རེབ་ཐོག་མདའ།
ལོ་གསར མི་བུ་བརྒྱའི་ཁ་ཆེམས་དང་མཉམ་ཏུ
ལོ་གསར མཐོ་སྒང་གངས་རིའི་ན་ཟུག་དང་ལྷན་ཏུ
གླུ་ལེན་བཞིན བྲོ་འཁྲབ་བཞིན
བྱིས་པ་ཚོའི
རེ་སྒུག་གི་མིག་ཟུང་འཛུམ་གྱིས་བཞད་ན་ཡང
མནའ་མ་ལེན་བཞིན བུ་སྟོན་བྱེད་བཞིན
ཨ་རག་ཅུང་ཙམ་འཐུང་དགོས་པ་བདེན་ཡང
བདག་ལ་ད་ལོ་ལོ་གསར་མེད
ལོ་གསར ངེད་ཚང་གི་མུན་ནག་གི་ལོ་ཟླ་ཡིན་ལ
ལོ་གསར ང་དང་ཕུ་ནུ་ཞིག་གི་ཚེ་སྲོག་གི་མཆོད་པ་ཡིན
སྡེར་ཁ་མཐོན་པོ་དེ ལུག་ཤ་ཚོན་པོ་དེ
དགོད་སྒྲ་དང་བསྡེབས་ནས་བཟའ་ན་འདོད་ཀྱང
ནས་ཆང་སྔོན་མོ་དེ འོ་ཇ་དཀར་པོ་དེ
ཕ་མ་དང་ལྷན་དུ་བཏུང་འདོད་ན་ཡང
ད་ལོར་བདག་ལ་ལོ་གསར་མེད
ད་དུང
ངེད་ཚང་ལ་མེ་ཏོག་མ་བཞད་པས
ངེད་ཚང་ལ་ཉི་ཟླ་མ་འཆར་བས
ལོ་གསར་གྱི་སྒོ་གླེགས་རྡུང་དང་རུང
ལོ་གསར་གྱི་དུངས་སེམས་བསྟན་དང་རུང
བདག་ལ་ལོ་གསར་མེད
སྦྲང་གི་རྩྭམ་ཞིག་དང་འོ་ཇ་དཀར་པོ་ཞིག
བདག་ཁེར་རྐྱང་ངང
ན་ནིང་གི་གཏམ་རྒྱུད་དེ་ཀློག་རིམ་བཞིན
ཁ་སང་གི་ལོ་རྒྱུསའབྲི་རིམ་བཞིན
བདག་ལ་ལོ་གསར་མེད
སྦྲ་ནག་གི་རྨི་ལམ་བོར་བའི་ལོ་དེ་ནས
ངེད་ཚང་ལ་ཁ་བ་རྒོད་པས
ངའི་ཕུ་ནུ་དག
ངའི་སྤུན་ཟླ་དག
སྡུག་བསྔལ་གྱི་ཀློང་ན
དེར་བརྟེན
མིག་ཆུ་དང་ན་ཟུག་འཁུར་བའི་ངེད་ཚང་ལ་་་་་་་་ལོ་གསར་བཟང་ངམ
ཤིན་ཏུ་མད། གོ་རྒྱུ་བཟང་།
སྙན་ངག་ཁ་ཆག་མ་འབྲི་ནོ་ངར་ཁི་ཡ། ཧཧཧཧ
ང་ལ་ཡང་ལོ་གསར་མེད།
ཆང་ཟིག་འཐུང་དགོས་བསམ་གི་རེད་ཨ།
ར་བཟི་ན་གླུ་ལེན་རྒྱུ་རེད་འདོད་ཀི།
གླུ་འཐེན་ན་གྲོ་འཁྲབ་ཀི་རེད་བསམ།
ད་ཆང་ཡང་མི་འཐུང་རྒྱུ་ཡད།
Ops བྲོ་ལ་བཅོས།
སྙན་ངག་རྐང་འཐེང་མ་ཟེར་བ་ཡིན་ས་རེད།
སྟོབས་དང་འབྱོར་བ་ཡོད་མེད་རྒྱལ་ཁབ་ཀུན་གྱིས། །
རང་རང་ཚོད་ཀྱིས་ལོ་གསར་དགའ་སྤྲོས་བཏང་མོད། །
ཆོས་ལྡན་ཁ་བ་རི་བའི་བོད་པ་ཚང་ལ། །
སྐྱིད་པའི་ལོ་གསར་མེད་པའི་དུས་འདི་སྐྱོ་ཨང་། །
ཕྱུག་པོས་བཟའ་བཏུང་ཚོད་མེད་བཤམས་ཤིང་། །
དབུལ་བས་ལྡེར་ཁ་འགྲིག་ཙམ་བསྒྲིགས་ནས། །
གླུ་གར་རྩེད་མོས་ལོ་གསར་བཏང་མོད། །
ང་ཚོར་ལོ་གསར་མེད་པས་སྐྱོ་ཨང་། །
ལས་ངན་ཁོ་བོའི་ཐོད་རུས་སྐམ་པོ། །
མི་ཡུལ་འདི་ནས་མ་འཐོར་གོང་ལ། །
གཞིས་བྱེས་མཉམ་དུ་འཛོམས་རྒྱུ་བྱུང་ན། །
འདྲེ་ངའི་རེ་བ་དེ་གས་འགྲིག་སོང་། །
མི་ལོ་བརྒྱ་བཅུའི་སྒང་ལ་ཕེབས་ཀྱང་། །
ད་དུང་དུ་ཡང་ཉིན་ཚན་ཀུན་ཏུ། །
སྐྱོ་བ་མེད་པར་སྐུ་ངལ་མཛད་པའི། །
ང་ཡི་བླ་མའི་སྐུ་ཚེ་བརྟན་སྨོན། །
བོད་ཀྱི་བརྡ་སྤྲོད་གཞུང་དུ།
ལོ་སར་ལས་ལོ་གསར་ཞེས་མི་འབྲི། འོན་ཀྱང་། གནམ་ལོ་གསར་བ་ཞེས་སུ་འབྲི་དགོས་ཡོད། རྒྱུ་མཚན་རྟགས་འཇུག་ལ་ངེས་པ་ཅུང་ཟད་ཡོད་མཁན་ཞིག་ཡིན་ན་གསལ་བོར་ཤེས་ངེས་ཡིན།
དཔེར་ན།
ལོ་སར་བཟང་།
གནམ་ལོ་གསར་བ་ཕེབས་སོང་།
གནམ་ལོ་གསར་བ་བཟང་ཟེར་ན་འགྲིག་གམ། དེ་འགྲིག་ན་དེ་བསྡུ་མ་བྱས་ནས་ལོ་གསར་ལ་གོ་ན་མི་ཆོག་གམ།
བོད་རྒྱ་ཚིག་མཛོད་ཆེན་མོ་དང་་་་སྨོན་ལམ་ཚིག་མཛོད་སོགས་ན་་་་སར་འདི་་་་གསར་བའི་འབྲི་ཚུལ་གཞན་ཡིན་ཚུལ་གསུངས་འདུག གསར་དང་སར་གཉིས་དོན་འདྲ་ཡང་་འཇུག་ཡུལ་མང་ཉུང་དང་་་་་འཇུག་སྟངས་བདེ་མིན་ལ་ཁྱད་པ་ཅུང་ཡོད་པ་འདྲ། སར་ཉལ་ཟེར་ནས་འབྲི་དགོས་པ་ལས་་་གསར་ཉལ་མི་འབྲི་་་གསར་དུ་ཉོས་པའི་ཅ་ལག་ཟེར་བ་ལས་་་སར་དུ་ཉོས་པའི་ཅ་ལག་ལབ་ན་ཅུང་མི་བདེ་་་་་རེད་་རྟགས་འཇུག་ན་ལོ་གསར་ལ་་ལོ་སར་ཡིན་ཚུལ་བཀོད་ཡོད་པ་ཅང་སེམས་ལ་མི་དྲན་གི་་་་གསལ་འདེབས་རེ་གནང་བར་མཁྱེན།
སར་ཉལ་ཟེར་ན། ས་ལ་ཉལ་ཟེར་གི་ཡོད་པ་རེད། གསར་བ་ལ་གསར་བ་རང་འབྲི། དེ་གཉིས་ཁ་ཁ་སོ་སོ་རེད། འདྲེ་རྐང་བུ་རྒོད་པོ།