མི་ཉག་དུང་བརྡ།
གཅིག
བྱིས་པ་ཚོས་ཤོག་སྦག་སྤར་བའི་འུ་སྐད་ཁྲོད།
ཁྱོད་ཀྱིས་རང་ལུས་སྦར་བའི།
འ་ཆད་འུ་ཐུག་གི་རྣམ་ཤེས་འདི།
བཙན་པོའི་སྙིང་སྟོབས་ཀྱི་གྲལ་ལ་འཇུག་སྟེ།
ཡ་ཆུང་སྙིང་གི་འཕར་རྩ་ཡི་འོག་ནས་ལོ་སར་རོགས།
གཉིས།
དཀར་ལྔའི་དར་དམར་གྱི་གྲུ་ཁུག་ཏུ་འཚང་ཞིང་།
གངས་སེང་དར་ཆ་ཡི་ཟུར་གདོང་ནས་འདྲེད་བའི།
གངས་རི་ཚང་གི་མར་སྣེ་བུད་པའི།
ཨབ་སོག་ཚོ་ཁག་ཆུང་ཆུང་གཅིག་གི་ཟུག་སྐད་ཁྲོད།
ཁྱོད་ཀྱིས་ལྷན་པ་མོད་པོ་བརྩེགས་པའི་སློག་པ་དེ་གོས་ནས།
སྲིད་པ་ཆགས་པའི་ལྷ་དགུ་མཆོད་དེ།
ཁ་བའི་འདུ་ཤེས་ཀྱི་སེམས་ཤུགས།
རི་རབ་བཞིན་སྒོམ་སྟེ།
དཀའ་སྡུག་རླུང་གི་སྤུ་གྲིའི་འོག་ནས་ལོ་སར་རོགས།
གསུམ།
ནས་ཆང་དང་ལྦུ་རག །
ཨ་རག་དང་ཐ་མག ་་གིས་རྣམ་ཤེས་བོར་བའི་ཞིང་ཁམས་ནས།
ཁྱེད་ཀྱིས་དུངས་ས་དང་ཟབ་ས་ནས།
ཆེས་གཏིང་རིམ་གཏིང་རིམ་གྱིས་སློང་བའི།
དྲང་བདེན་དང་འདྲ་མཉམ།
རང་དབང་དང་ཐོབ་ཐང་གི་འདབ་ལོ་རྒྱས་པའི།
ས་ཆེན་གྱི་ལྗོན་དབང་འདི་ཡི་འོག་ནས།
ཡིད་ཆེས་དང་བདེན་སྤོབས་ཀྱི་ཁྲག་རྒྱུན་འོག་ནས་ལོ་སར་རོགས།