལྟ་བུས་ཀྱང་ཆད་མི་ཆད་ངའི་སྤྱོད་པ་ལ་ལྟོས་ཞེས་དཀར་འདོན་བྱེད་དགོས་བྱུང་། རྗེས་མར་བླ་མ་ཞིག་གིས་དུག་དྲངས་ནས་སྐུ་བགྲོངས། མཁས་དབང་དགེ་འདུན་ཆོས་འཕེལ་ཡང་དབང་སྒྱུར་གྲལ་རིམ་གྱི་བཙན་གནོན་འོག་དཀའ་སྡུག་དྲག་པོ་གནང་ནས་མཐར་སྐུ་གཤེགས། གལ་ཏེ་ད་ལྟ་ཁོང་སྐུ་དངོས་སུ་བཞུགས་ཡོད་སྲིད་ན། བོད་ཀྱི་སྤྱི་ཚོགས་ནང་ནས་ཕྱོགས་འཛིན་མཁན་མང་བོས་དུག་འདྲེན་པར་དཔའ་ཁས་ལེན་ཐེ་ཚོམ་མེད་པར་བྱེད་པ་འདྲ།
ཁོང་ལ་ཕྱག་རྗེས་གང་ཡང་མེད་ཅེས་སྨྲ་བ་ནི་ཧ་ཅང་དགོད་བྲོ་བའི་གཏམ་ལས་འདས། དེང་སང་བོད་ཀྱི་སྐྱ་སེར་གཞོན་ནུ་མང་བོ་ཞིག་གི་ནང་ལ་སྔར་མེད་པའི་བསམ་བློའི་གོ་རྟོགས་གསར་བ་རྒྱ་མཚོའི་རྦ་རླབས་བཞིན་ཡོད་པ་འདི་ཁོང་གི་བཀའ་དྲིན་རེད། གོང་ས་མཆོག་གིས་ཁོང་གི་གསུང་རྩོམ་ལ་གཟིགས་ནས་ཐོག་དང་བོར་ནུབ་ཕྱོགས་ཀྱི་ཚན་རིག་ལ་སློབ་འདོད་ཐོན་སོང་ཞེས་བསྔགས་བརྗོད་ཞལ་ནས་གནང་། ཁོང་གིས་མཛད་པའི་འདོད་པའི་བསྟན་བཅོས་དང་། ཀླུ་སྒྲུབ་དགོངས་རྒྱན། དེབ་ཐེར་དཀར་པོ་སོགས་ཀྱིས་ཕོ་མོ་འདྲ་མཉམ་ཀྱི་ལྟ་ཚུལ། དགག་དཔྱོད་རིང་ལུགས་སོགས་བསམ་བློའི་ཐད་ཀྱི་ལས་འགུལ་རྒྱ་ཆེ་བ་མཛད་པ་བཀའ་དྲིན་བརྗོད་མཐའ་བྲལ།
ཨ་ཉི་ལགས། ཁྱོད་ལ་རྒྱུ་མཚན་བཤད་ཀྱང་བོང་བུའི་ཨ་མཆོག་ལ་གསེར་གྱི་དཔེ་ལས་མ་འདས། དྲ་གྲོགས་འདི་སྙེད་ཀྱི་ཁྲོད་ནས་ཁྱོད་ལ་རྒྱབ་སྐྱོར་བྱེད་མཁན་ནི་ཉིན་མོའི་སྐར་མའི་གྲངས་ཙམ་རེད། འདིའི་སྟེང་ནས་ཀྱང་རང་ཉིད་ཀྱི་ཁ་ཕྱོགས་དེ་གང་དུ་འགྲོ་ཡི་ཡོད་མེད་ཅུང་ཤེས་དགོས་ཚོད་རེད། འདིའི་ནང་གི་དྲ་གྲོགས་ཚང་མ་གནས་ལུགས་ལ་ལྟ་མི་ཤེས་པའི་ལྐུགས་པ་རྐྱང་རྐྱང་ཡིན་རྒྱུ་མ་རེད་དོ། རང་ཉིད་མ་གཏོགས་ཚང་མ་ལྐུགས་པ་རེད་བསམ་ན་དེ་ནི་རྩ་མ་ཚང་བའི་རྟགས་རེད།
གཞན་གྱིས་ཇི་ལྟར་བཤད་ན་ང་མི་རྡུགས།།
ངོས་ལེན་བྱེད་མཁན་མེད་ཀྱང་བསམ་འཆར་ཡིན།།
གཞན་གྱིས་ཤེས་ན་ངས་བཤད་མི་ཆོག་པའི།།
རྡོ་རྗེ་ཐ་ཚིག་མ་འདེབས་དྲ་གྲོགས་དག།
སྔོན་གྱི་མི་ཡིས་རྩམ་པ་ཟོས་འདུག་པས།།
དེང་སང་ཟོས་ན་རྩ་མེད་ཡིན་སྨྲས་ན།།
སྨྲ་མཁན་རང་ཉིད་སྨྱོན་པ་མ་ཡིན་ནམ།།
འདོད་པའི་བསྟན་བཅོས་སྔོན་ནས་བོད་ལ་ཡོད།།
ཀླུ་སྒྲུབ་དགོངས་ཟིན་སྐྱེས་བུ་ཚད་ལས་འདས།།
རྒྱལ་རབས་དེབ་ཐེར་གང་དགོས་ཆ་ཚང་ཡོད།།
དགེ་ཆོས་མ་ཕེབས་ན་ཡང་འགྲིགས་ས་ཡོད།།
ཟབ་མོའི་དེ་ཉིད་མངོན་གཟིགས་ཀློང་ཆེན་ཞབས།།
རྒྱ་ཆེན་སྤྱོད་ཚུལ་ཀུན་མཁྱེན་ཙོང་ཁ་བ།།
ཕྱི་ནང་གཉན་ས་གཅོད་པའི་མ་གཅིག་དང་།
དགེ་ཆོས་མཚུངས་སོ་ཟེར་ན་གད་མོ་ཤོར།།
ཉན་མཁན་མེད་ན་བཤད་མཁན་ཁྱི་དང་འདྲ།།
ཞེས་པའི་འཇིག་རྟེན་དཔེ་འདི་ཅིས་མི་བདེན།།
གནས་ལུགས་མེད་པའི་སྟོང་བཤད་མཐེན་པ་འདི།།
རང་ཉིད་ངལ་བའི་རྒྱུ་ལས་ཅི་ཞིག་ཡོད།།
རྩོམ་འབྲིའི་དགོས་པ་ཅི་ཡིན་མ་ཤེས་ན།།
རྩོམ་མཁན་སྨྱོན་པ་ཡིན་པའི་རྟགས་སུ་ཟད།།
ཨུ་ཚུག་ཁོ་ནས་མི་སེམས་བསྒྱུར་འདོད་འདི།།
འབྲས་མེད་ཤིང་སྐམ་བཙུགས་དང་ཁྱད་པར་ཅི།།
ཧཧཧ་་་་་ལུང་རྟོགས་་་་་་མིང་ཆེན་་་་་་དོན་ཆུང་།
སང་ཉིན་ལོ་གསར་ཚེས་པ་གཅིག་ལ་དྲ་རྩོམས་དྲ་མཆན་པ་རྣམས་ཁ་རྩོད་མ་གནང་རོགས་ཞུ། ཨོ་རྒྱན་ཉི་མ་ལགས་ལོ་གསར་རྒྱས་སྤྲོས་གྲ་སྒྲིག་གནང་ཡོད་དམ། ལོ་གསར་ལ་གཞེས་དང་ཞབས་བྲོ་ཆང་རག་སོགས་ཀྱི་འཆར་གཞི་ཡོད་དམ།
ལོ་སར་ལ་དམིགས་བསལ་དོ་སྣང་མི་འདུག་་་་་་་གྲོད་པ་ལྟོགས་དུས་ཟས་ཀྱི་ཆེད་དུ་འགྲོ་ཐུབ་ཙམ་ཡིན། ཧཧཧཧཧ
ང་ཡིས་བཤད་ཚད་ཁྱེད་ཅག་རྫུན་དུ་མཐོང་།།
ཁྱོད་ཚོས་བཤད་པ་ཁོ་བོས་གཡོ་སྒྱུར་བལྟས།།
ང་བདེན་ཁྱོད་རྫུན་རྩོད་པའི་དོ་ར་རུ།།
བདེ་པ་ཉག་གཅིག་ཡོད་མེད་ཐེ་ཚོམ་གྱུར།།
ཧཧཧཧཧཧ་ཁར་སང་ཁྱེད་ཚོ་རིགས་ཅིག་གིས་ལོ་གསར་གྲ་རྒྱས་པོ་གཏོང་དགོས་ཟེར་སོང་ང་ད་ཡང་བློ་འགྱུར་ཚར་འདུག
མེ་དཀར་གྱིས་བཤད་པ་བདེན་སྤྲུལ་གོ་ཚོ་གང་ན་ཟ་རྒྱུ་ཡོད་སར་དེར་སླེབས་ཟེར་བ་ཞིག་བཤད་སོང་དྲན།
ཨ་ལགས་ཀུ་རྩེད་ཞུས་ཡིན་ད། ཧཧཧཧཧ
ཨོ་ཉི་འདི་སྨྱོན་ཙར་འདུག། ཆང་འཐུང་གི་སྐད་ཆ་རང་རེད། སྤྱིར་མི་འདི་སྨྱོན་ལས་ཞིག་ཡིན། ཆུང་ཆུང་དུས་ནས་མི་ཁྱད་ཚར་པོ་ཕྲུ་གུ་གླེན་པ་ཞིག་ཡིན། དྲ་གྲོགས་ཚོ་མི་འདི་འདྲ་པོ་ལ་ཁ་ཡ་མ་བཤད་ན་བཟང།
ཨོ་རྒྱན་ཉི་མ་ཟེར་བ་འདིའི་སྐད་ཆ་རྫིག་པོ་རྐྱང་རྐྱང་བཤད་ནས་དོན་ངོ་མ་ཅི་བསམ་ཡོད་པ་ཧ་མི་གོ་གི་གོང་གི་རྩོམ་ཡིག་དེ་ལ་ལྟོས་ན་དངོས་གནས་བོད་སྤྱི་བ་དང་ལྷག་པར་ཏུ་བཀའ་དྲི་ལ་མཛད་མཐའ་མེད་བའི་སྔོན་བྱོན་གྱི་མཁས་དབང་ལ་ཕྱི་དྲན་དང་རྗེས་དྲན་ཞིག་གི་ཚུལ་དུ་བྲིས་ཡོད་པ་འདྲ་འོན་ཀྱང་རྩོམ་གཞན་དག་གི་བརྗོད་གཞི་དང་དགོས་བ་སོགས་ལ་བསམ་གཞིག་དང་དཔྱད་ཤེས་ཞིག་གནང་ན་དེ་ནི་ཕལ་ཆེར་མི་ཕྱོགས་ཟེར་ན་རང་གཡག་རྣ་ལོ་མི་དྲང་རང་ཕྱོགས་ཟེར་བའི་དཔེ་ནང་བཞིན་འདྲ་མཐོང་སོང་།
རང་ཕྱོགས་
གནམ་ལ་མ་རིག་མུན་སེལ་ཉི་འོད་འཕྲོ།།
ས་ལ་ལོ་ཏོག་འབྲུ་དྲུག་སྨིན་ཞིང་ལེགས།།
འཚོ་བ་གསར་རྙིང་བརྗེ་བའི་ཚེས་བཟང་ལ།།
སྙིང་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།།
གཏི་མུག་དྲ་རྒྱས་བཅིངས་པའི་འཇིག་རྟེན་ན། །
ཤེས་རབ་རལ་གྲིའི་རྩེད་མོ་ངོམས་པའི་ཚེ། །
བླུན་རྨོངས་དཔུང་ལ་འཇིགས་པ་བརྒྱ་བྱིན་མཁན། །
བདག་གི་བླ་མ་དགེ་འདུན་ཆོས་འཕེལ་རྒྱལ། །
འདི་ན་འགའ་ཞིག་ཕྲག་དོག་དུག་གི་ཆུ། །
སྙིང་ལ་བཞུར་བས་ཚོར་བ་མ་བཟོད་པར། །
ངན་སྨྲས་བྲག་ཆའི་རོལ་མོ་འཁྲོལ་བ་འདི། །
རང་གིས་རང་ལ་ངལ་བ་བསྐྲུན་པ་ཙམ། །
ས་སྟེང་འདི་ཡི་འདོད་ཡོན་ཀུན་གྱི་མཆོག །
ལྷན་སྐྱེས་དགའ་བ་འབུམ་ཕྲག་འབྱུང་བའི་གནས། །
ལས་ཀྱི་ཕྱག་རྒྱར་རོལ་བའི་ཆོ་ག་ཉིད། །
འདོད་པའི་བསྟན་བཅོས་འདི་ལ་སུ་མི་མགུ །
རྟག་ཆད་ལྟ་བའི་མུན་དོང་གཏིང་རིང་བོར། །
ཡུན་རིང་ཉལ་བའི་བློ་ཅན་འདྲེན་པའི་སླད། །
ཁས་ལེན་ཀུན་བྲལ་ཟབ་མོ་དབུ་མའི་ལུགས། །
ཀླུ་སྒྲུབ་དགོངས་པ་སླར་ཡང་གསལ་བར་བྱས། །
སྔོན་ཚེ་སཱ་ལའི་ལྗོངས་ཀྱི་ཞིང་དེ་ན། །
སྐད་གཉིས་སྨྲ་བ་མང་དུ་བྱོན་གྲགས་ཀྱང་། །
དུས་ཀྱི་མཐའ་འདིར་རྒྱལ་བའི་གསུང་རབ་ཞིག །
རང་རེའི་སྐད་དུ་དྲངས་པ་ཁྱོད་གཅིག་པུ། །
དོན་དུ་རྟོགས་པ་མཁའ་ལྟར་རྒྱ་ཆེ་ལ། །
ཕྱི་རུ་གྲུབ་ཐོབ་ཆེན་པོའི་བརྟུལ་་ཞུགས་ཀྱིས། །
ཆོས་བརྒྱད་རེ་དོགས་དབྱིངས་སུ་བསྐྱལ་མཁས་པ། །
སྦས་པའི་རྣལ་འབྱོར་ཞབས་ལ་གསོལ་བ་འདེབས། །
སྔོན་བྱོན་མེས་པོས་དཀའ་བརྒྱ་ཕྲག་གིས།།
བསྒྲུབས་པའི་རིན་བྲལ་མདོ་སྔགས་གཞུང་ལུགས་ལ།།
རྩིས་ཐང་མེད་པར་རང་སྣང་གང་དྲན་གྱིས།།
ཆུང་ངུའི་ཕྱིར་དུ་ཆེ་བཏང་ཁྲེལ་བའི་རྒྱུ།།
སྤྲུལ་སྐུ་རིན་པོ་ཆེས་སྤྱོད་འཇུག་གི་ཚིག་དེ་བཀོད་སྤྱོད་མང་བོ་གནང་འདུག །
སྔོན་གྱི་དུས་སུ་དཔལ་ལྡན་མར་མེ་མཛད། །
དེང་འདིར་སྤྲུལ་སྐུ་ཨོ་རྒྱན་ཉི་མ་སོགས། །
ཐུགས་བསྐྱེད་ཟབ་པའི་དམ་པ་དེ་དག་གིས། །
བསྟན་པ་དག་ཐེར་མཛད་ལ་བདག་ཡིད་རེང་། །
ཁྱེད་རྣམས་ཡོད་མེད་ཇི་ལྟར་སྨྲ།
རང་རང་སོ་སོའི་རྣམ་རྟོག་ཡིན།
བོད་ཡིག་དག་དང་མ་དག་་ཀྱང་།
འབྲི་ན་དག་ཏུ་འགྲོ་ཐག་ཆོད།།
་
དུས་སྐབས་འདི་ལ་རང་ཅག་དགའ། ཞེས་སོ།།
ལེགས་ཉེས་སྣང་བ་རྣམ་རྟོག་གྲངས་བཞིན་དུ། །
ཆོས་ཚུལ་དཔག་ཡས་སྔོན་ཡང་གསུངས་ཟིན་ལ། །
མ་འོངས་འབྱུང་འགྱུར་སངས་རྒྱས་སྟོང་རྩ་ཡིས། །
ཅིས་ཀྱང་གསུང་ངེས་ཁྱེད་ཅག་བགས་ཕེབས་མཛོད། །
སངས་རྒྱས་སྟོང་གིས་ཆོས་འཁོར་བསྐོར་བའི་ཚེ།།
གདུལ་བྱའི་ཁམས་དང་མོས་པར་སྟུན་པ་ལས།།
རང་ཤེད་ཁོ་ནས་གདུལ་བྱ་འདུལ་མེད་པ།།
འདི་ཡང་བསླབ་བྱའི་སྲོག་ཏུ་འཛིན་པར་འོས།།
བསྟན་པ་རྒྱས་པར་འདོད་ན་དམ་སྡོམ་སྲུང་།།
བོད་མི་བདེ་བར་འདོད་ན་བསྟན་པ་སྲུང་། །
སེམས་ཅན་བདེ་སྐྱིད་བསམ་ན་སྲོལ་བཟང་སྲུང་།།
མདོར་ན་ཆོས་ལ་མ་བརྟེན་བདེ་ཐབས་མེད།།
ནང་ཆོས་དྲིན་གྱིས་སྤྲུལ་སྐུའི་མིང་བྱང་རགས།།
ནང་ཆོས་དྲིན་གྱིས་ཨ་ཅེ་མཛེས་མ་འཐོབ།།
ནང་ཆོས་དྲིན་གྱིས་ཨ་སྒོར་རྒྱ་སྒོར་འཐོབ།།
ནང་ཆོས་བཀའ་དྲིན་ཆེ་བ་ལོས་ཀྱང་བདེན།།
ནང་ཆོས་དྲིན་གྱིས་སྤྲུལ་སྐུའི་མིང་བྱང་རགས།།
ནང་ཆོས་དྲིན་གྱིས་ཨ་ཅེ་མཛེས་མ་འཐོབ།།
ནང་ཆོས་དྲིན་གྱིས་ཨ་སྒོར་རྒྱ་སྒོར་འཐོབ།།
ནང་ཆོས་བཀའ་དྲིན་ཆེ་བ་ལོས་ཀྱང་བདེན།། !