སྐྱོ་བྲག་དགའ་དབང་།
ཉོན་མོངས་པའི་རྣམ་རྟོག་རང་རྒྱུད་དུ་སྐྱེ་བའི་རྒྱུ་ནི། མངོན་པ་མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་ཉོན་མོངས་པའི་བག་ཆགས་སེམས་རྒྱུད་དུ་ཡོད་པ་ཡིན་པར་གསུངས། ཡང་དབུ་མ་སྲིད་པ་འཕོ་བ་ལས་ནི། འཇིག་རྟེན་རྣམ་པར་རྟོག་ལས་བྱུང༌། །རྣམ་པར་རྟོག་པ་སེམས་ལས་བྱུང༌། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེ་ཕྱིར་ལུས་ལ་རྣམ་པར་བརྟག །ཅེས་ལུས་ཉིད་ཡིན་པར་བཤད་ཅིང་། དེང་གི་ཚན་རིག་པ་ཚོས་ལུས་ལ་ཞིབ་བརྟགས་བགྱིས་པས་ཀྱང་རྣམ་རྟོག་ཕལ་མོ་ཆེ་ཤེས་ཀྱི་ཡོད་ལ། ང་ཚོས་རྟ་ནོར་ར་ལུག་སོགས་དུད་འགྲོ་རྣམས་ཀྱི་འབྲས་བུ་ཕྱུངས་པ་ན་མོ་དད་མེད་པར་འགྱུར་བའང་མངོན་སུམ་པ་ཡིན།
ཉོན་མོངས་ལུས་སེམས་གང་ནས་འབྱུང་བ་གང་ལྟར་ཡང་། ང་ཆུང་དུས་ནས་བུ་མོ་རྣམས་དང་ལྷག་པར་མཛེས་མ་དག་ལ་དགའ་ཡི་ཡོད། བསམ་སྤྱོད་འདི་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། བྱད་བཞིན་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ། བྱིས་པ་རྣམས་དགའ་བར་བྱེད་ཅིང་ཚིམ་པར་བྱེད་པ་སྟེ། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །ཞེས་བྱིས་པའི་ཆོས་སུ་གསུངས་ཤིང། ང་རང་གིས་ཀྱང་རྒྱུན་པར་ཁ་ན་མ་ཐོ་བའི་སྐྱོན་ཆེན་པོ་ཞིག་ཏུ་བརྩི་བ་ཡིན།
ཡིན་ནའང་། ལོ་ཤས་གོང་ང་ཨ་མི་རི་ཀར་བསྐྱོད་སྐབས། བསྒྱུར་དུ་མི་བཏུབ་པའི་སེམས་ཁམས་ཤིག་གིས་བུ་བུ་དང་བུ་མོ་བུ་མོར་དགའ་སྟེ་མཚན་མཐུན་གཉེན་སྒྲིག་བགྱིས་པ་རྣམས་མངོན་གསལ་དོད་པོས་མཐོང་བ་ན། ང་རང་ལུས་སེམས་གཉི་ག་བུ་ཡིན་པའི་ཡིད་ཆེས་ཀྱིས་སྤོབས་པ་ཞིག་ཀྱང་སྐྱེས་སོང་ལ། སྔར་ངས་དཔེ་ཆ་དག་ནས་ལུས་མ་ནིང་དང་སེམས་མ་ནིང་ཟེར་བ་མཐོང་སྐབས་སེམས་མ་ནིང་གི་གོ་དོན་ཅི་ཡིན་མི་ཤེས་པའང་ལུས་དང་མི་མཐུན་པའི་སེམས་ཁམས་ཡིན་པ་ད་གཟོད་ཤེས་ཐལ།
ཕོ་མོའི་ས་བོན་མཉམ་འདུས་ཀྱིས་རིགས་རྒྱུད་སྤེལ་བ་ནི་སྐྱེ་དངོས་སྤྱིའི་ཆོས་ཉིད་ཡིན་ནའང་། སེམས་མ་ནིང་གི་བྱེད་ལས་མཚན་མཐུན་གཉེན་སྒྲིག་བགྱིས་པ་འདིས། སྤྱི་ཚོགས་ཐོག་ལྟ་སྤྱོད་མི་གཅིག་པའི་ཚོགས་སྡེ་སྟོབས་ཤུགས་ཆེ་བ་གཉིས་སུ་གྱེས་ཏེ་གླེང་རྙོག་མང་པོ་བྱུང་དང་འབྱུང་གིན་ཡོད་ལ། མིག་གིས་ལུས་ཕོ་མོ་གང་ཡིན་གསལ་པོར་མཐོང་ནའང་ད་དུང་སེམས་ཅི་ཡིན་ཆ་མ་འཚལ་བས་ཕན་ཚུན་བློ་དྭོགས་ཀྱིན་གནས་དགོས་ཐུག་གི་ཡོད། འཇིག་རྟེན་ན་ཕོ་མོ་མ་ནིང་ཅི་རིགས་ཡོད་པ་ལས་ང་རང་བུ་བུ་མོ་དངོས་གནས་པ་ཞིག་ཡིན་པའི་ཤེས་བྱེད་ནི་སེམས་བཅོས་མ་མིན་པ་རང་བཞིན་གྱིས་ཕོ་མོ་ཕན་ཚུན་དགའ་བ་འདི་རེད་འདུག་པས་སེམས་བུ་མོར་དགའ་བ་འདི་སྐྱོན་ཅན་རྐྱང་པ་ཞིག་མིན་པའི་ཚོར་སྣང་བྱུང་ངོ་། །
འོ་ན་གདན་ས་ཁག་གི་དགེ་བཤེས་ཕལ་མོ་ཆེ་ལ་ཆོས་ཅན། སོར་སྡོམ་མ་སྐྱེས་པར་ཐལ། ཕྲུ་གུ་རླ་ཤ་འཇམ་པོ་ལ་ཆགས་པ་གང་ཞིག དེ་ཁྱོད་ཀྱིས་མ་ནིང་དུ་ཁས་བླངས་པའི་ཕྱིར།།
རྟགས་ཁས། ཁྱབ་པ་ལུང་གིས་གྲུབ་སྟེ། སྡོམ་པ་སྐྱེ་བའི་བར་ཆད་འདྲི་སྐབས་ཁྱོད་མ་ནིང་མ་ཡིན་ནམ་ཞེས་འདྲི་དགོས་པའི་ཕྱིར་རོ།
དེ་ནི་མ་ཁྱབ་སྟེ། ང་དགེ་སློང་ཡིན་བསམ་པས་སོ། སོར་མདོ་ལས། མངོན་པའི་ང་རྒྱལ་ནི་མ་གཏོགས་སོ་གསུང་པ་རིག་པས་སྒྲུབ་ནུས་སོ། མ་གཞི་ལོ་ལྔ་བཅུ་ལོན་ལ་ཉེ་སྐབས་གཞི་ནས་སོ་སོ་བུ་ཡིན་པའི་ངེས་ཤེས་རྙེད་པ་ནི་ཧ་ལས་པ་ཞིག་མ་ཡིན་ནམ།
བུ་དང་ཕོ་ལ་ཁྱད་པར་མེད་དམ།
བུ་དང་ཕོ་ལ་ཁྱད་པར་ཡོད། བུ་ཡིན་ན་ཕོ་ཡིན་པས་མ་ཁྱབ་སྟེ་བུ་ཕོ་དང་བུ་མོ་གཉིས་ཀྱི་སྤྱི་མིང་ཡིན་པས་སོ། །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་སུ་བལྟས་ན་བུ་དང་ཕོ་གཉིས་ཀྱི་ཁྱད་པར་གསལ་པོར་ཤེས་ནུས། བུ་ཕོ་དང་། བུ་མོ་དང་། མ་ནིང་དང་། སོགས་གསུངས་སོ། །
ཡང་བུ་ཟེར་བ་ 19 བར་གྱི་གཞོན་ནུ་དང་། ཕ་བྱེད་པའི་ནུས་ལྡན་ཡན་ཆོད་ལ་ཕོ་ཟེར་རོ་སྙམ།
འོ་མེ་དཀར་གྱིས་གསུངས་པ་ཡང་བདེན། འབྲུག་ལ་ཡང་བུ་ཕོ་གཞོན་ནུ་རྣམས་ལ་བུ་ཚུ་ཞེས་འབོད་ཅིང་། བུ་ཕོ་དར་མ་རྣམས་ལ་ཕོ་རྒས་ཞེས་བརྗོད་ལ། དེ་ནས་རྒན་པ་རྣམས་ལ་ཨ་རྒས་ཞེས་འབོད་དོ།
བུ་ནི་ཆུང་ཆུང་གི་དོན་ཡིན་ནོ། ཕྲུ་གུ་དང་དོན་གཅིག་པ་རེད་དོ། དཔེར་ན་བུ་ཕྲུག་ལྟ་བུའོ།
མཚན་མཐུན་ཟེར་བ་མ་ཡིན་ནོ། ཕོ་ཟུང་དང་མོ་ཟུང་ཟེར་དགོས་སོ། ཕོ་ཟུང་ཆང་ས། ཕོ་ཟུང་གཉེན་སྒྲིག། མོ་ཟུང་གི་འཁོར་བ། ཕོ་རྒྱོ་དང་མོ་རྒྱོ་རྒྱག་པ། ཕོ་དགའ་དང་མོ་དགའ།
ཕོ་ཟུང་སྐྱི་མོ་ལ་རྒྱག་དང་། མོ་ཟུང་སྐྱི་ཁ་གཉིས་གཏུག་ལྟ་བུའོ།
དེ་ལྟར་ན་སྐྱོ་བྲག་དགའ་དབང་གཞོན་ནུ་ལོ་བཅུ་དགུ་ཅན་ནམ་ཕྲུ་གུ་ཞིག་ཡིན་པ་འདྲ། ཧ་ཧ་ཧ་ཧ་
Boy དང་ man ལ་ཁྱད་པར་ཡོད་པ་འདྲ་པོ་རེད།
གཡུ་འབྲུག་གིས་ཧ་ཧ་ཟེར་མོད། སྐྱོ་བྲག་འདིས་རང་ཉིད་བུ་ཡིན་པ་གཞི་ནས་ཤེས་སྟངས་ལ་དཔག་ན་ལོ་ ༡༥ ལོན་པའི་བུ་ཆུང་སྙིང་རྗེ་པོ་ཞིག་མིན་ནམ་དྲན། རྒན་ལགས་ཚོས་ད་བར་བརླ་རྒྱག་རྐུབ་བྱས་པས་རང་ཉིད་བུ་མོ་མིན་ནམ་སྙམ་པ་ལ་རྒྱུ་མཚན་ཁ་ཤས་ཀྱིས་རང་བུ་ཡིན་པ་དཔག་འདུག་པས་སོ།།
ཞང་ཞུང་སྐད་དུ་བུ་ལ་་་ཧྲི་ཙ་་་་དང་བུ་མོ་ལ་་་་ཙ་མེད་་་་ཟེར། དེ་དང་ཕྱོགས་མཚུངས་བོད་སྐད་དུ་་བུ་ཙ་་་དང་སྟོད་པའི་ཁ་སྐད་དུ་་་བི་ས་་་འམ་་་བི་ཙ་་་ཟེར། །
ཧ་ཧ་་་་་་་སྐྱོ་བྲག་དགའ་དབང་ནས་སྨད་པའི་ཟོལ་གྱིས་བསྟོད་ཟེར་བ་ལྟར་ཁོས་བུའི་བརླ་ཤ་ལ་ལོངས་སྤྱོད་མ་མྱོང་པའི་སྒྲུབ་བྱེད་ཡིན་བཀོད་པ་ཡིན་འདུག དེ་འདྲ་རེད་པས་་་་་་་་་