རྩེ་བློ་བཟང་བཀྲ་ཤིས།
སེམས་ཐག་ཆོད་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་ཚུགས་ཅན་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་ལྗིད་ཤེས་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་ནས་རྩོམ་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་གཞན་གཉིས་ལ་ཕན་པ་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་རློམ་གཏན་ནས་སྤངས་པ་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་ཁེ་གྲགས་འདོད་མེད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་ཉིད་སྤྱི་ལ་གཏོང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ།
རང་མགོ་དགྲ་ལ་སྒུར་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ། །
རང་སྡུག་རང་གིས་ཉོ་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ། །
རང་གི་གཟའ་ཟླ་གཡུགས་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ། །
རང་རིགས་ནང་འཁོན་བཟོ་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ། །
རང་སྲིད་རང་གིས་བརླགས་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ། །
རང་གི་དགྲ་ལ་དགའ་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ། །
གོང་གི་རྩོམ་དེ་ཚོ་ཡག་གི་ཡ།
ཡང་རྒྱ་ནག་གིས་བཏང་བའི་དྲ་འབུ་༼ཟོག་རྫི༽གཉིས་ཐོན་འདུག དམར་ཕྱོགས་ཀྱིས་ཀྱང་དགའ་ན་མ་དགའ་ན་ཁྱོད་གཉི་ཀའི་སྐད་ཆ་དེའི་ཡག་ཅིག་བཤད་འཇོག་གི རང་ཉིད་ཟོག་ཅིག་ཡིན་པ་གསལ་བྱེད་བྱས་བ་ཙམ་རེད། ཡིན་རྒྱུ་རེད། ཁྱོད་གཉི་ཀའི་ཨ་ཕ་毛泽东མའོ་རྒན་ཡིན་པས་ཁྱོོད་གཉི་ཀའང་ཏག་ཏག་མའོ་རྒན་གྱི་སྐད་ཆའི་དྲི་མ་བྲོ་གྱིན་འདུག མའོ་རྒན་གྱིས་ཁྱོད་གཉི་ཀའི་ཨ་མ་བཙན་གཡེམ་བྱས་ནས་ད་གཟོད་ཁྱོད་གཉིས་ལྟ་བུའི་དྲིན་ཆེན་ལ་དྲིན་ལོག་བྱེད་པའི་འདི་འདྲའི་༼རྫོབས་ཕྲུག༽杂种གཉི་སྐྱེས་བ་རེད།
རང་རིགས་དོན་དུ་གང་ཡང་ཕོད་པ་ཅན། །
རང་རིགས་དཔའ་རྒོད་འདི་ནི་རང་རིགས་རྒྱན། །
རང་ཚུགས་རི་རབ་ལས་ཀྱང་བརྟན་དང་། །
རང་གཤིས་བལ་ལས་འཇམ་པའི་དཔའ་རྒོད་རྒྱལ། །
རང་རིགས་དོན་དུ་བྱས་པ་འདི་ཡིན་ཞེས། །
རང་གི་ལོས་རྒྱུས་ནང་དུ་མ་བྱུང་བས། །
རང་མཐོང་ངར་རྒྱལ་ཅན་གྱི་དྲ་བའི་འབུ། །
རང་རིགས་རིགས་ཞེན་མིང་ཅན་སྙིང་རྗེའི་ཡུལ། །
རང་གི་དེ་ཉིད་ཕྱིར་རུ་མངོན་བཞིན་དུ། །
རང་མགོ་རུལ་དྲི་རང་སྣའི་མི་ཚོར་མཁན། །
རང་མིང་གངས་སྤྲེལ་རྫུས་བས་ཁྱི་རྒན་ཁྱོད། །
རང་ལུས་རྟུག་པའི་ཁེངས་པར་ཡིད་རེ་མུག །
རང་རིགས་ལས་དབང་གང་ཡིན་མི་ཤེས་གཅིག །
རང་ཉིད་རྣམ་པར་དཔྱོད་བྱེད་བློ་མིག་ཞར། །
རང་ཚུགས་གཞན་ལ་ཤོར་བས་ཀླད་མེད་ཅན། །
ཆོས་འཕེལ་དར་རྒྱས་དེ་ཡང་ཤ་རེ་ཚ། །
ལོ་མ་སར་་སྔོན་དུ་རྒྱ་གཞུང་གིས། འབོ་རའི་ཁྱིམ་ཚང་རེར་ལོ་སར་གཏོང་བྱེད་དུ། ཕྱེ་རྒྱ་མ་ལྔ་བཅུ་དང་སྣུམ་རྒྱ་མ་ལྔ་རེ་བྱིན་འདུག
ཤ་ཚ་ཅན་གྱི་འཇམ་གཅེས་ཞིག
སེམས་ཤུགས་ཅན་གྱི་གླིང་ཕྲུག་གཅིག
ཕྱོགས་ལྷུང་ཅན་གྱི་ཁྱབ་འཇུག་ཞིག
བསྒྲིག་མེད་རིག་ཞེན་དཀར་བོ་སོགས།
ཤི་རེ་ཁོ་བོད་ོ་ངེད་ཚང་འདི་འདྲ་རུ་བཤད་ན་ཆུ་དང་ཆུ་བཤད་ན་ནགས་ལ་འགྲོ་
མཁན་ཞིག་མ་ཡིན་པར་གོང་གི་ཚིག་བཞིའི་ཡིག་གེ་ཐོག་མ་རྣམས་ཀྱི་དོན་ཞིག་བྱུང་ན་དགའ་བ་ལ།
མི་འདི་ཚོའི་ལག་པར་དཔང་ཤོར་ན་ཕ་མེས་ཁྲག་ལ་སྦྱོར་བའི་དགྲ་དར་འདི་རྡ་ས་བཙན་བྱོལ་རི་སྒང་ནས་ཡང་གཅིག་མི་སློང་བའི་རྐང་རྩ་མི་འདུག་ན། བོད་མིས་སྙིང་རྗེ་ནི་སྙིང་རྗེ་དང་འཐབ་རྩོད་ནི་འཐབ་རྩོད་དུ་འཛིན་ཐུབ་པའི་རེ་བ་ཞུ་བ་ཡིན།
འབྲེལ་གཏུགས་གནང་མཁན་ཡོད་དམ།
ཞི་བའི་གོམ་བགྲོད་ཐེངས་གཉིས་པར་དང་བླང་གིས་མཉམ་ཞུགས་བྱེད་བློ་ཡོད་མཁན་དག་གིས་བདག་ལ་འབྲེལ་གཏུགས་ཁ་པར་ཨང་གྲངས་༨༦༧༩༠༦༨༩༩༩འདིས་ཐོག་ནས་བྱེད་ཆོག་པ་ཡིན།
ཚེ་བརྟེན་རྡོར་རྗེ་ལགས། ངས་སྔ་ལོ་ནས་ཁྱེད་ལ་རེ་བ་ཞིག་དང་བོད་མི་ལས་འགུལ་བ་ཞིག་ལ་ངེས་འཛིན་ཞུས་པ་ཡིན། ད་བྱས་དུས་ཁྱེད་ཡང་སྲིད་དོན་གྱིས་རང་ཁེར་ལེན་མཁན་ཞིག་ཡིན་པ་འདྲ། ང་ནོར་བ་འདྲ། ཁྱེད་རྒྱ་བོད་བར་ནས་སྐབས་འཚོ་བ་ཞིག་ཡིན་སོང་བ་འདྲ། དམར་དར་འཁྱེར་ནས་རྒྱར་མགྱོགས་པོ་ལོགས་རོགས། དམར་གླུ་གཏོང་ནས་ཁྱེད་ལ་བསུ་མ་བྱེད་ངེས། ཡཡཡཡ། མིའི་གཤེས་མིས་མི་ཤེས་ནི་རེད།
འབྲེལ་གཏུགས་བྱེད་པའི་ཐོབ་ཐང་ད་དུང་སུ་ལའང་མེད་དེ་བཀའ་ཤག་ནས་སྐུ་ཚབ་བསྐོ་བཞག་གནང་མ་གྲུབ་པའི་ཕྱིར་རོ།
༄། བུ་གླིང་ཚ་ལགས་ བོད་དོན་ལ་དཀའ་ལས་རྒྱབ་པ་ཐུགས་རྗེ་ཆེ། ཆུང་ཚག་རིགས་ཁྱེད་ནས་ག་རེ་གནང་ན་གས་མི་འདུག། དངོས་གནས་ཁྱེད་ནས་དཀའ་ལས་རྒྱབ་སོང། ཡིན་ན་ཡང་རྒྱ་རོ་དམར་པོའི་རྒྱལ་དར་རྒྱབ་ལ་ཁུར་ན་ཞབས་འདྲེན་རེད་ ཁྱོད་རང་རྒྱ་རོའི་རྒྱལ་དར་གནམ་ལ་འཕྱར་ནས་བོད་ལ་ཁུར་དགོས་མ་རེད། ༡༩༥༩ ལོ་ཕོ་བྲང་པོ་ཏ་ལའི་གང་ལ་རྒྱ་རོའི་རྒྱལ་དར་གཙུགས་ནས་བོད་མི་ས་གཅིག་ལྷག་ཙམ་གྱི་ཚེ་གསོགས་འཕྲོག་སོང། ང་ཚོ་བོད་པ་ཚོས་་རྒྱལ་དར་དེ་མཐོང་སྐབས་སེམས་ལ་ན་ཟུག་ཆེན་པོ་ཡོད། དེ་རྒྱལ་དར་མ་རེད་ཁྲག་དར་རེད་ཅེས་ལབ་ཀྱི་ཡོད། གླིང་ཚ་ལགས་ཁྱེད་ཀྱིས་རྒྱ་རོའི་རྒྱལ་དེ་མར་སྡོག་རྫེས་གཏང་ནས་ཕེབས་ན་དགའ་བསུ་ཡོད་
གླིང་ཚ་ཁྱེད་སླར་ཡང་གོམ་འགྲོད་གནང་རྒྱུ་ཡིན་པ་ལ་རྗེས་སུ་ཡིད་རང་ཡོད་
གོམ་འགྲོད་མགོ་ཙུག་དུས་ལོ་སྔོན་མ་རྡ་ས་ནས་མཐོན་ནས་འགྲོ་སྐབས་ལག་པར་ག་རེ་འཁྱེར་བ་དེ་རང་འཁྱེར་ཏེ་འགྲོ་རྒྱུ་ཤིན་ཏུ་གལ་ཆེ་བ་མ་ཟད་དེ་རང་མཐའ་འཁྱོལ་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་
རྒྱ་གར་རང་དབང་ལུང་པར་དར་དམར་མགོ་ལ་འཆར་ས་རྒྱ་གུང་ཁྲན་གྱི་གཞུང་ཚབ་ཁག་མ་གཏོག་མེད་པ་རེད་
དབུ་མའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱས་ན་ཡང་བྱེད་ཏང་དེ་འདྲ་རྩ་བ་ནས་མ་རེད་
ཁྱེད་ད་དུང་མིའི་གཡོ་འོག་ཏུ་ཚུད་ཡོད་པ་མ་ཤེས་པ་མ་བྱེད་་་་བོད་མི་ནང་ཁུལ་ཆིག་བསྒྲིལ་ལ་གནོད་རྒྱུ་ཞིག་མ་གཏོག་མེད་པ་རེད་
༄། སྐུ་ཚེ་རིང་ ཨ་རོག་ རྐང་རྗེས་ལག་བསུབ་བྱེད་ཡོང་ད། རྒྱ་རོའི་རྒྱུག་ཁྱི་ག་བ་ལ་ཡང་ཡོད་རེད་ད་ རྒྱ་དམར་གྱིས་སྒོར་མོ་མང་པོ་འགྲོ་སོང་གཏང་ནས་བོད་པའི་མཐུན་སྒྲེལ་གཏོར་བཤིགས་གཏང་ཐབས་བྱེད་བཞིན་པ་ཤེས་གསལ་རེད་ རྒྱ་དམར་གྱི་དར་དམར་གནམ་ལ་འཕྱར་ན་ཡག་པོ་རེད་ལབ་མཁན་དེ་ཚོ་ལ་གཟབ་གཟབ་བྱེད་རོག་ དེ་རིང་ཁྱེད་ནས་ལང་ཕྱོགས་དང་གཟབ་གཟབ་མ་བྱེད་ན་རྐྱེན་ངན་ལ་འགྲོ་བའི་ཉེས་ཁ་འདུག་ རྒྱ་རོའི་ཚང་བོད་པ་ནང་ཕན་ཚུལ་མི་མཐུན་པ་བཟོ་རྒྱུ་དེ་དམིགས་ཡུལ་གཙོ་བོ་རེད་ བཀྲེས་དོན་འགྲུབ་པར་ཤོག།
སྐུ་མཁྱེན་ཁྱེད་ཀྱིས་ཨ་མ་སྡོམ་པོ་སྐྱིད་ཀྱི་བུ་ཟེར་བ་ལས་ས་ཡ་དྲུག་གི་བུ་མ་ཟེར་རོགས་།
ཀ་ར་དགའ་བའི་ཕྱི་གླིང་ཡུལ་ནས། །
ཁ་རྒྱབ་ཕྱུག་པོའི་འདོད་རྔམ་བསྐྱུར་ཏེ། །
ག་ལེར་དྷ་སར་སླར་ཡང་ཕེབས་ནས། །
ང་ཅག་དོན་ལ་དཀའ་ལས་བརྒྱབས་སོང་། །
སྙིང་སྟོབས་ཅན་གྱི་གླེང་ཚ་ཚེ་བརྟན་རྡོ་རྗེ་ལགས་ ཁྱེད་ནི་གངས་ཅན་པའི་དོན་གྱི་དཔའ་བོ་ཡིན། ལ་རྒྱ་ཅན་གྱི་བུ་རྒོད་ཁྱེད་དང་མཉམ་དུ་ང་འཚོ་དབུ་མའི་ལམ་ལ་ཡིད་ཆེ་བའི་བོད་པ་ཡོངས་རྫོགས་ལངས་ཡོད་།
གླིང་ཚང་བུ་ནས་ཡང་སྐྱར་དར་དམར་འོག་གི་ལས་འགུལ་ཞིག་རྒྱ་གར་ས་ཐོག་ནས་སྤེལ་ཚེ་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ལ་བསྐྱར་ཞིབ་དང་འབྲེལ་བའི་གཏམ་སྣ་ཚོགས་ཡོངས་རྒྱུ་ཡོད་པ་གཞི་གྲུབ་ནི་རེད།
༄༅།་གླིང་ཚྭ་ཚེ་བསྟན་རྡོར་བརྗེ་ལགས།
དངོས་གནས་ཁྱེད་རང་སྐུ་ཐང་མཉེས་སོང།
ཉིན་ཤས་སྐུ་ངལ་གསོལ་རོགས་གནང་།
གསུམ་བཅུའི་དུས་དྲན་ནས་་ཁྱེད་ལ་མགོན་སྐྱབས་གནང་ཁན་རྒྱ་དམར་པོའི་རྒྱལ་དར་དེ་ཁྱེད་ཀྱི་ཕྲགས་པར་ཁུརནས་་གུས་ཞབས་དང་མཐོན་ཆེན་པོ་གནང་རོགས།་
སྡིག་ཕད་ཁྲ་ན་ཆུང་རྒྱབ་ལ་ཁུར།
ཞལ་ནས་ཨོཾ་སང་མ་ཎེ་གྲོང།
དེ་འདྲའི་བོད་མི་ཡ་མཚན་འདི་ཚོ་ཧཧཧཧཧ
༄༅།་གླིང་ཚྭ་ཚེ་བསྟན་རྡོར་བརྗེ་ལགས།
དངོས་གནས་ཁྱེད་རང་སྐུ་ཐང་མཉེས་སོང།
ཉིན་ཤས་སྐུ་ངལ་གསོལ་རོགས་གནང་།
གསུམ་བཅུའི་དུས་དྲན་ནས་་ཁྱེད་ལ་མགོན་སྐྱབས་གནང་ཁན་རྒྱ་དམར་པོའི་རྒྱལ་དར་དེ་ཁྱེད་ཀྱི་ཕྲགས་པར་ཁུརནས་་གུས་ཞབས་དང་མཐོན་ཆེན་པོ་གནང་རོགས།་
སྡིག་ཕད་ཁྲ་ན་ཆུང་རྒྱབ་ལ་ཁུར།
ཞལ་ནས་ཨོཾ་སང་མ་ཎེ་གྲོང།
དེ་འདྲའི་བོད་མི་ཡ་མཚན་འདི་ཚོ་ཧཧཧཧཧ
༄༅།་སྡིག་ཕད་ཁྲ་ཆུང་རྒྱབ་ལ་ཁུར།
ཞལ་ནས་ཨོོོཾ་སང་མཎེ་གྲོང་
དམར་པོའི་རྒྱལ་ཐར་ཁྲག་པར་ཁུར།
ཞལ་ནས་བོད་དོན་གསུང་ནས་སྐྱོད།
གླིང་ཚྭ་ཚེ་བསྟན་རྡོ་རྗེ་ཆོས་ཅན།
མཐའ་གཅིག་ཏུ་བོད་དོན་གྱི་ཆེད་དུ་ཡིན་པར་ཐལ།
བོད་ལ་མ་སླེབ་བར་གོམ་འགྲོ་བའི་ཕྱིར་ཟེར་ན་མ་ཁྱབ་ཏེ།
རྒྱ་དམར་ལ་ཞིན་ནས་རྒྱལ་དར་་ལགས་བཟུང་དམ་པོར་ཁྲག་པར་ཁུར་བ་དེས་ཕྱིར་
༄༅།བོད་དོན་གྱི་ཆེད་དུ་རང་ལུས་མེ་སྲེགས་གནང་ཁན་འགྲོ་བ་ཡོངས་ལ་གུས་དཀུར་ཞུ་
གླིང་ཚ་སེམས་ཤུགས་ཅན།
སེམས་ཤུགས་ཡོད་ཀྱང། ལྐུགས་པ་མིས་མགོ་སྐོར་གཏོང་ཆོག་ཆོག་ཅིག་ཡོད་པ་འདྲ། ཧཧ། རྒྱ་མིའི་་དར་དམར་ཕྱར་ནས་བོད་མིའི་་རྩ་དོན་བརླགས། ད་རུང་ཧ་གོ་མདོག་མདོག་གིས་སྐད་ཆ་བཤད།་མི་འདི་ཚོས་བོད་མིའི་ནང་གི་མཐུན་ལམ་གཏོར་བ་དང་བོད་མིའི་སེམས་ལ་གནོད་པའི་ལས་ཀ་བྱེད་བཞིན། ཁ་ནས་བོད་དོན་རྩོད་པ་ཟེར་གྱི་འདུག། ཞབས་འདྲེན་རེད།
སེམས་ཤུགས་ཀྱང་ལྐུགས་པའི་སེམས་ཤུགས་ཡིན་པ་འདྲ།