ཤར་ཕྱོགས་ཁུག་རྟ།
༄༅།། འཇིག་རྟེན་གྱི་གནས་ལུགས་ཙམ་དུ་མ་ཟད། འཇིག་རྟེན་ལས་འདས་པའི་གནས་ལུགས་ཤིག་ཐད་སྤྲོས་བྱེད་དགོས་ཚེ། དེ་ལ་དཔྱད་པ་དང་གཞུང་ལུགས་ཟུང་འབྲེལ་གྱིས་འགྲེལ་བཤད་བསྐྱོན་དགོས་པ་ནི་མི་རྣམས་ཀྱི་སྲོལ་དུ་ཆགས། དེས་ན་ཁོ་བོས་ཀྱང། དབུ་མའི་ལམ་གྱི་རིགས་པའི་གཞུང་ལུགས་དང་དེའི་ཉམས་ལེན་གཉིས་ཐད་ནས་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེས་སྐར་ལྔའི་དར་དམར་འཕྱར་རྒྱུར་རྒྱབ་སྐྱོར་ཆ་ཚང་བྱེད་ཀྱི་ཡོད་ལ། ད་ཐེངས་ཀྱང་ཁོང་བཙོན་དོང་གི་སྡུག་བསྔལ་ལས་ཐར་མ་ཐག་སྔར་ཡོད་ཆོད་སེམས་བསྐྱར་ནན་བྱས་པར་སྙིང་དབུས་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
སྐར་ལྔའི་དར་དམར་དེ་ཅི་ལྟར་རྒྱ་ནག་གི་མཁའ་དབྱིངས་སུ་སྒྲེང་མིན་ཐད། བཙན་བྱོལ་ནང་གི་ཕྱིས་འབྱོར་བོད་མི་རྣམས་གཙོས་བོད་དོན་ཐད་དོ་སྣང་ཡོད་མཁན་ཚོ་ཧ་ཅང་རྒྱུས་ཡོད་རེད། རྒྱ་ནག་གི་རྒྱལ་རབས་རིམ་བྱོན་དང་ང་ཚོའི་བློ་མིག་གི་བསྐལ་བར་གྱུར་བའི་རྒྱལ་ཁབ་ཅི་སྙེད་ཅིག་གི་རྒྱལ་དར་ཐམས་ཅད་མཁའ་དབྱིངས་ནས་ཅི་ལྟར་རླུང་གིས་བསྐྱོད་དེ། རིམ་བཞིན་དེའི་འོག་གི་ས་ཆེན་པོ་དང་མི་མང་དུང་ཕྱུར་མང་པོའི་སྙིང་སྟོབས་ལར་ཞེན་དུ་གྱུར་ཚུལ་ནི་གྲངས་ཀྱིས་ཟིན་དཀའ་བ་ཙམ་དུ་ཡོད་གཤིས། རྒྱལ་དར་གང་དེར་ཁྲག་དང་རྔུལ་ཆུ། ཡང་ན་བདེན་རྫུན་གོ་ལྡོག་གི་གནས་བབ་སྣ་ཚོགས་བརྒྱུད་གནམ་མཁའ་སྔོན་པོའི་གྲོགས་སུ་གྱུར་བ་ཤིན་ཏུ་ནས་གཅིག་མཚུངས་སུ་ཡོད་གཤིས། སྐར་ལྔའི་དར་དམར་གྱིས་དེ་རིང་གི་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་མི་དམངས་ཀྱི་སྙིང་སྟོབས་ཕུགས་བསམ་མི་མཚོན་ཞེས་པ་ནི་དཔྲལ་བ་ན་མིག་གཅིག་ལས་མེད་པ་དག་གི་བསམ་ཚུལ་ཙམ་དུ་ཁོ་བོས་སྔ་ནས་ཐག་གིས་བཅད་ཅིང། ད་ནི་བསྐྱར་ནན་གྱིས་ཚིགས་སུ་གཅོད་རྒྱུར་ཐེ་ཚོམ་ནེམ་ནུར་གང་ཡང་མེད།
རྒྱ་འོག་གི་བོད་འདི་ན་རྒ་འཆི་བའི་གནས་བབ་གང་འདྲ་ཞིག་ཏུ་སླེབས་ཡོད་ཅེས་དྲི་བ་ཞིག་ཡོད་དབང་དུ་བཏང་ན། བོད་འདི་རྒྱ་འོག་ལ་ཤོར་ཚུལ་ནི་ཅི་ལྟར་ཤི་དཀའ་ཟུངས་འཇིབས་ཀྱི་ནད་མནར་དྲག་པོའི་ངང་ཚུལ་གྱིས། ཡི་གེ་དཀར་པོར་མིག་ཁྲ་ཁྲ་བཙུགས་ནས་བཤད་དགོས་ཚེ། ཐ་ན་ང་ཚོར་ལོ་ཚད་ཀྱང་གསལ་བོ་ཞིག་བཤད་རྒྱུ་མེད་ལ། དབུས་ནས་མཐའ་མ་མཁྱེན་པ་དང། མཐའ་ནས་དབུས་མ་མཐོང་བ་ནི་ད་དུང་ཐེ་ཚོམ་གྱི་གཡང་གཟར་ན་ལྷགས་ཡོད། གནད་དོན་འདི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཏུ་ཟད། ད་ལྟ་བྱུང་རབས་རྩབ་ཧྲལ་གྱི་ངོ་གདོང་ཡིད་ལ་བླངས་ཤིང། གནས་བབ་ལྗིད་ཁོག་ཀྱང་རང་བློར་ཁྱོན་ནས་ལྐོག་ཏུ་མ་གྱུར་བའི་སྐབས་འདིར། དངོས་གནས་བྱས་ན་བཙན་པོ་གཉའ་ཁྲི་ནས་༧ཐུབ་བསྟན་རྒྱ་མཚོའི་བར་གྱི་སྲིད་འབྱོར་རིག་གསུམ་གྱི་དབུ་ཁྲིད་མཁས་མཛངས་གཅིག་ཏུ་བསྡོམས་པ་ལས་ཀྱང་འགོངས་པའི། ༧རྒྱལ་མཆོག་ཐམས་ཅད་མཁྱེན་པ་༧བཅུ་བཞི་པ་ཆེན་པོ་༧གང་ཉིད་ཀྱིས་བོད་འདི་ས་ལ་བཙུགས་ཞིང། རྡོ་ལ་བྲིས། གླིང་ལ་བསྒྲགས་ཤིང། མི་རུ་བཅོས་པའི་མཁས་མཛངས་འཁྲུལ་གསུམ་གྱི་བོད་སྐྱོབ་མཛད་འཕྲིན་ལ། རང་ཅག་ཕྱི་རབས་པ་རྣམས་ཀྱང་ཤེས་ནས་སྤྲོ་བཞིན་རང་གི་ནུས་ཚོད་ཀྱིས་འཇུག་དགོས་པ་ཞིག་ཡིན་ཡང། ཁ་ཐུར་དུ་འགྲོ་སྐབས། ཚུལ་ཅི་ལྟར་རྗེས་སུ་འཇུག་རྒྱུར་བདག་དང་བདག་གི་རང་མཐོང་ཞེན་འཛིན་གྱིས་ང་ཚོ་ནང་ཁུལ་ལའང་བར་ཐག་ངེས་ཅན་རེ་ཤོར་ཡོད་ནའང། དྲན་དབང་བརྒྱ་ཡི་ཀླད་པ་འགེམས་པའི་དཔའ་བོ་ཞིག་གློ་བུར་བྱོན་ནའང། སྐར་ལྔའི་དར་དམར་འཕྱར་ན་དབུ་མའི་ལམ་གྱི་སྤྱོད་པ་དམ་པར་འགལ་ཚུལ་མི་སྨྲ་བ་ནི་ཁོ་བོར་མྱོང་བ་མངོན་སུམ་གྱི་རྟོགས་པ་ལྷམ་མེར་ལྷན་ནེར་ཤར་བ་འདྲ་ཞིག་བྱུང།
བོད་མི་ཚོས། ཞི་རྒོལ་བ་ཚོས་ངོ་རྒོལ་བྱ་ཡུལ་གྱི་རྒྱལ་དར་འཕྱར་ནས་འཐབ་རྩོད་ལ་ཞུགས་པ་ནི་བོད་ཀྱི་གནམ་རྒྱ་ནག་ཏུ་གྱུར་བ་ནས་མཐོང་ཞིང། དེའི་ཡར་སྔོན་རང་རེའི་བོད་མི་ཚོར་ཐ་ན་རང་བཙན་ཟེར་བའི་ཚིག་འདིའང་བེད་མེད་ཡིན་པ་བྱུང་རབས་སུ་གསལ། ཞི་བའི་འཐབ་རྩོད་པ་ཚོས་རང་གི་གཞུང་ངམ་གཞུང་གཞན་ལ་ངོ་རྒོལ་བྱེད་དུས་བརྩི་བཀུར་དང་ཞི་བ་མཚོན་པ། འཐབ་རྩོད་པའི་ཆེ་མཐོང་དང་ཕུགས་བསམ་སྟོན་ཆེད་ངོ་རྒོལ་བྱ་ཡུལ་གྱི་རྒྱལ་དར་འཕྱར་བ་ནི་ལུགས་སྲོལ་དུ་ཆགས་ཡོད་ཀྱང། རང་རེ་བ་རྣམས་ཀྱིས་རྒྱལ་དར་མགོ་ལ་སྒྲེང་ཙམ་ཉིད་ནས་དེར་མགོ་འདོགས་བྱས་ཚུལ་སྒྲོགས་པ་ནི་གཅིག་ནས་མཐོང་རྒྱ་མེད་པ་དང། གཉིས་ནས་རྐུབ་སྟེགས་ཚ་བོར་གླ་ཆ་བླངས་ནས་བསྒྲགས་གཏམ་སྤེལ་བ་དག་གི་ལུགས་སྲོལ་དུའང་ཆགས།
ཞི་བའི་འཐབ་རྩོད་པ་གླིང་ཚས་རྒྱ་ནག་རྒྱལ་ཁབ་དང་མི་མང་ལ་བརྩི་བཀུར་མཚོན་ཆེད། སྐར་ལྔའི་དར་དམར་དེ། དུས་ནམ་ཞིག་རྒྱལ་དར་ཆགས་མིན་ཡང་གསལ་ཁ་མེད་པའི་རང་རེའི་གངས་སེང་རྟགས་ཅན་གྱི་མཉམ་པོར་མཁའ་དབྱིངས་སུ་སྒྲེང། ཞི་བའི་དོན་ཚན་ལྔ་ངོས་ལེན་བྱས་ཚེ་ཁོང་ཉིད་དར་དམར་དེའི་འོག་ནས་འདུག་རྒྱུར་ཁས་ལན་གནང། མི་ཚེ་གཅིག་ཞི་བའི་དགོས་འདུན་དེ་དག་གི་ཐད་གཏོང་རྒྱུར་བསྒྲགས་པ་ནི། མའོ་ཙེ་ཏུང་གིས་ལེའུ་ཧུའུ་ལེན་ལ་བསྟོད་བསྔགས་བྲིས་པ་ལྟར་གསེར་ཡིག་གིས་བྲིས་ཏེ། ཏུང་ཚོན་རིས་དང་མཉམ་དུ་བོད་ཀྱི་ལ་རྒྱའི་སྙིང་སྟོབས་གནམ་དུ་འདེགས་བྱེད་དུ་འབྲི་དགོས་མོད། མགོ་ན་ལྷ་དང་རྒྱབ་ན་དམངས་མེད་པ་ཞིག་ལ་ཅི་ལྟར་ཡོང་སྟེ་མི་སྲིད་ཁར། ཐ་ན་དབུ་མའི་ལམ་ཁ་ནས་སྐྱོར་མཁན་ཚོ་ལའང་ཚོར་བ་བྱུང་མེད་ཚོད་གདའ་བས། ཉི་ཧོང་བཙན་རྒྱལ་རིང་ལུགས་དང་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་སྦྱོང་བརྡར་ཡུན་རིང་སྤྲད་པའི་གུང་ཁྲན་ཏང་གི་མི་སེར་ཚོ་ནི། ཅི་ལྟར་འཐབ་རྩོད་ཀྱི་གཡུལ་ལས་རྒྱལ་བ་ནི་དེ་རིང་གི་དབུ་མའི་ལམ་ཞུགས་པ་ཚོའི་བྱ་སྤྱོད་འདིས་ངེད་ལ་གསལ་རྗེན་དུ་བསྟན་སོང་བས། སྡུག་ཅིག་མགོ་ལ་ཟགས་ན་མ་གཏོགས་ལྷོད་ལྷོད་ཀྱིས་འདུག་པའི་བོད་མིའི་གཤིས་ཀ་འདིར་ངེད་རང་སེམས་སྟེང་ནས་འཁེང་ར་ཤོར། འགྱོད་པ་སྐྱེས་ཀྱང་བྱ་ཐབས་བྲལ། ཡིན་ནའང། ངའི་སྐྱོ་སེམས་ལ་མི་མང་སྡེབས་ལངས་ཀྱི་དང་བླངས་ལས་འགུལ་གྱི་མགོ་འཛུགས་ཤིག་བུ་རྒོད་གླིང་ཚས་བྱས་སོང་སྙམ་པས། མུ་མཐུད་ནས། བོད་མི་མང་དང་བླངས་ལས་འགུལ་གྱི་ཕྱོགས་སུ་ཁྲིད་ཅིག སྐར་ལྔའི་དར་དམར་འཕྱར་ནས་ཞི་བ་དམ་པ་དང། ཆེ་མཐོང་དང་ཕུགས་བསམ་ལྡན་པའི་རང་ཉིད་བློས་གཏོང་གི་ཕྱོགས་སུ་ངམ་ངམ་ཤུགས་ཀྱིས་ཁྲིད་ཅིག
ལར་ནས། དབུ་མའི་ལམ་གྱི་རིགས་པའི་གཞུང་ལུགས་ནས་བཤད་ཀྱང། རང་རེའི་ཆེས་མཐོའི་སྲིད་གཞུང་ནས་རྩ་ཁྲིམས་འོག་གནས་འཆའ་རྒྱུའི་རང་སྐྱོང་གི་བསམ་འཆར་གྲོས་གཞིར་ཕུལ་ཟིན་ཅིང། ལོ་རྒྱུས་ཀྱི་གནས་བབ་མ་འོངས་མདུན་ལམ་ནང་མི་འདྲེན་རྒྱུར་གཡར་དམ་བཅས་ཏེ། བྱུང་བར་སྐད་ཀྱང་བྱུང་བ་ངག་སྒྲོས་ཙམ་ཡིན་པའི་བཙན་པོའི་མངའ་ཐང་དུ་ཚུད་པའི་བོད་རིགས་ཡོངས་ལ་རང་སྐྱོང་འཛིན་སྐྱོང་གཅིག་གི་ནང་ཆོས་རིག་བརྒྱུད་འཛིན་དང། སྒྱུ་རྩལ་ཁྱད་ནོར་ཕྱི་ནང་དར་སྤེལ་གྱི་ས་གནས་ཀྱི་གནད་དོན་ས་གནས་ནས་གྲོས་བསྡུར་གཏན་འབེབས་ཆོག་པའི་གནས་བབ་ཅིག་འབྱུང་རྒྱུར་འབད་བརྩོན་ལྷོད་མེད་གནང་གི་ཡོད་པ་ལྟར། གླིང་ཚ་བོད་མི་གཅིག་ནས་ཀྱང་དར་དམར་སྒྲེང་སྟེ་དགོངས་དོན་འདི་དག་གི་མཐུན་གྲོགས་སུ་གྱུར་བ་ཞི་བའི་དོན་ཚན་ལྔ་འདོན་པ་ནི་དུས་ཚོད་གཉེན་འཕྲང་ཅན་ལ། རང་རིགས་མ་བོར་བའི་དན་རྟགས་གཟུགས་གྲུབ་ཅིག་རེད་འདུག་ན། ཁྱེད་ནས་སྔར་བཞིན་རེ་དོགས་དང་འཇིགས་ཞུམ་གང་ཡང་མེད་པར། རླབས་ཆེན་གྱི་གང་ཟག་དག་གི་དགོངས་གཞི་མི་རིགས་ཀྱི་འཚོ་གནས་འཆའ་ཐབས་སུ་ཁྲིད་སྟོན་བྱས་ཤིག མི་མང་མདུན་བསྐྱོད་ཆེན་མོའི་ལས་འགུལ་གྱི་སྣ་དྲོངས་ཤིག དྲང་བདེན་དང་ངེས་ཤེས་རྙེད་པའི་འཐབ་རྩོད་ཀྱི་དབུ་སློང་ཅིག ཨ་མའི་བུ་རྒོད་གླིང་ཚ་བ། བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ།།
ཕྱོགས་བསྐྱོད་སྐབས་བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་གསར་འགོད་གསལ་བསྒྲགས་མཐོང་འཕྲལ་ལྡི་ལིར་༢༠༡༣། ༢། ༡༨། ཉིན་དགོང་མོར་གདུང་སེམས་མཉམ་བསྐྱེད་དུ་ཤར་མར་བྲིས།།
ཀྲུང་གོའི་རྒྱལ་དར་གྱི་བཅའ་ཁྲིམས།
དོན་ཚན་དང་པོ། རྒྱལ་དར་གྱི་གཟི་རྔམ་སྲུང་སྐྱོང་དང་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་ཆེད། རྩ་ཁྲིམས་གཞིར་བཟུང་སྟེ་བཅའ་ ཁྲིམས་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་ དམར་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་ དང་པོའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པས་ཁྱབ་བསྒྲགས་བྱས་པའི་རྒྱལ་དར་བཟོ་ཐབས་ཀྱི་གསལ་བཤད་ལྟར་ བཟོས་པ་ཡིན།
དོན་ཚན་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པས། སྤྱི་དམངས་དང་རྩ་འཛུགས་རེ་རེ་ཚང་མས་རྒྱལ་དར་ལ་བརྩི་བཀུར་དང་གཅེས་སྤྲས་བྱེད་ དགོས།
དོན་ཚན་བཞི་བ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་དུ་རྒྱལ་དར་ འགེལ་བ་དང་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་དགོས། ཕྱི་འབྲེལ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་ འགྲུལ་གཙོ་གཉེར་སྡེ་ཁག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་བཅས་ཀྱིས་རང་རང་གི་བདག་སྐྱོང་བྱེད་ཁོངས ་ནང་དུ་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་དགོས། རྒྱལ་དར་ནི་ཞིང་ཆེན་དང་རང ་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཁེ་ལས་ཀྱིས་བཟོ་དགོས།
དོན་ཚན་ལྔ་བ ། གཤམ་གསལ་གྱི་གནས་ཡུལ་ལམ་ལས་ཁུངས་གནས་ས་རུ་ཉིན་རེར་རྒྱལ་དར་འགེལ་དགོས་ཏེ། ༡པེ་ཅིན་གནམ་བདེ་སྒོ་ མོ་ཆེའི་ཐང་ཆེན་དང་ཞིན་ཧྭ་སྒོ་མོ། ༢རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ ཞིབ་དཔྱོད་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ༣ ཕྱི་འབྲེལ་པུའུ།
༤ རྒྱལ་ཁོངས་ཕྱི་ནང་དུ་འགྲོ་འོང་བྱེད་སའི་གནམ་གྲུ་ཐང་དང་གྲུ་ཁ། མེ་འཁོར་འབབ་ཚུགས།མཐའ་མཚམས་ཀྱི་འགག་སྒོ ་གཞན་པ། མཐའ་སྲུང་མཚོ་སྲུང་གི་སོ་ལྟ་ཁང་།
དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་ དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མི་དམངས་སྲིད་གཞུང་། མི་ དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ས་གནས་རིམ་པ་སོ་སོའི་ ཨུ་ཡོན་ལྷན་ཁང་བཅས་ཀྱིས་བྱ་བ་སྒྲུབ་ཉིན་རྒྱལ་དར་འགེལ་དགོས། ཉིན་ཧྲིལ་བོ་ལམ་ལུགས་ཀྱི་སློས་གྲྭས་དགུན་གནང་དབྱར་ གནང་སྐབས་དང་གཟའ་ཉི་མའི་ཉིན་ལས་གཞན་ཉིན་རེར་རྒྱལ་དར་འགེལ་དགོས།
དོན་ཚན་བདུན་པ། རྒྱལ་སྟོན་དུས་ཆེན་དང་རྒྱལ་ སྤྱིའི་ངལ་རྩོལ་དུས་ཆེན། ལུགས་གསར་རྙིང་གི་ལོ་སར་བཅས་ཀྱི་སྐབས་སུ་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་མི་ དམངས་ཚོགས་པ་སོ་སོས་རྒྱལ་དར་འགེལ་དགོས།ཁེ་དོན་ལས་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། གཞི་པ་ཨུ་ཡོན ་ལྷན་ཁང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་པའི་ལྷས་ར (ཐོག་ཁང) ། དེ་མིན་ཐང་ཆེན་དང་སྤྱི་གླིང་སོགས་སྤྱི་པའི ་བྱ་འགུལ་སྤེལ་ཡུལ་ཆ་རྐྱེན་ལྡན་པ་རྣམས་ཀྱིས་རྒྱལ་དར་བཀལ་ཆོག ལུགས་རྙིང་གི་ལོ་སར་དེ་སྲོལ་རྒྱུན་གྱི་དུས་ཆེན་ དུ་མི་བརྩི་བའི་གྲངས་ཉུང་མི་རིགས་ས་ཁུལ་གྱིས་ལུགས་རྙིང་གི་ལོ་སར་སྐབས་སུ་རྒྱལ་དར་འགེལ་མིན་མི་རིགས་རང་ སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གཏན་ཁེལ་བྱེད་དགོས། མི་རིགས་རང་སྐྱོང་ས་གནས་ཀྱིས་མི་རིགས་རང་སྐྱོང་ས་ གནས་བཙུགས་པའི་དྲན་གསོའི་ཉིན་མོ་དང་སྲོལ་རྒྱུན་གྱི་མི་རིགས་དུས་སྟོན་གལ་ཆེན་སྐབས་སུ་རྒྱལ་དར་བཀལ་ཆོག
དོན་ཚན་བརྒྱད ་པ། རྟེན་འབྲེལ་དང་དྲན་གསོ་ཞུ་བའི་བྱ་འགུལ་ཆེན་པོ་དང་། རིག་གནས་དང་ལུས་རྩལ་བྱ་འགུལ་ཆེན་པོ། འགྲེམ་སྟོན་ ཚོགས་འདུ་ཆེན་པོ་སྤེལ་བའི་སྐབས་སུ་རྒྱལ་དར་བཀལ་ཆོག
དོན་ཚན་དགུ་བ། ཕྱི་འབྲེལ་བྱ་འགུལ་སྤེལ་སྐབས་དང་ཕྱི་རྒྱལ་དུ ་སྡོད་པའི་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ཁང་། ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་གཞན་པ་བཅས་ ཀྱིས་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱེད་ཐབས་དེ་ཕྱི་འབྲེལ་པུའུ་ཡིས་གཏན་ཁེལ་བྱེད་དགོས།
དོན་ཚན་བཅུ་བ། དམག་དོན་ ལས་ཁུངས་དང་དམག་སྒེར། དམག་སྤྱོད་གྲུ་གཟིངས་བཅས་ཀྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་ཕབ་ལྟར་ རྒྱལ་དར་འགེལ་དགོས།
དོན་ཚན་བཅུ་གཅིག་པ། དམངས་སྤྱོད་གྲུ་གཟིངས་དང་ཀྲུང་གོའི་མངའ་ཁོངས་ཀྱི་རྒྱ་མཚོའི་སྟེང་སྐྱོད་པའི་ཕྱི་ རྒྱལ་གྱི་གྲུ་གཟིངས་ཐོག་རྒྱལ་དར་འགེལ་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་ བྱེད་དགོས། སྤྱི་བདེ་སྡེ་ཁག་གི་མཐའ་སྲུང་དང་བདེ་སྐྱོང་། མེ་གསོད་ལས་འགན་སྒྲུབ་པའི་གྲུ་གཟིངས་སྟེང་རྒྱལ་དར་འགེལ་ཐབས ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱེད་དགོས།
དོན་ཚན་བཅུ་གཉིས་པ། བཅའ་ཁྲིམས་འདིའི་དོན་ཚན་ལྔ་བ་དང་དྲུག་པ། བདུན་པའི་གཏན་ཕབ་ལྟར་རྒྱལ་དར་འགེལ་བ་ལ། ཞོགས་པར་ཡར་བསྒྲེངས་པ་དང་ས་སྲིབ་མར་ཕབ་དགོས།
བཅའ་ཁྲིམས་འདིའི་གཏན་ཕབ་ལྟར་རྒྱལ་དར་འགེལ་དགོས་ཀྱང་གནམ་གཤིས་ཤིན་ ཏུ་ངན་པར་འཕྲད་སྐབས་མ་བཀལ་ནའང་ཆོག
དོན་ཚན་བཅུ་གསུམ་པ ། རྒྱལ་དར་འགེལ་སྐབས་རྒྱལ་དར་འགེལ་བའི་མཛད་སྒོ་བསྡུས་ཆོག རྒྱལ་དར་འགེལ་བའི་མཛད་སྒོ་བསྡུ་སྐབས།རྒྱལ་དར་ཡར་བསྒྲེངས་པའི་བརྒྱུད་རིམ་ཁྲོད་མཛད་སྒོའི་ཁྲོད་ཞུགས་མཁན་རྣམས་ཀྱིས་རྒྱལ་དར་ ལ་ཁ་གཏད་དེ་གུས་སྟབས་ཀྱིས་ལངས་ཏེ་གུས་ཕྱག་འབུལ་དགོས་པ་མ་ཟད། རྒྱལ་གླུ་དཀྲོལ་བའམ་རྒྱལ་གླུ་མཉམ་ལེན་བྱས་ ཆོག ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་དབྱར་དགུན་གནང་སྐབས་ལས་གཞན། གཟའ་འཁོར་རེར་རྒྱལ་དར་འགེལ་བའི་མཛད ་སྒོ་ཐེངས་གཅིག་བསྡུ་དགོས།
དོན་ཚན་བཅུ་བཞི་བ། གཤམ་གསལ་གྱི་མི་སྣ་སྐུ་གཤེགས་རྗེས།རྒྱལ་དར་དེ་དར་ཤིང་ལས་ཕྱེད ་ཀ་མར་ཕབ་ནས་མྱ་ངན་ཞུ་དགོས་ཏེ། ༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་།རྒྱལ་ཡོངས ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ༢ ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ༣ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཛད་རྗེས་ཕུལ་བྱུང་བཞག་པའི་མི་སྣ། ༤འཛམ་གླིང་ཕྱི་བདེའམ་འགྲོ་བ་མིའི་རིགས་འཕེལ་རྒྱས་ལས་དོན་ལ་མཛད་རྗེས་ཕུལ་བྱུང་བཞག་པའི་མི་སྣ། རྨས་སྐྱོན་ཤིན ་ཏུ་ཚབས་ཆེན་བཟོས་པའི་ཆག་སྒོ་བྱུང་བའམ་རང་བྱུང་གནོད་སྐྱོན་ཚབས་ཆེན་གྱི་དབང་གིས་རྨས་སྐྱོན་ཆེན་པོ་བཟོས་སྐབས། རྒྱལ ་དར་དར་ཤིང་ལས་ཕྱེད་ཀ་མར་ཕབ་ནས་མྱ་ངན་ཞུ་ཆོག དོན་ཚན་འདིའི་ཚན་པ་དང་པོ ་(གསུམ) དང་ (བཞི) དང་ཚན ་པ་གཉིས་པའི་གཏན་ཕབ་ ལྟར་རྒྱལ་དར་དར་ཤིང་ལས་ཕྱེད་ཀ་མར་ཕབ་མིན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ ་བྱེད་དགོས།
དོན་ཚན་འདིའི་གཏན་ཕབ་ལྟར་རྒྱལ་དར་དར་ཤིང་ལས་ཕྱེད་ཀ་མར་ཕབ་པའི་ཟླ་ཚེས་དང་གནས་ཡུལ་དེ་རྒྱལ ་ཁབ་ཀྱིས་བཙུགས་པའི་འདས་པོ་དུར་འཇུག་ལས་ཁུངས་སམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱེད་དགོས།
དོན་ཚན་བཅོ་ལྔ ་བ། རྒྱལ་དར་འགེལ་སྐབས་དེ་མངོན་གསལ་གྱི་གནས་སུ་འགེལ་དགོས།
གྲལ་དཔུང་གིས་རྒྱལ་དར་དང་དར་ཆ་གཞན་པ་བསྒྲེངས་ནས་མདུན་དུ་སྐྱོད་སྐབས། རྒྱལ་དར་དེ་དར་ཆ་གཞན་པའི་མདུན་དུ་ སྒྲེང་དགོས།
རྒྱལ་དར་དང་དར་ཆ་གཞན་པ་མཉམ་དུ་འགེལ་སྐབས། རྒྱལ་དར་དཀྱིལ་དབུས་ཀྱི་ཅུང་མཐོ་བའམ་མངོན་གསལ་གྱི་གནས་ སུ་འགེལ་དགོས།
ཕྱི་འབྲེལ་གྱི་བྱེད་སྒོ་སྤེལ་བའི་ཁྲོད་རྒྱལ་ཁབ་གཉིས་ཡན་གྱི་རྒྱལ་དར་དུས་མཉམ་དུ་འགེལ་དགོས་ཚེ།ཕྱི་ འབྲེལ་པུའུ་ཡི་གཏན་ཕབ་བམ་རྒྱལ་སྤྱིའི་རྒྱུན་སྲོལ་ལྟར་འགེལ་དགོས།
དོན་ཚན་བཅུ་དྲུག་པ། དྲང་མོར་བཙུགས་པའི་དར་ཤིང་སྟེང་ རྒྱལ་དར་ཡར་བསྒྲེངས་པ་དང་མར་ཕབ་སྐབས་དལ་མོའི་ངང་བསྒྲེངས་པའམ་མར་ཕབ་དགོས། ཡར་བསྒྲེངས་སྐབས་རྒྱལ་དར་དར་ཤིང་གི་ རྩེ་མོར་ཐོན་དགོས་པ་དང་། མར་ཕབ་སྐབས་རྒྱལ་དར་སར་ལྷུང་དུ་འཇུག་མི་རུང་། རྒྱལ་དར་དར་ཤིང་ལས་ཕྱེད་ཀ་ མར་ཕབ་སྐབས། ཐོག་བར་རྒྱལ་དར་དར་ཤིང་གི་རྩེ་མོར་བསྒྲེངས་པ་དང་། དེ་ནས་རྒྱལ་དར་གྱི་རྩེ་མོ་དང་དར་ཤིང ་གི་རྩེ་མོ་བར་གྱི་བར་ཐག་དེ་དར་ཤིང་གི་རིང་ཚད་ཧྲིལ་བོའི་སུམ་ཆའི་གཅིག་ཡོད་སའི་གནས་སུ་མར་ཕབ་དགོས ། མར་ཕབ་སྐབས་ཐོག་མར་རྒྱལ་དར་དར་ཤིང་གི་རྩེ་མོའི་བར་དུ་བསྒྲེངས་རྗེས་ད་གཟོད་མར་ཕབ་དགོས། དོན་ཚན་བཅུ་བདུན ་པ། རལ་བ་དང་བཙོག་པོར་བཟོས་པ། ཁ་དོག་ཡལ་བའམ་ཚད་ལྡན་མིན་པའི་རྒྱལ་དར་འགེལ་མི་རུང་།
དོན་ཚན་བཅོ་ བརྒྱད་པ། རྒྱལ་དར་དང་དེའི་རི་མོ་བཀོལ་ནས་ཚོང་རྟགས་བྱེད་པ་དང་ཚོང་འཕྲིན་སྤེལ་མི་ཆོག་པ་དང་། མི་སྒེར་གྱི ་འདས་མཆོད་སྟེང་བཀོལ་མི་ཆོག
དོན་ཚན་བཅུ་དགུ་བ། མི་ཚོགས་འདུ་ས་རུ་བསམ་བཞིན་དུ་སྲེག་པ་དང་བརླག་པ། ནག་ ནོག་བྱུགས་པ། བཙོག་པོར་བཟོ་བ། རྡོག་བརྫིས་རྒྱག་པ་སོགས་བྱེད་སྟངས་སྤྱད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ རྒྱལ་དར་ལ་དམའ་འབེབས་བྱེད་པར་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་རྒྱུ། གནས་ཚུལ་ཚབས་ཅུང་ཆུང་བར་བདེ་སྐྱོང་ དོ་དམ་ཆད་གཅོད་སྲོལ་ཡིག་གི་ཆད་གཅོད་གཏན་ཕབ་ལྟར།སྤྱི་བདེ་ལས་ཁུངས་ཀྱིས་ཉིན་བཅོ་ལྔའི་མན་གྱི་བཀག་སྐྱིལ་བྱེད་ རྒྱུ།
བསམ་ཚུལ་འདི་ཤོག་ངོས་གཞན་ཞིག་ཏུ་བྲིས་མོད། འདིར་ཡང་འབྲེལ་བ་མཐོང་བས་ཡང་བསྐྱར་ཕུལ།
གལ་སྲིད། ཁྱེད་ཉིད་གཞིས་བྱེས་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་ཆེ་མཐོང་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་ཚེ། གལ་སྲིད། ཁྱེད་ཉིད་རྒྱལ་སྤྱིའི་ལོ་རྒྱུས་ཀྱི་རིན་ཐང་དང་མཚོན་དོན་གྱི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཡོད་མཁན་ཞིག་ཡིན་ཚེ། ཁྱེད་ཀྱིས་རྒྱ་དར་དམར་བོ་དེ་ནམ་ཡང་འཕྱར་མི་སྲིད།
ཕྱི་ལོ་༢༠༠༨ ལོར་དཀར་མཛེས་བྲག་མགོའི་གྲྭ་བརྩོན་འགྲུས་ཉི་མས་དགོན་པའི་འདུ་ཁང་ཐོག་གི་རྒྱ་དར་མར་ཕབ་པར་བརྟེན་ལོ་ལྔའི་ཁྲིམས་ཆད་ཁུར་ནས་ད་དུང་བཙོན་ཁང་ན་ཡོད།
ཕྱི་ལོ་༢༠༠༨ལོའི་ཟླ་༠༣ཚེས་༡༩ཉིན་རྔ་བ་རྫོང་སྒོ་མང་དགོན་གྱི་བླ་མ་འཇམ་དབྱངས་ཆོས་གྲགས(ཁོང་སྔོན་ཆད་རྒྱ་གར་དུའང་ཕེབས་མྱོང་།)ལགས་ཀྱིས་སྣེ་ཁྲིད་འོག གྲྭ་མང་བརྒྱ་ཕྲག་དུ་མས་དགོན་པའི་དོ་དམ་གཞུང་ལས་ཁང་གི་རྒྱ་ནག་གི་རྒྱ་དར་གཙབ་སྲལ་བཏང་བར་བརྟེན་ཁོང་ད་དུང་ཡང་རི་ལ་བྲོས་བྱོལ་བྱས་ནས་བཞུགས་ཡོད་ལ་། གྲྭ་ཆོས་སྐྱོང་དང་ཏིང་འཛིན་གཉིས་ལ་རིམ་བཞིན་ལོ་གཉིས་དང་གསུམ་གྱི་བཙོན་ཆད་བཅད་ཡོད།
ཁྱེད་ཀྱིས་འཛམ་གླིང་གང་སར་ཡོད་པའི་བོད་རིགས་ཚོས་རྒྱ་ནག་གི་རྒྱ་དར་ལ་བཟུང་བའི་རྣམ་འགྱུར་དེ་ཚོ་མཐོང་མྱོང་ངམ། དྲ་ཐག་འདི་ལ་ངེས་པར་དུ་གཟིགས་རོགས།
http://www.youtube.com/watch?v=E9IhaPXVq8s
གལ་སྲིད། ཁྱེད་ཀྱིས་༢༠༠༨་ལོའི་ཞི་སྒོལ་ཆེན་མོའི་བརྙན་དག་གཟིགས་མྱོང་མཁན་ཞིག་ཡིན་ཚེ། ཁྱེད་ཀྱིས་ངེས་པར་དུ་ཨ་མདོ་འབོ་ར་ཡུལ་གྱི་སྐྱ་མི་བརྒྱ་ཕྲག་བརྒལ་བ་ས་གནས་ཤང་སྲིད་གཞུང་དུ་འཛོམས་ནས་རྒྱ་ནག་གི་རྒྱ་དར་མར་ཕབ་ནས་བོད་ཀྱི་རྒྱ་དར་ཡང་འཕྱར་བཞིན་པའི་སྐབས་ཀྱི་ཁོ་ཚོའི་ལུས་ངག་གི་དགའ་སྣང་དང་རེ་བ་དེ་དག་ད་དུང་ཡིད་ལ་གསལ་ལྷང་ངེར་འཆར་ངེས་ཡིན། ཡར་བསྐྱར་བལྟ་འདོད་ན་གཤམ་གྱི་དྲ་ཐག་ལ་གཟིགས་རོགས།
http://www.youtube.com/watch?v=N47XMBGz9C0
ད་རུང་། དེ་འདྲའི་དཔེ་བརྗོད་ནི་བགྲང་གིས་མི་ལང་བས་མིག་བཙུམས་ནས་གཡང་ལ་མཆོང་མཁན་རེ་མིན་ཚེ། མ་མཐའ་ཡང་གནས་ལུགས་དེ་ཙམ་རེ་ཤེས་དགོས་པ་འདྲ། དེ་བཞིན་ད་ལྟའི་སྤྱི་ཚོགས་འདིར་ལྷག་བསམ་དང་གཞུང་རྒྱུད་དྲང་བའི་མི་དེ་དག་རྡ་སའི་ཆབ་སྲིད་པ་མགོ་བདེ་ཚོས་རང་ཉིད་ཀྱི་དགོས་མཁོ་སྐོང་ཆེད་དུ་བེད་སྤྱོད་གཏོང་བཞིན་པ་ཨང་མང་བོ་ཡོད་པས་རང་ངོ་རང་གིས་ཤེས་རྒྱུ་ཡང་གལ་ཆེན་རེད།
གལ་སྲིད་སྐུ་ཉིད་ཀྱིས་བདག་གི་ཞབས་མཆན་དེ་དག་དྲ་ཐོག་ཏུ་མ་བཀོད་པར་བཀག་ན་ཡང་འགྱོད་པ་མེད། བདེན་པ་ལས་རྫུན་མ་བྲིན་པའི་དུས་འདིར། ངས་ཨུ་ཚུགས་རྒྱག་མི་སྲིད།
༄། ཤར་ཕྱོགས་ལྐུག་པ་ཁྱོད། མའོ་ཙེ་ཏུང་ ཏེང་ཞའོ་ཕིང་ ཅང་ཙེ་མིན་བཅས་ཀྱི་པར་ཞིག་གནམ་ལ་འཕྱར་ནས་འདི་མཚོན་དོན་ཆེན་པོ་ཡོད་ལོབ། མཚོན་དོན་ཡོད་རེད་ བོད་མི་ས་ཡ་ལྷག་གི་ཚེ་སྲོག་འཕྲོག་པས དམར་པོ་ཕྲག་གི་མཚོན་དོན་རེད། ད་ཡིན་ན་རྒྱ་མི་རྒྱུག་ཁྱི་ག་བ་ཡིན་ན་འདུག་
ཁུག་རྟ་ལགས།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་གྲངས་ནང་དུ་བོད་ཀྱི་སྤྲང་ཕྲུག་རེ་ཟུང་གུན་ཁྲན་ཏང་དམར་ཕྱོགས་ཚོགས་པའི་མའོ་ཀྲུང་ཞིའི་ཡིས་སླུ་འཁྲིད་བྱས་ནས་དར་དམར་གནམ་ལ་འཕྱར་མྱངས་ལ་ལག་ཏུ་རྒྱ་དམག་གྱི་མེ་མདའ་ཁུར་ནས་བོད་མི་དམར་བསད་བཏང་མྱངས་ཡོད། ཏ་ལའི་བླ་མ་གསོད་ཀྱི་ཡིན་དང་རྡུང་གྱི་ཡིན་ཟེར་ནས་ངར་པ་རེད།
ཡིན་ནའང་སྐར་ལྔའི་དར་དམར་གནམ་ལ་འཕྱར་བའི་བོད་མི་དེ་དག་ལ་གུན་ཁྲན་ཏང་གིས་བེད་སྤྱོད་ཙམ་བྱས་པ་མ་གཏོགས་མཐའ་ཁྱོག་པའི་རྒྱབ་སྐྱོར་བྱས་མ་སོང་། ངས་མིག་གིས་མཐོང་མྱངས་ཡོད། གུན་ཁྲན་ཏང་ཡང་མི་ཡག་ཉེས་ཤེས་མཁན་ཞིག་རེད། རང་གི་རྒྱལ་ཁབ་བཙོང་ནས་སོ་སོའི་ཕུ་ནུ་སྤུན་ཟླའི་ཐོག་ཏུ་མེ་དམའ་བརྒྱབ་མཁན་གྱི་མི་ངན་ཞིག་ལ་ཡིད་ཆེས་མི་བྱེད་ལ་རིན་ཐང་སྤྲད་མ་སོང་། དེ་བརྟེན་ཁྱེད་ཀྱིས་ཇི་ལྟར་གུན་ཁྲན་ཏང་གི་རྒྱབ་རྩ་བྱེད་ནའང་མཐའ་མ་ཁྱེད་ལ་བདག་པོ་མི་བརྒྱབ་ངོ་མ་ཡིན། སྐྱིད་ན་སྐྱིད་ཀྱི་རྟ་ཕོ་བཞོན་རོགས་བོད་རིགས་སྤུན་ཟླ་རེད་ལ་སྡུག་ན་སྡུག་གི་ཁུར་པོ་ཁུར་རོགས་བོད་རིགས་སྤུན་ཟླ་རེད། སེམས་གཏམ་ཡིན། དེར་ཤེས་པ་བྱོས།
ཁྱེད་ཀྱིས་ཚེ་བརྟན་རྡོ་རྗེ་ལགས་སླུ་འཁྲིད་བྱས་པར་བློ་ཕམ་ཆེན་པོ་བྱུང་། མདོ་དོན་་་སྐར་ལྔའི་དར་མ་གནམ་ལ་འཕྱར་ན་བོད་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོ་ཡི་ཡོད། དབུ་མའི་ལམ་པ་བ་སྤྱི་འཐུས་ཚོགས་གཙོ་སྤུན་པ་ཚེ་རིང་ལགས་ཀྱིས་ཀྱང་རྒྱབ་སྐྱོར་མེད་ཅེས་གསུངས་ཡོད། འདི་གནད་དོན་གཅིག་ཡིན།
གཉིས་ནས་སྐར་ལྔའི་དར་དམར་གནམ་ལ་འཕྱར་མཁན་བོད་རང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུང་ཞིའི་བློ་བཟང་རྒྱལ་མཚན་ལགས་ཀྱིས་ཏ་ལའི་བླ་མ་དང་ཁྱེད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཡིན་ཞེས་གསལ་བསྒྲགས་བྱས་ཚར་ཙམ་རེད། ཁྱེད་རང་ཁ་མ་ཡིན་དོན་གྱི་༧གོང་ས་མཆོག་ལ་དགའ་ཞེན་ཡོད་པའི་མི་ཞིག་ཡིན་ན་བྱས་སྟངས་འདི་འདྲ་མ་རེད་བསམས་ཀྱི་འདུག བསམ་བློ་ཐོངས།
སྔ་ཕྱི་མ་གཏོགས་གུན་ཁྲན་ཏང་དམར་ཕྱོགས་ཚོགས་པ་ཤི་ངེས་ཡིན་ལ་སྐར་ལྔའི་དར་དམར་ས་ལ་འགྱེལ་ངེས་ཡིན། དར་དམར་འདི་ནི་བོད་མི་རིགས་གཅིག་པོའི་་དགྲ་བོའི་རྒྱལ་དར་མིན་ལ་མི་སེར་དུང་ཕྱུར་༡༣་གྱི་རང་དབང་དམངས་གཙོ་ཕྲོགས་མཁན་གྱི་དགྲ་བོའི་རྒྱལ་དར་ཡིན།
བརྟས་ངན་པ་རེད། བཞུགས་སྒར་རྡ་རམ་ས་ལར་བོད་མི་ཡོངས་ཀྱི་བློ་གཏད་བཅོལ་བཙན་བྱོལ་གཞུང་ངམ་བོད་མིའི་སྒྲིག་འཛུགས་གནས་ཡུལ་དུ་རྒྱ་དམར་གུང་ཁྲན་གྱི་གསོས་ཕྲུག་ཤར་ཕྱོགས་ཐན་བྱ་ཁུག་རྟས་ང་ཚོའི་ཕ་མེས་ཡང་མེས་བསོད་དང་ང་ཚོའི་ཡོད་ཚད་བཅོམ་མཁན་གྱི་རྒྱ་དམར་གྱི་རལ་ཚལ་དམར་པོ་དེ་འཕྱར་ཏེ་བོད་མིའི་མགོ་ཐོག་ཏུ་མཆོངས་པ་དེ་བརྙས་བཅོས་མིན་ན་གང་ཡིན།
ཨ་མ་མ་མ་མ་མ། ལྟས་ངན་འདི་དབུ་མའི་ལམ་གྱི་རྒྱལ་དར་རེད་པས།
འདི་ནི་དབུ་མའི་ལམ་གྱི་དར་དམར་རེད།།
ཤར་ཕྱོགས་ཁུག་རྟས་འདྲེན་ནས་རྡ་སར་ཕེབས།།
འདི་ནི་ས་ཡ་བདུན་ཅུའི་ཟུངས་ཁྲག་རེད།།
པེ་ཅིང་དམར་པོའི་དུར་སྒོའི་མཁའ་ན་འཕྱར།།
ཤར་ཁུག་སོགས་ཀྱི་ལྟོ་ཕོག་བོད་མའི་རང་དབང་དཔྱ་ཁྲལ་ནས་ཡོང་གི་ཡོད་ན་བོད་པ་ཚང་གིས་བསམ་བློ་གཏོང་རན་རེད། དེ་མིན་སོ་མྱིལ་ལས་ཁུང་འགའ་རེ་ནས་ཡོང་གི་ཡོད་ན་ཅི་བྱེད། སྔོན་༩༠་ནང་ལ་ཨ་མདོ་བ་པདྨ་འབུམ་གྱིས་ཆོས་ལ་ཁ་གཏོང་གི་འདུག་ཟེར་ནས་རྡ་ས་ནས་ཁོ་ལ་རྡོ་ཤོས་རབས་ཞིག་ཡོད། ཁུག་རྟ་འདིས་ཁ་དང་ལག་པ་བདག་པོ་མ་བྱས་ན་ཡང་རྡོ་རེགས་ཡོང་།
དར་དམར་དེའི་ཟུར་ཞིག་ཏུ་སེང་གེ་ཞིག་བྲིས་དང་དེ་ནས་དབུ་མའི་ལམ་གྱི་དར་ཆ་ཡིན་པར་ངོས་ལེན་ཞུ།
ཀླུ་སྨྱོན་གྱིས་ཟེར་བ་འདྲ་བོ་འདུག དར་དམར་ངོས་སྐར་ཆེན་སེར་པི་གཅིག་རང་ས་བཞག་ནས་གཞན་པ་བཞིའི་ཚབ་ལ་སྟག་སེང་ཁྱུང་འབྲུག་བཞག་ན་ལེགས་པར་མཐོང་།
དབུ་མའི་ལམ་གྱི་ལྟ་གྲུབ་བོད་ཀྱི་ཤར་ཕྱོགས་རྒྱ་ནག་པོའི་ཁུག་རྟས་བཤད་པ་ལྟར་ག་ལ་ཡིན་ཁོའི་དམིགས་ཡུལ་མཐར་ཐུག་དེ་བོད་མི་ནང་ཁུལ་ཐུག་པ་ཀྲུག་ཀྲུག་ཀྲུག་རྒྱུ་དེ་ཡིན་པ་དེ་ཇེ་གསལ་ཇེ་གསལ་རེད་
ང་རང་ཡང་དབུ་མའི་ལམ་ལ་མོས་པ་ཡོད་པ་ཞིག་དང་གོ་རྟོག་ཡོད་པ་ཞིག་ཡིན་འདི་འདྲ་ཞིག་རྩ་བ་ནས་མ་རེད་
ཁུག་རྟ་འདིས་གླིང་ཚའི་ཁོག་ཏུ་འཛུལ་ཏེ་ཁོང་གི་བྱས་རྗེས་རང་གི་ངོ་སོར་འཁྱེར་ཏེ་བོད་པ་ནང་ཁུལ་བཀྲུག་ཤིང་རྒྱག་རྒྱུའི་ལག་ཆ་བྱེད་བཞིན་པ་རེད་
ངས་བྱས་ན་གླིང་ཚ་བསམ་བློ་གཏོང་རན་འདུག་་་་་ལྐུག་རྟགས་སྟན་མ་བསྡད་་་་་ཤ་ཚ་བའི་སྐད་ཆ་ཡིན་
བོད་ནང་གི་བོད་མི་རྒྱའི་དམར་དར་འདིའི་འོག་ཏུ་ཚེ་སྲོག་དང་སྡུག་གི་འཁོར་ལོ་ཚོད་དང་མུ་མཐའ་མེད་པ་འདས་ནས་སོང་། རྒྱ་གར་ནང་དུ་དམར་དར་འདིའི་འོག་ནས་འཚོ་ཐབ་བསྒྲུབས་མཁན་འདི་ཚོར་ངོ་མ་སྙིང་ན་གི་ཡ། དབུ་ལམ་དབུ་ལམ་ཟེར་ནས་དམར་དར་འདིའི་འོག་ཏུ་སྒྱུར་མཁན་བོད་དམར་ཚོས་བོད་མི་ནང་དམེ་ཡི་བྱ་བ་མི་རྩོམ་རྒྱུ་རེ་བ་ཡོད། དེ་ལས་ཁྱེད་རྣམས་རྒྱར་ལོག་ནས་དམར་དར་ཕྱར། དམར་གླུ་ལེན། དམར་ཁྲིམས་བསྲུང་ན་དགའ་རྒྱུ་རེད།
བལྟོས་དང་ད་ཡིན་ན་ཤར་ཕྱོགས་ཁུག་རྟ་འདི་མངོན་གསལ་ཇེ་དོད་དང་ཧམ་པ་ཇེ་ཆེ་རེད་དོ། ཉིན་མ་གཅིག་ལ་ཆ་རྐྱེན་གང་ཡང་མེད་པར་རྒྱ་གཞུང་གི་འོག་ལ་ལོག་དགོས་རེད་ཅེས་བཤད་ཀྱི་རེད།
དབུ་མའི་ལམ་ལ་འགྲོ་རྒྱུ་དང་།།
རྒྱ་དར་མི་འཕྱར་ཟེར་བ་གཉིས།།
ཟས་ལ་གཏན་ནས་མ་སྤྱོད་པར།།
བྲོད་ཁོག་རྒྱག་དགོས་འདོད་དང་འདྲ།།
བོད་དར་རྒྱ་དར་མཉམ་དུ་འཕྱོར།།
རྒྱ་བོད་སོ་སོར་ཡིན་པ་་སྟོན།།
བོད་རྒྱ་མཉམ་སྦྲེལ་བྱ་འདུན་སྟོན།།
དབུ་མའི་ལང་ཕྱོགས་བཟུང་བྱས་ནས།།
རྒྱ་དར་འཕྱར་བ་ཉེས་པ་མིན།།
ཤར་ཕྱོགས་ཁུག་རྟ་ཟེར་བའི་མིང་ཅན་འདིས། གུང་ཁྲན་གྱི་ལས་དོན་འཛེམ་ཟོན་མེད་པར་སྒྲུབ་ཡོང་དུས། རང་རེ་གཞུང་དམངས་འཇམ་ཐེང་ངེར་རེད།
གཞུང་ལ་ཤ་ཚ། ལྷག་བསམ་རྣམ་དག་གིས་བསམ་འཆར་སྟོན་དུས། རྒྱ་མི་སོ་བ་དང་། ཡང་ན་དོ་ཚོགས་རྗེས་འབྲང་རེད་ཟེར་ཏེ། ཞྭ་ནག་པོ་ཚམ་ཚོམ་མེད་པར་གཡོག་གི་འདུག ད་རྒྱ་དམར་དངོས་སུ་དྷ་སར་ཐོན་དུས། ཁ་རྒོད་པོ་དཔའ་སྙིང་ཅན་དེ་ཚོ་ག་བ་ཐལ་སོང་།
ཁྲེལ་གཞུང་མེད་པའི་མི་འུ་འགས།།
མཐུན་སྒྲིལ་མ་ཎི་བགྲང་བགྲང་སྟེ།།
སྤྱི་ཚོགས་ཁྲག་བཞིན་དཀྲུག་དཀྲུག་རེད།།
ང་ཚོ་མཐུན་ཐབས་གང་ན་འདུག།
དྲང་གཏམ་བཤད་ན་སྙིང་རླུང་ལང་།།
དྲང་ཚུགས་ཅན་ལ་ལྷག་ཏུ་སྡང་།།
ཤ་ཚ་ཅན་ལ་དམོད་མོ་བྱེད།།
ང་ཚོ་མཐུན་ཐབས་གང་ན་འདུག།
ལྷག་བསམ་ཅན་རྣམས་རྒྱང་རིང་དོར།།
གཡམ་རྒྱུག་སྲིན་བུ་མེ་མཆོང་རེད།།
མགོ་བོ་ཌ་རུ་དཀྲོལ་འདྲ་རེད།།
ང་ཚོ་མཐུན་ཐབས་གང་ན་འདུག།
རང་མཐོང་རི་བོ་དགྱེ་འདྲ་རེད།།
གནས་ལུགས་རྒྱུ་མཚན་དགྲ་རུ་འཛིན།།
གཡོ་རྒྱུ་ཅན་རྣམས་གཙུག་ཏུ་བཀུར།།
ང་ཚོ་མཐུན་ཐབས་གང་ན་འདུག།
སེང་བུ་འབྲུག་ཞོན་གྱིས།
དམར་པོའི་དར་ཆ་དགུང་ལ་འཕྱར་མཁན་དང་འབྲེལ་ཡོད་དཔུང་རོགས་གང་ན་སུ་ཡོད་ཚང་མ་ནི།
བླུན་རྟགས།
ལྐུགས་རྟགས།
སྤྲང་རྟགས།
དབུ་མ་མ་རེད་མཐའ་མ་རེད།
འཐབ་རྩོད་མ་རེད་ཐབས་སྡུག་རེད།
དཔའ་བོ་མ་རེད་སྡར་མ་རེད།
ཡུལ་གྱར་པའི་ཞབས་འདྲེན་དང་།
གཞིས་སྡོད་པའི་སེམས་གསོད།
མི་རིགས་ཀྱི་ཅོལ་ཆུང་རེད།
ཁྭ་ཏ་བུ་ཇེ་ནག་ཟེར་པ་དེ་བདེན་པ་འདྲ་ཞིག་འདུག ཁུག་རྟ་ཁྱོད་སྙོས་ནི་མིན་ན་གོས་མེད་གཅེར་བུ་ཁྲོམ་ནས་མ་རྒྱུགས་ཤིག
གུང་ཁྲང་ཏང་གི་ཕོ་ཉ་ཤར་ཁུག་བློ་ཆོས་འདིས་བོད་མི་རིགས་ཀྱི་སེམས་ལ་རྨ་ཁ་གང་ཐུབ་ཅི་ཐུབ་བཟོ་བཞིན་པ་འདིས་སྐྱོ་བ་ལ་ཨང་།
དབུ་མའི་ལམ་གྱི་གོ་དོན་ནི་རྒྱ་བོད་མཉམ་གནས་ཟེར་བ་མིན་ནམ། དེ་ཡིན་ན་རྒྱ་དར་མ་འཕྱར་ན་ཅི་འཕྱར། སྐེ་འདོད་ལ་ལྦ་བ་མི་འདོད་ཟེར་བ་ནི་ལྐུགས་རྟགས་རེད།
ཁ་མ་ཡིན་པར་ལག་ལེན་བསྟར་མཁན་གླིང་ཚ་ལགས། ཁྱེད་ཀྱིས་རྒྱ་བོད་ཀྱི་རྒྱལ་དར་མཉམ་འཕྱར་གནང་བས་བཙན་པོ་ཁྲི་རལ་པས། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཟེར་བའི་རྡོ་རིང་གི་ཡི་གེ་དེ་མིག་ལམ་ལ་མངོན་པར་བྱས་བྱུང་། ཅིའི་ཕྱིར་ན་དར་སོ་སོ་བས་བོད་རྒྱ་ཁོངས་མིན་པར་རྒྱལ་ཁབ་སོ་སོ་ཡིན་པ་མཚོན་པར་བྱས་པས་སོ།། ཐུགས་རྗེ་ཆེ། ལས་འགུལ་འདི་མུ་མཐུད་སྤེལ་རོགས།
བོད་མི་བསམ་བློ་ཡོད་པ་ཚོ། དངོས་གནས་གཟབ་གཟབ་བྱེད་དགོས། དྲྭ་ཐོག་ཏུ་རང་གི་རྒྱལ་ཁབ་ལ་ཤ་ཞེན་ཆེ་མདོག་དང་། རྒྱ་དམར་ལ་སྡང་སེམས་ཆེ་མདོག་གི་ཁ་དང་ལག་པ་བདེ་པོ་མང་པོ་ཞིག་མཐོང་རྒྱུ་ཡོང་གི་འདུག དེ་དག་གི་ཟེར་རྗེས་འབྲང་བར་སྔོན་དུ་མི་དེ་དག་ངོ་ཤེས་པ་དགོས། ང་ཚོའི་མི་རིགས་གི་བར་ལ་དཀྲུག་ངོ་མ་དེ་དག་གིས་དཀྲུག་གི་རེད། རྒྱུན་དུ་ནས་རང་ལ་བཟང་མདོག་དང་། ཡག་མདོག དགའ་མདོག་བྱེད་མཁན་གྱི་རྗེས་སུ་མགོ་འཁོར་ནས་བསླུས་པ་ཆོས་ཉིད་རེད། གོང་དུ་ཁ་བདེ་པོ་བཤད་མཁན་མང་ཆེ་བས་ཤོད་སྟངས་ལ་ལྟ་སྐབས། ཕུག་རྒྱང་རིང་པོ་དང་། དོན་ཐོག་ལག་ལེན་ཐུབ་པའི་བོད་མི་རིགས་ལ་ཕན་པའི་སྐད་ཆ་མ་བཤད་པར་སྡང་སེམས་ཀུན་ནས་སློང་བའི་སྒང་ནས་ཁོང་ཁྲོ་སློང་ཐབས། དགྲ་ཤ་ལོན་རྒྱུ་ཤ་སྟག་ཤོད་གནང་གི་འདུག བྱ་བ་དེ་དག་ནི་རང་གཞན་གཉིས་ཕུང་ཙམ་ལས་སུ་ལའང་ཕན་མི་ཐོགས་པ་ཞིག་ཡིན། དེ་ལྟར་ཡིན་པ་ནི་ང་ཚོའི་མིག་གི་མཐོང་ཆོས་སུ་གྱུར་ཡོད། དཔེར་ན། ཁ་ཆེའི་ཡུལ་ཁག་ཕལ་ཆེ་བའི་གནས་སྟངས་ལ་གཟིགས་ན་འགྲིགས། དོན་ངོ་མ་ང་ཚོའི་མི་རིགས་ཀྱི་རྩ་བ་དེ་མ་བརླག་པར་འཛིན་ཐུབ་དེ་གལ་ཆེ་ཤོས་ཡིན། གཞན་རྣམས་རང་བཞིན་གྱིས་འགྱུར་ཡོང་བར་ངེས་སོ།
རྒྱ་དར་ཤར་མིན་དེའི་བསྐོར་ལ་བོད་མའི་གཞུང་གིས་ལངས་ཕྱོགས་གསལ་བོ་བཤད་ན་ཡག་པོ་འདུག་།
རྒན་ཀླུ་སྨྱོན་གཅིག་པུས་གནད་ལ་འཁེལ་བའི་ཚོགས་གཏམ་ཞིག་བཏང་འདུག དེ་ནི། རྒྱའི་དར་ཆའི་སྟེང་ལ་བོད་པའི་སེང་གེ་ཞིག་བྲིས་དང་། དེ་ན་ངོ་མ་དྲ་མཉམ་མཚོན་པའི་ལམ་ཞིག་རེད། རྒྱ་ནག་གི་ཁོངས་ལ་ཁས་ལེན་ཡོངས་སུ་བྱས་པའི་ཐེའི་ཝན་གྱིས་ཀྱང་རྒྱ་དམར་གྱི་དར་ཆ་ཁས་མི་ལེན། རྒྱུ་མཚན་ནི། དེ་ཆབ་སྲིད་ཚོགས་པ་ཞིག་གི་དར་ཆ་ལས་རྒྱལ་ཁབ་ཤིག་གི་དར་ཆ་མ་རེད། ང་ཚོ་ཆབ་སྲིད་ཚོགས་པ་ཞིག་གི་འོག་ལ་ཡོངས་སུ་འགྲོ་བར་བྱེད་ཟེར་ན་ཤིན་དུ་ནས་དབུ་མའི་ལམ་མ་རེད། དེ་མཐའ་གཅིག་ལ་ལྷུང་བའི་ལམ་རེད།
རྒན་ཀླུ་སྨྱོན་དང་རིགས་པ་སྨྲ་བ་རྣམས་ད་ཁ་རོག་སྡོད་མི་ཉན། ང་ཚོས་རྒྱུ་མཚན་དང་གནས་ལུགས་ལྡན་པར་གསལ་ཁ་མ་སྟོན་ན། བླུན་པོ་རེ་གཉིས་ཀྱི་འོག་ལ་ཚང་མ་ཤོར་ས་རེད།
དབུ་མའི་ལམ་ལ་བརྩི་བཀུར་བྱེད་ན་རྒྱ་མིའི་དར་ཆ་ཕྱར་བར་ཉེས་པ་མེད། ༧གོང་ས་མཆོག་གི་བཀའ་བརྩིས་ན་རྒྱ་མིའི་དར་ཆ་ལ་བརྩི་བཀུར་དགོས་ངེས་རེད། ༧གོང་ས་མཆོག་གི་བཀའ་ལྟར་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ངེས་རེད། ༧གོང་ས་མཆོག་གི་དགོངས་པ་གཞིར་བཞག་ན་ཆོལ་གསུམ་བོད་རིགས་ཡོངས་ལ་མང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ངེས་རེད། རང་སྐྱོང་ལྗོང་དེ་རྒྱའི་དར་ཆ་དམར་པོའི་འོག་ལ་འདུག་ངེས་རེད། ༧གོང་ས་མཆོག་གི་ཐུགས་དགོངས་ལྟར་ན་བོད་རྒྱ་མི་རིགས་གཉིས་རང་དབང་དང་ཐོབ་ཐང་འདྲ་མཉམ་འཆམ་མཐུན་མཉམ་གནས་བཅས་ཀྱི་ཁྱིམ་ཚང་ཞིག་ཚུགས་དགོས་ངེས་རེད། དེ་རྒྱའི་དར་དམར་འོག་གནས་ངེས་རེད། དེར་བརྟེན་ཁུག་རྟ་ལ་ཉག་ཉེས་ཅི་ཡང་མེད་དོ། །
༼རྒྱའི་དར་ཆའི་སྟེང་ལ་བོད་པའི་སེང་གེ་ཞིག་བྲིས་དང་། དེ་ན་ངོ་མ་དྲ་མཉམ་མཚོན་པའི་ལམ༽ འདི་མཐོང་དུས་བོད་པའི་བསམ་བློ་ན་ཚོད་འདི་ཨ་བསམ་བྱུང་། སྙིང་མ་རྗེ།
ད་དུང་གནད་ལ་ཁེལ་བའི་གཏམ་དུ་འབོད་པའི་རྣམ་དཔྱོད་ལ་ལྟོས་དང་། ཀྱེ་མ་ཀྱེ་ཧུད།
རྒྱ་དམར་གྱི་རྒྱལ་དར་འདིར་འོག་བོད་མི་ས་ཡ་གཉིས་སྲད་རེད་ དགོན་པ་དྲུག་སྟོང་ཏོར་ཤིག་གཏང་།དབུ་མ་ཟེར་ན་ཆོས་ཚིག་རེད་ མ་མང་པོའི་མགོ་འཚོས་དཀའ། སྐར་ལྔའི་དར་ཅ་དགའ་པོ་ཡོད་ན་བོད་ནང་མ་བསྡད་པ་རྒྱ་གར་ཡོང་དོན་ཅི་ཡིན། ཟབ་ ཟབ་ ཟབ་ བྱེད་ རྒྱལ་ཁབ་གཅིག་ལ་རྒྱལ་དར་གཅིག་རེད་ བོད་དེར་དམར་གཞུང་ནས་བཙན་ཟུང་བྱེད་རེད། མི་མཐོང་དགུ་མཐོང་རྡ་སར་མཐོང་གི་འདུག ད་ནི་མི་སྡོད་འགྲོ་ན་དགའ་ཨ་རི་མ་བྱུང་ཡུལ་རོབ་འགྲོ་
ཞུ་རྒྱུར། རྒྱ་དར་འཕྱར་བའི་གླིང་ཚ་དང་། དེ་ལ་རྒོལ་བའི་བོད་པ་རྣམས། ཡིན་རྒྱུ་བོད་དང་བོད་རིགས་ཆེད། དེས་ན་ལྷོད་ཀྱིས་གླེང་མོལ་བྱ།
ཁུག་རྟ་ལགས། དར་དམར་འཕྱར་བའི་དུས་མ་རེད་ཐལ་ཆ་ཞེ་དྲག་མ་གནང་ན་ཡག་གི་རེད། དབུ་མའི་ལམ་གྱིས་ཐོབ་པའི་རང་དབང་ཐོབ་ཐང་སྤྲད་རྒྱུ་ཕར་བཞག་སྐད་ཆ་ཤོད་རྒྱུར་ཞེད་སྣང་ཡོད་པའི་གནས་སྟངས་འདི་འདྲའི་འོག་ཧམ་ཐལ་ཉེན་ཆེན་རིགས་མ་གནང་ན་ཡག་གི་རེད། རང་དབང་གི་དར་ཤིང་དང་ཐོབ་ཐང་གི་ལག་པ་མེད་པར་དར་དམར་བསྒྲེང་རྒྱུའི་གོ་སྐབས་དེ་ཡ་མཚན་པ་ལ། གང་ལྟར་གནས་སྟངས་འདི་འདྲའི་འོག་དར་དམར་ལ་བརྩི་བ་ལས་འ་ཆད་འུ་ཐུག་ན་རྒྱ་གར་གྱི་འཁོར་ལོ་ཅན་གྱི་དར་འོག་ནས་གདམས་ག་ལེན་ས་རེད།
ཁྲག་དམར་པོས་བཙོས་པའི་དགྲ་དར་འདི།།
དགྲ་ནག་པོས་བཙན་ཤེད་མི་དགོས་པར།།
བུ་སྡར་མས་མཁའ་ལ་བསྒྲེངས་བ་འདི།།
སྙིང་དམར་པོའི་དཀྱིལ་ལ་བྲེད་ཤ་ལངས།།
རྒྱ་དར་དམར་བོ་འདིར་མཐོང་ཐེངས་རེ་སྔོན་མ་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་ནས་སློབ་མ་མང་བོ་དམར་གསོད་སྐབས་དམག་མི་ཚོས་རྒྱ་དར་དེ་འཕྱར་བཞིན་འཇིགས་བསྐུལ་བྱས་རབས་དེ་དྲན་ཡོང་གི
ད་ཁ་གསལ་པོ་རེད། དབུ་མའི་ལམ་ཟེར་ན་རྒྱ་དར་འཕྱར་གི་ཡིན་ཟེར་གི་ཡོད་རེད།
རང་བཙན་ཟེར་དུས་སེང་གེ་ཁ་སྤྲོད་དར་ཁོ་ན་བོད་དར་ཡིན་ཟེར་གི་ཡོད་རེད།
དེ་ཡིན་དུས་༧ཡེ་ཤེས་དབྱིངས་ཀྱིས་ཐག་གཅོད་གང་གནང་ཁས་ལེན་རྒྱུ་ཡིན་པ་དང་། དབུ་མའི་ལམ་ཁས་ལེན་མཁན་ཡིན་ན་རྒྱ་དར་འོག་སྡོད་གི་མིན་ཟེར་ས་མེད།
ཡང་རང་བཙན་ལྟ་གྲུབ་པ་ཡིན་ན་སྐད་ཆ་ཁག་ཁག་རེད། ང་ནི་གཉིས་ཀ་ལ་གུས་བཀུར་ཡོད། བྱུང་ན་རང་བཙན་ལོས་དགོས། མ་བྱུང་ན་དབུ་མ་ལ་འགྲོ་རྒྱུ་རེད།
རྒྱ་ནག་གཞུང་གི་དར་ཆ་དམར་པོ་འདི་རྒྱ་ནག་མི་དམངས་ཀྱིས་ཁས་ལེན་མི་བྱ་ན། བོད་པ་ང་ཚོས་སྒྲེང་ཡང་སུ་ཡིས་བསུ་བ་ཞུ།
བོད་དར་ལས་ཆེ་བའི་རྒྱ་ཡི་རྒྱ་དར་དགོས་ཡོད་ན་། རྒྱ་ཡི་སོ་པའི་ལས་དཀའ་ཡིན་ན་མ་གཏོགས་བོད་མིའི་བཙན་བྱོལ་ནང་དུ་སྡོད་དགོས་ཡག་མི་འདུག། དབུ་མའི་ལམ་དང་རྒྱ་ཡི་དར་དམར་གཉིས་མི་འགལ་ཡང་། དམར་གཞུང་འདི་དང་དབུ་མའི་ལམ་གཉིས་འགལ་བ་ཡིན་དགོས་བསམ་། དབུ་མའི་ལམའདི་དམར་གཞུང་འོག་ལ་འགྲོ་གི་ཡིན་ཟེར་བ་ཡིན་ན་། དེ་ནས་རྩོད་དགོས་ཡག་གང་ཡང་མི་འདུག་། བོད་མི་མང་ཆེ་བ་དམར་གཞུང་འོག་ལ་ཡོད་། དབུ་མའི་ལམ་གྱི་དོན་དེ་ག་རང་གི་འགྲིག་འདུག་།
སྐར་ལྔའི་དར་དམར་འོག་ལ་ཡོད་པའི་བོད་མི་ཚོས་སྐར་ལྔའི་དར་དམར་ལ་ངོས་རྒོལ་ཆེད་དུ་རང་སྲོག་མེ་ལ་སྲེག་མཁན་བརྒྱ་ལྷག་བྱུང་སོང་། གླིང་ཚས་སྐར་ལྔའི་དར་དམར་མགོ་ལ་བཞག་ནས་གོམ་བགྲོད་ལས་འགུལ་འདི་ཚུར་ཕྱོགས་བོད་རིགས་ལ་ངོས་རྒོལ་བྱས་པ་ལས་ཕར་ཕྱོགས་རྒྱ་ལ་ཡིན་བཟོ་མི་འདུག་། ད་དུང་ཤར་ཁུག་དང་ཁོང་ཚོའི་ཁོག་ལ་ཅི་ཞིག་སྦས་ཡོད་ད་ལྟ་གསལ་པོ་མེད་།
བསམ་ཚུལ་དངོས་གནས་བཤད་མཁན་དང། རྒྱ་བོད་བར་ལ་དཀྲུགས་ཤིང་འཕེན་མཁན། ཡང་ན་དགྲ་ནུབ་ནས་བཞག་ནས་གླུད་ཤར་ལ་གཡུག་མཁན་ཚང་མ་རང་དབང་མེད་པར་འདིར་འདུས་པ་ངོས་ནས་དགའ་བསུ་ཞུ། འོན་ཀྱང་ཞབས་མཆན་བརྗོད་དོན་དང་འབྲེལ་བ་ཉུང་ཞིང། དར་དམར་མཐོང་བ་ཙམ་གྱིས་བྲོས་འགྲོ་མཁན་མང་སྟབས། བོད་ཀྱི་འཐབ་རྩོད་ཀྱི་བྱ་བར་དངོས་སུ་ཞུགས་མཁན་ཞིག་ལ་མཚོན་ན་དེས་ཕན་གནོད་ཅི་ཡང་མི་འདྲེས་པ་གསལ་བོ་རེད།
དེ་དང་ཞོར་དུ་རྒྱལ་དར་གྱི་བཅའ་ཁྲིམས་འདིར་བཀོད་ཡོད་པ་དེ་ཅོ་རུ་ཡག་པོ་འདུག་ཞུ་ཡ་ཡིན། དེས་དར་དམར་ལ་ཁ་གཏད་བྱེད་ཁུལ་གྱི་སེམས་ཚོར་རྣམས་དངོས་ཡོད་དུ་བསྒྱུར་ཐུབ་ཅིང། ཁ་གཏད་གཅོག་མཁན་ཚོ་ལའང་གཅོག་སྟངས་གསར་པ་ཞིག་གི་བློ་བསྐྱེད་བསྐྲུན་ཐུབ་པར་ངོས་འཛིན་ཞུ་བཞིན་ཡོད། དེ་ཙམ་ཞུ།
མུ་མཐུད་ཕེབས་ཤོག རྩ་ཁྲིམས་དང་རང་སྐྱོང་སྐོར་དྲི་བ་ཡོད་ན་གཏོང་རྐྱང་བྱོས།།
གཞན་དུ་ཞབས་མཆན་རེ་འགར་ཁོ་བོས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ལས་འགུལ་ལ་ཐེ་གཏོགས་བྱས་ཚུལ་བྲིས་འདུག གལ་སྲིད་ངས་ཐེ་གཏོགས་བྱས་ཡོད་ནའང་ཐེ་གཏོགས་འགྲོ་ས་མེད་པ་རྒྱུས་ཡོད་ཚང་མས་ཤེས་གསལ་རེད་ལ། གླིང་ཚ་རང་ཉིད་ཀྱི་ལས་འགུལ་ཐད་སྔ་བར་ཕྱི་གསུམ་དུ་གཞན་དྲིང་མི་དགོས་པ་ཞིག་ཡིན་པ་མངོན་སུམ་ཚད་གྲུབ་རེད། དོན་དངོས་འདིའི་ཆ་ནས་རྒྱ་བོད་བར་དཀྲུགས་ཤིང་རྒྱབ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ནུས་བ་ཐོན་པར་འཆར་གཞི་ལྡན་པའི་གེགས་རྐྱེན་བྱེད་མཁན་ཚོས་ཉན་མིན་མི་ཤེས་ཀྱང། ལས་འབྲས་དཔང་དུ་འཇོག་མཁན། ཕ་མའི་ཞབས་འདྲེན་ཞིག་ཏུ་མི་སེམས་མཁན་གྱི་མི་རུས་པ་ཅན་ཞིག་ཡིན་ན། ཁོང་ལ་དྲིན་ལན་ལོག་འཇལ་གྱི་སྐུར་ཚིག་འདི་རྩ་བ་ནས་མ་འདེབས་རོགས་ཞུ་བའོ།།
གཉིས་ནས། དབུ་མའི་ལམ་ཞུགས་པ་ཆེ་དྲག་སུས་དར་དམར་སྒྲེང་བའི་སྤྱོད་པ་ཁས་ལེན་གྱི་མེད་ན། དེ་ལ་རྒྱུ་མཚན་དགོས་པ་རེད་མ་གཏོགས། མིའི་ཆེ་ཆུང་གིས་ཐག་གཅོད་རྩ་ནས་ཐུབ་ཀི་མ་རེད། དེའི་ཕྱིར་དབུ་མའི་ལམ་ཞུགས་པ་ཁ་ཞེ་གཉིས་མེད་ཡིན་པ། ཡིད་ཆེས་བརྟན་པོ་ཡོད་མཁན་ཅིག་ཡིན་ན་དར་དམར་འཕྱར་ཚད་འཕྱི་མེད་ན་སྔ་མེད་པ་ཞིབ་ཏུ་ཤེས་གསལ་རེད།།
བོད་ཀྱི་འཐབ་རྩོད་ཐད་འགན་ཁུལ་མཁན་ཞིག་ཡིན་ན་། དར་དམར་དེ་དགྲ་ཁ་ཐད་དུ་ཆགས་ཡོད་། གླིང་ཚ་དང་ཤར་ཁུག་གཉིས་དར་དམར་འོག་གི་མི་ཡིན་ཟེར་གི་ཡོད་ན་མ་ཏོགས་དར་དམར་མགོ་ལ་ཁྱེར་ནས་འགྲོ་དགོས་དོན་ག་རེ་ཡིན་།
ཁྱེད་ཅག་དར་དམར་འོག་གི་མི་ཡིན་ཟེར་གི་ཡོད་ན་ལབ་རྒྱུ་གང་ཡང་མེད་།
ཤར་ཁུག་གི་དམར་རྒྱའི་རྒྱལ་དར་དེ་ཧ་ཅང་མཛེས་དྲག་འདུག
དེ་ནི་ཕྱི་༡༩༤༩ལོར་རྒྱ་ནག་དམར་ཕྱོགས་པའི་ལྟ་ཚུལ་གཅིག་དང་དབང་ཚད་གཅིག་གམ་གཅིག་སྡུད་སྒེར་གཅོད་ཀྱི་སྟེང་འཛིན་འོག་ནས་ཐག་གཅོད་གཏན་འབེབ་བྱས་པའི་དམར་པོའི་ཚབ་མཚོན་གྱི་རྟགས་མ་ཁོ་ན་ཅིག་ལས་རྒྱ་ནག་མི་དམངས་ཀྱི་ལོ་རྒྱུས་བྱུང་རབས་མཚོན་པའི་དན་རྟགས་ཅིག་ག་ལ་ཡིན། ཚེ་བརྟན་རྡོ་རྗེ་ནི་ཚེ་བརྟན་རྡོ་རྗེ་རེད། ཁོ་བུ་རྒོལ་ཞིག་རེད་ལ་ལྷད་མེད་ཅིག་ཀྱང་རེད། བལ་རྩ་སྣོག་རྩྭ་རྡོ་ལ་མ་སྣོག་རོགས་་་རྒྱ་དམར་གྱི་དར་ཆ་ལ་དགའ་མཁན་ཡོད་ན་སོ་སོའི་གདོང་ལ་ཕྲིས། ཁང་ཐོག་ཏུ་བཙུགས། ལྭ་ཐོག་ཏུ་ཚེམས ཚེ་བརྟན་རྡོ་རྗེ་ཡི་རྒྱ་ནག་དར་ཆ་དེ་ཁྱེད་ཚོས་བསྟོད་པའི་དར་མདར་དེ་མ་རེད།
ད་ལྟས་ངན་ཤར་ཁུག་འདི་ཧམ་པ་ཆེ་བ་ལ་ཚོད་མ་རེད། གླིང་ཚ་ཚེ་བརྟན་འཕྲོ་བརླག་བཏང་མཁན་ཁྱོད་ཚོ་ཡིན་བཞིན་དུ་ཁས་མ་ལེན་པ་འདི་ངོ་གཏན་ནས་ཚ་རྒྱུ་མེད་པ་ཞིག་རེད། ད་དུང་ཕ་བསད་བར་མ་ཚད་སྙིང་ཚིམ་བདར། དགྲ་དར་ཕྱར་བར་མ་ཚད། རང་དབང་ལུངས་པ་ནང་ཤར་ཁུག་འདིས་བོད་མི་དམངས་ལ་མཐོང་ཆུང་དང་དམའ་འབེབ་གཏོང་སྟངས་འདི་མཐོང་ཡོང་དུས་རྒྱ་དམར་གུང་ཁྲན་ཁག་ཅི་ཡོད། ད་ངོ་མ་ཞབས་འདྲེན་དཀྲུག་ཤིང་། རྒྱ་དགའ། དམར་ཤོག འདི་ལ་སླབ་བྱ་རྒྱབ་མཁན་སུ་མེད་དམ། ཁོའི་སྙིང་ཉེ་ས་མི་འདྲ་ཡོད་ན་སློབ་གསོ་གཏོང་དགོས་ངེས་རེད། བོད་པའི་སྤྱི་ཚོགས་ནང་མངོན་གསལ་གྱི་ཀྲུང་དབྱང་གི་ལས་དོན་སྒྲུབ་མཁན་འདིའི་གྲས་ལ་བོད་གཞུང་དང་རྒྱ་གར་གཞུང་ནས། རྒྱ་ཡན་དུ་གཏོང་ན། མ་འོངས་པར་དྷ་སར་འདིའི་རིགས། ཇེ་མང་དུ་འགྲོ་ངེས་རེད།
ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ཀྱི་དགོངས་ཚུལ་དེ་དངོས་དབུ་མའི་ལམ་ཉམས་ལེན་པ་ཚོའི་ནང་ཐོག་མར་བགྲོ་གླེང་ལེགས་མོ་ཞིག་དགོས་ལེ་རེད། མ་གཏོགས་ད་ལྟར་ང་ཚོགས་སྤྱི་ཚོགས་བར་མཐིལ་གང་པོ་འདི་ཡང་བསྐྱར་ཤར་ཐེན་ནུབ་ཐེན་བྱ་དགོས་ས་རེད། གོང་དུ་མཆན་ཞིག་ནང་ཚོགས་གཙོ་སྤེན་པ་ཚེ་རིང་ནས་རྒྱ་དར་འཕྱར་པར་ངོས་ལེན་མེད་པ་གསུངས་འདུག་ལ་ངས་ཀྱང་གསར་བསྒྲགས་དེ་ཐོས་མྱོང་ཡོད། མ་གཞི་ཁྱེད་ཀྱིས་༼གཉིས་ནས་རྐུབ་སྟེགས་ཚ་བོར་གླ་ཆ་བླངས་ནས་བསྒྲགས་གཏམ་སྤེལ་བ་དག་གི་ལུགས་སྲོལ་དུའང་ཆགས།༽འདི་ལྟར་གསུངས་དགོས་དོན་གང་རེད། ད་འོ་ན་གཞུང་འབྲེལ་གྱི་དབུ་ལམ་གཅིག་དང་མི་མང་གི་དབུ་ལམ་གཉིས་ཆག་པ་རེད་པས། ད་དུང་དར་དམར་མི་སྒྲེང་པ་དེ་མཐོང་རྒྱ་ཆུང་ཚུལ་ཁྱེད་ཀྱི་གསུངས་པ་དེ་གང་འདྲ་རེད།
ནུབ་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་དུ་འགྱུར་བའི་ཡུལ་ལུང་དེ་དག་གི་ཞི་བའི་རང་དབང་སྒེར་ལངས་ཀྱི་ཐབས་རྩོད་བྱེད་པ་རྒྱ་གར་སོགས་རྒྱལ་ཁབ་རྣམས་ཀྱིས་དབྱིན་ཇི་སོགས་བཙན་གནོན་བྱེད་མཁན་རྒྱལ་ཁབ་ཀྱི་རྒྱལ་དར་འཕྱར་ནས་ལས་འགུལ་ཞིག་གང་ན་སྤེལ་འདུག ཁྱེད་རང་མཐོང་རྒྱ་ཆུང་དྲགས་པ་རེད། ཡང་ན་གནས་ཚུལ་ཤེས་ནས་གོ་ལོག་སྤེལ་རྩིས་ཤིག་རེད་དམ།
ང་རང་སྒེར་གྱི་ཆབ་སྲིད་མི་ཤེས་ཀྱང་། ང་ཚོའི་མི་རིགས་ཀྱི་དྲུག་ཆ་གཅིག་ལྷག་དར་དམར་དེའི་འོག་ཚེ་སྲོག་ཤོར་པ་ཁྱེད་ཀྱིས་མཁྱེན་བཞིན་བརྗེད་འདོད་པ་རེད། ཡང་ན་ཁྱེད་ཀྱི་གཉེན་ཉེ་སོགས་དར་དམར་འོག་དམར་སོད་མ་བཏང་བའི་རྒྱུ་མཚན་གྱི་དར་དམར་དེར་འདི་འདྲའི་གུས་བརྩི་ཞུ་བ་ཡིན་ནམ།
དབུ་ལམ་གཞུང་ལ་སྦྱང་ཤེས་ཅན་ཚོས་ད་དུང་གནོ་བསམ་དགོས་པ་གཅིག་ནི། དུས་ནམ་ཞིག་དར་དམར་འདིས་བཟང་སྤྱོད་ཀྱིས་སྒོ་ནས་ད་བར་བོད་མིར་དཀའ་སྡུག་ཚད་མེད་བཏང་བར་ངོས་ལེན་གྱི་དགོངས་མ་ཞུས་པར་དར་དམར་དེའི་འོག་ཞུགས་དགོས་ལུགས་བཤད་པ་ནི་ལོ་རྒྱུས་དང་། དྲང་བདེན། བཟང་སྤྱོད། འཇིག་རྟེན་གྱི་འགྲོ་ལུགས་གང་སྤྱི་དང་འགལ་བས་གཞུང་ལུགས་གོ་ལྡོག་པའི་བྱ་སྤྱོད་གཅིག་རེད།
དངོས་གནས་བྱས་ན་བཙན་པོ་གཉའ་ཁྲི་ནས་༧ཐུབ་བསྟན་རྒྱ་མཚོའི་བར་གྱི་སྲིད་འབྱོར་རིག་གསུམ་གྱི་དབུ་ཁྲིད་མཁས་མཛངས་གཅིག་ཏུ་བསྡོམས་པ་ལས་ཀྱང་འགོངས་པའི། ༧རྒྱལ་མཆོག་ཐམས་ཅད་མཁྱེན་པ་༧བཅུ་བཞི་པ་ཆེན་པོ་༧གང་ཉིད་ཀྱིས་བོད་འདི་ས་ལ་བཙུགས་ཞིང། རྡོ་ལ་བྲིས། གླིང་ལ་བསྒྲགས་ཤིང། མི་རུ་བཅོས་པའི་མཁས་མཛངས་འཁྲུལ་གསུམ་གྱི་བོད་སྐྱོབ་མཛད་འཕྲིན་ལ། རང་ཅག་ཕྱི་རབས་པ་རྣམས་ཀྱང་ཤེས་ནས་སྤྲོ་བཞིན་རང་གི་ནུས་ཚོད་ཀྱིས་འཇུག་དགོས་པ་ཞིག་ཡིན་ཡང། ཁ་ཐུར་དུ་འགྲོ་སྐབས། ཚུལ་ཅི་ལྟར་རྗེས་སུ་འཇུག་རྒྱུར་བདག་དང་བདག་གི་རང་མཐོང་ཞེན་འཛིན་གྱིས་ང་ཚོ་ནང་ཁུལ་ལའང་བར་ཐག་ངེས་ཅན་རེ་ཤོར་ཡོད་ནའང། དྲན་དབང་བརྒྱ་ཡི་ཀླད་པ་འགེམས་པའི་དཔའ་བོ་ཞིག་གློ་བུར་བྱོན་ནའང། སྐར་ལྔའི་དར་དམར་འཕྱར་ན་དབུ་མའི་ལམ་གྱི་སྤྱོད་པ་དམ་པར་འགལ་ཚུལ་མི་སྨྲ་བ་ནི་ཁོ་བོར་མྱོང་བ་མངོན་སུམ་གྱི་རྟོགས་པ་ལྷམ་མེར་ལྷན་ནེར་ཤར་བ་འདྲ་ཞིག་བྱུང། ཟེར་་་་་་་་་་་་་་་་་་་་་་་་མདོར་བསྡུས་ན་དོན་འདིར་བསམ་བློ་ཐོངས་ཤིག་་་་་་་་་་་་་་་་་་
རང་དབང་འཐབ་རྩོད་པ་ཞིག་གིས་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་མི་རིགས་ཤིག་གི་རང་དབང་ལས་དོན་གྱི་ཆེད་དུ་འཐབ་རྩོད་བྱེད་པ་ནི་ཤིན་ཏུ་བསྟོད་དགོས་པ་ཞིག་རེད། རྒྱལ་དར་གང་འཁྱེར་མིན་ཡང་རང་དབང་རེད། ཚོགས་པ་ཁག་གིས་དེ་ལ་བསྟེན་ནས་རྒྱབ་སྐྱོར་བྱེད་མིན་ཡང་རང་དབང་རེད། རང་དབང་རེད་ཟེར་ནས་་་་་་་་་་་་་་་་རྒྱ་ནག་གི་རྒྱལ་དར་འཁྱེར་ནས་དགོས་དམིགས་ལྡན་ན་དང་པོ་དབུ་མའི་ལམ་གྱི་ལས་ཁུངས་ཀྱི་མདུན་དུ་བོད་དང་རྒྱ་དཀར་ནག་གསུམ་གྱི་རྒྱལ་དར་སྒྲེངས་དང་། སྤྱི་ཚོགས་ནང་ཅི་བཤད་མིན་བལྟ་དགོས།
དྲན་རྒྱུ་འབེལ་དྲག་ནས་རང་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་མ་འོངས་མདུན་ལམ་ལ་གནོད་ན་བོད་རིགས་སུ་སྐྱེས་བ་ཡིན་ན་ཡང་གུ་ཡངས་ལ་གཏོང་མི་ཉན། ང་ཚོས་རྒྱལ་ཁབ་ཞིག་གི་རྩ་དོན་རྩོད་ཀྱི་ཡོད་པ་ལས་མི་བུ་ག་གེ་མོ་ཞིག་གི་ངོ་སོ་རྩོད་ཀྱི་མེད།
མེ་དཀར། ཁུག་རྟ་སོགས་།
དར་དམར་འོག་ལ་སྒུར་ན་ག་རེ་རག་གི་ཡོད་པ་རེད།
རང་དབང་རང་མོས་ཀྱི་ཕྱོགས་ནས་ག་རེ་རག་གི་ཡོད།
སྐད་ཡིག་གི་སྐོར་ནས་ག་རེ་རག།
རིག་གཞུང་ཆས་གོས་མི་མཉམ་པའི་དགོས་ཕན་ག་རེ་ཡོད།
སྲིད་དོན་གྱི་དབང་ཚད་ག་རེ་རག་གི་ཡོད།
ས་འོག་གཏར་རྫས་ག་ཚོད་ཞིག་ལ་བདག་དབང་ཡོད།
ས་ཐོག་གི་རྩྭ་ཆུ་ག་ཚོད་ཞིག་ལ་བདག་དབང་ཡོད།
རྒྱ་འདྲེ་གནས་སྤོར་གཏང་འཛིན་གྱི་བཀག་སྡོམ་ག་ཚད་ཞིག་ཡིན་པ་རེད།
བོད་མིའི་སྐྱེས་རྒྱུན་མི་འགག་པའི་དབང་ཚད་གང་ན་ཡོད།
བླ་མ་སྤྲུལ་སྐུའི་ཡང་སྲིད་སུ་ཞིག་ལ་འཚོལ་དབང་ཡོད།
རྒྱ་འདྲེ་ཚང་ལ་ཁྲལ་ཆེན་ཁྲལ་ཆུང་ག་ཚོད་ཞིག་གིས་ཡིད་ཚིམས་དགོས།
ཕར་སྤྲད་པའི་འགྲོ་སྒོ་དང་ཚུར་ལ་ཡོང་བའི་ཡོང་སྒོ་ཡི་གནམ་ས་ག་རེ་ཡིན་ནམ།
མི་རིགས་དབྱེ་འབྱེད་ཀྱིས་ས་ཁུངས་སྐྱོང་སྟངས་ག་འདྲ་ཞིག་ཡིན་ནམ།
རྒྱ་ནག་ཡུལ་ནས་སེར་པོ་གསེར་དང་དཀར་པོ་དུང་སོགས་ག་ཚོད་ག་ཚོད་ཞིག་བོད་དུ་ནང་འདྲེན་ཞུ་ཐུབ་པ་རེད།
རྒྱ་ནག་ཡུལ་ནས་རྒྱ་ནག་མི་མང་ལ་ཐོབ་དབང་མེད་པའི་སྲིད་ཇུས་ག་རེ་ག་རེ་ལག་སྟར་བྱེད་ཐུབ་བམ།
བོད་མི་ལ་ཐོབ་པའི་ཐོབ་བྱ་རྣམས་རེ་རེ་བྱས་ནས་ཕྲིས་དང་ལྟ་ཆོག་གི་རེད།
སྔོན་མ་ཞིག་ལ་རྒྱ་ནག་ལ་མགོ་བཏོག་བྱས་ན་ཡག་པོ་ཡོད་པའི་ཡོད་རབས་མང་པོ་བཤད་ནས། མཐའ་སྔ་བོད་ས་ཡོངས་ཀྱི་དབའ་བོ་དབའ་མོ་ཚང་མ་གསོད་གཏུབ་ཡ་ང་བ་ཞིག་བྱུང་ཚར་རེད། ད་དུང་ཡང་དེ་ལྟ་བཤད་ཕོད་པའི་གདེངས་སྤོབས་ཞིག་གང་ནས་རག་སོང་། བཤོད་དང་། ཕྲིས་དང་།
གང་ལྟར་རྒྱ་དར་ཕྱར་ན་བོད་དར་གཡུགས། བོད་དར་ཕྱར་ན་རྒྱ་དར་གཡུགས། དེ་མིན་ཁ་ནས་དབའ་མ་དབུ་མ་ཅི་ཙམ་བརྗོད་ཀྱང་མགོ་གཉིས་མའི་བཟོ་ཞིག་མི་འདུག་གམ།
དྲང་བོ་བཤད་ན་་་་་བོད་མི་ཞིག་ཡིན་དུས་ཕལ་ཆེར་རྒྱ་དར་འདིའི་འོག་ལ་འདུག་འདོད་མེད་པ་གཅིག་མཚུངས་འདྲ་ཞིག་ཡིན་ན་ཐང་མོད། གལ་ཏེ་དབུ་མའི་ལམ་གྱི་ཐོག་ནས་རྒྱ་བོད་ཞི་འགྲིག་འདྲ་ཞིག་བྱུང་ཉིན་ནས་བོད་མི་ཚང་མ་རྒྱ་མིའི་དར་འོག་ལ་མི་འགྲོ་རང་འགྲོ་འདྲ་ཞིག་ཆགས་ཡོད། བསམ་བློ་ཡག་པོ་བཏང་ནས་སྐད་ཆ་ཤོད་རྒྱུ་གལ་ཆེན་པོ་རེད་་་་་རྒྱ་དར་འདིའི་འོག་ལ་རྩ་ནས་འགྲོ་རྒྱུ་མིན་ཟེར་རྒྱུ་ཡིན་ན་་་་་དབུ་མའི་ལམ་འདི་གཡུག་སྟེ་རང་བཙན་གཙང་མ་རྩོད་དགོས་པ་རེད། གླིང་ཚེ་བརྟན་རྡོ་རྗེས་རྒྱ་དར་ཁུར་ནས་ལས་འགུལ་སྤེལ་སྟངས་འདི་ཡང་ཐབས་ཤེས་ཤིག་རེད། རྒྱ་མི་རིགས་ལ་རྩི་བཀུར་དང་་་དར་ཆ་འདིའི་འོག་ནས་ང་ཚོ་ཚང་མར་འགྲོ་བ་མིའི་ཐོབ་ཐང་དགོས་པའི་བརྡ་ཡང་བསྟན་པ་རེད། མི་རིགས་ཀྱི་འཐབ་རྩོད་པ་ཁོང་ལ་རྗེས་སུ་ཡིད་རིང་གནང་མ་ཐུབ་རུང་སེམས་ལ་ཕོག་ཐུབ་གཏོང་བའི་སྐད་ཆ་ཤོད་ན་ཡག་པོ་རྩ་ནས་མ་རེད་་་་སྐད་ཆ་གང་བྱུང་མ་ཤོད་རོགས་་་་་དྲིན་ཆེན་ཚོ།
དམག་དར་ནི་རྒྱལ་ཁབ་སུ་ཡིན་ཀྱང་མཐོན་ཆེན་བྱེད། རྒྱ་ནག་གིས་རྒྱལ་དར་དང་དམག་དར་ཤིན་ཏུ་རྩ་ཆེན་བྱེད། ལོ་རྒྱུས་སྟེང་དུ་གང་དུ་དམག་དར་འཛུག་ཐུབ་ན་དེ་ལ་དབང་བསྒྱུར་བར་མཚོན། སྔོན་ཆད་རྒྱ་ནག་གི་དཔའ་བོ་མང་པོ་དམག་དར་ཁོ་ན་འགྱེལ་མི་འཇུག་པར་རང་སྲོག་འབེན་ཏུ་བཙུག་པ་མང་། དེ་བཞིན་བོད་སོག་གི་དམག་དར་འཛིན་མཁན་ཚོས་ཀྱང་དགྲ་བོའི་སྔོན་དུ་དམག་དར་སར་ཟག་བཅུག་ན་དམག་དར་ཤོར་བ་ཞེས་ཕྱིས་སུ་དེའི་མི་བརྒྱུད་ཀྱིས་འཛིན་མི་ཆོག་པ་དང་། དམག་དར་འཛིན་མཁན་ཚེ་སྲོག་ཤོར་བ་ཡིན་ན་མཆན་ཁེབས་ཀྱིས་ཚབས་བྱས་ཏེ་འཛིན་དགོས་པ་དང་། སྲོག་ཤོར་སྐབས་སར་བཙུག་ནས་འགྱེལ་མ་བཅུག་ན་དེའི་བུ་རབས་ཚ་རྒྱུན་གྱིས་དམག་དར་འཛིན་ཆོག་པའི་སྲོལ་ཡོད། ༡༩༣༤ཡས་མས་སུ་བཏོན་པའི་(ཤར་ཕྱོགས་དུས་དེབ་)ཅེས་པའི་རྒྱ་ཡིག་གི་ཚག་པར་ཞིག་ཏུ། ཨ་མདོ་བཀྲ་ཤིས་འཁྱིལ་གྱི་མགོ་བ་གུར་གང་གི་དམག་དར་འཛིན་ཕྱོགས་དང་། སོང་པོ་ཝང་རྒྱལ་པོའི་དམག་དར་འཛིན་ཚུལའང་གོང་ནས་ཆོག་བཀའ་འཁྲོལ་མེད་པར་རང་ས་ནས་གཞན་གྱི་དར་མི་ཕྱར་བ་དང་། བཀའ་འཁྲོལ་ཀྱང་རང་གི་དར་ལས་མཐོར་མི་ཕྱར་བ། རང་གི་དར་སར་ལྷུང་མི་འཇུག་པའི་ཁྲིམས་སྲོལ་སོགས་སྲོལ་རྒྱུན་གོམས་གཤིས་ཞིག་ཡོད་ཚུལ་འཁོད་ཡོད་པ་དྲན་སོང་། ཕྲན་རང་སུའི་ཕྱོགས་སུ་ལྷུང་བ་མིན། ལོ་རྒྱུས་ཀྱི་དཔྱད་བརྗོད་ཙམ་ཡིན། དགོངས་འགལ་མེད་པར་ཞུ།
གླིང་ཚ་ཚེ་བརྟན་རྡོ་རྗེའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། རང་ངོས་ནས་སྐར་ལྔའི་དར་ཆ་མགོ་ཐོག་ལ་འཕྱར་བའི་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་ནག་པོ་དང་པོ་འབྲི་མཁན་རེད། ད་དུང་བཙོན་ནས་གློད་གྲོལ་ཐོབ་དུས་མི་ངན་གྱི་དབང་དུ་སོང་སྟེ་དར་དམར་མ་འཕྱར་བའི་རེ་བ་ཡོད།།
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས་སུ་དྲ་བ། གླིང་ཚ་བས་ཁར་སང་གསར་འགོད་གསལ་བསྒྲགས་ཀྱི་དྲིས་ལན་དུ། “ངས་རྒྱ་ནག་གི་རྒྱལ་དར་འཕྱར་དོན་དབུ་མའི་ལམ་དང་མ་འགལ་བའི་ཐོག་ནས། བོད་རྒྱ་ནག་ནང་ཆེས་མཐོའི་རང་སྐྱོང་བྱ་རྒྱུའི་འདོད་པ་ཡོད་ཟེར་བའི་མཚོན་བྱེད་ཡིན།” ཞེས་བཤད་འདུག
༡ དེ་ལྟར་ན་དབུ་མའི་ལམ་པ་བ་ཚོས་ལས་འགུལ་སྤེལ་ན་རྒྱ་དར་འཕྱར་རྒྱུའི་སྐུལ་སློང་བྱེད་གི་ཡོད་པ་རེད་དམ།
༢ རྒྱ་དར་མ་འཕྱར་ན་དབུ་མའི་ལམ་དང་འགལ་འགྲོ་བའི་ཞེད་སྣང་ཡོད་པ་རེད་དམ།
གང་ལྟར་ཀྱང་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་བསྡད་ན་སྐར་ལྔའི་དར་དམར་འཕྱར་རུང་སྐྱོན་མི་འདུག གཙོ་བོ་ངེས་དོན་གྱི་རང་སྲིད་རང་སྐྱོང་སྤྲོད་མིན་ལ་ཐུག་ཡོད། འདི་བོད་མིའི་གཞི་རྩའི་ཁེ་དབང་རེད་ལ་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་ལོ་མང་དཀའ་ལས་བརྒྱབས་པའི་དམིགས་ཡུལ་ཀྱང་ཡིན།
དབུ་ལམ་ཐོག་མར་སྲོལ་བཏོད་མཁན་༧ གོང་ས་མཆོག་ནས། ད་བར་རྒྱ་དར་འཕྱར་དགོས་ཞེས་གསུང་མི་འདུག གལ་སྲིད་དབུ་མའི་ལམ་གྱི་འབྲས་བུ་ཞིག་སྨིན་སོང་ན། རྒྱ་དར་འཕྱར་དགོས་མིན་གཞི་ནས་བལྟ་རྒྱུ་རེད། དབུ་ལམ་གྱི་དགོས་དོན་མ་འགྲུབ་གོང་ནས། དབུ་ལམ་ལ་ཁག་དཀྲིས་ཏེ་རྒྱ་དར་ཕྱར་ཏེ། དགྲ་བོས་དགོས་དོན་སྒྲུབ་ནའང་། ང་ཚོ་ཧ་གོ་ཡི་རེད། ཁྱོད་ཚོ་འཕྲལ་སེལ་གྱི་ཁེ་ཕན་ཆེད་ཡིན་པ་མ་ཤེས་མཁན་སུ་ཡོད།
རྩ་ཁྲིམས་འོག་རྩོད་ན་དར་དམར་འཕྱར་ནས་རྩད་ན་མིང་དོན་མཚུངས་པ་རེད། ཡིག་ཉོག་མིན་ལ་ཚིག་སྦྱོར་མཁས་ཉམས་དོད་པ་འདི་ཤར་ཁུག་གིས། ཁ་རྩང་གི་ཀླུ་མཁར་བྱམས་ཀྱི་རྩོམ་དེར་ཀྱག་ཀྱག་བྱས་ནས་བྲིས་པ་མིན་འགྲོ ཧཧཧཧ ད་ལྟད་མོ་མང་གི
༧གོང་ས་མཆོག་བླ་ན་མེད་པའི་དབུ་ཁྲིད་དུ་བཞུགས་པའི་ཐོག བོད་མིས་བཀྲབས་པའི་སྲིད་སྐྱོང་གི་འོག་ཏུ་ཡོད་པའི་བོད་མིའི་སྒྲིག་འཛུག བཙན་བྱོལ་བོད་མི་ཡོངས་ཀྱིས་༼གཞོན་ནུཚོགས་པ་་ཕུད༽རྩོད་རྒྱུ་ལམ་དབུ་མ་འདི་རང་རེད། འདིའི་གྲུབ་འབྲས་མངོན་དུ་གྱུར་དུས་འདོད་རུང་མ་འདོད་རུང་ལྷ་ས་ལ་བོད་དར་མཉམ་དུ་རྒྱ་དར་འཕྱར་རྒྱུ་རེད། སྐུ་མཁྱེན། དོན་མེད་སེམས་ཚོར་དབང་གིས་འདྲ་མ་འདྲ་མ་བཤད་རོགས། རྒྱ་དར་འཕྱར་བའང་དགའ་དྲག་ནས་ཅང་ཡིན་རྒྱུ་མ་རེད།
རང་སྐྱོང་དགོས་ན་དར་དམར་འཕྱར་ནས་རྩོད་པ་བྱས་ན་དངོས་གནས་ཡག་ཤོས་རེད། མ་གཞི་ནས་ཆོས་པ་ཚོས་འཐབ་རྩོད་བྱེད་སྟངས་ཤེས་རྒྱུ་ཁག་པོ་རེད།
འོ་ན་རྒྱ་དར་ཁས་ལེན་མི་དགོས་པའི་དབུ་མའི་ལམ་ཞིག་གསར་གཏོད་གནང་དང་།
སྤོབས་མཐའ་བདེན། གལ་སྲིད་རྒྱ་དར་མ་འཕྱར་ན་དབུ་མའི་ལམ་དང་འགལ་འགྲོ་བ་ངང་གིས་གསལ་ལོ། །ཤར་ཁུགས་སོགས་ནས་ཁོང་གིས་ལས་འགུལ་སྤེལ་སྐབས་ཀྱང་རྒྱ་དར་འཕྱར་ནས་འགྲོ་དགོས་པའི་འདུན་པ་ཤུགས་དྲགས་བཏོན་ཡོད་པའང་གསལ་ཡོང་གི་འདུག
སྤོབས་པ་ལགས། དེ་གཉིས་གང་ཡང་ཡོད་པ་མ་རེད། དབུ་མའི་ལམ་དང་མཐུན་པའི་ལས་འགུལ་གྱི་གཞི་རྒྱ་ཤིན་ཏུ་ཆེ་བ་དང་རྣམ་གྲངས་མང་པོ་ཡོད་པར་འདོད།།
རྒྱ་ནག་གི་རྒྱལ་དར་འདི་འཕྱར་བ་ལ་རྟེན་ནས་བོད་མི་མང་པོའི་སེམས་ལ་ཟུག་ངུ་བཟོ་བཞིན་ཡོད་པ་ནི་མངོན་གསལ་རེད། འོ་ན་དར་དམར་འདི་འཕྱར་ནས་ཕན་ཐོག་ཅི་ཞིག་ཡོད་པ་རེད། དེ་ལ་བསམ་བློ་གཏོང་དགོས། གལ་སྲིད་ཕན་ཐོག་ཆེན་པོ་ཞིག་ཡོད་ན་དབུ་མའི་ལམ་ལ་འགྲོ་མཁན་ཚོས་འཕྱར་ན་འགྲིག་པ་རེད། དེ་མིན་ཕན་ཐོག་འདི་ཡོད་ཅེས་བཤད་རྒྱུ་མེད་ན་བྱེད་ཐབས་འདིས་བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་ཀྱི་ཡོད་པ་ནི་གསལ་པོ་རེད་ན། ད་དུང་ཨུ་ཚུག་རྒྱག་ནས་འདི་འཕྱར་དགོས་ཟེར་ན་གླེན་རྟགས་རེད་སྙམ། མ་གཞི་རྒྱ་འོག་ལ་འདུག་ན་དར་དམར་འཕྱར་དགོས་པའི་ངེས་པ་ཅི་ཡོད། ཧོང་ཀོང་ཡང་རྒྱ་གཞུང་གི་འོག་ལ་ཡོད་ཀྱང་ཁོ་རང་ཚོ་ལ་དར་ཆ་མི་འདྲ་བ་ཞིག་འཕྱར་རྒྱུ་མི་འདུག་གམ།
ལུང་རྟོགས་ལགས། དབུ་མའི་ལམ་དང། ཡང་སྒོས་ལྷག་པར་ཅན་དུ་ད་བར་ང་ཚོའི་འཐབ་རྩོད་ཀྱི་གནས་བབ་གང་དུ་སླེབས་ཡོད་མེད། ཅི་ལྟར་འཐབ་རྩོད་བྱེད་བཞིན་པ་རྟོགས་མཁན་ཞིག་ཡིན་ན། སྐར་ལྔའི་དར་དམར་རམ་རྒྱ་མིའི་དར་ཆ་ཞེས་པའི་མིང་ཁོ་ནས་དཀྲོགས་འགྲོ་བ་ཅི་གང་ཡོད་པ་མ་རེད། ཁ་ཐུག་སེམས་ལ་འགྲོ་མིན་སྣ་ཚོགས་ཡོད་ཀྱང་བསམ་བློ་ཞིབ་ཏུ་བཏང་ན་དར་དམར་འཕྱར་བ་དེས་བོད་མི་ཚོའི་སེམས་ལ་ན་ཟུག་བཟོ་དགོས་དོན་མེད་པ་དེ་རིང་དང་སང་ཉིན་གྱི་ཕུགས་རྒྱང་རིང་བོའི་མདུན་ལམ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད།
དར་དམར་འཕྱར་ན་དགོས་པ་རྒྱུ་མཚན་ག་རེ་ཡོད་མེད་བདག་གི་དོན་ཚན་ཆེན་པོ་བཅུ་གཉིས་དེར་ཞིབ་གཟིགས་གནང་རོགས།
རྡོ་རྗེ་གོ་ཁར་ལྷུང་ན། བྱིས་པའི་རྩེད་སྤྱད།
དར་དམར་དགུང་ལ་འཕྱར་ནས་ལམ་དབུ་མ་ཁ་ལ་འཁྱེར་པ་ནི། དབུ་མའི་ལམ་ལ་ཐལ་པ་བསྒོས་ཐབས་དང་། དབུ་མའི་ལམ་སྣེ་ཀྱོག་ཀྱོག་བཟོ་ཐབས།དབུ་མའི་ལམ་རིམ་པ་དགུའི་དོང་ལ་གཡུག་རྩིས་ཀྱི་ལས་ཀ་རང་རེད།
ད་ནི་ཀུན་གྱིས་བྱམས་ཤིང་ཀུན་གྱིས་བརྩེ་བའི་དབུ་མའི་ལམ་གྱི་ཤེལ་གྱི་བུམ་པ་འདི་བསམ་མེད་བྱིས་པ་འགའི་ལག་ནས་ཤེལ་ཆག་ལ་ཉེ་འདུག
ཁྱེད་ཚོས་དོན་དམ་པའི་བགྲོ་གླེང་གནང་ན་མ་གཏོགས། སྐད་ཆ་འདི་འདྲ་བཤད་དུས་ཆུ་ཚོད་འཕྲོ་བརླག་རེད་ལ། བོད་མི་མང་པོ་ཞིག་འདི་ལྟར་འཕྲོ་བརླག་ལ་ཕྱིན་ན་བོད་དོན་ལའང་དོ་ཕོག་ཡོང་སྲིད་པས་དགོངས་བཞེས་མཛོད་ཅིག
ཉིས་རྡང་ཐན་བྱ་ནག་པོ་འདིའི་སྨྱོ་ཧམ་ལ་ཚོད་ཅིག་མེད་གི བོད་གཞུང་ལ་བདེ་སྲུང་ཟེར་བའི་ལས་ཁུངས་ཤིག་ཡོད་ན་འདི་ཏག་ཏག་བཟོ་དགོས་ལ། མདོ་སྨད་རྒྱུན་ལས་ཚང་གིས་ཀྱང་མི་ངན་འདི་རྒྱ་ཡན་དུ་སྐྱུར་མི་འཇོག་པར་བདག་དགོས་གི དེ་མིན་ངས་འདྲེ་འདི་འདུལ་དགོས བོད་ཕུང་མཁན་ཡིན་ཕྱིན་གསད་ན་སྡིག་པ་ཡོད་མ་རེད། མཆོད་རྟེན་བཞེངས་པའི་ཕན་ཡོན་ཡོད་ཐག་ཆོད་རེད།
༼ སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། ༽ཁ་བརྡའི་སྒྲིག་གཞི་འདི་གསོན་པོ་ཡོད་ན། གོང་དུ་གླིང་ཚ་སྒེར་པ་ལ་ཟ་རོ་དང་། ཏག་ཏག་བཟོ་དགོས་པའི་སྡིག་ར་དེ་ཚོ་འགོག་དགོས་སྙམ།
བཀུར་འོས་ཤར་ཕྱོགས་ཁུག་རྟ་ལགས། མ་མཐའི་ཁྱེད་ཀྱི་ཚིག་གི་སྦྱོར་དང་བརྡ་ཡི་འགྲོ་ལུགས་ཙམ་ལའང་། འགྲན་ཟླ་མི་ཡོང་བའི་གོང་གི་ལོག་སྨྲ་མཁན་གྱི་བོད་སྤུན་དུ་མའི་ཚབ་དུ། ངས་སེམས་གཏིང་ནས་ཁྱེད་ལ་དགོངས་དང་ཁྲི་ཕྲག་མང་པོ་ཕུལ་བ་ཡིན། དེ་ནི་ཁྱེད་ལ་རྩ་ནས་མི་མཁོ་ཡང་། མི་རབས་གསར་པ་ཚོས་གསོག་གིན་པའི་ནག་ཉེས་འདག་པའི་ཕྱིར་དུ་དང་ལེན་གྱིས། བཀའ་དྲིན་ཆེ། ཁྱེད་ཀྱིས་ཅི་ཞིག་སེམས་ཀྱིན་པ་ཡོད་ཚད། འཆད་ཀྱིན་པ་ཡོད་ཚད། འབྲི་བཞིན་པ་ཡོད་ཚད། ནམ་ཞིག་ལ་ང་ཚོས་རྟོགས་ངེས།
དབུ་མའི་ལམ་ནས་རང་སྐྱོང་རྩོད་དགོས་ན་གོན་ཁྲན་ཏང་གི་མཚོན་རྟགས་སྐར་ལྔའི་དར་དམར་འཕྱར་དགོས་པའི་ཁྲིམས་སྒྲིག་སྒྲུབ་བྱེད་ཅི་ཞིག་ཡོད་དམ། དབུ་མའི་ལམ་ནས་རང་སྐྱོང་རྩོད་མཁན་ཡིན་ཟེར་མཁན་ཞིག་གིས་ལན་སློག་དང་།
ད་རྒྱ་མིའི་དྲ་འབུ་ཚོ་དང་བོད་མི་གླེན་པ་ཚོས་གླེན་བཤད་བྱས་པ་མང་དྲག་འདུག འོ་ན་རྒྱ་ནག་ལ་ཤ་འཁོན་ཡོད་ན་བཤད་ནས་ཅི་ཕན། གླིང་ཚ་ནང་བཞིན་རྩོད་དུ་རྒྱུགས་དང། སུས་བཀག་འདུག གཞོན་ནུ་ལྷན་ཚོགས་དང་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་སོགས་ཤ་འཁོན་རྩོད་དུ་ཆས་དང། འགོག་མཁན་སུ་ཡང་ཡོད་པ་མ་རེད། ད་གོ་སྐབས་ཡག་ཤོས་རེད། ༧གོང་ས་མཆོག་གིས་ཀྱང་འགོག་གི་མ་རེད། ཤ་འཁོན་ཡོད་ན་རྩོད་དང། དབུ་མའི་འཐབ་རྩོད་པ་ཚོར་གཤེ་གཤེ་བཏང་ནས་ཅི་ཕན། རྒྱ་བོད་བར་ལ་ཞེ་འཁོན་བསླངས་ནས་ཅི་ཕན། དེ་ལས་སོ་སོས་གླིང་ཚ་ནང་བཞིན་འགུལ་བསྐྱོད་རྒྱག་རོགས།།་
རྒྱ་མིའི་རྒྱ་དར་འཕྱར་ནས་བོད་ལ་ཉེས་བཅོས་བྱེད། བོད་མིའི་བོད་དར་འཕྱར་ནས་རྒྱ་ལ་རྒོལ་བྱེད། འདི་ལ་གཟིགས་དང་དགྲ་དགའ་གཉེན་སྡུག་རེད་དམ་མ་རེད་ཤར་ཁུག་སྐྱག་ཟན་དང་གླིང་ཚ་བུ།། http://www.youtube.com/watch?v=QXjCGCBfgOY&NR=1&feature=endscreen
ད་འདིས་དྲ་འབུ་ཚོ་གསོན་བསྲེགས་བྱས་འདུག
༦༨༽ གཏུམ་དྲག་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ གི་ཆུ་ཚོད་ ༡༢ སྐར་མ་ ༣༨
ད་རྒྱ་མིའི་དྲ་འབུ་ཚོ་དང་བོད་མི་གླེན་པ་ཚོས་གླེན་བཤད་བྱས་པ་མང་དྲག་འདུག འོ་ན་རྒྱ་ནག་ལ་ཤ་འཁོན་ཡོད་ན་བཤད་ནས་ཅི་ཕན། གླིང་ཚ་ནང་བཞིན་རྩོད་དུ་རྒྱུགས་དང། སུས་བཀག་འདུག གཞོན་ནུ་ལྷན་ཚོགས་དང་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་སོགས་ཤ་འཁོན་རྩོད་དུ་ཆས་དང། འགོག་མཁན་སུ་ཡང་ཡོད་པ་མ་རེད། ད་གོ་སྐབས་ཡག་ཤོས་རེད། ༧གོང་ས་མཆོག་གིས་ཀྱང་འགོག་གི་མ་རེད། ཤ་འཁོན་ཡོད་ན་རྩོད་དང། དབུ་མའི་འཐབ་རྩོད་པ་ཚོར་གཤེ་གཤེ་བཏང་ནས་ཅི་ཕན། རྒྱ་བོད་བར་ལ་ཞེ་འཁོན་བསླངས་ནས་ཅི་ཕན། དེ་ལས་སོ་སོས་གླིང་ཚ་ནང་བཞིན་འགུལ་བསྐྱོད་རྒྱག་རོགས།།་
མེད་མུག་བཏོན་ན་མགྲོན་ངོ་མི་ལོན།
ཉམས་ཆུང་བྱས་ན་དགྲ་ངོ་མི་ལོན།
ཇི་ལྟ་ཇི་ལྟར་རྒྱ་དར་བོད་མིས་འཕྱེར་ན།
དེ་ལྟ་དེ་ལྟར་རྒྱ་མིས་བོད་ལ་མཐོང་ཆུང་བྱེད།
དེའི་གསིང་གི་ནང་དོན་མ་གོ་ན་དྲང་པོའི་གཞུང་བསྲིང་ན་སྒོ་ང་རྟ་འཁྱོག་ཅེས་པའི་ནང་དོན་མི་གོ ལམ་དབུ་མ་མགོ་སྒུར་མགོ་འདོགས་རང་ལུགས་མིན་པར་དྲང་བདེན་གྱི་ལམ་ལུགས་ཞིག་ཡིན། ཡིན་ན་ཡང་དེ་འཛིན་གྱི་སྐྱེས་བུ་དཔའ་ཞིང་བརྟན་པ་མཁས་ཞིང་མཛངས་པ་ཞིག་ཡིན་དགོས་པ་ལས་ལྦ་སྐྱེས་སྡར་མ་སྒལ་ཚིགས་མེད་པ་ཤར་ཁུག་དག་གིས་ཐེག་པ་དེ་འདེགས་སྲོལ་མེད་ལ་འདེགས་ཀྱང་མི་ཤེས་འདེགས་པར་མི་ནུས་སོ།།
རྒྱ་ནག་གིས་ཆ་རྐྱེན་གང་ཡང་མེད་པར་གངས་སྐྱིད་དང་ཕོ་བྲང་། ད་དུང་གདན་ས་ཁག་ནས་རྒྱ་དམར་གྱི་རྒྱ་དར་མ་སྒྲེང་བར་དུ་རྒྱ་བོད་ཞི་མོལ་མི་ཞུ་ཟེར་ན། ཁྱོད་ཀྱིས་གང་བཤད་དམ། གང་བྱེད་དམ།
ཤར་ཁུག། གླིང་ཚ། འཇམ་གཅེས་སོགས་ནང་དཀྲུག་མ་བྱེད། ངའི་སྐེ།
ཁྱེད་ལ་བོད་ཀྱི་ཆབ་སྲིད་ཐད་ནས་ལྟ་སྟངས་དང་ལྟ་གྲུབ་གསར་རྙིང་ཅི་ཞིག་ཡོད་ཀྱང་། ཁྱོད་མི་བུ་ཞིག་ཡིན་ན། རང་གི་ཕྱོགས་སུ་མ་ལྷུང་བ་བྱས་ནས། ཉིད་ཀྱིས་གང་ལ་ལྟ་བཞིན་པ་དང་སེམས་ཀྱིན་པ་དེའི་གནས་ལུགས་སྨྲ་རྒྱུ་ནི་མི་བུའི་འགན་འཁྲི་རེད། དེ་བཞིན་དུ། ཁྱེད་ཀྱི་བསམ་ཚུལ་དང་རང་ལུགས་ཅི་ཞིག་ཡིན་ཡང་། ཁྱེད་ཀྱིས་ཀློག་གིན་པ་དང་སེམས་ཀྱིན་པའི་རྩོམ་དེའི་ནང་དོན་གཞིར་བཞག་ནས། ལེགས་ཉེས། བླང་དོར། དགག་སྒྲུབ་བཅས་ལ་འཇུག་རྒྱུ་ནི། རང་ཉིད་ཡི་གེ་བ་ཞིག་ཡིན་པའི་འགན་འཁྲི་རེད། དེ་མཚུངས་སུ། ཁྱོད་བོད་མི་ཡ་རབས་ཅིག་གམ་བོད་ཀྱི་སྐྱིད་སྡུག་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན་ན། ཁྱོའི་ལུས་ངག་ཡིད་གསུམ་གྱི་ལས་གང་ནས་ཀྱང་། བོད་ལ་མི་གནོད་པ་ཞིག་དང་། བོད་མི་ལ་བག་ཆགས་ངན་པ་མི་འཇོག་པ་ཞིག་གནང་རྒྱུ་ནི་རང་རེའི་འགན་འཁྲི་རེད། སྐད་ཆ་འདི་མཆན་འདེབས་པ་ཚོར་ཕུལ་ནི་ཡིན།
མི་ལ་ལ་བླ་སྲོག་དང་ངོ་ཚ་མེད་ན་འདི་འདྲ་རེད། དཀོན་མཆོག་མཁྱེན།