མཁོ་གཏོང་བ། བློ་བཟང་ཆོས་གྲགས།
༄༅།། བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ ༢ ཚེས ༡༡ རབ་གནས་ཆུ་སྦྲུལ་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་དུ་ལྷ་མོའི་ཚེས་གཏོར་གཟབ་རྒྱས་མཛད་སྲོལ་༸རྒྱལ་དབང་རིམ་བྱོན་ནས་བསྐྱངས་དང་སྐྱོང་མུས་ལྟར། སྔ་དྲོའི་ཕྱག་ཚོད་ ༧།༠༠ པའི་ཐོག་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞི་བསྐྱང་རྒྱུར། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་ནས་བཞུགས་ཁྲི་རིན་པོ་ཆེར་མནྜལ་བརྟེན་གསུམ་འདེགས་འབུལ་དང་། དེ་རྗེས་ལྷ་མོའི་གསུང་བསྐང་བཀའ་དྲིན་ཆེ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་ལས་ཐོག་དང་ལས་ཟུར་རྣམས་དང་། བོད་མི་མང་སྤྱི་འཐུས་ལས་ཐོག་དང་ལས་ཟུར་རྣམ་པ་བཅས་ཀྱི་ཁོངས་ནས་ངོ་བཅར་ཞུ་བློ་ཡོད་རིགས་བཅར་འཐུས། ཕྱག་ཚོད་ ༨།༣༠ ཐོག་ལོ་གསར་མཛད་སྒོ་གཙུག་ལག་ཁང་ཚོམས་ཆེན་དུ་མཛད་བཅར་བ་རྣམས་གདན་འཛོམས་པ་དང་། རྣམ་གྲྭ་གསུང་ཞབས་རྣམས་ནས་སྐྱབས་སེམས་དང་། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་བཅས་ལེགས་པར་གསུང་འདོན་ཟིན་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དཔལ་ལྡན་སྲིད་སྐྱོང་མཆོག་བཅས་ནས་བཞུགས་ཁྲི་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ། དེ་སྐབས་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་ཚུགས་རྒྱུ། དེ་རྗེས་གསོལ་ཇ་བཞེས་འབྲས་རིམ་བཞིན་ཕེབས་རྒྱུ། བགྲོ་གླེང་པས་ཚིག་བཀྲ་བཅད་དེ་བཞུགས་ཁྲི་རིན་པོ་ཆེར་མཇལ་ཁ་ཞུས་རྗེས་ཀ་ཁྲི་སྒྲོག་སྟེ་ལོ་གསར་མཛད་སྒོ་ལེགས་པར་གྲུབ་པ་བཅས་ཀྱི་མཛད་རིམ་དུ།
ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ལ།།
ཚོགས་ལང་ཟེར་ན་གང་རེད།
མང་ཚོགས་ཀྱི་དཀྱིལ་དུ་ལང་ནས་ཡིན་པར་ཐལ་མིན་པར་ཐལ་འདོད་རྟགས་མ་གྲུབ་ཅི་ཡི་ཕྱིར་སོགས་བཀྲ་ཤིས་པའི་ཚིག་འཕྲེང་འདྲ་བརྗོད་པ་དེ་ལ་ཟེར་བ་ཡིན་དྲོ།
ཁྱེད་ཀྱི་ལང་དང་ང་ཡི་ལང་གཉིས་ཀ་ནོར་འདུག
ང་གཉིས་ཀའི་ཚབ་བྱས་ཏེ་ལང་ཞེས་པ་་་་་་ལངས་ལ་བཅོས་རོགས
འོན་ཀྱང་ཚོགས་ལངས་ཟེར་བ་རྒྱས་ཙམ་བརྗོད་ན། བཀྲ་ཤིས་པའི་ལས་སྣེ་སོགས་ཀྱི་སྐབས་སུ་རབ་འབྱམས་པའམ་དཔེ་ཆ་བ་ལེགས་གྲས་གཉིས་ནས་དགེ་འདུན་མང་ཚོགས་ཀྱི་གྲལ་དབུས་སུ་རའཙོད་ཞྭ་དང་རྨད་གོས་གྱོན་ནས་གཅིག་གི་སྔ་རྒོལ་དང་གཅིག་གིས་ཕྱིར་རྒོལ་གྱི་ཚུལ་དུ་རྣམ་པར་བསྟན་ནས་ཆོས་གཏམ་གྱི་རྩོད་པ་བྱེད་པ་ལ་ཟེར། དགོན་སྡེ་འགའ་ཞིག་ཏུ་ལོ་གསར་ཚེས་གཅིག་གི་ཉིན་དགེ་འདུན་མང་ཚོགས་ཀྱི་དཀྱིལ་དུ་བཞེངས་ནས་བཀྲ་ཤིས་པའི་ཚིག་བཀྲའི་རྩོད་པ་བྱེད་སྲོལ་ཡོད། འགའ་ཞིག་ཏུ་འཁོར་ལོ་བསྒྱུར་རྒྱལ་སྟོང་གི་སྐྱེ་བ་བཞེས་ཚུལ་གྱི་སྐོར་ལ་ཆོས་ཀྱི་གཏམ་རྩོད་སྲོལ་འདུག བོན་རྙིང་ཚོས་རྫོགས་ཆེན་གྱི་ཚིག་བཀྲ་རྩོད་སྲོལ་འདུག
ཨ་ལེ། ལོ་གསར་ལ་ གད་སྙིགས་ཤིག་བསྐྱར་སྟོན་བྱེད་ཡ་རེད།
སངས་རྒྱས་བསྟན་པ་དར། བོད་མིའི་རླུང་རྟ་དར། རྒྱལ་བའི་སྐུ་ཚེ་བརྟན། བོད་མིའི་འཐབ་བརྩོད་བརྟན། ངེད་དགའི་བསམ་དོན་འགྲུབ། ཚང་མའི་སྤྱི་དོན་འགྲུབ། དགྲ་མགོ་རྡོག་པས་ནོན། བོད་མགོ་མཁའ་ལས་མཐོ། ལོ་གསར་བའི་ནང་ཅི་བསམ་བ་བཞིན་འདི་བསམ་པ་ཞིག་སྨུན་པའི་བཀྲ་ཤིས་སྨོན་ལམ་ཞུ།
དྲ་འབུ་ཚོའི་ཡིག་རྩ་ཇེ་སྲལ། སྲིད་དོན་པའི་ལྕེ་རྩ་ཇེ་བདེ། རྒྱ་འདྲེ་ཚོའི་ཀླད་རྩ་ཇེ་ཞན། ཆོས་བ་ཚོའི་ཐུགས་རྩ་ཇེ་འཇམ། གླུན་པོ་ཚོའི་སེམས་རྩ་ཇེ་གསལ། ཁ་བརྡ་ཚང་ཁྲིམས་རྩ་ཇེ་ལྷོད། ཀླད་རྩ་སྲོག་རྩ། རྩ་བ་རྩ་ཁམས་ཡོད་ཚད་རང་རང་སོ་སོའི་ཐད་ནས་ལོ་གསར་བའི་ནང་དུ་རྩ་ལ་ཐུག་པའི་རྩ་ནད་ཚང་མ་དག་ཞིང་རྩ་ཚང་ལུས་བདེ་ཡོད་པའི་སྨོན་ལམ་ཞུ།
འདོད་ཁམས་དབང་ཕྱུག་མའི་ཚེ་གཏོར་མིན་ནམ། ཚེས་གཏོར་ཟེར་འོངས་དུས་་་་་་
ལོ་གསར་པ་འདི་ནི་སྦྲུལ་ལོ་ཡིན་པས་ལོ་འདིར་མི་རྣམས་ཀྱི་སེམས་རྒྱུད་ང་རྒྱལ་དང་ཞེ་སྡང་ཆེ་རབས་བཤད་འདུག་ལྷག་པར་དུ་དྲ་རྩོམས་དང་དྲ་མཆན་པ་དག་ལ་འབྱུང་རབས་བཤད་འདུག ད་ གང་ལྟར་ལོ་འདིར་དྲ་རྩོམས་པ་རྣམས་ཀྱི་ང་རྒྱལ་ཞི་བར་ཤོག་དྲ་མཆན་པ་རྣམས་ཀྱི་རྩོད་རྙོག་ཞི་བར་ཤོག ཁ་བརྡའི་དྲ་བ་གཙོས་པའི་དྲ་བ་རྣམས་སུ་ལུང་དང་རིགས་པའི་སྒོ་ནས་གནས་ལུགས་རྒྱུ་མཚན་རྩོད་པ་ལས་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཟེར་ནས་རྩོད་པ་མི་འབྱུང་བར་ཤོག་ལོ་འདིར་ཆོས་ལུགས་རྣམས་མཐུན་བསྒྲིལ་དང་མི་རིགས་རྣམས་མཛའ་བཅུགས་ཀྱི་དཔལ་ལ་ལོངས་སུ་སྤྱོད་པར་ཤོག དྲ་འབུ་ཐམས་ཅད་དྲ་མིར་འགྱུར་བར་ཤོག
མེ་དཀར་དང་བན་དེ་བ་གཉིས་ལ་ཨང་དང་པོར་སྨོན་འདུན་འདི་མངོན་འགྱུར་ཡོང་བར་ཤོགས། ཧཧཧ བཀུ་རེ་ཡིན་ནོ།