རིག་པའི་རྡོ་རྗེ།
བོད་རྒྱལ་ལོ་ ༢༡༤༠ ཐམ་པའི་ལོ་སར་སྐོར་ལ་བསམ་ཚུལ་ཐུང་ཐུང་ཞིག་བཤད་ན། ཟླ་༢ ཚེས་༥ ཉིན། བོད་གཞུང་གི་༼བཙན་བྱོལ་གཞུང་བོད་གཞུང་ནམ་ཡང་ང་ཚོའི་གཞུང་ཡིན།༽བཀའ་བློན་ཁྲི་བ་༼བཀའ་བློན་ཁྲི་བའི་མཚན་གནས་བོད་ཀྱི་ལོ་རྒྱུས་དང་ཁ་བྲལ་ཐབས་མེད།༽མཆོག་གིས། ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། ད་ལོར་བོད་གཞིས་བྱེས་གཉིས་ཀར་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལས། ལོ་སར་ལ་སྤྲོ་སྐྱིད་མ་གཏོང་ཞེས་བཀའ་ཁྱབ་བཏང་ཡོད། སྤྱིར་བཏང་མང་གཙོའི་གཞུང་ཞིག་གིས། མང་ཚོགས་ལ་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་ཙམ་ལས། བཀའ་ཁྱབ་གཏོང་རྒྱུ་ཉུང་ཉུང་ཡིན་མོད། ང་ཚོ་གཞུང་མང་གཉིས་ཀྱི་ཁ་ཕྱོགས་གཅིག་པ་ཡིན་དུས་དེ་ལ་མ་འགྲིག་པའི་ཆ་ཆེན་པོ་མེད།
ཡིན་ན་ཡང་། བསམ་ཚུལ་འདི་བཀའ་ཁྲིས་བསྒྲགས་གཏམ་མ་སྤེལ་གོང་ནས་བོད་གཞིས་བྱེས་གཉིས་ཀར་ཡོངས་ཁྱབ་ཏུ་ཕྱིན་ཡོད་ཅིང་། མང་ཚོགས་ཁྲོད་རང་འགུལ་གྱིས་ཁྱབ་པའི་ཡོངས་ཁྱབ་རང་བཞིན་གྱི་ཁ་ཕྱོགས་ཞིག་ཀྱང་ཆགས་ཡོད། འདི་ལ་གཞུང་གིས་སྟངས་འཛིན་བྱས་ཏེ། བཀའ་ཁྲིས་བསྒྲགས་གཏམ་སྤེལ་བ་ནས་བཟུང་། ཡོངས་ཁྱབ་རང་བཞིན་གྱི་ཁ་ཕྱོགས་འདི་རྒྱ་ནག་གཞུང་ཕྱོགས་ནས་སྲིད་དོན་གྱི་ངོ་བོར་བསྒྱུར་ཏེ། གཞིས་བཞུགས་བོད་མི་ཚོར་ལོ་སར་སྤྲོ་སྐྱིད་གཏོང་དགོས་པའི་སྒོར་གྱི་བསླུ་ཁྲིད་དང་། མེ་མདས་འཇིགས་སྣང་སྐུལ་བཞིན་ཡོད། གནད་དོན་འདིའི་འབྱུང་རྩ་རྒྱ་ནག་གཞུང་ཕྱོགས་གཅིག་པོ་མ་ཡིན་པར་ང་ཚོས་གཞུང་འབྲེལ་གྱི་བྱེད་ཕྱོགས་དང་། སྲིད་དོན་གྱི་ངོ་བོར་བསྒྱུར་བ་དེ་རེད། གལ་ཏེ་བོད་གཞུང་དང་བཀའ་བློན་ཁྲི་བས། ལོ་སར་སྤྲོ་སྐྱིད་མེད་པའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་མེད་ན། ལོ་སར་སྤྲོ་སྐྱིད་ཡོད་མེད་ཟེར་བ་འདི་མང་ཚོགས་ཀྱི་ཁ་ཕྱོགས་ཞིག་ལས། སྲིད་དོན་གྱི་ལས་འགུལ་མངོན་གསལ་ཞིག་མིན་སྟབས། འདི་ལ་རྒྱ་ནག་གཞུང་གིས་ཀྱང་ཐད་ཀར་རྒོལ་ལན་བྱེད་ས་མེད།
གང་ལྟར་བོད་གཞུང་བཀའ་ཤག་གིས། བོད་ལ་ལོ་སར་སྤྲོ་སྐྱིད་མེད་ཅེས་ཐག་གཅོད་རང་བཞིན་གྱིས་བཀའ་ཁྱབ་སྤེལ་བ་ནས་བཟུང་། མང་ཚོགས་རང་འགུལ་གྱི་བྱེད་ཕྱོགས་འདི་སྲིད་དོན་གྱི་ངོ་བོར་གྱུར་ཚར་བ་རེད། དེར་བརྟེན་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་ཁུལ་དུ་ཞི་དྲག་གཉིས་ཀྱི་ཐོག་ནས་ལོ་སར་སྤྲོ་སྐྱིད་གཏོང་དགོས་པའི་བྱེད་ཐབས་སྤེལ་བཞིན་ཡོད། དེས་ན་ང་ཚོའི་གཞུང་དང་བཀའ་བློན་ཁྲི་བས་དབུས་མི་སྣ་ཆེ་ཁག་གིས་ཀྱང་། དེ་མཚུངས་ཀྱི་ལས་འགུལ་དང་རྣམ་འགྱུར་སྟོན་དགོས། རང་གིས་གང་བཤད་པའི་སྐད་ཆའི་འགན་རང་གིས་ཁུར་དགོས། ཡིན་ན་ཡང་ངས་གོ་ཐོས་ལྟར་ན། བཀའ་བློན་ཁྲི་བ་མཆོག་གིས། ཐག་གཅོད་རང་བཞིན་གྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་རྗེས། ཁོང་རང་ཉིད་ལོ་སར་གུང་གསེང་ལ་རང་ཁྱིམ་དུ་ཕེབས་ཡོད་ཅིང་། གཞན་པའི་བཀའ་བློན་མང་ཆེ་བ་ཡང་གུང་གསེང་ལ་ཕེབས་ཡོད་ཚུལ་འདུག སྤྱིར་བཏང་བཀའ་བློན་ཁྲི་བས་དབུས་བཀའ་བློན་དང་མི་སྣ་ཆེ་ཁག་ཚོ་ལོ་སར་སྐབས་གུང་གསེང་ལ་ཕེབས་ན་མ་འགྲིག་པ་ཞིག་མིན་མོད། མང་ཚོགས་རང་འགུལ་ཀྱི་ཁ་ཕྱོགས་རླབས་ཆེན་འདི་གཞུང་འབྲེལ་སྲིད་དོན་གྱི་ངོ་བོར་བསྒྱུར་ཚར་རྗེས། འདིའི་ཐོག་མཐའི་འགན་ཡང་གཞུང་གིས་ཁུར་དགོས།
དེས་ན་བཀའ་བློན་ཁྲི་བས་དབུས་གཞུང་གི་མཐོ་རིམ་ལས་བྱེད་རྣམས་ཀྱིས། བོད་ཀྱི་ལོ་སར་ཉིན་བསྒྲགས་གཏམ་གྱི་ནང་དོན་དང་མཚུངས་པའི་ལས་འགུལ་སྤེལ་དགོས། བོད་ལ་ལོ་སར་སྤྲོ་སྐྱིད་མེད་པའི་རྣམ་འགྱུར་སྟོན་དགོས། རྒྱ་ནག་གཞུང་གིས་བོད་ནང་ཁུལ་དུ་སྤེལ་བཞིན་པའི་ལོ་སར་བྱེད་སྒོའི་གཡོ་ཐབས་ལ་ཁ་གཏད་གཅོག་དགོས། གལ་ཏེ་བོད་གཞུང་གིས་དེ་ལྟར་བྱེད་འདོད་མེད་ན། ཅིས་ཕྱིར་མང་ཚོགས་རང་འགུལ་གྱི་ཁ་ཕྱོགས་འདི་གཞུང་འབྲེལ་སྲིད་དོན་གྱི་ངོ་བོར་བསྒྱུར་བ་ཡིན་ནམ། མང་ཚོགས་རང་འགུལ་གྱི་ཁ་ཕྱོགས་ཡོད་ཚད་གཞུང་འབྲེལ་སྲིད་དོན་གྱི་ངོ་བོར་བསྒྱུར་བས། བོད་ནང་ཁུལ་དུ་དཀའ་ངལ་འཕར་མ་འཕྲད་བཞིན་ཡོད། དཔེར་ན། ལྷག་དཀར་ནི་མང་ཚོགས་རང་བཞིན་གྱི་ཁ་ཕྱོགས་ཅིག་ཡིན་ལ། དེ་ནི་བོད་ནང་ནས་མགོ་བརྩམས་ཏེ་ཡོངས་ཁྱབ་ཏུ་ཕྱིན་པ་ཞིག་ཡིན་མོད། དེ་ཡང་གཞུང་འབྲེལ་སྲིད་དོན་གྱི་ངོ་བོར་ཡང་ཡང་བསྒྲགས་པས། ད་ལྟའི་ཆར་བོད་ནང་དུ་དེའི་ཐོག་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་རང་བཞིན་གྱི་བྱེད་ཕྱོགས་ཡོད་ཚད་གཞུང་འབྲེལ་སྲིད་དོན་གྱི་ངོ་བོར་བསྒྱུར་དགོས་དོན་ཅི་ཡིན་ནམ། གཞུང་འབྲེལ་གྱི་ངོ་བོར་བསྒྱུར་ཚར་རྗེས་གཞུང་གིས་འགན་གང་ཡང་མི་ཁུར་དོན་ཅི་ཡིན་ནམ།
ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༩ ཉིན།
རེད་རེད་་་སྡུག་སྐད་ལ་རྫོགས་ཡ་ཡོད་པ་མ་རེད་་ད་དུང་མང་ཙམ་རྒྱོབས་ཤིག་་་་་
གདོང་པ་མི་མཐོང་བའི་སྡུག་སྐད་འདི་རྣམས་རྒྱ་འདྲེ་གདོན་བགེག་རྣམས་སྙིང་རྗེ་ཨ་ཨ་ཤི་འདྲེ་ཚོ།
མཁན་རིན་པོ་ཆེའི་གསུངས་ལ་མངོན་པར་བསྟོད་དོ། ལངས་ཕྱོགས་དང་མངོན་འདོད་རྒྱབ་འགལ་གྱིས་གཏམ་ངན་དྲིལ་བསྒྲགས་དེ་ཚོས་དངོས་གནས་བོད་མི་དམངས་ལ་ཕན་ཐོག་མེད་པས་གནོད་སྐྱེལ་དུ་གྱུར་པ་དང་འགྱུར་བཞིན་པ་ཉུང་ཉུང་མ་རེད།
སྐྱག་བཤད་མ་མང་ཞིག། རྒྱ་གཞུང་གིས་བོད་ནང་གི་མི་མང་ཀྱི་འགུལ་ཕྱོགས་དང་བཏུན་ནས་དེ་དང་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་མངོན་གསལ་རེད། ལོ་གསར་སྤྲོ་སྐྱིད་གཏོང་དགོས་པའི་བཙན་བཀའ་འདི་ཡང་ཉེ་བའི་ལོ་ཤས་རིང་རྟག་པར་བཤད་བཞིན་པ་ཞིག་ཡིན་པ་ལས་ད་ལོའི་དམིགས་གསལ་གང་ཡང་མིན་པ་ཚང་མས་ཤེས་གསལ་རེད། མ་གཞི་གཞུང་གིས་ཆབ་སྲིད་ཀྱི་ལས་ཀ་མ་བྱས་ན་ཅི་ཞིག་ལས་དགོས་པ་རེད། བོད་མིའི་སྒྲིག་འཛུགས་སྲིད་གཞུང་ཡིན་པ་ལས་དགོན་སྡེ་མ་རེད་དོ། ཁྱོད་ཀྱི་སྐད་ཆ་འདི་ནི་རྒྱ་གཞུང་ལ་དགོས་པ་ཞིག་ལས་བོད་མིར་དགོས་པ་ཞིག་མ་ཡིན་ནོ།
རིག་རྡོར་ལགས་ལོང་གཏམ་གང་བཤད་ཀྱི་ཡོད། ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ན་ཡག་ཤོས་རེད། ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མ་ཐུབ་ན་ལོ་གསར་གཏོང་མི་གཏོང་ལ་ཁྱད་གང་ཡོད། ལོ་གསར་མ་གཏོང་ན་སྡུག་གྱོང་རེད། ལོ་གསར་གཏོང་ནས་གཤིན་པོ་ལ་གནོད་རྒྱུ་དང་མ་གཏོང་ན་ཕན་རྒྱུ་གང་ཡང་མེད། དེས་ན་ཆབ་སྲིད་ཀྱི་འཐབ་རྩོད་ལ་བསྒྱུར་ཐུབ་པ་དེས་སྲིད་སྐྱོང་ཀྱི་རེ་སྐུལ་གྱི་འགྲུབ་འབྲས་ཐོན་པ་རེད།
མཁན་པོས་བཤད་པ་དེ་དེ་ག་རང་རེད། སྲིད་སྐྱོང་གིས་འོས་བསྡུའི་སྐབས་ནས་ལྷག་དཀར་བཤད་བཤད་ནས་དེང་སང་ལྷག་དཀར་དམ་དྲག་འོག་ལྷུངས་བཅུག་པ་དང། དེ་བཞིན་ལོ་གསར་ཀྱང་ཞི་དྲག་གཉིས་ཀྱིས་སར་ན་མ་འགྲིག མ་སར་ན་མ་བདེ་བ་ཞིག་བཟོས་ཟིན་པ་དེ་གསལ་བོ་རེད། སྔ་མོ་ནས་བོད་ཀྱི་རིག་གནས་དང་ཡུལ་གྱི་གོམས་པའི་གཤིས་ལུགས་མི་མཁྱེན་པའི་བོད་མི་ཕྱེད་ཀ་འདི་ཚོས་ལས་ཀ་འདི་རིགས་བྱེད་དུས་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ཐེངས་མང་ཞུ་མཁན་མང་པོ་བྱུང་ཡོད་པ་རེད། དེ་བཞིན་ལྷག་དཀར་སྐོར་ལ་བཙན་བྱོལ་ནང་ནས་སྲིད་དོན་ལྟ་བུར་མ་བསྒྱུར་ཞེས་བོད་ནང་ནས་སྐད་བསྐུར་མཁན་མང་པོ་བྱུང་བ་སྙན་གསེང་ཞུས་སྐོར་རེ་ཤོས་ངེད་ལ་རྒྱུས་ཡོད། ཡིན་ནའང། ང་རྒྱལ་དང་རང་སྣང་གིས་ཁེངས་པའི་ལས་དོན་བྱེད་མཁན་རིགས་ཀྱིས་རྒྱུ་མཚན་ལ་ཉན་མི་ཐུབ་པ་ཆོས་ཉིད་རེད་འདོད་པས། ཇོ་ནང་མཁན་པོའི་གཏམ་འདིར་ཡང་ཕྱོགས་ལྷུང་ཅན་ཚོས་སྐུར་འདེབས་སྣ་ཚོགས་བྱེད་སྲིད།
དེ་བཞིན་ན་ནིང་ཉིན་བདུན་ལ་ལོ་གསར་གུང་གསེང་བཏང་བ་དང། སྤྱི་འཐུས་ཀྱིས་ཟས་བཅད་ངོ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་ཀྱང་དྲ་འབྲེལ་འདི་ན་འདུག་པས། དེ་འང་དྲན་གསོའི་ཆེད་འདིར་དྲངས་ཡོད།
http://www.khabdha.org/?p=25473#comments
མ་གཞི་ནས་སྲིད་སྐྱོང་བློ་སེང་ལ། ཨིན་ཇི་མགོ་སེར་ཚོར་བོད་དོན་ཁྱབ་བསྒྲགས་དང་ངོ་སྤྲོད་ཀྱི་རིམ་པ་དང། དེ་བརྒྱུད་རོགས་སྐྱོར་ཅུང་ཙམ་རེ་རེག་རྒྱུའི་ངོས་ཐད་ནས་རེ་བ་རྒྱག་ན་མ་གཏོགས། བོད་ཀྱི་སྐད་ཡིག་རིག་གནས་དར་སྤེལ་དང། ཡུལ་གྱི་གོམས་པའི་གཤིས་ལུགས་བརྒྱུད་འཛིན། ཡ་རབས་བཟང་སྤྱོད་གོང་འཕེལ། བོད་ཀྱི་ཤེས་ཡོན་པར་བདག་པོ་རྒྱག་རྒྱུ། སྲིད་ཕྱོགས་ནས་བོད་རྒྱ་འབྲེལ་མོལ། རང་སྲེག་དང་འབྲེལ་བའི་བཙོན་འཇུག་ལ་ཅུང་ཙམ་གུ་ཡངས་ཐོབ་རྒྱུ་སོགས་ལ་རྩ་བ་ཉིད་ནས་རེ་བ་རྒྱག་རྒྱུ་མེད་པ་དེ་བོད་མི་ཚོས་ཤེས་དགོས་པ་རེད། དངོས་ཡོད་གནས་ཚུལ་དེ་ཤེས་པ་ཡིན་ན། སོ་སོར་སྙིང་རླུང་འཚང་ནས་གཉིད་མི་ཁུག་པ་དང་སེམས་མི་བདེ་བ་རིགས་ཡོང་གི་མ་རེད། དེ་མ་གཏོགས་སྲིད་སྐྱོང་བློ་སེང་གི་ཅིག་བྱེད་མི་ཡོང་ངམ་བསམས་དུས། ད་རྦད་དེ་ནོར་ཚར་བ་རེད།།
ཤར་ཁུག་ཁྱེད་རང་སྙིང་རླུང་འཚང་ནས་གཉིད་མ་ཁུག་སེམས་མ་བདེ་ན་སྡུག་གྱོང་རེད། དེ་མིན་བོད་ཕྱི་ནང་གཉིས་སུ་སྲིད་སྐྱོང་མཆོག་ལ་ཚད་མཐོའི་དགའ་བསུ་ཐོབ་བཞིན་པ་ས་རིས་ཐང་གསལ་རེད། ཁྱེད་ལྟ་བུའི་ནང་དཀྲུག་མཁན་རེ་ཟུང་གིས་དགའ་བསུ་མ་ཐོབ་ཀྱང་ཕན་གནོད་ཅི་ཡང་མེད་དོ།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་བྲོས་བྱོལ་བ།།
རྡ་ས་བདེ་སའི་ཡུལ་གྱི་བླ་ཤོར་བ།།
འཛམ་གླིང་མི་གྲལ་ཁྲོད་ཀྱི་ཚལ་སྟ་བ།།
ཤེས་སྒོ་ཆུང་ཆུང་ཅན་གྱི་ཁུག་རྟ་བ།།
ཁ་བ་གངས་ཅན་ཡུལ་ལ་མཁོ་བའི་བུ།།
རྒྱ་གར་བོད་མིའི་ཁྲོད་ཀྱི་མང་བཀུར་དཔོན།
འཇིག་རྟེག་ཚོགས་རའི་ནང་གི་ཁྲིམས་རྩོད་པ།།
ཤེས་སྒོ་ཡངས་བ་ཅན་གྱི་བློ་སེང་བ།།
ལོ་གསར་བ། བསམ་བློ་གསར་བ། ཁ་ལབ་དང་ཁ་མཆུའི་མྱི་ཚེ་མི་ཤར་བའི་སྨོན་ལམ་ཞུ། ལོ་མགོ་ཚེ་གྲབས་འདུག། ཁ་སེམས་ཡར་འཛིན་བྱེད་དུ་སྨོན་ལམ་རྒྱག་གིར་འགྲོ་འི་ཡིན། བོད་མིའི་ཅི་བསམ་མྱུར་འགྲུབ་ཡོང་བར་ཤོག། བོད་མི་ཚང་མ་དཀོན་མཆོག་གིས་སྲུང་།
རིག་པའི་རྡོ་རྗེ་ཁྱོད། གང་ཤེས་ནི་ཟིག་མ་རེད། སྲིད་ཇུས་ལས་ན་ཁྱོད་ངུ་དགོས་ཡ་ཡོད་པ་མེད། ཁོ་དེ་འདྲ་ལས་ནི་དང་བཤད་ནི་ལ་བསྐོས་བ་རེད།
རྒྱ་ནག་གིས་ཅིག་བྱེད་ཀི་འདུག། འདི་བྱེད་ཀི་འདུག། རེད། རྒྱ་ནག་དེ་འདྲའི་མ་རབ་ཞིག་ཡིན་ཙང་ང་ཚོས་འཐབ་རྩོད་མཐའ་གཅིག་དུ་བྱེད་དང་བྱེད་བཞིན་པ་རེད།
ཉྭ་འདར་མ་འདར་ཡོད་པ་མ་རེད། ཆུ་སྐེ་ལ་འཕྱུར་ཚར་བ་རེད། ཐར་བ་མེད་ན་ཆོས་རིག་གཞུང་དང་བཅས་བ་ཚང་མ་ཤི་རྒྱུ་རེད། ཨེ་གོ་ཐལ།
རིག་པའི་རྡོ་མཇེ་ཟེར་མཁན་དེའི་འཁྱོག་བཤད་ལུང་གང་བྱས་འདུག་པ་དེར་གོང་གསལ་མཆན་ཐུང་ཞིག་བྲིས་ཟིན་པ་དེ་རང་ཡིན་་་་་་་ཤར་ཁུག་ཅན་ལ་ཁག་ཡོད་པ་མ་རེད་་་་ངོ་མ་ཁག་ཡོད་པ་མ་རེད་་སྒེར་ནད་སྙིང་ལ་ཟུགས་ནས་བསྡད་ཡོད་པ་རེད་་་ཁོ་ལ་ཚང་མའི་བསམ་ཤེས་བྱོས་་་་་་་་་་་་་་་་་ཁ་བརྡུང་མ་གཏོང་རོགས་་་་་་་་་་་་་་་་་
རིག་པའི་རྡོ་རྫེ་ཡིའི་སྐད་ཆ་རྒྱུ་མཚན་འདུག། ངོ་མ་བཤད་ན་ཡོད་ཚད་ཚང་མ་སྲིད་དོན་གྱི་ངོ་བོ་ལ་བསྒྱུར་དགོས་དོན་ཡོད་པ་མ་རེད། ལོ་སར་མི་གཏོང་རྒྱུ་བྱེས་པའི་གཞུང་འབྲེལ་གྱི་ཁྱབས་བསྒྲགས་དེ་འཐད་པ་མིན། ཁ་སང་དེ་རང་བོད་ནང་དུ་འབྲེལ་བ་བྱེད་པའི་སྐབས་སུ་རྒྱ་གཞུང་གི་བོད་ཀྱི་ལོ་སར་ནི་སྲིད་དོན་གྱི་ངོ་བོ་ཞིག་དུ་བསྒྱུར་ནས་བོད་ནང་གི་བོད་མི་ཚོ་ལ་དཀའ་ལས་ག་ཚོད་ཅིག་བཟོ་གི་ཡོད་པ་ནི་མཁྱེན་གསལ་རེད། ད་དུང་ལྷག་དཀར་ཡང་བོད་ཀྱི་ཕྱི་ན་ཡོད་པའི་བོད་མི་ཚོའི་སྲིད་དོན་གྱི་ངོ་བོ་ཞིག་ལ་བསྒྱུར་གང་ཐུབ་བྱེད་པ་ནི་དེ་ལས་ཀྱང་བློ་ངོ་མི་ཤོང་བ་ཞིག་རེད། ཕྱི་ན་ཡོད་པའི་བོད་མི་ཚོའི་གཟབ་གཟབ་མ་བྱེད་ནས་གང་འདོད་གྱི་ལས་འགལ་སྤེལ་ན་བོད་ནང་གི་བོད་མི་ཚོ་རང་བཞིན་གྱི་དཀའ་སྔལ་ཁྲེལ་གྱི་ཡོད་པ་ནི་དངོས་ཡོད་རེད། སྤྱིར་ང་ཚོ་ནི་སྲིད་དོན་གྱི་སྐྱབས་བཅོལ་བ་རེད་མོད།་འོན་ཀྱང་ཡོད་ཚད་ཚང་མ་སྲིད་དོན་གྱི་ངོ་བོ་ལ་བསྒྱུར་ན་དེ་ནི་བོད་ནང་གི་གནས་ཚུལ་དངོས་མ་ཤེས་བའི་རྟགས་རེད།
རེད་་་རྒྱ་ནག་ལ་ཕོག་ཐུག་མི་འགྲོ་བ་དང་བོད་ནང་གི་བོད་མི་ལ་དཀའ་ངལ་མི་འཕྲད་པ་ཞིག་དགོས་ན་རྒྱ་གཞུང་ལ་མགོ་སྒུར་ཏེ་འཇམ་ཐིང་ངེར་སྡོད་དགོས་པ་འདྲ། དེ་འདྲ་སྡད་ན་རྒྱ་གཞུང་གིས་སྙིང་རྗེ་སྒོམ་སྟེ་རང་དབང་སྤྲད་མི་སྲིད་པ་རེད་དོ།
རྒྱ་གཞུང་གིས་གཅིག་བྱེད་གི་རེད་གཉིས་བྱེད་གི་རེད་ཟེར་ནས་བཙན་བྱོལ་བ་ཚོས་གང་ཡང་མ་བྱས་པ་འདུག་ན་ཆོག་གམ། བོད་མིའི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་སོགས་གང་འདྲ་ཞིག་ལ་བརྩོན་ན་རྒྱ་མིའི་དེར་བཀག་གྱིན་ཡོད་པ་རེད། གཞི་རྩའི་འགྲོབ་མིའི་ཐོབ་ཐང་ཟེར་ཡ་དེ་ཡང་ཆབ་སྲིད་ཀྱི་སྐད་ཆ་ཞིག་མིན་རུང་་་དེར་བརྩོད་མཁན་ཚོར་ཆབ་སྲིད་ཀྱི་ཞྭ་མོ་གཡོག་ནས་སྡུག་གྱོང་བཏང་དང་གཏང་བཞིན་པ་རེད། དེ་ཚོར་ཤེས་དགོས་པ་མ་ཟད་གཞིས་བཞུགས་བོད་མིའི་ངོ་བོ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན་ང་ཚོས་ངོས་ནས་ངེས་པར་དུ་མཉམ་ཞུག་ཐུབ་དགོས། །
ལུང་རྟོགས་དང་འཇམ་གཅེས་གཉིས་ལགས། ལ་རེད། ངའི་ལས་འགལ་མ་སྤེལ་རོགས་ཟེར་གྱིན་མེད། རྒྱ་ནག་ལ་ཕོག་ཐུག་གཏོང࿒གི་འདུག་ཡང་ཟེར་གྱིན་མེད། རྒྱ་རྒྱ་ཡུལ་ནས་སྐྱིད། བོད་བོད་ཡུལ་ནས་སྐྱིད་ཟེར་བ་དེ་ཕྲན་བརྒྱ་ཆ་བརྒྱ་འཐད་པ་ཡིན་ལ་དམིགས་ཡུལ་དེ་ག་རང་ཡིན། ཡིན་ནའང་ང་ཚོ་བོད་ཕྱི་ན་ཡོད་པའི་བོད་མི་ཚོས་བསམ་བློ་མ་འཁོར་བ་ཡིན་ན་འདྲ་བོད་ཀྱི་འཐབས་རྩོད་དེ་ངོ་མ་ཁྲོལ་བ་ཡིན་ན་འདྲ་གང་ལྟར་བོད་ནང་གི་ལས་འགལ་མང་པོ་ཞིག་ལ་བར་ཆད་གཏོང་གི་འདུག་ཟེར་འདོད་བྱུང། གང་ཡིན་ཟེར་ན་བོད་ནང་ནས་བོད་མི་ཚོས་རང་རིགས་ལ་ཕན་པ་དང་ཕུགས་རྒྱང་རིང་པའི་ལས་འགལ་ཆུང་ཆུང་ཞིག་སྤེལ་པའི་སྐབས་སུ་ཕྱི་ན་ཡོད་པའི་བོད་མི་ཚོས་ལམ་སངས་དེ་ལ་ལག་པ་འཆང་ནས་ལས་འགལ་དེ་ཆབ་སྲིད་གྱི་ངོ་བོ་ཞིག་ལ་བསྒྱུར་གང་ཐུབ་བྱེད་གྱིན་འདུག་དེ་ནི་ནོར་བ་རེད། དཔེར་ན་བོད་ཨ་མདོ་ཕྱོགས་དང་བོད་དབུས་ཁུལ་ཕྱོགས་ཀྱི་ལོ་སར་གཏོང་ཕྱོགས་མ་འདྲ་བ་རེད། ཉེ་བའི་ལོ་འགའི་རིང་ལ་ཨ་མདོ་ཕྱོགས་ནས་མི་དམངས་རང་འགལ་གྱི་རང་རིགས་ཀྱི་ལ་རྒྱ་ཆེན་པོ་དགོ་ནས་བོད་སྤྱི་ཡོངས་ཀྱི་ལོ་སར་གཅིག་གྱུར་ཡོངས་བ་ལ་འབད་བརྩོན་ཆེན་པོ་གནང་ཡོད་པ་རེད། ཡིན་ནའང་ད་ལྟ་དེ་ཡངས་ཆབ་སྲིད་གྱི་ངོ་བོ་ཞིག་དུ་འགྱུར་གྱིན་འདུག། དེ་འདྲ་ཡིན་ཙང་ལས་འགལ་སྤེལ་པའི་སྐབས་སུ་བསམ་བློ་དན་དན་གཏོང་དགོས་རད་འདོད།
པད་མ་འཕྲིན་ལས་ཁྱེད་རང་གིས་ཆབ་སྲིད་ཤེས་ཀྱི་མེད་པ་འདྲ། ཆབ་སྲིད་པ་ཞིག་ཡིན་ན་རྣམ་འགྱུར་བསྟོན་སྟངས་ཡན་ཆད་ཆབ་སྲིད་ལ་བསྒྱུར་གང་ཐུབ་བྱེད་ཀྱི་རེད་ལ། དེ་ནི་ཆབ་སྲིད་པའི་ཡོན་ཏན་ཡིན་པ་ལས་སྐྱོན་མ་རེད། བོད་མིའི་སྒྲིག་འཛུགས་སྲིད་གཞུང་ཡིན་པ་ལས་དགོན་སྡེ་མ་རེད་ལ། སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་ཆབ་སྲིད་པ་ཡིན་པ་ལས་ཆོས་པ་མ་རེད། མ་གཞི་ལོ་གསར་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་དེས་གནོད་སྐྱོན་ཅི་ཞིག་བྱུང་སོང་། ལོ་སར་གཏོང་དགོས་པའི་བཙན་བཀའ་གཏོང་བ་ལ་ཟེར་བ་ཡིན་ན་དེ་ནི་ལོ་གཉིས་གསུམ་གྱི་གོང་ནས་ཡོད་པ་ཞིག་ཡིན་པ་ལས། བོད་མིའི་སྒྲིག་འཛུགས་ཀྱིས་ལོ་སར་སྤྲོ་སྐྱིད་མི་གཏོང་བའི་འབོད་སྐུལ་བྱེད་རྗེའ་བྱུང་བ་ཞིག་མ་རེད་དོ།
ཁྱེད་རྣམ་པའི་མདའ་དང་མདུང་དེ་ཚོ་ཁ་ནང་ལ་སྐོར་ནས་རྒྱག་དུས་ངར་ཤུགས་ཆེ་ལ་འོ་དཔའ་རྟགས་ཀྱང་ཧ་ལས་པས་ཆེན་པོ་འདུག འོ་ན། ཅིའི་ཕྱིར་གཞུང་དང་མི་མང་གིས་འགྲིགས་ཀྱི་མིན་འདུག རྒྱལ་བ་རིན་པོ་ཆེ་འགྲིག་གི་མིན་འདུག་ལབ་པ་ལས། ཁྱེད་རང་ཚོ་ཤེས་ཡོན་འཇོན་ཐང་ལྡན་པ་ཤ་སྟག་ལ་སོང་། ཁྱེད་ཚོས་ཐད་ཀར་མང་ཙམ་ལས་ཁ་དེ་ཉུང་ཙམ་བཀོལ་ན་མི་འགྲིག་པ་མིན་འདུག
སྲིད་སྐྱོང་བློ་སེང་གིས་ག་ཚོད་ཐུབ་ཐུབ་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཐབས་དང་། མི་མང་གི་མངོན་འདོད་སྒྲུབ་ཐབས་ལ་འབད་པ་བྱེད་བཞིན་འདུག་པ་དེ་ལ་རྒྱབ་སྐྱོར་བྱེད་མ་དགོས། ཁོང་གིས་ལས་མ་ཐུབ་པ་འདི་ཁྱོད་ཚོས་ལས་ན་འགྲིགས་ཀྱི་འདུག
ལུང་རྟོགས་ལགས། ངའི་ཆབ་སྲིད་ཤེས་ཀྱི་མེད་དེ་ནི་བདེན་པ་རེད། ཡིན་ནའང་དབྱེ་ཞིབ་བྱེད་གྱི་ཡོད་ལ་ལྷག་པར་དུ་བོད་ནང་དང་བཙན་བྱོལ་རྒྱ་ནག་བཅས་ལ་ཉིན་རེ་སློབ་སྦྱོང་བྱེད་གྱིན་ཡོད། ལ་རེད། བོད་མི་སྒྲིག་འཛུགས་སྲིད་གཞུང་ཡིན་པ་ལས་དགོན་སྡེ་མིན་པ་ཚང་མིའི་མཁྱེན་གི་རེད་བསམ། དེའི་ཐད་ལ་འགྲེལ་བཤད་གང་ཡང་དགོས་རྒྱུ་མ་རེད་ལ་རྒྱབ་ཀྱང་རྒྱགས་མཁན་དེ་གླེན་པ་ཡིན་པ་ལས་གཞན་སུ་གང་གླེན་པ་མ་རེད། ཆབ་སྲིད་པའི་རྣམ་འགྱུར་བསྟོན་སྟངས་ཡན་ཆད་ཆབ་སྲིད་ལ་བསྒྱུར་གང་ཐུབ་བྱེད་ཀྱི་རེད་ལ ། དེ་ནི་ཆབ་སྲིད་པའི་ཡོན་ཏན་ཡིན་པ་ལས་སྐྱོན་མ་རེད་ཟེར། དེ་ལ་ང་ཐད་པ་ཡིན། ཡིན་ནའང་དེས་ཐད་ལ་དབྱེ་ཞིབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་མ་དམ། གལ་ཏེ་དབྱེ་ཞིབ་བྱེད་པའི་རྣམ་དཔྱོད་གྱི་མ་འདངས་ན་གོང་དུ་ཁྱེད་གྱི་གསུངས་པ་ནང་བཞིན་བོད་མི་གཞུང་དེ་དགོན་སྡེ་ལྟ་བུ་འགྱུར་གྱི་མ་རེད་དམ། ལོ་སར་གྱི་ཐད་ལ་སྲིད་སྐྱོང་མཆོག་ནས་ནོར་ཁྲེལ་བཟོས་ཡོད་པ་རེད། དེ་གང་ཡིན་ཟེར་ན་ཁྱེད་གྱི་གསུངས་པ་བཞིན་ལོ་ངོ་གཉིས་ཀྱི་གོང་ལ་བོད་ནང་ནས་ལོ་སར་གཅིག་གྱུར་ཡོངས་ཐབས་ལ་འབད་བརྩོན་གནང་པ་རེད། སྐབས་དེ་དུས་རྒྱ་གཞུང་གི་ཆབ་སྲིད་གྱི་ངོ་བོ་ཞིག་ལ་འགྱུར་གནང་ཡོད་བ་མ་རེད། སྲིད་སྐྱོང་མཆོག་ནས་འབོད་སྐུལ་བྱེས་རྫེས་རྒྱ་གཞུང་གི་ཆབ་སྲིད་གྱི་ངོ་བོ་ཞིག་ལ་བསྒྱུར་གང་ཐུབ་བྱེད་གྱིན་ཡོད་པ་ནི་ཉིད་གྱི་མཁྱེན་ཡོད་གསལ། གཅིག་བྱེས་ན་ཉིད་ཡང་བཙན་བྱོལ་ནང་ནས་སྐྱེས་བ་ཞིག་ཡིན་སྲིད། ཉིན་འགའི་སྔོན་ལ་ཕྲན་བོད་མི་འདུ་འཛོམས་སུ་འགྲོ་བ་ཡིན། དེ་དུས་རྒྱ་གར་ནང་ནས་སྐྱེས་པའི་བོད་མི་འགའ་ཞིག་མཉམ་དུ་བོད་ནང་གི་བོད་མི་བདེ་སྡུག་སྐོར་ལ་སྐད་ཆ་བཤད་པ་ཡིན་མོད། ཕྲན་ལ་ཚོར་བ་ག་རེ་སྤྲད་བྱུང་ཟེར་ན་ཁོང་ཚོའི་བོད་ནང་གི་དངོས་ཡོད་གནས་ཚུལ་དེ་ད་དུང་ཡང་ཤེས་གྱི་མི་འདུག། དེ་འདྲ་ཡིན་ཙང་སྲིད་སྐྱོང་མཆོག་ཡང་དེ་ག་རང་རེད། ཁོང་གི་ནུབ་ཕྱོགས་ཀྱི་ཆབ་སྲིད་ཤེས་ཀྱི་རེད་ལ་བྱེད་སྟངས་ཡང་ཁོང་ཚོ་ནང་བཞིན་བྱེད་གྱིན་འདུག་། ཡིན་ནའང་ཁོང་གི་བོད་ནང་གི་བོད་མི་བདེ་སྡུག་དངོས་དེ་ཤེས་གྱི་མ་རེད་ལ་། དེས་ཐད་ཤེས་རོགས་བར་དུ་ལོ་ངོ་མང་པོ་ཞིག་དགོས་ཀྱི་རེད། དེ་འདྲ་ཡིན་ཙང་ཆབ་སྲིད་པའི་འཁྲབས་སྟེངས་དེས་ཐད་ལ་གཟབ་གཟབ་མ་བྱེད་ན་མཐའ་མ་མི་དམངས་གྱི་མགོ་ལ་རྡོ་ཡིའི་གཞུ་འེ་རེད།
ཧཧཧ་་་གད་མོ་མ་སླངས་རོགས་པད་འཕྲིན་ལགས། སྲིད་སྐྱོང་གིས་བོད་ནང་གི་བདེ་སྡུག་ཤེས་ཀྱི་མི་འདུག་ཟེར། ངས་བལྟས་ན་ཁྱེད་རང་གིས་བོད་ནང་གི་བོད་མིའི་བདེ་སྡུག་དང་མངོན་འདོད་ཤེས་ཀྱི་མི་འདུག གལ་ཏེ་ཁྱོད་རང་བོད་ནང་ལ་ཡོད་པ་ཡིན་ན། ལོ་གསར་ཆབ་སྲིད་ཀྱི་ངོ་བོར་མ་བསྒྱུར་ཞེས་ཤོད་དང་རྒྱ་དགའ་རེད་ཅེས་མགོ་ལ་རྡོ་རག་རྒྱུ་རེད། སྲིད་སྐྱོང་གིས་ལོ་གསར་སྤྲོ་སྐྱིད་མ་བཏང་ཞེས་གསུང་པ་ནི་བོད་ནང་གི་བོད་མིའི་མངོན་འདོད་དང་སྟུན་ནས་གསུང་པ་རེད། ལོ་གསར་མི་གཏོང་བའི་ལས་འགུལ་འདི་ཡང་ཐོག་མར་བོད་ནང་ནས་བྱུང་བ་ཞིག་ཡིན་པ་ལས་བཙན་བྱོལ་ནས་བྱུང་བ་ཞིག་མ་རེད་དོ།
བོད་ནང་གི་བོད་མི་ཚོར་མཚོན་ན་བོད་མི་རིགས་ཀྱི་རང་དབང་དང་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་ཆེད་རང་སྲོག་བློས་བཏང་བྱེད་ཀྱི་ཡོད་པ་མ་ཟད། བཙན་བྱོལ་བ་ཚོས་འདི་དག་གི་ཆེད་དུ་བྱ་བ་ཅི་ཞིག་སྒྲུབ་རྒྱུའི་རེ་བ་བྱས་ནས་ཡོད་པ་ལས། བཙན་བྱོལ་ནང་གི་མི་ཁག་ཅིག་བཞིན་དུ་ཁྱོད་ཚོས་བོད་དོན་ལས་ཀ་བྱས་ན་ང་ཚོ་ལ་དཀའ་ངལ་འཕྲད་ཀྱི་འདུག་ཟེར་མཁན་ཞིག་ཕལ་ཆེར་མེད་ཚོད་རེད། དེས་ན་ཁྱེད་ཀྱིས་ཀྱང་སྐད་ཆ་བཤད་དུས་གཟབ་ཙམ་གནང་ན་ཡག་པོ་འདུག
ད་བོང་རྒན་ཨ་མཆོག་ནང་གསེར་བླུགས་ན་ཕན་ཐོག་ཅང་ཡོད་པ་མ་རེད་་་་་་་་་་་་་་་་་དེ་ལས་་་་་་་
ལུང་རྟོགས་ལགས། ངའི་ཁྱེད་དང་མཉམ་དུ་སྐད་ཆ་བཤད་ན་ང་ལ་ཁེ་ཕན་ཞིག་རག་གི་རེད་བསམ་ཡོད། ཡིན་ནའང་དེ་ནི་སྦེ་དེ་ནོར་འདུག། ལ་རེད་ལོ་གསར་མི་གཏོང་རྒྱུ་ལས་འགལ་དེ་བོད་ནས་སྤེལ་བ་རེད། རེད་དེས་ལམ་སངས་སྲིད་སྐྱོང་མཆོག་ནས་དེས་སྒང་ལ་ལག་པ་འཆང་བ་དེ་འགྲིག་མི་འདུག་ཟེར་གྱི་ཡོད། གང་ཡིན་ཟེར་ན། ལས་འགལ་དེ་ཡག་པོ་ཞིག་དང་རྒྱ་ཆེན་པོ་ཞིག་ཆག་ཡ་པར་དུ་ལམ་སངས་རྒྱ་གཞུང་གི་ག་རེ་བཤད་གྱིན་འདུག་ཟེར་ན་དེ་ནི་སྐྱབས་བཅོལ་གཞུང་གི་སྐུལ་སློང་རེད་ཟེར་ནས་ཆབ་སྲིད་གྱི་ངོ་བོ་ཞིག་དུ་བསྒྱུར་ནས་བོད་ནང་གི་བོད་མི་སྒང་ལ་སྡུག་པོ་ག་ཚོད་ཞིག་གཏོང་གྱིན་འདུག། ད་དུང་ལས་འགལ་དེ་འདྲའི་རིགས་སྤེ་མི་མཆོག་པའི་བཙན་བཀའ་ག་ཚོད་ཞིག་གཏོང་གི་འདུག། དེ་འདྲ་ཡིན་ཙང་ང་ཚོ་བཙན་བྱོལ་ནས་ལས་ཀ་བྱེད་ཐུབ་ཡ་ཞིག་དང་མི་ཐུབ་པ་རིག་གཉིས་ཡོད་རེད་འདོད། རིག་དེ་གཉིས་ཀྱི་གཡེ་བ་འཇལ་དགོས་བ་རེད་བསམ། གལ་ཏེ་དེ་གཉིས་གཡེ་བ་འཇལ་མ་ཐུབ་ན་ང་ཚོ་ལ་མདུན་སྐྱོད་རྣ་པ་ཞིག་ཡོད་མི་སྲིད་ལ། ལས་འགལ་ག་རེ་སྤེལ་ཀྱང་གྲུབ་འབྲུས་ཞིག་ཐོབས་མི་སྲིད། གྲུབ་འབྲས་མེད་པའི་ལས་ཀ་བྱེད་ན་དེ་ནི་ཁ་སྟོང་ནང་གི་ཚིག་སྟོང་རེད་མ་གཏོགས་གཞན་ཅི་གང་ཡང་མ་རེད། ཉིད་གྱི་གསུངས་པ་བོད་མི་གཞུང་དེ་ཡང་དགོན་པ་ལྟ་བུ་འགྱུར་ངེ་རེད།