རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད།
བཀའ་དྲིན་ཅན་གྱི་བླ་མ། ཐུགས་རྗེ་ཅན་གྱི་སངས་རྒྱས། དྲན་པ་དང་ཤེས་བཞིན། བསླབ་པ་སྦྱིན་པའི་མཁན་པོ། བསླབ་པ་སྟོན་པའི་ཆོས། བསླབ་བྱ་དམ་སྡོམ། ལུས་ན་སེམས། མལ་ན་ལུས། སེམས་ན་ལྷོད། ཁྲོ་བའིི་དགྲ། ཆགས་པའི་ཡུལ། གཏི་མུག་གཉིད། ཚོགས་སུ་ཁ། གཅིག་པུར་ལག ནམ་ཡང་སེམས། རང་གི་ཡོན་ཏན། གཞན་གྱི་སྐྱོན། ཕྱིན་ཆད་ཀྱི་བསམ་བློ། གློ་བུར་གྱི་ངེས་འབྱུང་། གཡོ་སྒྱུའི་ཁུག་མགོ། འཕྲལ་གྱི་དགེ་སྦྱོར། འཁོན་གྱི་གསེབ། མང་པོའི་ཚོགས། རྩེད་མོའི་གྲལ། མི་མོས་པ་ལ་ཆོས། མ་འདྲེས་པ་ལ་ལོ་རྒྱུས། མི་སྲིད་པའི་སྐད་ཆ། གྲོགས་ལ་དགའ་སྡུག། གཏམ་ལ་འགྱུར་ལྡོག བྱ་བ་ལ་ངོ་ལྐོག རང་མཐོང་གི་འགྱིང་། གཞན་གྱི་བླ་བཙག སུ་ལའང་བརྙས་བཅོས། མཐོན་པོ་ལ་རྒྱུ། ཟོག་པོ་ལ་དད་པ། སུ་ལའང་སྙིང་གཏམ། མཛེས་མའི་ལུས། གྲོགས་ཀྱི་བྱ་བ། རང་གི་ཡོན་ཏན། གཏམ་གྲོགས་དང་བསྟུན། གོས་ཡུལ་དང་བསྟུན། སེམས་ཆོས་དང་བསྟུན། གཞན་གྱི་བསྟོད་པ། ཨ་གསར་གྱི་སྐད་ཆ། ཤེས་མེད་ཀྱི་ཁ་ཏ། ཕྱུག་པོའི་རྒྱུ། མཐོན་པོའི་ཐོབ། འཕྱོར་པོའི་རྒྱན། ཡུལ་སྡེས་བརྩི་བའི་མི། གཞན་གྱིས་བཙོང་རྒྱུའི་ནོར། རང་ལ་བརྩེ་བའི་བཤེས། ཀུན་གྱིས་སྨད་པའི་མི། རང་མཐོང་ཅན་གྱི་གླེན་པ། ཅང་མི་ཤེས་པའི་བྱིས་པ། རང་གི་ཉེ་འབྲེལ། རྒྱུས་མེད་ཀྱི་བླ་མ། ལར་སུ་ལ་ཡང་། དེ་ལ་སོགས་པ་དུ་མ་ཞིག་ཡོད་དེ། མདོར་དྲིལ་ན་དུས་ནམ་ཡང་རང་གིས་རང་ལ་ལྟོས། མ་བརྗེད། ཆོས་དང་འཇིག་རྟེན་གཉིས་ཀ་འདིར་འདུས། གདམས་ངག་ཚིག་གཅིག་ཡིན། ཤིན་ཏུ་ཟབ། རྣལ་འབྱོར་པ་དྲི་མེད་བློ་གྲོས་ཀྱིས་བུ་ཤྲཱི་སྙིང་དང་འདྲ་བ་ལ་གདམས་པ་ཡིན་པས་ཉམས་སུ་ལོངས་ཤིག དགེའོ།།
ལུང་རྟོགས་ཀྱིས་བསྡུ་བསྒྲིགས་བྱས།
གདམ་ངག་འདིར་བཀོད་པར་ཐུགས་རྗེ་ཆེ། ཡིན་ནའང་འདི་དཔལ་སྤྲུལ་གྱི་གསུང་མ་རེད། ཁོང་གི་གསུང་ལ། ཡོད་དགོས་པ་གསུམ་ཡོད་དེ། མལ་ན་ལུས། ལུས་ལ་སེམས། སེམས་ན་ལྷོད། ལྟ་བུ་གསུམ་ལྟ་བུ་བསླབ་བྱ་ཡོངས་རྫོགསགསུམ་ཚན་གྱིས་བཅིངས་ཡོད། འདིར་དེ་མིན་འདུག་པས་སོ།།
དཔེར་ན་བརྟག་མི་ཉན་པ་གསུམ། རང་གི་ཡོན་ཏན། གཞན་གྱི་སྐྱོན། མཛེས་མའི་ལུས་ལྟ་བུའོ།།
མེ་ཏོག་དཀར་པོ་ལེག།
་
སེམས་ན་ལྷོད། ལྷོད་ཀྱི་དོན་ཅི།
་
དཔེར་ན་བརྟག་མི་ཉན་པ་གསུམ། རང་གི་ཡོན་ཏན། གཞན་གྱི་སྐྱོན། མཛེས་མའི་ལུས་ལྟ་བུའོ།
འདི་གསུམ་ལ་འགྲེལ་བཤེད་དགོས་སོ།
་འགྲེལ་བཤད། ཅེས་་བཅོས་སོ།
ངས་ཆ་ཚང་གཏོང་ཡོད་ཀྱང་འདིར་མི་འདུག་གང་ཤེས། ཡིན་ན་ཡང་གསུམ་ཚན་རྣམས་གཤམ་ནས་བཀོད་རྒྱུ་ཡིན།
༡ <>
༢ <>
༣ <>
༤ <>
༥ <>
༦ <>
༧ <>
༨ <>
༩ <>
༡༠ <>
༡༡ <>
༡༢ <>
༡༣ <>
༡༤ <>
༡༥ <>
༡༦ <>
༡༧ <>
༡༨ <>
༡༩ <>
ཨོ་དགོངས་དག ངས་གསུམ་ཚན་དག་རྟགས་དེའི་བར་ལ་བཅུག་ཡོད་པས་དེའི་རྐྱེན་གྱིས་འགྲོ་ཡི་མེད་པ་འདྲ།
༡ བརྗེད་མི་ཉན་པ་གསུམ་ཡོད་དེ།
༢ དྲན་དགོས་པ་གསུམ་ཡོད་དེ།
༣ ཡོད་དགོས་པ་གསུམ་ཡོད་དེ།
༤ བརྗེད་ན་དགའ་བ་གསུམ་ཡོད་དེ།
༥ འཛིན་ན་དགའ་བ་གསུམ་ཡོད་དེ།
༦ གསང་དགོས་པ་གསུམ་ཡོད་དེ།
༧ ངོམ་མི་ཉན་པ་གསུམ་ཡོད་དེ།
༨ འགྲོར་མི་ཉན་པ་གསུམ་ཡོད་དེ།
༩ བཤད་མི་ཉན་པ་གསུམ་ཡོད་དེ།
༡༠ མི་དགོས་པ་གསུམ་ཡོད་དེ།
༡༡ བྱེད་མི་ཉན་པ་གསུམ་ཡོད་དེ།
༡༢ འཆོར་མི་ཉན་པ་གསུམ་ཡོད་དེ།
༡༣ བརྟག་མི་ཉན་པ་གསུམ་ཡོད་དེ།
༡༤ བསྟུན་དགོས་པ་གསུམ་ཡོད་དེ།
༡༥ ཉན་མི་ཉན་པ་གསུམ་ཡོད་དེ།
༡༦ ཡིད་ཀྱིས་སྨོན་མི་ཉན་པ་གསུམ་ཡོད་དེ།
༡༧ གཏམ་གྱིས་སྨོད་མི་ཉན་པ་གསུམ་ཡོད་དེ།
༡༨ བསྟོད་མི་ཉན་པ་གསུམ་ཡོད་དེ།
༡༩ བསྟོད་སྨད་གཉིས་ཀ་མི་ཉན་པ་གསུམ་ཡོད་དེ།
འདི་ལ་སླར་ཕྱོགས་བསྒྲིགས་བྱས་ནས་བཀོད་ན་ལེགས།
རྒན་ལེགས། ཕྱག་འཚལ།
ལྷོད་ནི་འཚབ་འཚུབ་དང་བྲེལ་བ་མིན་པར་རྣལ་དུ་གནས་པ་ལ་མི་ཟེར་རམ། དེས་ན་སེམས་འདས་ལ་དྲན་པ་དང་། མ་འོངས་སྡོན་བསུའི་འདུ་འཕྲོ་སྐྱུང་ལ་ད་ལྟའི་ཤེས་པ་རང་སོར་ལ་ཞོག་ཅེས་སོ།།
རང་གི་ཡོན་ཏན་ལ་བརྟག་ན་ང་རྒྱལ་སྐྱེ།
གཞན་གྱི་སྐྱོན་ལ་བརྟག་ན་ཕྱིན་ཅི་ལོག་པའི་བདེ་བློ་སྐྱེ།
མཛེས་མའི་ལུས་ལ་བརྟག་ན་འདོད་ཆགས་སྐྱེ།
རྒན་ལེགས།
འགྲེལ་བཤད་ལ་འབྲེལ་བཤད་འབྲི་བ་མཐོང་ཨེ་མྱོང་། དེ་ནི་བོད་སྔ་རབས་པ་རྣམས་ཀྱི་འབྲི་སྲོལ་ལ་སྣང་།