ཧི་མ་ལ་ཡའི་འཕྲུལ་སྨྱུག
སངས་རྒྱས་༼པའི་༽ཆོས་གཞུང་ནས་བཤད་པའི་འཇིག་རྟེན་སྣོད་བཅུད་གཉིས་ཀྱི་རྣམ་གཞག་ལ། མངོན་པ་གོང་འོག་གི་ལུགས། ས་སྡེ་ལྔའི་ལུགས། འཇིག་རྟེན་གདགས་པའི་ལུགས། སངས་རྒྱས་རྨད་བཅད་ཀྱི་ལུགས། མཁའ་འགྲོ་རྒྱ་མཚོའི་ལུགས། དུས་ཀྱི་འཁོར་ལོའི་ལུགས་སོགས་རྣམ་གཞག་ཕྲན་ཚེགས་མི་འདྲ་བ་མང་པོ་ཞིག་ཡོད་པར་གྲགས་ཀྱང༌། སྤྱིའི་ཆ་ནས་བཤད་ན་མངོན་པའི་ལུགས་དེས་མ་ཁྱབ་པ་དང་མ་འཐུས་པ་གང་ཡང་མེད། ༼ཅེས་པ་དེ་ཡང་མ་ངེས་པའི་གཏན་ཚིག་ཅིག་ཡིན་ཏེ། ཟ་མ་ཏོག་བཀོད་པའི་མདོ་ལས། སྣོད་བཅུད་ཐམས་ཅད་སྤྱན་རས་གཟིགས་ལས་བྱུང་བར་གསུང་བ་ལ་སོགས་པས་སོ།། གཙོ་ཆེར་སློབ་དཔོན་དབྱིག་གཉེན་གྱི་༽མངོན་པའི་ལུགས་ཀྱི་འཇིག་རྟེན་༼གྱི་ཁམས་ཇི་༽ལྟ༼ར་གྲུབ་༽ཚུལ་༼རྣམས། སྐབས་དེ་དང་དེའི་ཚེ་དགོས་པ་དང་། དགོངས་གཞི་དུ་མར་དམིགས་ཏེ་གསུངས་པ་༽དེ་ནི། མི་ལོ་སྟོང་ཕྲག་མང་པོའི་གོང་ནས་འཛམ་གླིང་ཤར་༼ཕྱོགས་ཀྱི་མུ་སྟེགས་པའི་གཞུང་ལུགས་རྣམས་དང༌། སངས་རྒྱས་ཀྱིས་གསུང་ཉན་ཐོས་ཐེག་པའི་མངོན་པའི་སྡེ་སྣོད་ཁག་ཅིག་རྨང་གཞི་མཛད་དེ་བརྩམས་པ་ཞིག་རེད། དེར་བརྟེན་མཛད་ཕྲིན་གྱི་ཆ་ནས་སངས་རྒྱས་གཉིས་པར་གྲགས་པ་ཁོང་གིས་མཛོད་གནས་གསུམ་པ་དེ་ཉིད། བརྩོམ་པ་ལས་མ་བརྩམས་པ་དགའ་ཞེས་པའི་ཀླན་ཀ་དེ་ཁོང་གཅིག་པུ་ལ་འཇུག་དགོས་དོན་གང་ཡང་མི་འདུག་སྟེ། དེའི་ཁུངས་བཅོལ་ཡུལ་དུ་གྱུར་བའི་བཀའ་བསྟན་རྣམས་ལའང་ཐལ་བར་གྱུར་པའི་ཕྱིར་རོ།།
གོང་གི་ལྟ་ཚུལ་དེ་༽ནུབ་༼ཕྱོགས་པ་༽ཡོངས་ལ་ཁྱབ་པའི་བཤད་སྲོལ་རྙིང་པ་དེ་རང་ཡིན་པས་༼ཞེས་པ་ལ་བགམ་ན། ནུབ་དར་གྱི་ཡུལ་གྲུ་དེ་དང་དེ་དག་གི་མཁས་པ་སུ་དང་སུ་ཞིག་གིས་བརྩམས་ཆོས་ཀྱི་དགོངས་དོན་ཁ་གསལ་བཀོད་རྒྱུ་ཡོད་ཚེ། ཀློག་པ་པོ་རྣམས་ལ་ངེས་ཤེས་རྙེད་གྱུར་ཕན་རླབས་ཆེ་བར་སྙམ།༽ དེ་ཉིད་༼ཅེས་པའི་དེ་སྒྲ་འཇུག་ཡུལ་དེ་༽དེང་སང་གླེང་དགོས་པ་དང་གླེང་རིན་ཡོད་པ་ཞིག་རྩ་བ་ནས་མིན་མོད་༼གསུངས་པ་དེ། རིག་གཞུང་རྙིང་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་ན་ནི། ནུབ་ཕྱོགས་ (greece) གྷེ་རེ་སེའི་ནས་དར་བའི་ཚན་རིག་དེ་ལ་ཡང་དེར་ཐལ་བར་གྱུར་ལ།༽ ༼དེ་མིན་༽རང་རེ་བོད་ཀྱི་མཁས་པ་ཕལ་མོ་ཆེ་ཞིག་གིས། དེང་༼དུས་རབས་ཉེར་གཅིག་པའི་ས་བྱི་སྤྱི་ལོ། ༢༠༠༨ ཡས་མས་ནང་༽གི་གནམ་རིག་པ་དག་དང་མི་འགྲིག་བཞིན་དུ་མཐུན་ཐབས་འཚོལ་བ་༼མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང༌། དབུས་ཕྱོགས་མཁས་དབང་དཀོན་མཆོག་རྒྱ་མཚོ་༽སོགས་༼ཀྱིས་སྨྱུག་༽ལྕེ་ཕར་བསྒྱུར་༼ཚུར་བསྒྱུར་༽སྣ་ཚོགས་བྱས་༼པ་ཙམ་ལ་ཁ་འགེལ་གྱི་ཡོད་ན་ནི། ཁྱེད་ཀྱིས་འདིར་བཀོད་ཀྱི་ཚན་རིག་པའི་བཞེད་པ་ཕལ་ཆེར་ཡང༌། དུས་རབས་ཇི་ཙམ་གྱི་ཚན་རིག་པའི་འདོད་ཚུལ་ཡིན་མིན་ཡང༌། ཁ་ནང་དུ་མ་འཁོར་བའི་ཡིག་འགྲོས་ཤིག་ཏུ་ཐལ་༽ཏེ། ད་དུང་ཡང་རང་ལ་དག་པ་སྟེར་བའི་རེ་སྟོང་རྒྱག་བཞིན་འདུག་པ་འདི་ནི། ཤིན་ཏུ་མི་འོས་པ་ཞིག་ཡིན་པས་༼སོ།།
གཞན་ལ་སྨྱོན་པ་ཟེར་བ་ལ། །རང་ལ་སྨྱོ་ཤས་མེད་པ་དགོས། །ཞེས་པ་ལྟར་༽དྲང་པོ་མིན་པའི་སྨྲ་མཁན་ཁོང་རྣམ་ཚོ་རེ་ཐག་ཆོད་པའི་འཁྲུལ་ངོ་རགས་ཙམ་ཞིག་༼ངོ་༽སྤྲོད་པར་བྱའོ་༼ཞེས་པའི་འཆལ་བྲིས་དེ་ནི། རྙིང་ན་རྙིང་མཉམ་དང༌། གསར་ན་གསར་མཉམ་གྱི་ལྟ་ཚུལ་ཙམ་ཡང་མི་འཛིན་པའི་རང་རློམ་ཕྱི་རོལ་ཏུ་མངོན་པའི་དཔང་རྟགས་སུ་ངེས་ལ། མདའ་སྨྱུག་པ་ཁོང་གི་ཕྱོགས་སྔར་གྱུར་པ་རྣམས་ལ་ཡང༌། ཐལ་དྲག་པའམ་ཐུགས་སྙམ་པར་མ་བཞག་པའི་ཉེས་ཆ་གང་མཚམས་རེ་འོག་ནས་གསལ་སྟོན་གནང་ཡོད་ཀྱང༌། སྔར་གྱི་གཏམ་དཔེར། མི་ལ་འཕྱ་གསུམ་འཕྱ་བ་ལ། །རང་ལ་འཛོམ་གསུམ་འཛོམ་པ་དགོས། །ཞེས་པ་ཞིག་ཡོད་དགོས་ཚོད་ཅིག་ཡིན་ནའང༌། དེ་ནི་དེ་ལས་ཟློག་སྟེ་ཁོང་རང་གིས་སྐབས་འདིའི་བརྗོད་དོན་གྱི་མདོག་སྐྱ་ཡང་འདི་ལྟར་དུ་སྣང་སྟེ། སྐབས་འདིའི་(མངོན་པ་གོང་འོག་གི་ལུགས་)ཀྱི་(རྣམ་གཞག་ཕྲན་ཚེགས་མི་འདྲ་བ)་གང་དང་གང་ཡོད་པའང་དཔྱད་གཞི་རེད་ལ། སྐབས་འདིའི་ཡིག་འབྲུ་ཁ་ཤས་ནི་དྲན་འཕྲུལ་གྱི་ཚིགས་ཕྲེང་ཞིག་བསྒྲིགས་པར་མངོན་ཏེ། དང་པོ་(ཕྲན་ཚེགས་མི་འདྲ་)ཞེས་བཀོད་མ་ཐག དེ་ནས་(མང་པོ་ཞིག་ཡོད་པར་གྲགས་ཀྱང)་ཞེས་པ་ལས་ཀྱང་དཔོག་ནུས་ལ། (སྤྱིའི་ཆ་ནས་བཤད་ན་མངོན་པའི་ལུགས་དེས་མ་ཁྱབ་པ་དང་མ་འཐུས་པ་གང་ཡང་མེད)། ཅེས་བྲིས་པ་དེ་ཡང་ཧམ་བཤད་དུ་ངེས་ཏེ། མངོན་པའི་ལུགས་ཀྱི་ཕྱི་སྣོད་ཀྱི་དབྱིབས་དཔེ་རིས་སུ་བྲིས་པ་ནི། བོད་བརྒྱུད་དགོན་པ་ཁག་གི་འདུ་ཁང་གི་སྒོ་འཆོར་དུ་བྲིས་པའི་སྣང་བརྙན་དེ་ཡིན་ལ། དུས་འཁོར་གྱི་ལུགས་ཀྱི་དབྱིབས་དེ་ནི། ཁྱེད་རང་གིས་དགོངས་བཞེད་ལྟར་ན་(ཧ་ལམ་བོད་ལུགས་ཀྱི་མཆོད་རྟེན་ཆེ་ཆུང་གཉིས་རྩེ་སྤྲོད་ཀྱིས་བསླངས་པ་ལྟ་བུ་ཞིག་བཤད་འདུག་པས་རྡོ་རྗེ་སྐེད་ཉག་གི་དབྱིབས་དེ་ལ)་ཞེས་པ་ལྟར་ན། ལུགས་དེ་གཉིས་ཀྱི་དབྱིབས་ཀྱི་ཐད་ལའང་ཐད་མཐུད་ཐབས་མེད་པ་ཞིག་མངོན་ན་ཡང༌། (སྤྱིའི་ཆ་ནས་བཤད་ན་མངོན་པའི་ལུགས་དེས་མ་ཁྱབ་པ་དང་མ་འཐུས་པ་གང་ཡང་མེད)། ཅེས་པའི་ཞྭ་རློན་ལྕི་མོ་དེ་ནི། སྐུ་ཉིད་ཀྱི་དབུ་ཐོག་ཏུ་སྣོམ་དགོས་པའི་ཕྱིར་རོ།།
གལ་སྲིད་རྣམ་པ་དེ་(ཕྲན་ཚེགས་མི་འདྲ་བ་མང་པོ་ཞིག་ཡོད་པར་གྲགས་ཀྱང་)ཕྱོགས་ཡོངས་ནས་མི་འདྲ་མེད་དོ་ཞེས་ན་ནི། ཁྱེད་ཀྱི་ཁ་གཏད་(དྲང་པོ་མིན་པའི་སྨྲ་མཁན་)ཚོ་ལ་ཡང༌། ཁྱེད་རང་གིས་འོག་ནས་བྱུང་བའི་རིགས་པ་རྣམས་ཀྱིས་གནོད་མི་ཐུབ་པ་མ་ཟད། ཤེས་བྱ་ཐམས་ཅད་ཀྱང་ཁྲ་ལེབ་ཏུ་མི་འགྱུར་བའི་ངེས་པའང་མེད་དོ།།
དགག་སྟངས་མ་གསལ་བའི་དགག་ལན་འདི་། རང་ལུགས་མ་གསལ་བའི་ཚ་སྨྱུག་གི་ལེན་ལ་འགྲོ་ས་མི་འདུག་།