ཁང་གསར་རྡོ་རྗེ།
༅༅།། མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པའི་ཁྲི་ལ་མ་འཁོད་ཀྱི་བར་དུ། སྤྱི་ཚོགས་ནང་། རང་བཙན་གཙང་མ་ཟེར་ནའང་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཤག་ཤག་དང་། དབུ་མའི་ལམ་ཟེར་ནའང་རྒྱབ་སྐྱོར་བྱེད་ཤག་ཤག་ཅིག་ལས། དེ་གཉིས་ཀྱི་གཅིག་ལ་རྒྱབ་སྐྱོར་བྱས་ན། གཞན་དེ་ལ་རྒྱབ་སྐྱོར་བྱེད་མི་འོས་པའི་བསམ་ཚུལ་སྤུ་ཙམ་ཡང་མེད་ཐོག བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཚོ་ཡང་། གཞུང་འབྲེལ་མིན་པའི་ཚོགས་པ་གཞན་གྱི་ཁོངས་སུ་འཛུལ་མི་ཆོག་ཀྱང་། རང་བཙན་གཙང་མའི་འདོད་ཚུལ་འཛིན་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་འཛུལ་བར་དམིགས་བསལ་ལས་དགག་བྱ་ཅི་ཡང་མེད། དེའི་དབང་གིས་ཟམ་གདོང་རིན་པོ་ཆེའི་སྔོན་གྱི་མཐོ་བཀའ་བློན་ཁྲི་པ་དང་། སྐུ་སྒེར་དྲུང་ཆེ་ནས། དམའ་བོད་གཞུང་གི་ཁ་ལོ་བ་དང་ཡིག་སྐྱེལ་གད་པ་ཡན་གྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་འཛུལ་ཤག་ཤག་རེད། འོན་ཀྱང་། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པར་ཕེབས་རྗེས། དེ་སྔོན་བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་མ་བྱུང་བའི་ནོར་འཁྲུལ་བརྒྱ་ཆ་ ༥༠ ང་ཚོ་བོད་ཕྱོགས་ལ་འདུག་ཅེས་གྲོས་ཚོགས་ནང་མ་སྐུལ་དང་བླངས་ཐོག་ནས་ལོ་རྒྱུས་ཀྱི་ཉེས་ཞྭ་ཆེན་པོ་ཞིག་བཞེས་པར་མ་ཟད། “ཞི་མོལ་གྱི་ཁོར་ཡུག་བསྐྲུན་པ་”ཞེས་པའི་འབོད་ཚིག་གི་འོག་ནས། འགྲེལ་བཤད་བརྒྱབ་ན་སྙིང་རྗེ་མོ། ལག་ཏུ་བླངས་ན་དགོད་བྲོ་བ། མཁས་པའི་ཅོག་ཙེའི་སྒང་ལ་མ་གཏོགས། དངོས་ཡོད་ལག་ལེན་ནང་ལ་བབས་དུས་ཅོལ་ཆུང་བ་དཔེར་ན། ཚགས་པར་ནང་བོད་ཆོལ་ཁ་གསུམ་དང་བོད་ཆེན་པོ་བྲིས་མི་ཆོག་ཟེར་བ་ལྟ་བུ་མང་པོ་ཞིག་བྱས་པའི་ནང་ནས། གཅིག་ནི། རང་བཙན་གཙང་མའི་འདོད་ཚུལ་འཛིན་པའི་གཞོན་ནུ་ལྷན་ཚོགས་ཀྱི་ཁོངས་སུ། གཞུང་ཞབས་དང་དགེ་རྒན་སོགས་གཞུང་ཁོངས་ཕོགས་ཟན་སུ་ཡང་འཛུལ་ཞུགས་བྱས་མི་ཆོག་པ་བཟོས་པར་མ་ཟད། རང་བཙན་གྱི་འདོད་ཚུལ་འཛིན་མཁན་དག་ལ་སྡང་འཛིན་དང་ཟུར་ཟ་བྱེད་འགོ་བཙུགས་ཤིང་། མང་ཚོགས་ཁྲོད་དུའང་དེ་འདྲའི་ལམ་སྟོན་རིམ་པར་བྱས་སྟབས། རིམ་གྱིས་སྤྱི་ཚོགས་ནང་དུའང་“རང་བཙན་འཐབ་རྩོད་པ་”ཟེར་ན། དགྲ་མཐོང་མཐོང་གི་གནས་ཚུལ་དེ་ཇེ་གསལ་ཇེ་མང་དུ་སོང་།
དབུ་མའི་ལམ་ལ་མང་ཚོགས་མང་ཆེ་བའི་རྒྱབ་སྐྱོར་ཐོབ་ཡོད་ཅེས་སྤོ་དགྱེ་དགྱེ་བྱས་ནས་བཤད་ཀྱིན་ཡོད་ཀྱང་། ཕྱོགས་གཞན་ནས་མང་ཚོགས་ནང་། དབུ་མའི་ལམ་གྱི་གོ་རྟོགས་སླེབས་མི་འདུག་ཅེས། ཧ་ལམ་ཟབ་སྦྱོང་དང་སྦྱོང་བརྡར་ཡོད་ཚད་ཀྱི་བརྗོད་གཞི་གཙོ་བོེར་དབུ་མའི་ལམ་གྱི་དགེ་མཚན་ཤ་སྟག་བཤད་པར་མ་ཟད། གཞུང་ཞབས་དང་ལས་བྱེད་བསྡུ་སྐབས་ཀྱང་། དབུ་མའི་ལམ་དེ་རྒྱུགས་གཞི་གཙོ་བོར་བཞག བཀའ་བློན་དྲུང་ཆེ་རྣམ་པས་ས་གནས་ཁག་ཏུ་མང་ཚོགས་ལ་གསུང་བཤད་གནང་སྐབས་ཀྱི་བརྗོད་དོན་གཙོ་བོ་དབུ་མའི་ལམ་དེ་ཆགས། ཡིན་ནའང་མང་ཚོགས་ནང་དབུ་མའི་ལམ་ཟེར་དུས་མཛུབ་མོ་གང་དུ་འཛུགས་དགོས་མིན་སྔོན་མ་གསལ་པོ་ཞིག་ཡོད་པ་ནས། རིམ་པས་རིམ་པས་མི་གསལ་བ་ཞིག་ཆགས། དེ་ལའང་ཁག་མེད་དེ། མཁས་དབང་ཟམ་གདོང་རིན་པོ་ཆེ་གཅིག་པུའི་ཞལ་ནས་ཀྱང་དབུ་མའི་ལམ་གསུངས་དུས། ༡) དབུ་མའི་ལམ་ནི་བོད་ལ་ཧོང་ཀོང་ ལས་མཐོ་བའི་དབང་ཆ་ཡོད་དགོས་ཟེར་བ་དང་། ༢) དབུ་མའི་ལམ་ནི་མཐའ་བརྒྱད་དང་བྲལ་བ་ཡིན་ཟེར་བ། ༣) དབུ་མའི་ལམ་ནི་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་བཏང་སྟེ་མངོན་འགྱུར་བྱེད་ཐུབ་ཟེར་བ། ༤) དབུ་མའི་ལམ་ནི་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་གཏོང་མི་དགོས་པའི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་བ། ༥) དབུ་མའི་ལམ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་གཞིའི་འོག་ཏུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་བ་སོགས་གང་དུ་ཆ་གཞག་དགོས་མིན་མི་ཤེས་པའི་བཀའ་མོལ་འབའ་རེ་འབོ་རེ་མང་པོ་ཞིག མཁས་པས་བཤད་ན་ཅི་ཡང་བདེན་བསམས་བསམས་ཀྱི་རྒྱུ་མཚན་དང་སྤོབས་པ་སྦྲེལ་ནས་གསུངས། འོན་ཀྱང་ཤེས་ཚད་དམའ་བའི་མང་ཚོགས་ལྟ་ཅི། ཐ་ན་བོད་ཀྱི་ཨ་ཡོད་ནང་གི་ད་ཡོད་ཀྱི་གྲས་ཁྲི་ཟུར་དང་བཀའ་ཟུར་རྣམ་པའང་འགྲེལ་བཤད་དེ་ཚོར་ཐུགས་འཚབ་བྱུང་སྟེ། ནོར་བུ་གླིང་ཁར་ཟུར་ཚོགས་གནང་དགོས་བྱུང་བ་རེད།
ལོ་ནས་ལོ་སྦྲེལ་ཏེ་དབུ་མའི་ལམ་བཤད། དབུ་མའི་ལམ་གྱི་སྦྱོང་བརྡར་སྤྲད། དབུ་མའི་ལམ་གྱི་ཚོགས་འདུ་ཚོགས། དབུ་མའི་ལམ་གྱི་མཁས་པའི་གསུང་བཤད་གོ་སྒྲིག་བྱས། དབུ་མའི་ལམ་གྱི་དེབ་དཔར། དབུ་མའི་ལམ་གྱི་ཡིག་ཚད་བཏང་། གློག་བརྙན་བཟོས། ཚོགས་པ་བཙུགས། མདོར་ན་བྱ་རྒྱུ་མེད་ན་མ་གཏོགས་ཚང་མ་བྱས་པའི་མཐའ་འདིར་བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་འདི་ཡིན་བསྟན་རྒྱུ་མེད་དུས། དེ་འདྲའི་གྲུབ་འབྲས་མ་ཐོན་པའི་རྒྱུ་མཚན་ནི། བཙན་བྱོལ་ནང་གི་རང་བཙན་དོན་གཉེར་བ་ཚོས། ༸གོང་ས་མཆོག་གི་བཀའ་དགོངས་འོག་ཏུ་ཤར་སྐྱོད་མ་བྱས་པས་ལན་པ་རེད་ཅེས། དེང་སང་དབུ་མའི་ལམ་གྱི་ལས་འགུལ་བར་ཁས་འཆེ་བའི་“ཐལ་སྐྱོད་པ་”ཚོས་ཤོད་བཞིན་ཡོད་པ་རེད།
ད་དུང་དེ་བས་ཀྱང་ཡ་མཚན་སྐྱེ་དགོས་པ་ཞིག་ནི་དབུ་མའི་ལམ་གྱི་ཚོགས་མི་“ཐལ་སྐྱོད་པ་”དག་གིས་བོད་དོན་འཐབ་རྩོད་བྱེད་དུས། རྒྱ་ནག་གི་རྒྱལ་དར་“འཕྱར་”རྒྱུ་ནི་ཐབས་ཀྱི་ནང་ནས་དམ་པ་དང་མཆོག་ཏུ་གྱུར་པ་ཡིན་པར་བསྒྲུབས་ཁུལ་བྱེད་པར་བལྟས་ན། ནམ་ཞིག་འདི་ཚོས། བོད་ཀྱི་རྩ་དོན་འཐབ་རྩོད་ལ་གྲུབ་འབྲས་མ་ཐོན་པའི་འགག་རྩ་ནི། རྒྱ་ནག་གི་རྒྱལ་དར་སྔ་ས་ས་ནས་མ་འཕྱར་བས་ལན་པ་རེད་ཅེས་བཤད་ཉེན་ཡང་ཡོད་དོ།། གང་ལྟར་དབུ་མའི་ལམ་གྱི་“ཐལ་སྐྱོད་པ་”འདི་ཚོའི་ཉེ་ལམ་གྱི་བྱ་སྤྱོད་གཙོ་བོ་ནི། དབུ་མའི་ལམ་གྱི་དགོས་པ་དང་རྒྱུ་མཚན་མང་ཚོགས་དང་དྲ་ལམ་དུ་གླེང་རྒྱུ་དེ་དོར་ནས། བོད་མི་ནང་ཁུལ་དཀྲུག་ཤིང་དང་། རང་བཙན་འཐབ་རྩོད་པ་དག་ལ་སྡང་ཚིག་སྨྲ་ཞོར་རང་གི་མིང་གྲགས་སྤེལ་ཐབས་ཙམ་ཉིན་རེའི་ལས་ཀྱི་གཙོ་བོར་གྱུར་པས། དབུ་མའི་ལམ་དེ་གསེར་ལྟ་བུ་ཞིག་ཡིན་དབང་དུ་བཏང་རུང་། ད་ནི་མི་ལ་ལའི་ལག་རྩེད་རྩེ་ས་དང་། མི་རེ་ཟུང་གི་ཁེ་གྲགས་རྩོད་ཆས་སུ་བསྒྱུར་བཞིན་པ་འདི་ནི་ཤིན་ཏུ་ནས་ཡིད་མུག་པའི་གཞི་རེད། ཁོ་བོས་ནི་སྔོན་ཆད་བཤད་མྱོང་བ་ལྟར། བོད་ནང་དུ། མི་ལ་ལས་དབུ་མའི་ལམ་ལ་དགག་པ་བརྒྱབ་སྟེ་རང་གི་ཁེ་ཕན་སྒྲུབ་བཞིན་ཡོད་པ་ལྟར། བཙན་བྱོལ་གྱི་ནང་དུ། མི་ལ་ལས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡིན་ཁུལ་གྱིས་རང་གི་ཁེ་ཕན་སྒྲུབ་བཞིན་ཡོད་པ་རེད།
ཕྱོགས་གཞན་ནས་དོ་སྣང་བྱ་དགོས་པ་ཞིག་ནི། སྔོན་ཡོད་རང་བཙན་གཙང་མའི་འདོད་ཚུལ་འཆང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་ཏུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའང་རང་བཙན་གཙང་མའི་ལམ་ཕྱོགས་སུ་འཕོ་འགྱུར་ཕྱིན་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པའང་བོད་རང་བཙན་སློབ་ཕྲུག་ཚོགས་པར་གྱུར། ད་དུང་ཉེ་དུས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཞེས་པའི་ཚོགས་པ་ཞིག་ཀྱང་གསར་དུ་བཙུགས། རྒྱལ་སྤྱིའི་བོད་རང་བཙན་རྒྱས་འཛོམས་ཚོགས་ཆེན་ཞེས་པའང་འཚོགས་ལ་ཉེ། སྤྱི་འཐུས་བཅུ་གྲངས་ཀྱང་མངོན་གསལ་དུ་རང་བཙན་ཚོགས་འདུར་ཞུགས་པ་བཅས། རང་བཙན་གྱི་འདོད་ཚུལ་འཛིན་མཁན་མང་དུ་ལས་ཉུང་དུ་འགྲོ་གི་མེད་འདྲ་བ་འདི། དབུ་མའི་ལམ་གྱི་“གོ་རྟོགས་”སྤེལ་དྲགས་པས་རེད། ཡང་ན། དབུ་མའི་ལམ་གྱི་“ཐལ་སྐྱོད་པ་”ཚོས་བཙིར་དྲགས་པས་རེད།
འདི་ལྟར་དབུ་མའི་ལམ་འདི་མི་རེ་ཟུང་གི་ལག་རྩེད་རྩེ་ས་ཞིག་ཆགས་ཡོང་དུས། དབུ་མའི་ལམ་གྱིས་བོད་རྒྱ་ཞི་མོལ་ཐུབ་རྒྱུ་ཕར་ཞོག བོད་མི་ནང་ཁུལ་དུའང་འདུམ་འགྲིག་མི་ཐུབ་པའི་གནས་བབས་ཤིག་ཏུ་བསྐྱལ་ས་མ་རེད་དམ།། །།
སྐྱག་རྫུན་ལུང་པའི་ནང་དུ་མི་ཤོང་པ་ཞིག་དྲ་ནང་དུ་བཤད་ནས་གྲུབ་འབྲས་རྡུལ་ཕྲན་ཙམ་ཡང་འཐོབ་མི་སྲིད། ཟམ་གདོང་བཀའ་ཁྲི་མ་གཞེངས་པའི་སྔོན་ནས་དབུ་མའི་སྲིད་ཇུས་ཡོད་པ་རེད། ཡོད་པ་ཙམ་དུ་མ་ཟད་གཞུང་འབྲེལ་གཏེན་འབེབས་ཟིན་ནས་དེ་ཐོག་བསྐྱོད་བཞིན་ཡོད་པ་ནི་ལོང་བའི་བལྟས་ཀྱང་རྒྱ་ཁམས་ཟེར་བས་དཔེར་ཙམ་དུ་མ་ཟད། གཞོན་ལྷན་གཙོས་རང་བཙན་དོན་གཉེར་མཁན་ཡིན་ཟེར་མཁན་གྱི་མི་ངན་ཁག་ཅིག་ནས༸གོང་ས་མཆོག་ནི་བོད་རང་བཙན་སྒོ་རྒྱག་མཁན་ཡིན་པ་དང་། བློས་བཏང་མཁན་ཡིན་རབས་སོགས་འུར་ཤོད་ལུང་པ་གང་བྱས་པ་དེ་ཚོ་ཁྱེད་ཀྱིས་མ་ཤེས་པ་གང་བྱས་པ་ཡིན་ནམ་་་ཡང་ན་སྐབས་དེ་དུས་དུག་གདོན་གསུམ་གྱིས་ཟིན་ནས་རང་ཉིད་མགོ་རྐུ་ཡང་དབྱེ་འབྱེད་མི་ཤེས་མཁན་ཞིག་ཏུ་དུ་གྱུར་སོང་བ་ཡིན་ནམ་་་་་་དབུ་མའི་ལམ་མི་མང་གི་འདོད་མོས་ཡོད་མིན་ཁྱོད་ཀྱིས་སུ་ལ་ངོ་སྤྲོད་བྱེད་ཀྱིན་ཡོད་དམ་་་་་་་་སུ་ལ་ངོ་མ་འཕྲོད་པ་ཡིན་ནམ་་་དེའི་དགོངས་དོན་དང་ལྟ་གྲུབ་སོགས་ལ་གོ་བ་མི་ལོན་སྡུག་སྐད་ཡིན་ན་་་་་་སུས་ནོར་འཕྲུལ་རེད་་་་་་་་
མགོ་རྐུབ་དབྱེ་མི་ཤེས་པ་དང་་་་་་་་་དུག་གསུམ་གདོན་གྱིས་་་སྨྱོས་པ་་་་་་་་་་་་ནོར་བཅོས་དགོས་ཡོད་་་་་་
ཡ་ད་འཐབ་རྩོད་བྱེད་ན་འཐབ་རྩོད་བྱེད། ད་དབུ་རང་གཉིས་ཀྱི་འཐབ་རྩོད་བྱེད། དེ་ཡང་ཁ་ཆུ་བཞུར་བའི་འཐབ་རྩོད་ནས་རྔུལ་ཆུ་ཐོན་པའི་འཐབ་རྩོད། ཐ་ན་ཁྲག་དྲི་བྲོ་བའི་འཐབ་རྩོད་ཀྱང་བྱེད་ན་ཐང་ཀི
༼ གཞོན་ལྷན་གཙོས་རང་བཙན་དོན་གཉེར་མཁན་ཡིན་ཟེར་མཁན་གྱི་མི་ངན་ཁག་ཅིག་༽ མི་ངན་་་་ཧཧཧཧཧཧ
གནས་ལུགས་ཤོད་དགོས་གི་རེད། རྒྱུ་མཚན་བགྲང་དགོས་གི་རེད། བདེན་རྫུན་གང་ཡིན་མི་མང་གིས་གཟིགས་ནས་ཡོད་པ་རེད། རྐང་ལག་འགུལ་མི་ཐུབ་པ་ཚོས། ཁ་ལྕེ་འགུལ་ན་འགྲིག་གི་ཡོད་པ་རེད།
དགྲ་ཕྱི་དགྲ་མ་ཡིན་ནང་དགྲ་ཡིན་ཟེར་བ་ཅིས་མི་བདེན། ད་ནང་ཁུལ་ལ་རྩོད། ངོ་མ་བྱེད་ན་རང་བཙན་འདོད་མཁན་གྱིས་རང་བཙན་རྩོད་དབུ་མ་འདོད་མཁན་གྱི་དབུ་ལམ་རྩོད་ན་མ་འགྲིག་པ་གང་འདུག་གཅིག་གིས་གཅིག་ལ་དགག་པ་རྒྱབ་དགོས་མི་འདུག
སྐུ་ཞབས་ལགས་ཡུན་རིང་ཞིག་ལ་མཇལ་མ་སོང་ཡང་དེ་རིང་སླར་ཡང་ཕེབས་ཏེ་ཤེས་དགོས་པའི་དོན་གནས་འགའ་གསལ་བོ་གསུངས་གནང་བར་སྙིང་ནས་དགའ་བསུ་ཞུ།
ལུང་དང་རིགས་པའི་རྒྱབ་ལྗོངས་ཕྱུག་པ་ཡི། །
གང་ན་སུ་ཞུགས་མང་མང་ཕེབས་གནང་སྟེ། །
ཡ་རབས་སྤྱོད་པས་བགྲོད་གླེང་གནང་རྒྱུ་ལས། །
ཁ་ཁོག་གཡོ་སྒྱུས་བསླུས་རྣམས་མ་ཕེབས་རོགས། །
སྐད་ཆ་དྲང་པོ་དར་དཀར་པོ་འདྲ་བོ་ཞིག་བཤད་ན། དབུ་མ་དང་རང་བཙན་གྱི་ལྟ་བའི་དབར་ལ་རྩོད་པ་དངབགྲོ་གླེང་གང་ཡང་བྱེད་མྱོང་མེད། རྒྱལ་བ་རིན་པོ་ཆེས་བོད་ཀྱི་འཕྲལ་ཕུགས་གཉིས་ཀར་གཟིགས་ནས། མ་འདོད་བཞིན་དུ། ངུ་བཞིན་དུ། ད་དུང་བློ་ཕམ་ཆེན་པོས། བོད་རྒྱ་མིའི་མངའ་འོག་ལ་གནས་རུང་། བོད་མི་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་རང་གི་རྒྱལ་ཁབ་རང་གིས་སྐྱོང་བའི་ཐོབ་ཐང་དགོས་ཚུལ་བཏོན་གནང་པ་འདི་རིམ་བཞིན་ཁ་གསལ་དུ་ཕྱིན་ནས་ཐོག་མ་ཨ་རིའི་རྒྱལ་ཚོགས་ལ་དོན་ཚན་ལྔ་ལྡན་པའི་བོད་ཀྱི་གནས་བབ་ཐོག་གསུངས་བཤད། དེ་ནས་ཕ་རན་སིའི་གྲོང་ཁྱེར་སི་ཊན་སི་ཕག་གི་གསུང་བཤད་ནང་ལ་བོད་ཀྱི་ཕྱི་སྲིད་དང་དམག་སྲིད་རྒྱ་གཞུང་གིས་མུ་མཐུད་བཟུང་བ་དང་བོད་མིར་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་དགོས་གསུངས་བ་རྣམས་དབུ་མའི་ལམ་ཅེས་པའི་ཐ་སྙད་ཡ་མ་ཟུང་དེ་བྱུང་།
དེ་ཡང་དབུ་མའི་ལམ་གྱི་རྒྱབ་ལྗོངས་ནི་སྐྱུར་མོ་ཞིག་དང་འགྲམ་ལྕག་གི་རོ་ལྡན་པ་ཞིག་རེད། གཅིག ༡༩༦༠ནས་༡༩༨༥ཙམ་བར་ལ་རྒྱ་གར་གཞུང་གིས་ཐོག་མཐའ་བར་གསུམ་ལ་གོང་ས་མཆོག་ལ་རང་བཙན་དོར་དགོས་པའི་འཇམ་རྩུབ་གཉིས་ལྡན་གྱི་སློབ་གསོ་ལོ་ཉི་ཤུ་ལྷག་བརྒྱབ་མྱོང་བ་དང་། གོང་ས་མཆོག་ལ་བོད་རང་བཙན་ཟེར་བ་གནམ་འོག་འདིའི་སྟེང་ལ་རྒྱལ་ཁབ་སུ་ཞིག་གིས་ཁས་མི་ལེན་ལ། ལྷག་པར་དུ་རྒྱ་གར་གཞུང་གིས་བསྐལ་བའི་བར་དུ་མིག་སྔའི་རྒྱ་གར་གྱི་བོད་རྒྱ་ཁོངས་ལ་ཁས་ལེན་པའི་སྲིད་བྱུས་ལ་འགྱུར་བ་མེད་ཅེས་བཤད་པ་དང་། གལ་ཏེ་གོང་ས་མཆོག་གིས་བོད་རང་བཙན་དོར་བ་མ་ཚད། ཡོངས་གྲགས་ལ་བོད་འདི་རྒྱ་ཁོངས་ཡིན་པ་གསལ་པོ་མ་བཟོས་ན། གོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཕེབས་པའི་མཐུན་འགྱུར་བྱེད་མི་ཐུབ་ཚུལ་དང་རྒྱ་གར་ནང་ལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་སྐྱོར་བྱ་མི་ཐུབ་ཚུལ་སོགས་བཤད་ཡོད་རུང་། སྐབས་དེ་དུས། ལྟས་ངན་བོད་གཞུང་གི་བཀའ་བློན་དེ་ཚོ་རྒྱ་གར་གཞུང་ལ་བཞེད་ཐག་ཆོད་ནས་གནས་ཚུལ་འདི་ཚུན་ཆད་བོད་མི་རྣམས་ལ་ཤོད་ཕོད་མེད།
གོང་ས་མཆོག་ཨ་རིར་ཕེབས་སྐབས་ཨ་རིའི་གཞུང་གིས་ཀྱང་། བོད་རང་བཙན་ངེས་པར་དུ་དོར་དགོས་པ་དང་། རྒྱ་ནག་ནང་ལ་བོད་འདི་རང་སྐྱོང་གི་ཐོབ་ཐང་དགོས་ཟེར་ན་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་སྲིད་བྱུས་ཐོག་མཐའ་བར་ལ་བཤད་སྟབས། གོང་ས་མཆོག་མགོན་མེད་དཔུང་མེད་ལ་ཐུག་ནས་བོད་རང་བཙན་མ་དོར་ཐབས་མེད་བྱུང་བ་འདི་འདྲ་རེད།
དེ་ནས་དབྱིན་ཇིའི་གཞུང་གིས་ཀྱང་གོང་ས་མཆོག་ལ་བོད་རང་བཙན་ཡོང་ཡས་མེད་པ་མ་ཟད། བོད་རང་བཙན་གྱི་ལས་འགུལ་སྤེལ་ན། དབྱིན་ཇིའི་གཞུང་གི་རོགས་དངུལ་སོགས་རྩ་བ་ནས་སྤྲོད་ཐུབ་ཀྱི་མེད་ཚུལ་གསལ་པོ་བཤད་འདུག
ད་འདི་ལ་འདམ་ག་གང་འདུག བདེན་པ་དང་པོ་འདི་རེད།
དབུ་མའི་རྒྱབ་ལྗོངས་འདི་ཤེས་པ་བྱས་ནས་སྐད་ཆ་ཤོད་དང་། རྒྱལ་བ་རིན་པོ་ཆེ་ཕ་རན་སི་ལ་༡༩༨༨ལོར་གསུང་བཤད་གནང་རྗེས་ཐུགས་སྐྱོ་ནས་ཉིན་ཤས་ཞལ་ལག་ལ་དངས་ཀ་མེད་པ་དང་ཞལ་འཛུམ་ཙམ་གནང་བའི་ཤུགས་མིན་འདུག་ཅེས་ཕ་རན་སིའི་གྲོས་ཚོགས་ཀྱི་ཚོགས་མི་དེ་ཚོས་བཤད་ཀྱི་འདུག ཇར་མན་ཚོགས་པ་ལྗང་གུའི་དབུ་ཁྲིད་འདས་མོ་ཕེ་ཀྲོ་ཟེར་བ་འདིས་བཤད་རྒྱུར། སི་ཊན་སི་སྦག་གི་གསུང་བཤད་མ་གནང་བའི་གོང་གི་ཉིན་མོ་འགའ་ཤས་ལ་ཁོ་མོ་རྒྱལ་བ་རིན་པོ་ཆེའི་ཕྱག་རོགས་འགྲས་ཡིན་པ་དང་། རྒྱལ་བ་རིན་པོ་ཆེ་གསུང་བཤད་དེ་ཕྱིར་འཐེན་རྒྱག་གྲབས་གནང་སོང་ཞེས་གསར་འགོད་པར་བཤད་པ་ཚགས་པར་ཐོག་འདུག
གསུང་བཤད་བསྒྲུབས་རྗེས། གོང་ས་མཆོག་གི་བོད་ལ་ཕེབས་མཁན་སྐུ་ཚབ་དབྱིན་ཇིའི་དོན་གཅོད་ཀྱི་སྐུ་ཚབ་ཕུན་ཚོགས་དབང་རྒྱལ་གྱིས་གསུང་བཤད་བསྒྲུབས་རྗེས་གོང་ལ་མཆོག་ལ། དི་རིང་ལོ་རྒྱུས་ཐོག་སེམས་སྐྱོ་ཤོས་ཀྱི་ཉིན་མོ་ཞིག་རེད། ད་ང་ཚོ་སོ་སོའི་རྒྱལ་ཁབ་ཅེས་པའི་སྙིང་ནང་ལ་ཚ་ཤུར་ཤུར་བྱེད་པའི་ཚོར་བ་དེ་ཡང་ཁྱད་མཚར་ཞིག་ཆགས་སོང་ཞེས་ཞུས་ནས། ལོ་རྗེས་མ་དེར་ཁོང་ཡང་དོན་གཅོད་ནས་དགོངས་པ་ཞུས་འདུག
དོར་ན་དབུ་མའི་ལམ་འདི་བདམས་པ་མ་རེད། བོད་མིའི་ཐོག་ལ་ཚུར་བཙན་གནོན་གྱིས་འགེལ་བ་རེད། ང་ཚོར་གདམ་ག་རྩ་བ་ནས་སྤྲད་མེད། དགྲའི་མགོ་ཕང་མཐོ་བ་དང་། ང་རང་ཚོའི་རླུང་རྟ་ཤིན་དུ་དམའ་པོ་ཆགས་པའི་ནམ་དུས་འདི་འདྲ་ཞིག་ལ་དབུ་མ་མ་འདོད་བཞིན་དུ་ལེན་དགོས་བྱུང་བ་རེད། འདི་ངོ་མ་ངོ་རྐྱང་རེད། རང་བཙན་མ་འདོད་མཁན་གྱི་བོད་པ་ག་ཚོད་ཡོད་དམ། རང་གི་ལུང་པའི་ནང་ལ་དགྲ་བོའི་འོག་ལ་སྡོད་འདོད་ཡོད་མཁན་བོད་པ་ག་ཚོད་ཡོད་རས། བདེན་པ་འདི་ལ་ཐུག་འདུག སྐད་ཆ་སྙན་པོ་བཤད་ན་བཤད་ཆོག འོན་ཀྱང་བདེན་པ་མ་རེད།
བན་དེ་བ་དང་བསམ་ཤེས་སོགས་ཀྱིས་བགྲོ་གླེང་ཡག་པོ་གནང་སོང་། དགའ་བསུ་ཡོད།
ཁ་གསར་རྡོ་རྗེ་ལགས་ཀྱིས་གནད་དོན་ངོ་མ་དེ་བཤད་འདུག
ངས་སྔར་ནས་ཇི་ལྟར་བསམ་པ་བཞིན་ཁྱེད་ཀྱིས་ད་རིང་འདིར་བཀོད་འདུག་པས། ཐུགས་རྗེ་ཆེ་ཞུ།
ཟམ་གདོང་བཀའ་ཁྲི་མ་བཞེང་གོང་། རང་བཙན་དང་དབུ་མ་གཉིས་གཅིག་ཕན་གཅིག་གྲོགས་ཡིན། དེ་རིང་ཁ་སང་དབུ་མའི་ལམ་གྱི་དགྲ་ངོ་མ་དེ། རང་བཙན་བཙོད་མཁན་ཚོ་ཆགས་ཡོད། དེ་ནག་ཉེས་ཡོངས་རྫོགས་ཟམ་གདོང་གིས་ཁུར་དགོས།
ལམ་ཁ་གང་ལ་འགྲོ་འི་ཡོད་ན་ཡང་། ཧེར་མོ་བྱས་ནས་དགྲ་དར་ཚུན་ཆད་འཕྱར་བ་ནི་སྙིང་གིས་མི་བཟོད་པ་ཞིག་རེད། དགྲ་གཉེན་གྱི་དབྱེ་བ་ཕྱེ་མ་ཤེས་བར་རང་སྐྱོང་གཞན་འདུལ་ཞིག་བྱུང་མི་སྲིད་པ་རེད།
ད་དངོས་གནས་ང་ཚོས་རང་བཙན་ལེན་ས་རེད། ཁང་གསར་རྡོ་རྗེས་ཁྲི་ཟུར་ཟམ་གདོད་ཚང་ལ་སྐྱོན་བརྗོད་ཉེས་འཛུགས་བྱས་ཟིན་པ་རེད། ཁ་ཙམ་ཡིན་མིན་མི་ཤེས་མ་གཏོགས། ཁ་ཙམ་མིན་ན་ནི། ཁང་གསར་དང་། ཀླུ་མཁར་བྱམས། བླ་མ་ཤིང་བཟའ་སོགས་ཀྱིས་རང་བཙན་ལེན་དགོས་ཟེར། ད་ལྟོས་དང་ཁོང་ཚོ་མི་འདུག་ཐག་ཆོད་རེད། མི་འདི་ཚོས་ཏན་ཏན་ཅིག་བྱེད་ས་རེད། ད་ལྟོས་ཨ།
བསམ་བློའི་ནར་སྨིན་ཟིན་པས་སྐྱེས་བུ་སུ་འདྲཞིག་ཡིན་ཡང་སོ་སོའི་རྒྱ་ཁབ་རང་བཙན་དགོས་སམ་ཞེས་དྲིས་ན་ལམ་སེང་དགོས་ཟེར་བ་ལས་མི་དགོས་ཟེར་མཁན་སུ་ཞིག་ཡོད། ཡིན་ཡང་དེང་སང་བཙན་བྱོའི་ནང་དུ་འགན་ཁུར་གང་མི་དགོས་པའི་ཁ་སྟོང་ཚིག་སྟོང་ཁོ་ནའི་ལམ་ནས་དབྱེན་སྦྱོར་དགའ་མཁན་ཚོས་རང་བཙན་དང་དབུ་ལམ་སོགས་ཁར་རུ་འཁྱེར་བཞིན། དོན་དངོས་ནང་ཁུལ་དཀྲུགས་ཤིང་སློང་འདོད་མཁན་ཉུང་ཉུང་གཏན་ནས་མིན་པར་ས་རིས་ཐང་གསལ་རེད། དེའི་ཕྱིར་ཁོང་ཚོས་དོན་ངོ་མ་ནི་༸གོང་ས་མཆོག་ལ་ངན་སྨྲས་དང་སྐྱོན་འཛུག་ཐབས་སུ་ཟམ་གདོང་རིན་པོ་ཆེའི་མཚན་དངོས་སུ་སྨྲོས་ནས༸གོང་ས་མཆོག་ལ་གོ་རྒྱུ་བཏང་གཏང་བཞིན་པར་ཤེས་དགོས། ཁོང་ཚོས་ཐད་ཀར་༸གོང་ས་མཆོག་གི་མཚན་སྨྲས་ཚེ་སོ་སོར་མི་ཚེ་གཅིག་གི་རིང་དུ་སྤྱི་ཚོགས་ནང་མགོ་བོ་དགྱེ་མི་ནུས་པའི་མི་ངན་ཞིག་ལ་ངོས་འཛིན་ཡོང་དོགས་ལས་དེ་མིན་ཡིད་ཆེས་དང་དད་པའི་དབང་གིས་མིན་ལ། ལས་དང་ལ་རྒྱ་སོགས་དེ་ལས་མིན། མདོར་བསྡུས་བཤད་ན་འདོད་རུང་འདྲ་མ་འདོད་རུང་འདྲ། ༸གོང་ས་ཡིད་བཞིན་ནོར་བུ་གོང་ཕུད་རེད། དེ་མིན་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་ཁྲི་ཟུར་ཟམ་གདོང་ལས་བཀའ་དྲིན་ཆེ་བ་ཞིག་དང་མཛད་རྗེས་ཆེ་བ་ཞིག་སྔར་བྱུང་མྱོང་མེད་པར་ནི་དུག་གསུམ་གདོན་གྱིས་དབང་གི་ཕྱོགས་ཞེན་དང་རྨོངས་ ཞེན་འོག་ནས་མགོ་འབུར་ཐུབ་མཁན་ཞིག་ཡིན་ཕྱིན་གསལ་གསལ་བསམ་ཐིང་ཐིང་རེད།
ཟམ་གདོང་བླ་མས་རང་བཙན་དང་དབུ་མའི་ལམ་བར་འགལ་རྐྱེན་ཤུགས་ཆེར་བསྐྲུན་ཡོད་ལ། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཀྱིས་ཕྱུག་པའི་གདན་ས་གསུམ་འང་ཁ་ཐོར་དགུ་ཐོར་ཏུ་གཏོང་མཁན་ཡང་ཁོང་ཉིད་རེད། དེ་བས་སྤར་གང་གི་བཙན་བྱོལ་བོད་མིའི་བར་ལ་ཤུགས་ལྡན་དང་ཤུགས་ལྡན་ཟེར་ནས་མི་འཆམ་པ་བཟོ་གནང་མཁན་ཡང་ཁོང་ཉིད་རེད། འདི་དངོས་ཡོད་རེད། དེ་བས་ཁོང་ཉིད་སྤྱིར་ཤེས་ཡོན་ལ་མཁས་པ་སུས་ཀྱང་ཁས་ལེན་དང་གུས་བཀུར་འོས་པ་ཞིག་རེད་འདོད།
མ་མཇལ་ཡུན་རིང་། ཁང་གསར་ལགས་བཀྲ་ཤིས་བདེ་ལེགས།
མཚོ་མོ་ཞེས་པ་འདི་མི་མང་པོ་ཞིག་ནས་བོད་རིགས་ནང་ཁུལ་གྱི་མཐུན་བསྒྲིལ་གསེར་གྱིས་ཟམ་པ་གཏོར་བྱེད་ཀྱིས་འབར་རྫས་ངོ་མ་ཞིག་ལ་ངོས་འཛིན་ནས་ངོ་དེབ་གང་སར་བསྒྲགས་སོང་། དོན་དངོས་སུ་ཡིན་ང་ལ་གསལ་ཁ་མེད་རུང་ཚིག་ཟུར་ལ་དཔག་ན་འགྲེལ་བཤད་དགོས་པ་ཆེར་མ་མཐོང་་་་་་་་་་་་་་གོང་གསལའཇམ་གཅེས་ཀྱིས་མཆན་བུ་ནང་དུ་གསལ་བས་མི་དེ་དག་གི་གྲས་སུ་ཡོད་ངེས་སུ་འདུག་་་་་་་་་་་་་
༼བསམ་བློའི་ནར་སྨིན་ཟིན་པས་སྐྱེས་བུ་སུ་འདྲཞིག་ཡིན་ཡང་སོ་སོའི་རྒྱ་ཁབ་རང་བཙན་དགོས་སམ་ཞེས་དྲིས་ན་ལམ་སེང་དགོས་ཟེར་བ་ལས་མི་དགོས་ཟེར་མཁན་སུ་ཞིག་ཡོད.༽ཟེར་བའི་འཇམ་གཅེས་ཀྱི་སྐད་ཆ་འདི་བདེན་པ་རེད། ངའི་བསམ་པར་དབུ་མའི་ལམ་པ་ཚོ་གྱོང་ཁུར་ནས་རྒྱ་དར་འཕྱར་ཞིང་རྒྱ་འོག་སྡོད་གི་ཡིན་པའི་སྲིད་ཇུས་བཟུང་བ་རེད། ཡིན་ནའང་ཤར་ཁུགས་ལྟ་བུ་ལ་རང་བཙན་དང་དབུ་ལམ་འདེམས་ཀ་བོར་ན་དབུ་མ་དགོས་ཟེར་བའི་ཚོད་དུ་འདུག་པས་ཁྱད་མཚར་རེད་དྲན་གི དེ་མིན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་འདི་རང་བཙན་དང་དབུ་ལམ་ལ་ཤིན་ཏུ་མི་འོས་པ་ཞིག་རེད།
དབུ་མའི་ལམ་ཁས་བླངས་ན་འདས་དོན་བརྗེད་དུ་བཅུག་ནས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་སྡོད་རྒྱུ་རེད། དེ་སྡོད་ཟིན་ན་དར་དམར་འཕྱར་བ་ལ་སྐྱོན་གང་ཡོང་། རྒྱ་ནག་ཀྱང་རང་རྒྱལ་དུ་གྱུར་ཟིན་པས་དགྲ་བོར་འོངས་ཐབས་མེད།
མཚོ་མོས། ༼དེ་བས་སྤར་གང་གི་བཙན་བྱོལ་བོད་མིའི་བར་ལ་ཤུགས་ལྡན་དང་ཤུགས་ལྡན་ཟེར་ནས་མི་འཆམ་པ་བཟོ་གནང་མཁན་ཡང་ཁོང་ཉིད་རེད༽ ཟེར་བའི་རྙོགས་དྲ་བཟོ་མཁན་ཟམ་གདོང་བླ་མ་ཡིན་མིན་མི་ཤེས་ཏེ། བོད་མི་ཕར་ལ་འབུད་རྒྱག་རྒྱག་པ་ལ་ཡི་རངས་ཞུ་ཐུབ་མ་སོང་། ཤུགས་ལྡན་བསྟེན་མ་བསྟེན་སོ་སོའི་རང་དབང་རེད། རེད་༧གོང་ས་མཆོག་གི་ཆོས་གྲལ་ན་ཡོངས་ཆོག་མ་ཆོག་༧སྐུ་སྒེར་གི་རང་དབང་རེད། རྒྱུ་མཚན་ནི་སུ་ཞིག་སློབ་མར་ཁས་བླངས་མ་བླངས་སློབ་དཔོན་གྱི་ཐོབ་དབང་ཡིན་པས་སོ།།
ཕ་བསད་དགྲ་བོའི་མངོན་འདོད་མ་ཤེས་ཤེས་ལྡན་མིག་ཅན་ཞིག་ཏུ་རློམ། །
ཕ་མའི་སེམས་ཀྱི་ལ་རྒྱ་མ་ཤེས་ཤེས་མདོག་བསྟན་འདི་བླུན་པོའི་རྟགས། །
ཕ་ཇུས་གསེར་མཁར་སྟ་རེས་བཤིགས་ནས་ཕོར་ཆུས་འཚོལ་བས་ཕུང་རྒན་དང་། །
ཕ་མའི་བརླ་བཙོང་སྐྱག་འབུ་དྲྭ་འབུའི་རིགས་གཏོགས་ཚོགས་ཀུན་ང་ལ་ཉོན། །
ཡ་རྗེ་བླ་མ་བསྟན་འཛིན་རྒྱལ་མཚོའི་སྲས་ཀྱི་ཐུ་བོ་ཟླ་མེད་པ། །
མ་ཧ་པཎ་ཆེན་མཚན་གྱིས་རབ་མཛེས་ཟམ་གདོང་གདོང་མངའི་དབང་པོ་ལ། །
མ་རྟོགས་ལོག་རྟོགས་ལོག་པར་ལྟ་བའི་ཕུང་རྒན་སྐྱག་ཟན་དུ་འགྲོའི་ཚོགས། །
ཞིང་བཅུ་ཚང་བས་བསྟན་དགྲ་ཞེས་པ་ཁྱེད་ཅག་ལས་གཞན་གང་དུ་འཚོལ། །
རང་མདོག་ངན་པ་རང་གིས་མ་མཐོང་ད་དུང་བཞན་སྐྱོན་འཚོལ་བ་འདི། །
ཀྲིས་ཀྲིས་རྒྱལ་པོའི་དམིགས་ལྟས་མིན་ན་དེ་ཉིད་གང་ཡིན་གྲོགས་དག་སོམས། །
ངོ་ཚའི་གོས་བྲལ་ཁྱི་དང་འདྲ་བས་དྲ་འབུ་ཁྱེད་ཅག་ཡིད་རེ་མུག། །
བསམ་ཤེས་མེད་པ་ཕག་དང་འདྲ་བ་མི་ངན་ཁྱེད་ཅག་ཤ་རེ་ཚ། །
ད་དུང་སྐྱག་འབུ་ཝ་ཚོགས་བོང་རྒན་མི་གཟུགས་ཅན་ཚོ་སྙིང་རེ་རྗེ། །
རང་གིས་དེ་ཉིད་ཕྱི་རུ་མངོན་ཡང་རང་ངོ་མ་ཟིན་ཤ་རེ་ཚ། །
ཐན་བྱ་འུག་པའི་མིག་ལ་གཟན་པའི་ལྟ་བདུན་དབང་པོའི་འོད་ཟེར་ལྟར། །
སྐྱག་འབུ་འབྱུང་ཚོགས་ཡིད་སེམས་དཀྲུགས་པའི་ཟམ་གདོང་པཎ་ཆེན་ངོ་མཚར་ཆེ། །
ཀ་ཡེ་གསོན་དང་ངག་དབང་ཕྱུག་ཀྱི་དབྱངས་ཅན་ལྷ་མོ་འཁོར་དང་བཅས། །
ཁ་བའི་བུ་ངས་ཁྱེད་ཉིད་རེ་ནས་བསྟོད་ཡུལ་གོང་མར་མཆོད་བསྟོད་ཕུལ། །
ག་དུས་ཡིན་ཀྱང་བཀའ་དྲིན་ཆེ་ཡང་སྨྱུག་འཛིན་མཁན་ཚོས་མ་བསྟོད་པའི། །
ང་ཚོས་མེས་པོ་གཉིས་པ་ལྟ་བུར་ཟམ་གདོང་པཎ་ཆེན་སྙིང་ནས་འདུད། །
ཅ་ཅོའི་གཏམ་ལ་མགོ་བོ་འཁོར་ནས་རང་ཚུགས་ཤོར་བས་ལོ་རྒྱུས་མེད། །
ཆ་ལུགས་མི་གཅིག་ཕྱི་གླིང་ལད་མོ་བཟོ་འདོད་ཨ་གསར་ཁྱེད་ལ་མེད། །
ཇ་ཆང་བག་དང་ཚུལ་མིན་བརྟེན་ནས་ལ་རྒྱ་ཤོར་བའི་ལོ་རྒྱུས་མེད། །
ཉ་མོ་ཇི་བཞིན་འགྱུར་འགྲོས་མེད་པའི་མཁས་དབང་ཁྱེད་ཉིད་སྙིང་ནས་དྲན། །
ཏ་ལའི་་བླ་མའི་དགོངས་པ་རྟོགས་ནས་སྐུ་ཚེར་ཧྲིལ་པོ་གཞན་དོན་མཛད། །
ཐ་ཆད་མི་བུ་འབུར་འཇོམས་བྱས་ནས་བོད་གཞུང་བུ་ལོན་དོང་ནས་འདྲེན། །
ད་ལྟའི་དུས་འདིར་ཤེས་རིག་སྒྲོན་མེའི་སྣང་སྙན་མང་པོ་ཁྱེད་ཀྱི་དྲིན། །
ན་སོ་རྒན་པའི་གངས་ཅན་སྤྱི་མི་ཁྱེད་མིན་སུ་ཞིག་གང་དུ་ཡོད། །
པ་ཊ་ལྟར་མཛེས་ཕྱི་ནང་རིགས་གནས་མཁྱེན་རྒྱ་ཡངས་ཤིང་འཆད་རྩོད་མཁས། །
ཕ་བཟང་བུ་ཡི་གཤིས་ཁ་དེ་ཡིས་ས་སྟེང་ཝ་ཚོགས་ཟིལ་གྱིས་གནོན། །
བ་གླང་ལྟ་བུ་བསམ་སྤྱོད་དོར་ནས་དུས་རབས་གསར་པའི་འགྱུར་འགྲོས་ནང་། །
མ་ཡུམ་གངས་ཅན་ཤེ་རིག་གཤོག་ཟུང་ཕྱོགས་ཀུན་བརྐྱངས་ནས་བཀའ་བཞིན་བསྒྲུབས། །
ཙ་དང་ལོ་མའི་གནས་མལ་བརྟེན་ནས་རིག་པའི་གནས་ལྔར་གསན་བསམ་མཛད། །
ཚ་གྲང་སྡུག་བསྔལ་ཇི་ལྟར་བྱུང་ཡང་བཟོད་པའི་གོ་ཆ་བཙན་པོ་གྱོན། །
ཛ་དྲག་དུས་སུ་སྙིང་སྟོབས་འཕེལ་བཞིན་འཁོར་སློབ་དུ་མར་ལམ་སྟོན་མཛད། །
ཝ་་མོའི་གཡོ་སྒྱུར་གོམས་པ་ཆེ་བས་རུལ་སུངས་མཁན་དག་སྣ་མགོ་བརྡུངས།
ཞྭ་གོས་ལ་སོགས་གྲྭ་རྐྱང་ཞིག་དང་མཚུངས་པར་སྤྱོད་བཞིན་དམངས་དོན་བསྒྲུབས། །
ཟ་འཐུང་ཙམ་ཡང་དོན་མཐུན་མི་ཤེས་རྨོངས་རྒན་ཚོགས་ཀྱིས་ཁྱེད་ཉིད་ལ། །
འ་འུར་ངན་སྨྲས་ཨུ་ཚུགས་བྱས་རུང་བྱམས་དང་སྙིང་རྗེའི་གནས་སུ་གཟིགས། །
ཡ་རབས་ཚུལ་མཐུན་སྐྱེས་མཆོག་ཁྱེད་ནི་གངས་ཅན་མགོན་པོའི་ཐུགས་སྲས་དངོས། །
ར་བ་གངས་ཅན་ཁ་བའི་ཞིང་དུ་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད། །
ལ་ལུང་བརྒལ་ཏེ་འཕགས་པའི་ཡུལ་ནས་གསུང་གི་ཟེ་འབྲུའི་མཆོད་སྤྲིན་ཕུལ། །
ཤྰཀྱའི་སྲས་པོ་ཉེ་བར་འཁོར་འདྲའི་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཤིང་། །
ས་ལའི་སྨན་ལྗོངས་མིང་དུ་གྲགས་པས་རང་ཡུལ་བདེ་སྡུག་བརྩེ་བས་གཟིགས། །
ཧ་ལམ་གངས་རིའི་ཡུལ་ལྗོངས་འདི་ན་ཁྱེད་འདྲའི་སྐྱེས་ཆེན་དཀོན་པར་སྣང་། །
ཨ་ཕའི་རྐང་འདྲེན་ཁྱི་རྒན་འགའ་རེའི་ཁྱེད་ལ་ངུ་ཟུགས་ཡང་ཡང་དང་། །
ཧ་ཅང་ཐལ་བས་དྲ་འབུ་འགའ་རེའི་ཁྱེད་ཉིད་མི་བཟོད་རྟག་ཏུ་ངུ་། །
ཨ་ཕའི་བུ་ང་དེ་དག་མཐོང་དུས་སེམས་ཀྱི་གཏིང་ནས་ཁྲེལ་དགོད་ཤོར། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །
རྒྱལ་མཚོ་ལས་ཟབ་རི་རབ་ལས་མཐོ་བས། །
ཚུར་མཐོང་བདག་ལྟའི་གཞལ་བ་མི་ནུས་ཀྱང་། །
དགོས་པའི་དབང་གི་སྨྱུག་རྩེ་གར་ལ་རོལ། །
བཀྲ་ཤིས་བདེ་ལེགས། ཁང་གསར་རྫུན་མ་ཞིག་སླེབས་པར་བཀྲ་ཤིས་བདེ་ལེགས།
ཁང་གསར་གྱིས་ཤེས་བཞིན་དུ་འཁྱོག་བཤད་མང་པོ་བྱས་འདུག
༡མཁས་དབང་ཟམ་གདོང་བཀའ་ཁྲིར་ཕེབས་ཏེ་བཙན་བྱོལ་ནང་དེ་སྔ་སྔོན་རྩིས་ཁ་མ་འདུམ་པ་དང་།སྤྱི་རྒྱུ་སྒེར་བདག་བྱས་ཀྱིན་ལྐོག་ཟ་ཤུགས་ཆེ་ཡོད་པའི་ལམ་སྲོལ་རྩ་མེད་བཏང་ཡོད་པས།བཙན་བྱོལ་ནང་གི་མཐོ་རིམ་མི་སྣའི་ཁྲོད་ཁོང་ལ་འཁོན་འཛིན་ཅན་མང་པོ་ཡོད་རྐྱེན།ནམ་རྒྱུན་སྤྱི་ཚོགས་ནང་དཀྲོག་གཏམ་ཆེད་བཟོས་ཀྱིས་མི་མང་ནང་ལམ་དབུ་མ་རབ་རིབ་བཟོ་མཁན་མང་པོ་ཡོད།
༢ཟམ་གདོང་གིས་༧གོང་ས་ཆེན་པོའི་བཀའ་དགོངས་དང་གྲོས་ཚོགས་ཀྱིས་སྤྱི་མོས།བོད་མིའི་མངོན་འདོད་དང་མཐུན་པར།དེ་སྔ་བཀའ་བློན་སུས་ཀྱང་མ་འཇོན་པ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲད་ཡོད་ཅིང་།དབུ་མའི་མངོན་འདོད་ཚང་མ་མགོ་རྙོག་མེད་པར་དེའི་ནང་གསལ་ཐིང་བཟོས་ཡོད་པས།དབུ་ལམ་གསལ་བོ་མེད་པར་སྨྲ་བ་ནི་ཆེད་བཟོས་ཁོག་གནག་གི་དཀྲོག་གཏམ་རེད།
༣དེ་སྔ་རང་བཙན་དང་རང་སྐྱོང་གང་ལའང་རྒྱབ་སྐྱོར་ཡོད་པ་དགེ་མཚན་ཅིག་ཏུ་བགྲེང་འདུག་པ་ནི་གད་མོ་ཤོར་གཞི་རེད།དེ་འདྲ་ལངས་ཕྱོགས་དང་དགོས་འདུན་གསལ་ཁ་མེད་པར་གྱང་ཁའི་རྩ་ནང་བཞིན་ངོ་དགའ་སྤྲེལ་ལད་ཀྱིས།ལོ་རྒྱུས་སྟེང་བོད་དེ་མཐའ་མར་ཚང་མས་ལག་རྩེད་རྩེ་ས་དང་དོན་གྱིས་རྒྱབ་རོགས་སུ་གང་མེད་པའི་ཁེར་རྐྱང་དུ་ལུས་པ་རེད།སྟོབས་ཤུགས་མེད་ན་མིག་རྒྱང་ཐུང་བའི་གཡོ་ཁྲམ་དེ་རིགས་ཀྱིས་ཁུངས་ཅི་གང་འཁྱོལ་གྱི་མ་རེད།དེ་འདྲར་བརྟེན་ཟམ་གདོང་རིན་པོ་ཆེས་བོད་མི་སྤྱིའི་མངོན་འདོད་གསལ་བོ་བཟོས་པ་དེ་རླབས་ཆེན་རེད།
༤ཟམ་གདོང་རིན་པོ་ཆེས་དེ་སྔ་བོད་རྒྱ་ཞི་མོལ་མ་ཡོང་བའི་འགན་ཁག་བརྒྱ་ཆ་ལྔ་བཅུ་བོད་ཕྱོགས་སུ་ཡོད་ལུགས་གསུང་པ་བདེན་པ་ཡིན་ས་རེད།དེ་འདྲ་ཟམ་གདོང་ཙམ་མིན་པར་སྐུའི་གཅེན་པོ་རྒྱལ་དོན་དང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཅས་ནས་མང་པོ་གསུངས་འདུག ལྷག་པར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་མི་ཚེའི་བྱུང་བ་བཅར་འདྲི་བྱས་ཏེ་བརྙན་ཕབ་པ་ཅིག་ཏུ།ཁོང་གིས་དེ་སྔ་རྒྱ་ནག་གཞུང་རང་ལ་ཕྱི་ནང་གི་རྐྱེན་སྣ་མང་གིས་དཀའ་རྙོག་མང་པོ་ཡོད་སྟབས།སྔ་ཕྱི་ཐེངས་བཞི་ཙམ་ལ་རྒྱ་ནག་གཞུང་གིས་ཨ་ན་ཨུ་ཚུགས་ཀྱིས་༧གོང་ས་མཆོག་བོད་ནང་གཟིགས་བསྐོར་གདན་འདྲེན་གནང་ཐབས་དང་རང་སྐྱོང་སྐོར་ལ་ཐག་གཅོད་བྱེད་རྒྱུར་རེ་བ་བཏོན་ཀྱང་།བོད་ཕྱོགས་སྐུ་ཚབ་ཚོར་དབང་ཆ་མེད་པ་དང་བཙན་བྱོལ་ནང་འགོག་རྐྱེན་བཟོས་ཏེ་གྲོས་མོལ་ལམ་འགྲོ་བྱུང་བཅུག་མེད་པ་རེ་རེ་བྱས་ཏེ་བསེད་བཀྲོལ་གནང་འདུག་ག
༥ཟམ་གདོང་གིས་རང་བཙན་པ་ཚོར་སྐྱོན་བརྗོད་མང་པོ་གནང་བར་ཁག་མེད་པ་རེད།༧གོང་ས་མཆོག་གིས་སྣེ་ཁྲིད་ལམ་སྟོན་འོག བོད་ས་སྟོད་སྨད་བར་གསུམ་དང་གཞིས་བྱེས་བོད་མི་ཀུན་པོ་ས་སྲིད་པ་ཆགས་ནས་བྱུང་མ་མྱོང་བའི་ཆིག་སྒྲིལ་དང་མི་རིགས་ཀྱི་ལྟ་བ་ཅིག་སླེབས་ཡོད་སྐབས་འདིར།བོད་ཀྱི་དངོས་ཡོད་གནས་ཚུལ་མི་ཤེས་པ་དང་ཨ་གསར་གཡམ་རྒྱུགས་དགའ་མཁན་བོད་མི་ཅོལ་ཆུང་འགའ་དང་།སྒེར་ནད་རྙིང་པ་ཞེ་ལ་བཅིངས་ཏེ་ཤེས་བཞིན་ག་དུས་ཡིན་ན་དཀྲུག་ཤིང་དཀྲོག་རྐྱེན་བཟོས་མཁན།དེའི་རྗེས་རྒྱུགས་པ་ཀླད་མེད་ཅོལ་ཆུང་སོ་སོའི་འཚོ་བ་ཙམ་དང་གདན་སའི་ཡིག་ཚད་ཙམ་ཡང་ཁུངས་མི་འཁྱོལ་རེ་འགའ་ཁ་རུབ་ཀྱིས།ནམ་རྒྱུན་༧གོང་ས་ཆེན་པོར་མཚན་སྨད་སྐུར་འདེབས་སོགས་དར་ཁྱབ་གང་སར་བཏང་རྐྱེན་བོད་མིའི་སྤྱི་ཚོགས་ནང་དངོས་དོན་མ་རྟོགས་པ་མང་པོས།ད་ཆ་ཧ་ལམ་རྐུན་མར་དཔའ་དར་དང་སྤྱང་ཀི་ལ་རྣ་ཙོར་འཐེན་གྲབས་ཡོང་བཞིན་པ་འདིས།བོད་མིའི་ཆིག་སྒྲིལ་དང་རྩ་དོན་འཐབ་རྩོད་ལ་གནོད་གཞིའི་རྨ་ཁ་ཆེན་པོ་བཟོས་བཞིན་པར་དམིགས་ཏེ།ཁོང་ཚོ་སྐྱོན་བརྗོད་དང་ཉེན་ཁ་ཆེན་པོར་གཟིགས་པ་རེད།
༦རྒྱ་ནག་གི་དར་དམར་འཕྱར་ཏེ་གོམ་བགྲོད་གནང་བ་དེ་ལས་འགུལ་བ་མི་གཅིག་གི་ཐག་གཅོད་བྱེད་བབ་རེད་མ་གཏོགས།དེ་ལ་གཞུང་དང་ཚོགས་པ་མི་སྒེར་སུས་ཀྱང་བཀོད་ཇུས་བརྒྱུད་སྐུལ་མེད་པ་ཚེ་བརྟན་རྡོ་རྗེས་༧རྒྱལ་དབང་རིན་པོ་ཆེ་ཚད་བཙུགས་ཏེ་མནའ་བསྐྱལ་སོང་བས།ཉ་དང་ཉུང་མ་བསྲེས་ཏེ་བསམ་གནག་དཀྲོག་རྐྱེན་མ་བཟོས་མ་ལེགས།
ཁང་གསར་གྱི་རྩོམ་འདི་་དུས་བབ་དང་བང་ཆེན་སོགས་ཀྱི་སྟེང་འགོད་འོས་པ་ཞིག་རེད།
བསམ་གནག་དཀྲོག་རྐྱེན་མ་བཟོས་ན་ལེགས་ཞེས་པར་བཅོས་རོགས།
ཁང་གསར་རྫུན་མ་ཞིག་ཡིན་མིན་གང་ལྟར་ཡང་། གནས་ལུགས་རྩིག་པ་སྒྲིག་སྒྲིག་གིས་བཙན་རྫོང་ཞིག་བསྐྲུན་འདུག་ན། ཁོ་བོས་འགུ་ཁེངས་སོང་། དེ་བཞིན་འཇམ་གཅེས་ཡིས་ཀ་རྩོམ་ཅི་ཙམ་བང་བསྒྲིགས་རུང་བོང་ལུས་སྡུག་སྐད་ཙམ་ལས་ཅི་ཡང་མི་གདའ། དུག་འཐུང་བའི་ཉི་མ། ར་བཟི་སོང་ལེ།
བསམ་བློ་གཏོང་དགོས་པ་ཞིག་ལ་དབུ་མའི་ལམ་པ་དག་ལོ་རྒྱུས་ཐོག་བོད་རྒྱ་ཁོང་ཡིན་པར་སྨྲ་བཞིན་པ་འདི་རེད། ཡིན་རྒྱ་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་ཀྱང་ཕན་ཚུན་བསམ་ཤེས་ཀྱིས་བོད་རྒྱ་ཁོངས་སུ་སྡོད་རྒྱུ་ཟེར་བ་འདི་མིན་ནམ།
དབུ་མའི་ལམ་གྱི་འབྲས་བུ་ཐོན་ནས་ཚོགས་པ་ཞིག་གིས་རང་་བཙན་རྩོད་ན་རང་བཙན་དངོས་གནས་རྩོད་པ་རེད། ད་ལྟའི་རང་བཙན་ཚོགས་པ་དེ་དག་ནི། རང་བཙན་རྩོད་བགྱིད་ཡོད་མ་རེད། རང་བཙན་ཁ་ལ་འཁྱེར་ནས་ནང་ཁུངས་ཀྱི་ཆབ་སྲིད་རྩོད་བགྱིད་རེད་སྙམ་ལགས།
བགྱིད་རེད་སྙམ་ལགས། འདི། བགྱིད་ཡོད་རེད་སྙམ་ལགས། ལ་བཅོས།
གནས་ལུགས་མཁྱེན་མཁན་གྱི་དྲ་མཆན་པ་ཁྲི་རལ་པ་ལགས། ངོ་མ་བདེན་གཏམ་གསུང་འདུག །ཡིན་ཡང་བོང་བུ་ཨ་མཆོག་ནང་གསེར་རེད། ཁང་གསར་ཀྱིས་སྡུག་འདོན་་་དེར་ནག་ཐར་ཅན་ཀྱིས་འུར་ཤོད་་་་སྐྱག་པའི་རྒྱབ་རྩར་མྱོང་མ་ལང་་་་་་་་་ཟེར་ལེ་རེད་་་ད་ དེང་སང་མི་ངན་གསེར་འབྲུག་མིང་ཅན་དེ་མཐོང་ཡུལ་མེད་པ་འདྲ་་་སྡུག་ཤི་བཟོས་པ་མིན་ནམ་་་་
ཤར་ཁུག་གིས་དབུ་ལམ་དང་ཚེ་རྡོར་གྱིས་དར་དམར་གྱི་ལས་འགུལ་འདིས་བོད་མི་མཐོ་དམའ་མང་པོ་ཞིག་གི་ཞལ་ཞབས་བསྒྱུར་བའི་རྣམ་པ་གསལ་པོ་སྟོན་སོང་།
དྲ་འབུ་ཁང་གསར་རྡོ་རྗེ་ནས་རང་ངོ་གསལ་སྟོན་གནང་ནས། རྩ་དོན་རིགས་སློང་བྱས་ན་གུས་བས་དགའ་བསུ་ཞུ་རྒྱུ་ཡིན་ལ། རྩ་དོན་དང་འབྲེལ་བའི་གནད་དོན་གལ་ཆེ་རིགས་གླེང་སློང་བྱ་རྩིས་ཡིན་ན། དེའི་འགན་རང་ངོས་ནས་འཁུར་དགོས་སྟབས་ཡིབ་ནས་དཀྲོགས་ཡིག་མི་སྤེལ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། འགན་འཁུར་ཡོད་པའི་རྣམ་འགྱུར་གསལ་བའི་ཐོག་ནས་དགག་གཞག་ག་རེ་བྱས་ཀྱང་དེ་ནི་བཟང་སྤྱོད་དང་མཐུན་པ་ཞིག་ཡིན་སྟབས། དེ་ལྟར་གནང་ཐུབ་ན། བསམ་ཚུལ་འདིའི་ནང་གི་བདེན་པ་མིན་པའི་གནས་ཚུལ་རྣམས་ལ་གསལ་བཤད་དང་བགྲོ་གླེང་བྱ་ངེས་ཡིན།།
ཁང་གསར་རྡོ་རྗེས་རྩོམ་དོན་ཞབས་མཆན་མང་པོ་ཞིག་གིས་ཤེས་མེད་པ་འདྲ། ངས་བསམ་ན་ཁང་གསར་གྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པ་ལས་རྒྱབ་འགལ་བྱེད་ཀྱི་འདུག དེའི་འགལ་རྐྱེན་ལ་སེམས་ཁུར་བྱེད་ཀྱི་འདུག་སྙམ། དེ་ནི་ཤེས་ལྡན་པ་ཞིག་གིས་མགོ་ཚོས་པའི་ཐོག་ནས་དབུ་མའི་ལམ་གྱི་ད་ལྟའི་གནས་བབ་ལ་སེམས་ཁུར་བྱེད་སྟངས་ཤིག་རེད་འདོད།
བསམ་ཤེས་ལགས།
ཁྱེད་ཀྱི་བཀའ་མོས་གནང་བ་དེར་ཐེངས་གཅིག་བཀླགས་ཚར་དུས་ངའི་མིག་ནང་ནས་མཆི་མ་ཤར་རེ་ཤོར་སོང་། ཕ་མེས་དམ་པ་ཚོས་དཀའ་ངལ་འདིར་བརྒྱུད་ནས་ཡོང་ཡོད་རེད། ཁྱེད་ཀྱི་སྐད་ཆ་བདེན་པ་རེད་བསམས་ཀྱི་འདུག དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་བར་དུ་ང་རང་ཚོའི་ནང་ཁུལ་དུ་འཐབ་རྩོད་བྱེད་དང་མ་བྱེད་མི་འདུག་བསམས་ཀྱི་འདུག
ཨ་རི་དང་རྒྱ་གར་ཨེན་ལན་སོགས་སྟོབས་ཆེན་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཅིག་གི་སྲིད་བཟུང་བསྡད་པ་དང་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ལབ་ཀྱི་ཡོད་རེད། གནམ་འདིའི་འོག་ཏུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་མེད་བཞིན་དུ་རང་བཙན་རྩོད་ཀྱི་ཡིན་ལབ་ན་སྒྲུབ་མི་ཐུབ་པའི་བྱ་བ་ཞིག་དང་ཡོང་སྲིད་མི་པའི་བྱ་བ་ཞིག་རེད་བསམ་ཀྱི་འདུག
ཕ་མེས་དམ་པ་༧གོང་ས་མཆོག་གིས་ལ་དྭགས་ལ་གསུངས་པའི་བཀའ་སློབ་ནང་དུ་ང་མི་ལོ་དྲུག་བཅུའི་རིང་དུ་བཙན་བྱོལ་བོད་གཞུང་གཡས་སྐྱོར་གཡོན་སྐྱོར་བྱས་ནས་ཡོང་མཁན་གྱི་མི་ཞིག་གིས་བཙན་བྱོལ་བོད་གཞུང་མེད་པ་བཟོས་སོང་ཟེར་ན་ཡིད་ཆེས་མེད་པའི་རྟགས་རེད་ཅེས་གསུངས་ཡོད་རེད། ལོས་བདེན། འཛམ་གླིང་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དང་འཇོན་སྟངས་མེད་པའི་བཙན་བྱོལ་དམངས་མི་མ་གཏོགས་གཞན་སུ་གང་ཡང་མེད།
སྤྱིའི་ཆ་ནས་བཙན་བྱོལ་མི་དམངས་ང་དང་ང་ལྟ་བུ་རྣམས་མ་ཤེས་རྨོངས་ནས་ཡོད་པའི་གནད་དོན་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཚང་མས་ཚོང་གི་ཁེ་ཕན་ལ་བལྟས་ནས་བོད་རྒྱ་ནག་གི་ཆ་རེད་ཟེར་གྱི་ཡོད་པ་དང་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱས་ཀྱི་ཡོད་པ་འདིར་རེད། ལྷག་པ་ཏུ་ཕ་མེས་དམ་པ་༧གོང་ས་མཆོག་དབུ་མའི་ལམ་ལ་ཕེབས་དགོས་པའི་རྒྱུ་མཚན་འདི་དག་གསལ་བཤད་བྱ་དགོས་ཀྱི་འདུག་བསམས་ཀྱི་འདུག་་གཞན་གཉིས་ཕན་དང་གཉིས་སྨན་བཤད་ན་དོན་མེད་རེད།
དབུ་མའི་ལམ་ལ་ཕེབས་དགོས་པའི་རྒྱུ་མཚན་འདི་དག་བཙན་བྱོལ་མི་དམངས་ཀྱི་ཤེས་ཀྱི་མེད་པར་གསལ་པོ་རེད། མི་ལོ་༢༠་གོང་དུ་འགྲེལ་བཤད་བརྒྱབ་ཡོད་པའི་དབང་དུ་བཏང་ཡང་སྐབས་དེ་དུས་བཙན་བྱོལ་བོད་མི་རྣམས་ལ་ཤེས་ཡོན་མེད་པ་དང་བོད་ཀྱི་གསར་འགྱུར་ཉུང་བ། དྲ་རྒྱའི་མཐུན་རྐྱེན་མེད་པ། ཆབ་སྲིད་ཀྱི་གོ་རྟོགས་ཞེན་པ་བཅས་ཀྱིས་གཞིར་ལུས་མི་དམངས་ཀྱིས་ཤེས་ཀྱི་ཕར་ཞོག བཙན་བྱོལ་བོད་མིའི་ནང་དུའང་ཤེས་མཁན་བཀའ་བློན་སྤྱི་འཐུས་རེ་འགའ་མ་གཏོགས་ཡོད་ས་མ་རེད་བསམས་ཀྱི་འདུག
མི་ལོ་༥༣་གྱི་རིང་གི་ལོ་རྒྱུས་ལ་ཕྱིར་མིག་གཅིག་བལྟས་ན་ཨ་མེ་རི་ཀས་བོད་ས་ཤོར་སྐབས་སུ་གོ་ལག་ཆ་ཡི་རོགས་རམ་དང་ཀློ་ཆུ་བཞི་སྒང་དྲུག་གི་དམག་སྒར་ལ་མི་ལོ་༡༤་ཡི་རིང་དུ་ལྟོ་ཕོག་དང་གོ་ལག་ཆ་ཡི་མཐུན་རྐྱེན་སྦྱར་བ་རེད། དེའི་རྗེས་སུ་༧གོང་ས་མཆོག་ལ་ནོ་བྷད་ཞི་བདེའི་རྟགས་མ་སྤྲད་པ་དང་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་པ་རེད།
དུས་དེ་ནས་བཟུང་རྒྱ་ནག་དང་ཚོང་འབྲེལ་བྱས་ནས་ཁེ་ཕན་ཟས་བསྡད་པ་རེད། ནུབ་ཕྱོགས་པའི་དམངས་གཙོའི་རྒྱལ་ཁབ་ཁག་ལ་ཚོང་གི་ཁེ་ཕན་བྱུང་ན་བོད་མི་དམངས་ག་རེ་ཆགས་དང་མ་ཆགས་ཁྱད་པ་མེད་པ་རེད། རྒྱ་ནག་གིས་་བོད་རྒྱ་ནག་དང་ཁ་འབྲལ་མ་སོང་ན་ཅ་དངོས་ཚང་མ་ཕམ་ཚོང་བརྒྱབ་བསྡད་པ་རེད།
ཟམ་གདོང་བླ་མ་གཙོ་གྱུར་པའི་དབུ་མ་ལམ་པ་ཡིན་ཟེར་མཁན་ཚོས་བོད་རྒྱ་ཞི་འགྲིག་མ་བྱུང་བ་བོད་རང་བཙན་འཐབ་རྩོད་པ་ཚོས་བཟོས་སོང་ཟེར་བ་ནི་དེ་ཙམ་བདེན་གཏམ་ཞིག་མ་རེད་འདོད། ངས་བསམ་ཚུལ་བྱས་ན་བོད་རྒྱ་ཞི་འགྲིག་ཡོང་མི་བཅུག་མཁན་ངོ་མ་ཨ་མེ་རི་ཀ་དང་རྒྱ་གར་གཉིས་རེད་བསམས་ཀྱི་འདུག ༢༠༠༨་ལོར་བོད་རྒྱ་གཉིས་ཀྱི་བཀའ་མོས་གནང་བཞིན་པ་དང་གྲུབ་འབྲས་སླེབས་མི་ཡོང་ངམ་བསམ་པའི་སྐབས་སུ་ཨ་རིའི་གྲོས་ཚོགས་ཀྱིས་དམངས་གཙོའི་གསེར་གྱི་རྟགས་མ་ཞིག་༧གོང་ས་མཆོག་ལ་ཕུལ་བ་རེད། འདི་དཀྲུགས་ཤིང་རེད།
དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་འགྲོ་དགོས་མཁན་གྱི་མི་ཞིག་ལ་དམངས་གཙོའི་གསེར་གྱི་རྟགས་མ་སྤྲད་ན་དམར་ཕྱོགས་རྒྱལ་ཁབ་ཀྱིས་མི་དེ་ལ་ཡིད་ཆེས་དང་བློ་བརྟན་དུས་ནམ་བྱ་གི་མ་རེད། ངས་བསམ་པར་བོད་རྒྱ་ཞི་མོལ་དཀྲུགས་མཁན་ཨ་རི་རེད་འདོད་ཀྱི་ཡོད།
ལོ་མང་རིང་བོད་པའི་སྲིད་དོན་ལོ་རྒྱུས་སྐོར་ལ་ཉམས་ཞིབ་གནང་མཁན་ཨ་རིའི་ཨིན་ཌི་ཡ་ན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨེལ་ལི་ཁྲི་སིི་ཕེར་ལེན་ (Prof. Elliot Sperling) ལགས་རྡ་ས་བསླེབས་ནས་ལོ་རྒྱུས་ཐོག་ཏུ་བོད་རང་བཙན་ཡིན་རབས་དང་ཁྱོད་རང་ཚོས་ལོ་རྒྱུས་ཐོག་ཏུ་རང་བཙན་ཡིན་ཡང་རྩོད་ཀྱི་མིན་ཟེར་བ་ཁྱད་མཚར་རེད་ཅེས་སོགས་གསུངས་འདུག མི་འདིས་སྐད་ཆ་དེ་དག་ཨ་རི་གཞུང་ལ་མི་ལབ་པར་རྡ་ས་ག་རེ་བྱེད་མཁན་སླེབས་ཀྱི་ཡོད་རེད་དམ། ཁོང་གིས་ཨ་རིའི་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་དང་རྒྱ་ནག་གཅིག་གི་སྲིད་ཇུས་ངོས་ལེན་བྱས་ཀྱི་ཡོད་པར་མ་ཤེས་པ་ཡིན་མི་སྲིད། བོད་ཀྱི་ལོ་རྒྱུས་ཐོག་ཏུ་རང་བཙན་གྱི་རྒྱལ་ཁབ་ཡིན་པ་འཛམ་གླིང་ཐོག་གི་སྟོབས་ཆེན་རྒྱལ་ཁབ་ཚང་མས་ཤེས་ཀྱི་ཡོད་ནའང་ཚོང་གི་ཁེ་ཕན་ལ་བལྟས་ནས་བོད་ཀྱི་ལོ་རྒྱུས་རྡོག་རོལ་བཏང་མཁན་ཁོ་རང་ཚོ་རེད།
སློབ་དཔོན་ཆེན་མོ་ཁོང་གིས།
དྲི་བ། བོད་མི་མང་པོ་ཞིག་གིས་ད་ལྟའི་ཆར་རང་བཙན་འཐབ་རྩོད་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་མིན་ལ་བློ་དོགས་བྱེད་ཀྱི་ཡོད་པའི་ཐད་བསམ་ཚུལ་ག་རེད་ཡོད།
ལན། དེ་གཙོ་བོ་སོ་སོར་རག་ལས་ཡོད་པ་རེད་མ་གཏོགས། གཞན་པས་རོགས་རམ་བྱེད་ཀྱི་མ་རེད། དེ་གསལ་པོ་རེད། རྒྱལ་སྤྱིའི་ཐོག་གི་རྒྱབ་སྐྱོར་ཁྱོད་རང་ཚོས་མེད་པ་བཟོས་པ་རེད། ཁྱོད་རང་ཚོས་ང་ཚོས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་གཞུང་གི་འོག་ནས་འདུག་རྒྱུ་ཡིན། རྒྱ་ནག་གི་འོག་ནས་ཁེ་ཕན་མང་བ་རག་གི་རེད་ལབ་བསྡད་ན། ཕྱི་ལོགས་ཀྱི་མི་མང་པོ་ཞིག་གིས་བོད་སྐོར་ཞེ་དྲག་ཤེས་ཀྱི་མེད་དུས། བོད་མི་ཚོས་རྒྱ་ཁོངས་ནས་འདུག་རྒྱུ་ཡིན་ལབ་ཀྱི་འདུག དེ་རྒྱ་ནག་ནང་ལོགས་ཀྱི་གནད་དོན་རེད། དེ་འཐབ་རྩོད་མ་རེད་ཟེར་ནས་རོགས་རམ་བྱེད་མཁན་ཡོང་གི་མ་རེད། དེ་ལ་ཇུས་གཏོགས་བྱེད་མཁན་རག་གི་མ་རེད། སོ་སོ་རང་ངོས་ནས་ལ་རྒྱ་མེད་ན། ཕྱི་ལོགས་གི་མིས་ཀྱང་ཆ་འཇོག་དང་གུས་ཞབས་ཡོང་གི་མ་རེད།ཅེས་འདུག
ང་ཚོས་ངོས་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ལབ་པ་རེད་དང་སྟོབས་ཆེན་རྒྱལ་ཁབ་ཁག་གི་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་གྲོས་ཆོད་བཞག་པ་རེད། ཁོས་རྫུན་བཤད་ཀྱི་ཡོད་རེད། རྒྱལ་སྤྱིའི་ཐོག་ཏུ་བོད་དོན་རྒྱབ་སྐྱོར་མེད་པ་ང་ཚོའི་འཛད་གཙོ་རྣམས་པས་ག་འདྲ་བཟོས་པ་རེད་དམ། ང་ཚོས་རྕ་བ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་རྒྱབ་སྐྱོར་བྱ་རོགས་དང་གྲོས་ཆོད་འཇོག་རོགས་བྱོས་ཞུ་མྱངས་མེད།
གཉིས་ནས་རྒྱ་ནག་གི་ཕྱོགས་ནས་ཆ་དངོས་ཕམ་ཚོང་ཤོར་གྱི་ཡོད་རེད། འཛམ་གླིང་ཐོག་ཏུ་ཅ་དངོས་གོང་ཆུང་ཤོས་རྒྱ་མིའི་ཅ་དངོས་རེད། ཕམ་ཚོང་བརྒྱབ་དགོས་དོན་གཙོ་བོ་ནུབ་ཕྱོགས་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་རང་བཙན་མ་རེད་ལབ་ཆེད་དུ་ཅ་དངོས་ཕམ་ཚོང་བརྒྱབ་པ་རེད། བོད་རྒྱ་ནག་གི་ཆ་ཤས་དང་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱས་ན་གཞིག་ནས་ཅ་ལག་གོང་ཁེ་པོ་བྱས་ནས་བཙོང་གི་ཡོད་རེད།་་་བོད་ཀྱི་གཏེར་ཁའི་ཐོན་ཁུངས་འདི་མི་རིགས་གཅིག་པོ་ལ་དབང་བ་མ་ཡིན་པའི་དབང་དུ་གཏོང་ན་མི་སེར་དུང་ཕྱུར་༡༣་ལ་བདག་དགོས་ངེས་རེད་འདོད་། འདི་ཕམ་ཚོང་བརྒྱབ་ན་ཡག་པོ་མ་རེད། མི་དམངས་ཀྱི་འཚོ་རྟེན་རེད།
ངས་བསམ་ཚུལ་བྱས་ན་ང་རང་ཚོས་རྒྱ་གར་དང་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ལ་འདྲི་དགོས་པ་ནི་བོད་རྒྱ་ནག་གི་ཆ་ཤས་མུ་མཐུད་ནས་ཁས་ལེན་དང་། རྒྱ་ནག་གཅིག་སྲིད་ཇུས་མུ་མཐུད་ནས་བཟུང་གྱི་ཡིན་ནམ་ཞེས་པ་འདི་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་དང་མིན་ཞེས་འདྲི་དགོས་ཀྱི་འདུག མུ་མཐུད་ནས་རྒྱལ་ཁབ་དེ་དག་གིས་བོད་ཀྱི་ལོ་རྒྱུས་རྡོག་རོལ་དང་བོད་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་འཛུལ་ཞུགས་བྱེད་བཅུག་གྱི་མིན་ལབ་ན་་་་་་་ང་རང་ཚོ་ཁ་རྒྱ་ནག་ལ་འཁོར་ནས་རྒྱ་མི་ངོ་མ་ཞིག་བྱ། གུན་ཁྲན་ཏང་གི་དགྲ་བོ་དེ་བོད་མི་རིགས་ཀྱི་དགྲ་བོ་དང་། ཀྲུང་གོའི་གྲོགས་པོ་དེ་བོད་མི་རིགས་ཀྱི་གྲོགས་པོ་ཡིན་པར་ངོས་འཛིན་བྱེད་ནས་ལོག་འགྲོ གཞན་དབུ་མའི་ལམ་དང་སྨན་ཕན་བཞི་ཕན་དགོས་ཡ་མི་འདུག
རྒྱ་མི་ཡང་ཡིད་ཆེས་ཐུབ་པ་ཞིག་དང་མི་དམངས་དུང་ཕྱུར་༡༣་གྱི་མཉམ་དུ་རྡོག་རྩ་གཅིག་སྒྲིལ་བྱ་ནས་སྡོད། བོད་རང་བཙན་མི་དགོས་ཅེས་བོད་མི་ཚང་མས་ས་ཡིག་བརྒྱབ། མགོ་བཏགས་ན་མགོ་བཏགས་ངོ་མ་བྱེད་ན་ཡག་བ་ཡོད་པར་འདོད་དོ།
ཀྲུང་གོའི་མགོ་དཔོན་ནས་མཐའ་མི་སེར་གྱི་བར་དུ་རང་དབང་དམངས་གཙོ་གྱི་ལམ་འགྲོ་འདོད་ཡོད་རེད། ཡིན་ནའང་དཀའ་ངལ་ཆེ་ཤོས་མི་སེར་དུང་ཕྱུར་༡༣ལ་རང་དབང་དམངས་གཙོ་སྤྲོད་ན་བོད་དང་ཕྱི་སོག ཐད་ཝན་བཅས་ཁ་འབྲལ་འགྲོ་དོགས་ཀྱིས་དཀའ་ངལ་ཆགས་བསྡད་ཡོད་རེད་འདོད། འདི་ཡང་ཡག་པོ་མ་རེད།
རྒྱ་གར་གྱི་དཔོན་རིགས་རེ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མདོག་དང་རྒྱ་ནག་གི་ལྕགས་རི་ཡན་ཆད་བོད་ཀྱི་ས་ཆ་ཡིན་མདོག་ཤོད་ཀྱི་འདུག རྒྱ་གར་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱས་བསྡད་ཡོད་རེད། ཡག་ཉེས་བོད་འདི་ག་རེ་རེད་དམ། བོད་ཀྱི་མ་འོངས་མདུན་ལམ་ག་རེད་དམ། ང་རང་ཚོས་ཤ་འཁོན་རྩོད་ཀྱི་ཡོད་པ་མ་རེད། མ་འོངས་པའི་བོད་ཀྱི་མདུན་ལམ་རྩོད་ཀྱི་ཡོད་རེད།
དམ་པ་དགེ་ཆོས་མཆོག་གིས་ང་རང་ཚོ་ཁ་ཆེམས་ཤིག་བཞག་ཡོད་པ་ནི།
གཞན་ཕན་སྙིང་རྗེའི་སྣམ་དང་བྲལ་ནའང།
རིག་རྩལ་ཐབས་མཁས་ཀློག་གི་རྫུ་འཕྲུལ་གྱིས།
དྲང་པོའི་མི་ལ་འཁྱོག་པའི་ལམ་སྟོན་པ།
སྐྲག་སེར་སྤྲུའུ་རིགས་ལ་དོགས་ཟོན་བྱོས་་་ཅེས་གསུངས་ཡོད་རེད།
ཁང་གསར་རྫུན་མ་དང་དངོས་གནས་གང་ཡིན་ཁྱད་པར་མི་འདུག ངས་མཐོང་བ་ནི་གོང་གི་བགྲོ་གླེང་བ་ཚོས་ཁང་གསར་གྱི་བཤད་འདོད་པ་ངོ་མ་དེ་མཁྱེན་ཐུབ་མ་སོང་དྲན།
སྤྱིར་གཞན་སེམས་ཤེས་པའི་མངོན་ཤེས་མེད་ཀྱང་ཁང་གསར་གྱི་འདོད་དོན་ངོ་མ་ནི། རྒྱལ་ཁབ་ཞིག་གི་དོན་ཆེན་འགྲུབ་ཆེད་ཐབས་ལམ་འདྲ་མིན་གྱི་ཐོག་ནས་འཐབ་རྩོད་བྱ་རྒྱུ་ནི་གལ་ཆེན་ཞིག་ཏུ་སོང་། བོད་པ་ཚོས་དབུ་མའི་ལམ་དང་རང་བཙན་གང་ཞིག་རྩོད་ཀྱིན་ཡོད་ཀྱང་མཐུས་ལ། འོན་ཀྱང་དབུ་མའི་ལམ་གྱི་སྣེ་ཁྲིད་པ་ཚོས་༸གོང་ས་མཆོག་ཁ་རུ་འཁྱེར་ཏེ་དབུ་མའི་ལམ་གྱི་འགྲེལ་བཤད་གང་འདོད་དུ་རྒྱག་བཞིན་པར་བརྟེན་དབུ་ལམ་གྱིས་ས་ག་ཆོད་མིན་ཐེ་ཚོམ་རེད་ཅེས་འདོད་ཀྱིན་པ་འདྲ། དཔེར་ན། རིན་པོ་ཆེས་དེ་སྔོན་དབུ་མའི་ལམ་གྱི་སྐོར་འགྲེལ་བཤད་བརྒྱབ་པ། “ ༡) དབུ་མའི་ལམ་ནི་བོད་ལ་ཧོང་ཀོང་ ལས་མཐོ་བའི་དབང་ཆ་ཡོད་དགོས་ཟེར་བ་དང་། ༢) དབུ་མའི་ལམ་ནི་མཐའ་བརྒྱད་དང་བྲལ་བ་ཡིན་ཟེར་བ། ༣) དབུ་མའི་ལམ་ནི་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་བཏང་སྟེ་མངོན་འགྱུར་བྱེད་ཐུབ་ཟེར་བ། ༤) དབུ་མའི་ལམ་ནི་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་གཏོང་མི་དགོས་པའི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་བ། ༥) དབུ་མའི་ལམ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་གཞིའི་འོག་ཏུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་བ་སོགས། ” འདི་དག་དངོས་ཡོད་གནས་ཚུལ་མང་ཚོགས་ཀྱིས་གོ་ཐོས་མྱོང་གསུམ་བྱུང་ཚར་བ་རེད་ལ། དབུ་མའི་ལམ་གྱི་གོ་རྟོགས་སྤེལ་མཁན་ཚོས་འདི་འདྲ་བོ་རྐྱང་རྐྱང་བཤད་བསྡད་ན་ཕན་ཐོག་ཁག་པོ་རེད་ཟེར་བ་འདྲ།
དེ་དང་མཚུངས་ཅོ་རིས་སྐད་ཆ་གོ་རྒྱུ་ཡོད་པ་ཞིག་བཤད་སོང་། ང་ཚོས་ནམ་ཡང་ནུབ་ཕྱོགས་རྒྱལ་ཁབ་གྱི་རོགས་རམ་དང་མཐུན་སྦྱོར་ལ་བརྟེན་པ་ལས་རང་ངོས་ནས་ཅི་ཡང་བྱ་མི་ཐུབ་ཚེ། ཅོ་རིས་གོང་དུ་བཤད་པའི་དྲི་བ་འདི་རྣམས་འདྲི་རྒྱུ་ལས་འོས་མེད།
“ངས་བསམ་ཚུལ་བྱས་ན་ང་རང་ཚོས་རྒྱ་གར་དང་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ལ་འདྲི་དགོས་པ་ནི་བོད་རྒྱ་ནག་གི་ཆ་ཤས་མུ་མཐུད་ནས་ཁས་ལེན་དང་། རྒྱ་ནག་གཅིག་སྲིད་ཇུས་མུ་མཐུད་ནས་བཟུང་གྱི་ཡིན་ནམ་ཞེས་པ་འདི་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་དང་མིན་ཞེས་འདྲི་དགོས་ཀྱི་འདུག མུ་མཐུད་ནས་རྒྱལ་ཁབ་དེ་དག་གིས་བོད་ཀྱི་ལོ་རྒྱུས་རྡོག་རོལ་དང་བོད་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་འཛུལ་ཞུགས་བྱེད་བཅུག་གྱི་མིན་ལབ་ན་་་་་་་ང་རང་ཚོ་ཁ་རྒྱ་ནག་ལ་འཁོར་ནས་རྒྱ་མི་ངོ་མ་ཞིག་བྱ། གུན་ཁྲན་ཏང་གི་དགྲ་བོ་དེ་བོད་མི་རིགས་ཀྱི་དགྲ་བོ་དང་། ཀྲུང་གོའི་གྲོགས་པོ་དེ་བོད་མི་རིགས་ཀྱི་གྲོགས་པོ་ཡིན་པར་ངོས་འཛིན་བྱེད་ནས་ལོག་འགྲོ གཞན་དབུ་མའི་ལམ་དང་སྨན་ཕན་བཞི་ཕན་དགོས་ཡ་མི་འདུག”
ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོས་སྐབས་བསྟུན་བོད་ལ་རོགས་རམ་བྱས་ཡོད་པ་རེད་ལ་ད་དུང་ཡང་བྱ་རྒྱུ་རེད། དེ་ནི་ཁེ་བཟང་ཞིག་དང་ནམ་དགོས་བེད་སྤྱོད་ཀྱི་ཆེད་ཙམ་ལས་དོན་ངོ་མ་བརྒྱ་ཆ་བརྒྱ་རོགས་སྐྱོར་སུ་གང་གིས་ཀྱང་བྱས་མེད་ལ་ད་དུང་ཡང་བྱ་ཡི་མ་རེད། སྤྱིར་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ལ་རོགས་རམ་བྱེད་པ་དེ་ནི་བྱས་ཟིན་པའི་འབྲས་བུས་རང་གི་རྒྱལ་ཁབ་ལ་ཕན་པ་གང་ཞིག་འདུག་དེ་གཙོ་གནད་དང་པོ་ལྟ་ཡི་རེད། དེང་སང་རོགས་རམ་བྱེད་ཀྱིན་ཡོད་ཟེར་མཁན་ཚོར་འགྲོ་བ་མི་ཡི་ཐོབ་ཐང་དང་ཞེ་བདེ་སོགས་མིང་སྙན་མོ་ཤ་སྟག་ཡོད་ཀྱང་དོན་ངོ་མར་རང་ལ་ཁེ་བཟང་མེད་པར་ལག་བསྟར་བྱེད་མཁན་དཀོན་པོ་རེད།
གཅིག་ནས་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུར་མཚོན་ན་རང་ལ་དགོས་མཁོ་ཞིག་གི་ཆེད་རོགས་རམ་བྱེད་ཀྱི་འདུག ཁ་ནས་འགྲོ་བ་མི་ཡི་ཐོབ་ཐང་དང་ཞི་བདེ་སོགས་འབོད་ཀྱིན་འདུག་ཀྱང་དོན་ངོ་མར་དམག་གཏོང་གི་འདུག མི་གསོད་ཀྱི་འདུག མཁར་བགྱེལ་གྱི་འདུག ད་ཞི་བདེ་དང་ཐོབ་ཐང་སོགས་གང་ཞིག་ཏུ་ཡལ་སོང་།
གཉིས་ནས་མི་ཚོས་ཨ་རི་རྒྱ་ནག་ལ་ཞེད་ཀྱི་ཡོད་རེད་ཟེར་མཁན་འདུག ང་བགད་མོ་ཤོར་གྱིན་འདུག གལ་སྲིད་བོད་ལ་རོགས་བྱས་པའི་འབྲས་བུས་ཨ་རིར་ཕན་ཐོག་ཡོད་ན་སྟོང་ཉི་མའི་སྔ་རྩེ་ནས་རྒྱ་ནག་ལ་དམག་བརྒྱབ་ཚར་ཡོད་རེད། ས་མཚོ་གནམ་གསུམ་དང་འཕྲུལ་རྩལ་རིག་པ་སོགས་ད་ལྟའི་ཆར་རྒྱབ་ཁབ་གང་གིས་ཀྱང་ཨ་རིར་དོ་མཁན་མེད་པ་མངོན་གསལ་དོད་པོ་རེད།
གང་ལྟར་ད་ལྟའི་ཆར་བོད་པ་ཚོས་དབུ་མའི་ལམ་དང་རང་བཙན་སོགས་ཇི་ཞིག་རྩོད་ཀྱང་རང་ཉིད་བོད་པ་ཞིག་ཡིན་པའི་ངོ་བོ་མི་བརླག་པའི་ཐོག་ནས་མཉམ་འབྲེལ་བྱ་རྒྱུ་དང་། གཞོན་སྐྱེས་ཚོར་སོ་སོའི་ཆོས་དང་རིག་གཞུང་སོགས་གཞི་རྐང་ཚུགས་པ་སློབ་ཐབས་བྱ་རྒྱུ། དེང་རབས་ཀྱི་ཤེས་ཡོན་རྒྱུད་ལ་འཇག་ཐབས། ཡ་རབས་སྤྱོད་བཟང་དང་གཞན་ཕན་གྱི་སྤྱོད་པ་རྒྱུད་ལ་འཇག་ཐབས་བྱ་རྒྱུ་ནི་གལ་ཆེན་ཞིག་ཏུ་མཐོང་། འདི་དག་གིས་ནམ་ཞིག་བོད་ཀྱི་བདེན་པ་གསལ་ངེས་རེད་ལ། ནམ་ཞིག་རང་ས་རང་ལག་ཏུ་རག་ཚེ་སླར་ཡང་གཞན་ལ་བརྟེན་མི་དགོས་པར་སོ་སོའི་རྐང་ཐོག་ཏུ་ལང་ཐུབ་རྒྱུ་རེད་དྲན།
ཁང་གསར་ལགས། བྱུང་རབས་ངོ་མ་དེ་བཤད་འདུག འོན་ཀྱང་འདི་ཟམ་གདོང་གཅིག་པུའི་མགོ་ལ་གཡོགས་ན་རན་པོ་མཐོང་མ་བྱུང་། འདི་ང་ཚོ་དབུ་མའི་ལམ་ལ་ཞུགས་པའི་ཉེར་འབྲས་རེད། ཟམ་གདོང་གཅིག་པུ་ནོར་བ་མ་རེད། དབུ་མའི་ལམ་ཉམས་ལེན་བྱས་པའི་འབྲས་བུ་རེད། ད་ང་ཚོ་ཆབ་སྲིད་ཀྱི་སྟེང་ནས་ཅི་གང་ལྷག་ཡོད་མ་རེད། འདི་སུ་ལའང་ལེ་ཁག་དཀྲི་ས་མེད། འདི་བོད་ཀྱི་ལྷ་མི་གཉིས་ཀས་གདམས་པའི་ལམ་དབུ་མ་རེད། ང་ཚོ་བསོད་ནམས་རྦད་དེ་མཇུག་རྫོགས་པ་རེད་བསམ། ད་ང་ཚོས་འདི་ནས་ཅིག་བྱེད་འོང་ཀིན་ཡོད་འདོག་འདོག་གིས་བོད་ཀྱི་སྤུན་ཟླ་ཚོ་མེར་བསྲེག་བཅུག་མི་རུང་། མགྱོགས་པོ་ཁྱབ་བསྒྲགས་བྱེད་དགོས། ང་ཚོ་དར་དམར་འཆར་ནས་ལོག་ཡོང་གིན་ཡོད་ལབ་དགོས་པ་རེེད། དར་དམར་འཕྱར་ནས་ལོག་འགྲོ་དགོས་རེད། དྷ་རམ་ས་ལར་བསྡད་ནས་རྒྱ་མིའི་རྩ་ཁྲིམས་བསྲུང་པ་ལས་རྒྱ་གཏིང་དུ་ལོག་ནས་རྒྱ་ཁྲིམས་བསྲུང་ན་དགའ་གི་རེད།
ལམ་དབུ་མ་བདམས་པ་ནི་བོད་ནང་གི་བོད་མི་ཚོའི་ཆེད་མ་ཡིན་པར་ཕྱི་བོད་ཚོའི་ལྟོ་གོས་ཀྱི་ཆེད་ཡིན་པ་སུས་མི་ཤེས།
ཀླུ་སྨྱོན་ཁ་ནང་སྐྱག་པ་ཞིག་དུས་རྟག་ཏུ་བཅུག བོད་དོན་ཆེད་ཉི་མ་གཅིག་ལས་འགུལ་ནང་ཞུགས་མ་མྱོང་པ་ལ་ད་དུང་ཡང་ཅི་བྱས་ནའང་མ་འགྲིགས་མདོག་མདོག་་་་་་་་་་
གོང་དུ་མཆན་མཁན་དག་གིས། མཆན་སྣ་ཚོགས་ཤིག་བཏབ་འདུག་པར་རེ་རེ་བཞིན་ལན་འདེབས་པར་མ་ཁོམ། གནད་དོན་རགས་པ་འགའ་ཞིག་ལ་ལན་ཐན་ཐུན་རེ་གཤམ་ལ་ཕུལ་ཡོད་པས། གོ་ན་རྣ་བའི་བུ་རམ་དང་། མ་གོ་གླུ་ལ་འགྲེལ་བ་མེད་ཟེར་ལེ་དེ་ཡིན།
༡) ངས་འདི་ན་དབུ་མའི་ལམ་ལ་དགག་གི་མེད། དབུ་མའི་ལམ་གྱི་ཐལ་ཆ་དང་ཐལ་སྐྱོད་པ་གླེང་གི་ཡོད། གླེང་བ་དེ་ཡང་དབུ་མའི་ལམ་རང་དང་བོད་ཀྱི་རྩ་དོན་ཆེད་དུ་ཡིན། དེ་ངེས་པ་གྱིས། དེ་ཤེས་པར་གྱིས།
༢) ཟམ་གདོང་རིན་པོ་ཆེ་ཇི་ཙམ་གྱིས་མཁས་པ་ཡིན་པ་དང་། ཇི་ཙམ་གྱིས་བོད་ལ་དྲིན་ཅན་ཡིན་པ་དེ། ང་ལ་ཇི་ཙམ་བཤད་རྒྱུ་ཡོད་པ་དེ་ཙམ་ཞིག་དྲ་ལམ་འདི་ན་དགེ་འདུན་རབ་གསལ་ལ་མ་གཏོགས་ཅང་བཤད་རྒྱུ་ཡོད་ཀྱི་མ་རེད། ངས་འདི་ན་གླེང་བ་དེ་རིན་པོ་ཆེའི་མཛད་པའི་ཕྱོགས་ཤིག་ཡིན་ཞིང་། མཛད་པ་དེ་ཚོར་དགོས་པ་རྒྱུ་མཚན་དང་བཟང་ཕྱོགས་ཀྱི་ནུས་པ་ཡོད་མ་རེད་ཀྱང་ཟེར་གྱིན་མེད། ངས་འདི་ན་གླེང་བ་འདི་རིན་པོ་ཆེའི་མཛད་ཕྱོགས་ཤིག་གིས། རང་བཙན་དང་དབུ་མའི་ལམ་པ་ཚོའི་འགལ་བའི་རྣམ་པ་དེ་ཇེ་གསལ་ཇེ་དྲག་ཏུ་བཏང་ཚུལ་དེ་ཡིན། དེ་འགྲིག་འདུག་ནོར་འདུག ཁྱེད་ཚོས་ལྟོས། མ་འོངས་པའི་ལོ་རྒྱུས་ཀྱིས་ཀྱང་བལྟ་གི་རེད།
༣) རང་བཙན་རྩོད་པ་དང་རང་སྐྱོང་རྩོད་པ་གཉིས་ཀ་བཅའ་ཁྲིམས་ཀྱིས་ང་ཚོར་སྩལ་བའི་ཁེ་དབང་རེད། བཅའ་ཁྲིམས་དེར་མཚན་རྟགས་གནང་མཁན་༸གོང་ས་མཆོག་རེད། དེར་བརྟེན། དེང་སང་ཇི་ལྟར་ནང་བ་ཚོས་ཐེག་ཆེན་ཐེག་དམན་ཀུན་ལ་མོས་མོས་བྱེད་པ་ཙམ་མ་ཟད། ཧིན་དུ་དང་ཁ་ཆེ་སོགས་ལའང་གུས་ཞབས་བྱེད་པ་ཇི་བཞིན། མང་ཚོགས་དཀྱུས་མ་ཚོས་བོད་ཀྱི་སྤྱི་དོན་རྩོད་པའི་རང་བཙན་དབུ་མ་གཉིས་ཀ་ལའང་གུས་གུས་བྱས་ན་ཅི་ཞིག་འདུག ཐལ་སྐྱོད་པ་འགས་མང་ཚོགས་ཀྱི་ཁྲོད་དུ་དབུ་མ་ཁ་ལ་འཁྱེར་ནས་རང་བཙན་པར་སྡང་ཚིག་སྨྲ་བ་དང་། རང་བཙན་ཁ་ལ་འཁྱེར་ནས་དབུ་མར་སྡང་སེམས་འཆང་བ་གཉིས་ཀ་དགོས་མཁོ་ཞིག་རེད་དམ། དགོས་མཁོ་ཞིག་ཡིན་ན། ང་ཚོ་བོད་མི་མང་གི་དགོས་མཁོ་ཞིག་རེད། གང་ཟག་སྒེར་པ་དག་གི་ཁེ་གྲགས་ཀྱི་ཆེད་དུ་རེད། འདི་ཚོ་རྩོམ་ཡིག་འདིས་སྤྱི་ཚོགས་ལ་འཕངས་པ་དྲི་བ་རེད།
༤) རང་བཙན་དང་དབུ་མ་གཉིས་ཀ་ང་ཚོར་དགོས་མཁོ་ཡོད་པའི་ཙན་དན་རེད། ང་ཚོ་བོད་ལ་རང་བཙན་རྩོད་མཁན་མེད་ན་རང་སྐྱོང་རྩོད་མཁན་དེ་བས་ཀྱང་ཡོང་གི་མ་རེད། རང་བཙན་དང་རང་སྐྱོང་གི་ཙན་དན་དེ། ཐལ་སྐྱོད་པ་འགའ་ཞིག་གིས་དེང་སྐབས། སོལ་བར་བཏང་དང་གཏོང་བཞིན་པ་འདིར་ཚང་མས་གཟབ་དགོས་ཟེར་བ་ཡིན།
༥) ང་སུ་ཡིན་པ་དང་གང་ན་ཡོད་པའང་ལྐོག་གྱུར་ཅིག་མིན། སྔོན་མ་འབུམ་རམ་གྱི་ཞིབ་འཇུག་བྱེད་སྐབས། ཟམ་གདོང་རིན་པོ་ཆེའི་དྲུང་དུའང་ཐེངས་འགར་བཅར་མྱོང་བ་ཞིག་ཡིན། སྐུ་སྒེར་ཡིག་ཚང་དང་རྣམ་རྒྱལ་གྲྭ་ཚང་སོགས་ནའང་ང་ཆ་རྒྱུས་ཅན་ཁ་ཤས་ཡོད། ཞེས་ཡུལ་གངས་ཅན་གྱི་དབུས་གྱུར་སྟོད་ལུང་སྐྱར་པོ་རྩེ་ཁང་གསར་གྱི་མི་ངོ་རྡོ་རྗེའམ། སྐབས་གཞན་དུ་དྲ་ལམ་གྱི་རྡོ་རྗེ་ལྟ་བུའི་རྒྱལ་པོར་འབོད་པས་བྲིས།། །།
བོད་པའི་གནས་བབས་ལ་མཉམ་ཞིབ་གནང་ཡོད་པ་དེ་ཙམ་གྱིས་ཀྱང་ཁང་གསར་རྡོ་རྗེ་ལགས་ལ་རྗེས་སུ་ཡི་རང་ཡོད། རང་བཙན་རྩོད་པར་འདོད་ན་རྒྱ་དཔོན་ཁ་ཤས་ཀྱི་མགོ་ལག་ལེན་དགོས། རང་སྐྱོང་རྩོད་པར་འདོད་ན་ཐོག་མར་བོད་པའི་སྐད་ཡིག་རང་དབང་རྩོད་དགོས།
རང་བཙན་དང་དབུ་མ་རྩོད་མཁན་གཉིས་ཀ་བོད་པའི་ཆེད་དུ་ཡིན་པས་གཉིས་ཀ་ལ་སྔགས་བརྗོད་ཡོད།
རང་བཙན་རྩོད་མཁན་ཚོས་འུ་ཚང་གི་ལོ་རྒྱུས་གཞིར་བཞག་ཐོག་ནས་ཐམ་ལམ་སྣ་མང་གིས་རྩོད་བཞིན་ཡོད་ལ། དབུ་མ་པས་ཀྱང་ད་ལྟའི་གནས་སྟངས་དངོས་ཡོད་གནས་ཚུལ་གྱི་སྒང་ནས་རང་སྐྱོངས་ཚད་ལྡན་ཞིག་ཐོབ་ན་བསམ་པས་རྩོད་བཞིན་ཡོད་པ་རེད། རྩོད་གཞི་ཆེན་པོ་འདི་གཉིས་ཀྱི་ཐོག་ལ་ནུས་པ་དང་མི་དམངས་ཀྱི་རྒྱབ་སྐྱོར་ཇི་ཙམ་ཡོད་མེད་ལ་བལྟ་དགོས་པ་རེད་ལ་ཁས་ཀྱང་ལེན་དགོས་པ་ལས་ཨུ་ཚུགས་རྒྱག་ས་རྩ་ནས་འགྲོ་གི་མ་རེད་འདོད། ལོ་ངོ་འདི་འདྲའི་རིང་ལ་འཚོགས་པ་ཆེན་པོ་འདི་གཉིས་གཙོས་པས་ལས་འགུལ་རབ་དང་རིམ་པར་སྤེལ་གནང་ཡང་རྒྱ་གཞུང་ལ་འགྱུར་བ་ཆུང་ཆུང་ཞིག་ཀྱང་བཏང་མ་ཐུབ་པའི་གནད་འགག་གཅིག་སྟེ། རང་རིགས་བཙན་བྱོལ་ནང་གི་འཚོགས་པ་དང་འཚོགས་པའི་བར་་་གཞུང་དང་མི་དམངས་བར་ལངས་ཕྱོགས་གཅིག་མཐུན་མ་བྱུང་བས་ལན་པ་མི་འགྲོ་བསམ། གཞུང་དང་མི་དམངས་ལངས་ཕྱོགས་གཅིག་ཏུ་སྒྲིལ་བར་ལས་འགན་གཙོ་བོ་དེ་ལས་སྣེ་ཚོས་འཁུར་ཏེ་་་་་མཁས་པས་མཁས་རྟགས་དང་་་བླུན་པོས་གློའུ་རྟགས་མ་བསྟན་པར་དབུ་མ་པ་ཡིན་ན་དབུ་མའི་སྲིད་ཇུས་གཅིག་གི་ཐོག་ནས་མི་དམངས་གོ་རྟོགས་སད་འཇུག་དགོས་པ་ལས་་་གང་བྱུང་མ་བྱུང་ལབ་བསྡད་ན་མི་དམངས་འཐོམ་འཇུག་པ་ལས་ཅི་ཡོད། རང་བཙན་པ་ཡིན་ནའང་རང་བཙན་ལྟ་བ་གཅིག་གིས་འགྲེལ་བཤད་རྒྱག་དགོས་པ་ལས་ཁ་ལ་ཡོང་ཡོང་ལབ་ན་ག་ལ་འགྲིག འདྲེ་ངའི་ལྟ་སྟངས་འདིའི་ཐོག་ནས་་་་ད་རེས་ཁང་གསར་ཚང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
གོང་དུ་འཁྲི་རལ་པ་ཅན་ནས་གསུངས་པ་ནང་བཞིན་དེང་དུས་དྲ་ནང་དུ་མི་ངན་ཁ་ཤས་ཀྱིས་ལོང་བ་ཆུའི་ནང་མཆོང་བ་ལྟར་ཟམ་གདོང་རིན་པོ་ཆེ་ལ་མཚན་སྨྲས་བཟོ་བཞིན་པ་ནི་སོ་སོའི་སྒེར་ནད་དང་ཕྱོགས་ལྷུང་ཁོ་ན་ལས་བོད་སྤྱི་པའི་རྩ་དོན་དང་། མི་རིགས་ཀྱིས་བདེ་སྡུག །ལར་ཞེན་སོགས་རྡུལ་ཕྲན་ཙམ་མེད་པར་ངས་སྐད་གསང་མཐོན་པོའི་སྒོ་ནས་བཤད་སྤོབས། དེའི་རྒྱུ་མཚན་དང་འགྲེལ་བཤད་མང་པོ་དགོས་དོན་གང་ཡང་མེད། ཁྱེད་ཚོ་དཔྱོད་ལྡན་རེ་ཡིན་ན་མི་ངན་དེ་དག་གིས་རྒྱུ་མཚན་ལ་ཁུངས་ལུང་དང་། ཁོང་ཚོས་སྡུག་སྐད་དང་། ཆོ་ངེ་འདོན་པ་དེ་དག་གཟུར་གནས་བློ་ལྡན་དགྱེས་བྱེད་ཤིག་ཡིན་མིན་སོགས་ལེགས་པར་སོམས་ཤིག །
དཔེར་ན་གོང་གསལ་ཁང་གསར་མིང་ཅན་གྱིས་སྤེལ་བས་ཉོག་བཤད་ལ་མིག་གཤེར་རེ་གནང་དང་། ཁོས་པས་གང་བཤད་པ་དེ་དག་ཨ་ཡང་བསྐོར་ག་ཚོད་བྱས་རུང་། དག་སེལ་ག་ཚོད་བྱས་རུང་། འགྲེལ་བཤད་ག་ཚོད་རྒྱག་རུང་། མདོར་ན་དབུ་མའི་ལམ་དང་ཟམ་གདོང་རིན་པོ་ཆེར་ཁ་གཡར་ནས་དོན་དངོས་དོན་དངོས་འབབས་ས་ངོ་མ་དེ་ནང་ཁུལ་མཐུན་སྒྲིལ་དང་། སྒེར་ནད་སོགས་ཀྱིས་མ་བཟོད་པར་སྙིང་གཅོང་ནད་ཅན་དུ་གྱུར་ཟིན་པས་ངུ་ཟུག་ཞིག་ཡིན་པ་གསལ་གསལ་ཐིང་ཐིང་རེད། དཔེར་ན་ཁོས་འདི་འདྲ་ཟེར།
རང་བཙན་དང་དབུ་མའི་ལམ་པ་ཚོའི་འགལ་བའི་རྣམ་པ་དེ་ཇེ་གསལ་ཇེ་དྲག་ཏུ་བཏང་ཚུལ་དེ་ཡིན། དེ་འགྲིག་འདུག་ནོར་འདུག ཁྱེད་ཚོས་ལྟོས། མ་འོངས་པའི་ལོ་རྒྱུས་ཀྱིས་ཀྱང་བལྟ་གི་རེད་ཟེར།
འོ་ན་རང་བཙན་དང་ལམ་དབུ་མའི་ལྟ་གྲུབ་འཛིན་མཁནགཉིས་ཀྱི་བར་དུ་འགལ་འདུལ་ཡོད་ཞིག་ཡོད་པར་གངས་ཟག་བྱེ་བྲག་པའི་ལྟ་སྤྱོད་དང་འབྲེལ་ནས་ཡིན་ན་ནི་ལོ་རབས་བརྒྱད་བཅུའི་ནང་ནས་ཡོད་པ་རེད། དེ་སྤྱི་པའི་མགོ་ཐོག་ཏུ་རྡོ་ཆག་བཙན་སྒྲིག་དགོས་དོན་གང་ཡིན་ནམ། འོ་ན་ལོ་རྒྱུས་དེ་དག་མཐོང་བྱེད་ཀྱི་མིག་ཞར་ར་གང་བྱས་ནས་ཆགས་སོང་བ་རེད་དམ།
ད་དུང་ཁྱོད་ཀྱིས་སྐྱག་རྫུན་གཞན་ཞིག་སྟེ། མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པའི་ཁྲི་ལ་མ་འཁོད་ཀྱི་བར་དུ། སྤྱི་ཚོགས་ནང་། རང་བཙན་གཙང་མ་ཟེར་ནའང་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཤག་ཤག་དང་། དབུ་མའི་ལམ་ཟེར་ནའང་རྒྱབ་སྐྱོར་བྱེད་ཤག་ཤག་ཅིག་ལས། དེ་གཉིས་ཀྱི་གཅིག་ལ་རྒྱབ་སྐྱོར་བྱས་ན། གཞན་དེ་ལ་རྒྱབ་སྐྱོར་བྱེད་མི་འོས་པའི་བསམ་ཚུལ་སྤུ་ཙམ་ཡང་མེད་ཐོག བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཚོ་ཡང་། གཞུང་འབྲེལ་མིན་པའི་ཚོགས་པ་གཞན་གྱི་ཁོངས་སུ་འཛུལ་མི་ཆོག་ཀྱང་། རང་བཙན་གཙང་མའི་འདོད་ཚུལ་འཛིན་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་འཛུལ་བར་དམིགས་བསལ་ལས་དགག་བྱ་ཅི་ཡང་མེད་ཟེར་་་་་ཧ་ཧ་་་་གལ་སྲིད་སྐྱག་རྗུན་མ་བཤད་ན་རྒྱུ་མཚན་དང་གནས་ལུགས་ཀྱིས་ཁྱོད་ཕོང་སོང་བ་ཡིན་ན་ཡང་མ་མཐར་ཡང་མིག་སྔར་སྨྱོ་བཤད་མ་དགོས་བ་ཙམ་ཞིག་ཨེ་ཡོང་ལྟ་དགོས་པ་རེད།
བོད་ཀྱིས་གཞོན་ལྷན་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འགོ་ཁྲིད་དག་ལ་འཇོན་ཐང་དང་། ལྷག་བསམ། སེམས་ཤུགས། མདོར་ན་ལས་འགུལ་ལ་དགོས་པའི་མཐུན་རྐྱེན་ཡོད་ན་་་མི་མང་ངོས་ནས་མཉམ་ཞུགས་སྔར་གནང་ཡོད་ལ་ད་དུང་ཁྱོད་ཀྱིས་རི་བོང་གནམ་སྡིབ་སྡུག་བསྔལ་དགོས་པ་མ་རེད། ཁྱོད་ཀྱིས་བཤད་སྟངས་ལ་གཞིག་ན་དེང་སོང་གཞོན་ལྷན་སོགས་གཞུང་འབྲེལ་མིན་པས་ཚོགས་པ་ཁག་ལ་ལས་འགུལ་སྤེལ་སའི་འཁོར་ཡུག་མེད་པ་བཟོས་ཟིན་པ་དང་། དེ་ཡང་ཟམ་གདོང་རིན་པོ་ཆེའི་བཟོས་བཞག་པ་འདྲ་པོ་ཞིག་བཤད་འདུག །མ་ཤེས་པ་ཡིན་ན་ཁྱོད་ལ་ཁག་མེད། ཡིན་ཡང་མ་ཤེས་ན་ཡིན་གཅིག་ཨུ་ཚུགས་དགོས་པ་མ་རེད། སྨྲ་བ་ཉུང་ཙམ་བྱོས་དང་སུ་གང་གི་ཁྲལ་བསྐོལ་མཁན་ཡོད་པ་མ་རེད།དེ་ལས་ལྡོག་སྟེ་སྐབས་འཚོལ་བས་བྱ་བ་ལ་ཞུགས་གཞུང་སྒེར་སུ་ཡི་ལས་འགུལ་ཡིན་ཡང་ཁག་པོ་རེད།
མང་གཙོའི་ཡུལ་གྲུ་ཤིག་ལ་མཚོན་ན་གཞུང་འགྲེལ་མིན་པས་ཚོགས་པ་འཛུགས་ཆོག་པ་རེད་ལ་འཛུགས་དགོས་པ་ཡང་རེད། དེ་ཡང་གཞུང་ལ་མགོ་བསྔས་མ་དགོས་པར་སོ་སོའི་རྐང་པའི་སྒང་དུ་ལངས་ཐུབ་པ་དགོས་ཀྱི་འདུག །དེ་འདྲ་བྱུང་ན་ཡུལ་ལུང་དང་རྒྱལ་ཁབ་མང་པོའི་ནང་དུ་སྐབས་རེ་གཞུང་གིས་བསྒྲུབས་མ་ཐུབ་པའི་བྱ་བ་དང་རྩ་དོན་མང་པོ་གཞུང་འབྲེལ་མིན་པའི་ཚོགས་པས་བསྒྲུབས་པའི་ལོ་རྒྱུས་མང་པོ་ཡོད་པ་རེད་བཅས་ཟམ་གདོང་རིན་པོ་ཆེ་ནས་ཡང་ཡང་གསུངས་ཡོད་པ་རེད། གསུང་བཤད་དེ་ཚོ་གནང་སྐབས་ཁྱོད་ཀྱིས་ཨ་མཆོག་ནང་ཐལ་བ་བླུགས་ནས་བསྡད་པ་ཡིན་ནམ། དེ་ཙམ་ཡིན། དེ་མིན་ཁྱོད་སྐུ་སྒེར་དང་རྣམ་རྒྱལ་གྲྭ་ཚང་སོགས་ལ་ངོ་ཤེས་དང་རྒྱུས་ཡོད་པ་དེ་ཚོ་སོ་སའི་ཁ་ཕོར་ཆེད་དུ་རེད། འདིར་ཡིག་ཉོག་སྤུངས་ནས་དགོས་མེད་ཡིན་ནོ། །
ང་ཚོ་བོད་པ་ཚོས་ག་དུས་ཡིན་ནའང་མགོ་མཐོན་པོ་དང་འབངས་དམའ་མོ་ཞིག་གི་སྐད་ཆ་རེ་བཤད་ནས་མཐོན་པོ་ལ་ངོ་དགའ་དང་དམའ་བུ་ལ་བརྙས་བཅོས་བྱེད་རྐྱང་བྱེད་པ་དེ་འདོར་ན་བཟང་། ལམ་ཁ་གསར་བཟོ་མ་བྱས་ན་མི་ཐར་ས་དང་ཐབས་ལམ་གསར་གཏོད་མ་བྱས་ན་མ་འདང་བ་ཞིག་ཡོད་པ་མ་རེད། ང་ཚོ་བོད་རྒྱལ་ཁབ་དེ་རྒྱ་ནག་གིས་བཙན་འཕྲོག་བྱས་པ་ལ་བོད་རང་དབང་རང་བདག་གི་འཐབ་རྩོད་བྱེད་དགོས་ཀྱི་རེད། བོད་རང་དབང་རང་བདག་གྱི་འཐབ་རྩོད་དེ་མི་རབས་དང་མི་རབས་བརྒྱུད་ནས་རྩོད་དགོས་ཀྱི་རེད། དེ་ལ་ཚང་མ་རྡོག་རྩ་གཅིག་བསྒྲིལ་བྱེད་དགོས་པ་རེད། གལ་ཏེ་འཐབ་རྩོད་དེའི་ངོ་བོ་གཞན་དང་གཞན་ལ་བསྒྱུར་ནས་གཡོ་ཐབས་འདྲ་པོ་དང་བསླུ་ཐབས་འདྲ་པོ་ཞིག་བྱེད་བསམ་རུང་དེ་ནི་ང་ཚོ་བོད་པ་ལས་བརྒྱ་འགྱུར་གྱི་རྒྱ་མི་ཚོ་མགོ་བདེ་པོ་དང་ཐབས་ཤེས་མཁས་པ་ཡོད་པས་མཐའ་མ་རང་མགོ་རང་གཅོག་ལས་ཡོད་པ་མ་རེད། དེ་བས་དྲང་བདེན་གྱི་ལམ་ནས་བོད་རྒྱལ་ཁབ་ཅིག་ཡིན་པ་ལ་འཛམ་གླིང་སྤྱི་མཐུན་ལྟར་སོ་སོས་རང་འགན་ཁུར་ནས་རང་དབང་རང་བདག་དེ་མུ་མཐུད་དུ་བརྩད་ན་བཟང་གི་རེད། ལོ་ངོ་ཁ་ཤས་ཤིག་གི་རིང་གྲུབ་འབྲས་བྱུང་མ་སོང་ཟེར་ནས་ཡིད་ཆད་སོང་ན་དཔེ་སྐྱོ་བོ་རེད། མི་ཚེ་དང་མི་རབས་བརྒྱུད་ནས་རྩོད་དགོས་པ་ཞིག་རེད། ད་ལྟ་ང་ཚོའི་རང་བཙན་འཐབ་རྩོད་ངོ་བོ་ཆ་ཚང་བ་དེ་མ་བརླག་པ་ཞིག་དང་མི་རབས་རྗེས་མ་ལ་རང་བཙན་འཐབ་རྩོད་དེ་ཇི་བཞིན་ངོ་སྤྲོད་ཐུབ་པ་ཞིག་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད།
ཁང་གསར་ལགས་ནས་མུ་མཐུད་རྩོམ་མང་ཙམ་སྤེལ་ན་ངོ་མཚར་འདུག
བསམ་ཚུལ་མཐུན་མིན་གཙོ་བོ་མིན་པར་གང་ལྟར་བོད་དོན་ཐད་སེམས་འཁུར་བྱེད་མཁན་གྱི་རྩོམ་པ་པོ་ཁངས་གསར་རྡོ་རྗེས་སྙུག་གུ་ཐང་དུ་བཞག་པ་འདྲ་བསམ་སྟེ་སེམས་ཁྲལ་བཞིན་ཡོད། དེ་རིང་ལོ་གསར་བའི་ནང་དུ་ཆབ་སྲིད་དཔྱད་བརྗོད་ཅིག་དང་ལྷན་དུ་མཇལ་བས་སྤྲོ། མུ་མཐུད་ནས་དཔྱད་བརྗོད་སྣ་མང་སྤེལ་རོགས་ཞུ། ལྷག་པར་འཚམས་འདྲི་ཞུ། སྟོང་ལོ་བཅུ་གསུམ་ནང་ཉིད་ཀྱི་སྙུག་རྩེ་སྔར་བཞིན་སྤྱི་ཚོགས་སུ་ཁ་ཕྱོགས་ཏེ་སྤྱི་ཚོགས་བསྔོག་འདོན་མཁན་ཞིག་ཏུ་འགྱུར་བར་སྨོན། རྒྱ་གར་རྒྱལ་ས་ལྡི་ལི་མ་ཅིག་ཌིས་ལའི་འཚིག་ཇ་འཐུང་ས་ཞིག་ནས།
་བོད་དོན་ཐོག་ཏུ་སྐད་ཆ་བཤད་ཡོང་དུས་་གནད་དོན་མ་རེད་སེམས་ཚོར་རེད་ཟེར་ནས་དགག་པ་བརྒྱབ་མཁན་ཚོ་ལ་ཞུ་རྒྱུ་ཞིག་ཡོད།
རེད་་་ང་ཚོ་ལ་སེམས་ཚོར་ཡོད། སེམས་སྡུག་ཡོད། མིག་ཆུ་ཡོད། སྡུག་བསྔལ་ཡོད། ང་རྒྱལ་ཡོད། ཞེ་སྡང་ཡོད། དགའ་ཞེན་ཡོད། རེ་བ་ཡོད། ཕུགས་བསམ་ཡོད། ཡིད་ཆེས་ཡོད། གཏན་ཚིགས་ཡོད། རིག་པ་ཡོད། ཚིག་ངན་ཡོད། འདི་དག་ང་ཚོའི་རྒྱུད་ཀྱི་ཚོར་བ་དང་འདྲེན་ནས་ཡོད། ཉལ་ན་གཉིད་མི་ཡོང་། ཟས་ལ་བཅུད་མི་ཡོང་། མགྱོགས་པོ་རྒད་བཞིན་ཡོད།
ཁྱོད་ཚོ་ལ་ག་རེ་ཡོད་དམ། སེམས་ཚོར་མེད། སེམས་སྡུག་མེད། མིག་ཆུ་མེད། སྡུག་བསྔལ་མེད། ང་རྒྱལ་མེད། ཞེ་སྡང་མེད། དགའ་ཞེན་མེད།་རེ་བ་མེད། ཕུགས་བསམ་མེད། ཡིད་ཆེས་མེད། གཏན་ཚིགས་མེད། རིག་པ་མེད། ཁྱོད་ཚོའི་རྒྱུད་ལ་མེད་པ་འདི་དག་རེད།
ཅི་བསམ་འདི་དྲན་མེད་པའི་མི་དེ་ཚོས་མི་གཞན་གྱིས་སེམས་ཚོར་གཙང་མ་རེ་བཤད་ཡོང་དུས་གཏན་ཚིགས་རིག་པའི་དགག་བྱ་མེད་པར་ཚོར་བ་རེད་ཟེར་བའི་ལུགས་སྲོལ་ཞིག་བོད་ཡིག་དྲ་རྒྱ་ཁག་ཏུ་ངན་ཁ་དར་ནས་ཡོད། དུས་ཚོད་འདི་འདྲ་ལ་སེམས་སུ་ཚོར་བ་མེད་པའི་བོད་མི་ཞིག་ཡིན་ན་དུར་འགྲོ་རེད།
མིག་ལ་མཆི་མ་མེད་ན་ཕུང་འདྲེ་རེད། སེམས་ལ་ང་རྒྱལ་མེད་ན་ཤི་རོ་རེད། ཁ་ལ་གཏན་ཚིགས་མེད་ན་ལྐུག་གཏམ་རེད། སེམས་རེ་བ་མེད་ན་ལྐོག་གཟན་རེད་དོ།་་་་རྗེས་སུ་བསམ་བློ་ཐོངས་ནས་བཤད་རོགས་བྱོས།
ཨོ་ཧཧཧཧ་་་ཨ་རིག་དགེ་མཐོང་ལགས་་ཁྱེད་ཀྱིས་སྔོན་མ་ཁང་གསར་རྡོ་རྗེ་ལ་ཏྭ་ལའི་བླ་མའི་དགྲ་བོ་ཟེར་ནས་བྲིས་པའི་རྩོམ་ཡིག་དེར་ངས་བརྗེད་མེད་ད།
དེའི་ཕྱིར་ངས་ཁོང་ལ་ལྟ་ཚུལ་མཐུན་མིན་མི་གཙོ་བར་བོད་རྩོམ་འབྲི་མཁན་དང་ལྷག་པར་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བཟང་ངན་གང་ཐད་ནས་དཔྱད་བརྗོད་འབྲི་མཁན་ཚོར་ང་བརྩེ་བ་ཟབ། དེའི་ཕྱིར་ལབ་པ་ཡིན། མཐའ་ན་བོད་ཡིག་གི་ལམ་ནས་འཕྲིན་ཐུང་ཞིག་འབྲི་ཐུབ་མིན་དོགས་གནས་སུ་གྱུར་བའི་ཅོ་རི་ཁྱེད་ལ་ཡང་དེའི་ཐད་ནས་བརྩེ་བ་ཡོད། ཀུ་རེ།
དངོས་ནས་ཨ་རིག་དགེ་མཐོང་འདི་ལ། བོང་རྫིས་མིང་དེ་འབྱོར་བོ་ཞེ་དྲག་འདུག གྱང་ཁའི་རྩ།
མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།།
རྔམ་ནག་བཞིན་གྱི་གཉེར་མ་མི་དྭངས་པ།།
མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི།།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།ཅེས་པ་ལྟར།ཁང་རྡོ་ཟེར་རྒྱུས་ཕོངས་ནས་ཁ་ཡར་དཀྱུ་མར་དཀྱུས་ཙམ་བྱས་འདུག་མ་གཏོགས།གོང་གི་མ་གོ་གླུ་ལ་འགྲེལ་བ་མེད་པ་དེར་འགྲེལ་མེད་དོན་གཞན་གྱི་སྔོ་ལོའི་རྒྱལ་མཚན་བསྒྲེངས་འདུག་པ་ཙམ་རེད།
ང་ཚོ་བོད་མིར་ཆབ་སྲིད་བསམ་བློའི་གོ་རྟོགས་དམན་པ་དང་།དཀྱེལ་ཡངས་བསམ་བློ་མེད་པས་མཆན་མཁན་མང་དག་གིས་དབུ་རང་ཕྱོགས་སོ་སོའི་ལྟ་ཚུལ་གཙོར་བཟུང་དང་།རང་གི་ཞེན་ཕྱོགས་ནས་བསམ་ཚུལ་སྤེལ་བ་ལས་དོན་དངོས་རྩོམ་པ་པོའི་དམིགས་དོན་བཞིན་དབུ་རང་གཉིས་འགལ་འབྲེལ་ཐད་ཀྱི་ན་ཚ་ངོ་མ་དེ་དག་ལས་དམིགས་ནས་བསམ་ཚུལ་ཤོད་མཁན་ཧ་ཅང་ཉུང་བ་བློ་ཕམ་རེད།
ང་རྒྱུན་དུ་ཟམ་གདོང་བླ་མའི་མཛད་སྤྱོད་ལ་གུས་བརྩི་ཚད་མེད་ཞུ་མཁན་ཞིག་ཡིན་མོད།ཁོང་གི་མཛད་པའི་ཆ་ཤས་དབུ་རང་གཉིས་ལ་འཛིན་པའི་སྲིད་བྱུས་དང་།རྒྱ་ཕྱོགས་ལ་བསྟུན་མཁས་བྱས་པའི་ཆབ་སྲིད་ཀྱི་ནོར་འཁྲུལ་འགའ་ཤས་ང་ཚོས་གླེང་མི་ཆོག་པ་མེད།གླེང་དགོས་ངེས་རེད།འོན་ཀྱང་ནོར་འཁྲུལ་དེ་འདྲ་ཞིག་གིས་ཟམ་གདོང་བླ་མའི་མཛད་པ་སྤྱི་ལ་ནག་པོ་ཆགས་པའི་ངེས་པ་མེད།
བཙན་བྱོལ་སྤྱི་ཚོགས་ཀྱི་ཆེས་ཕུལ་དུ་བྱུང་བའི་ཆབ་སྲིད་དཔྱད་བརྗོད་པ་ཁང་གསར་རྡོ་རྗེ་ལགས་ཀྱི་ཆབ་སྲིད་ཀྱི་དཔྱད་བརྗོད་སྤེལ་རྒྱུར་སྒུག་ནས་ཡུན་རིང་ཙམ་སོང་།ང་ཚོ་གནད་དོན་མང་པོའི་ཐད་བསམ་ཚུལ་མཐུན་མིན་ཇི་ལྟར་ཡང་སྤྱི་ཚོགས་འདིར་ཆབ་སྲིད་ཀྱི་དཔྱད་བརྗོད་རིན་ཐང་ཅན་འདི་འདྲ་མཐོང་རྒྱུ་མེད་པའི་ས་བཅད་སྟོང་པ་དེ་བཀང་རོགས་ཞུ་རྒྱུ་ཡིན།མུ་མཐུད་ནས་དེ་ལྟའི་ཆབ་སྲིད་ཀྱི་དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་སྤེལ་རོགས་ཞུ་རྒྱུ་ཡིན།
རང་བཙན་པའི་འདོད་པ་་་་་་་་་་་་་་་་་དང་་་་་་་་་་་་་་་་་་་་་་དབུ་མ་ལམ་པ་བའི་འདོད་པ།
༡་་་བཙན་བྱོལ་བོད་གཞུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཙན་བྱོལ་སྒྲིག་འཛུགས།
༢་་རང་བཙན་མ་དངུལ་ལག་དེབ་་་་་་་་་་་་་་་་་་་་་་་་་་་་་་་་་དང་བླངས་བཅའ་ཁྲལ་ལག་དེབ།
༣་་་དམངས་གཙོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མང་གཙོ།
༤་་་བཙན་བྱོལ་མི་དམངས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཙན་བྱོལ་མི་མང།
༥་་་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་་་་་་་་་་་་་་་་་་་་་་་་་་བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆེ་བློ་གཏོད།
༦་་་དམར་ཕྱོགས་པའི་རྩ་ཁྲིམས་དོར་ཐབས་་་་་་་་་་་་་་་་་་་་་་་དམར་ཕྱོགས་པའི་རྩ་ཁྲིམས་འོག་ཏུ་སྡོད་ཐབས།
༧་་་སྐར་ལྔའི་དར་དམར་མར་ཕབ་ཐབས་་་་་་་་་་་་་་་་་་་་་་་་་་སྐར་ལྔའི་དར་དམར་ཡར་འཕྱར་ཐབས།
༨་་་བོད་ཀྱི་བདག་པོ་བོད་མི་འདོད་པ་་་་་་་་་་་་་་་་་་་་་་་་་་་་་བོད་ཀྱི་བདག་པོ་མེས་རྒྱལ་འདོད་པ།
ད་དུང་མང་ཡང་དེ་ཙམ་གྱིས་ཆོག་པ་བྱེད། འདི་དག་རང་བཙན་པ་དང་དབུ་མའི་ལམ་པ་གཉིས་ཀྱི་མི་མཐུན་པའི་ཕྱོགས་རྣམས་རེད་འདོད།
ཕྱོགས་གཉིས་ཀའི་འདོད་པ་མཐུན་ས་རྣམས།
༡་་་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ།
༢་་་ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་འཛིན་སྐྱོང་།
༣་་་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང།་་་འདི་དག་མཐུན་སའི་ཕྱོགས་གཏོགས་རྣམས་རེད་འདོད། མི་མཐུན་པའི་ཆ་རྣམས་ལ་མཐུན་ཐབས་འདྲ་ཡོད་ན་གསུང་རོགས་གནང་།
གནས་ལུགས་དང་རྒྱུ་མཚན་མདུན་དུ་སྤུངས་པའི་དཔྱད་བརྗོད་ལ་ཆོ་མེད་ཉོག་གཏམ་གླེང་བ་ལས་གནས་ལུགས་ཡོད་པའི་སྐད་ཆ་བཤད་ན་དགེ་མཚན་ཆེ་བར་མཐོང་། ཁང་གསར་ལགས་ཀྱི་ཆེད་རྩོམ་འདིའི་སྤྱི་ཁོག་ལ་འདོད་མོས་ཡོད་མཁན་སྣ་ཚོགས་ཡོད་སྲིད་ཀྱང་ཁོང་གིས་སྤུངས་པའི་གནས་ལུགས་དེ་དག་མ་རེད་ཟེར་རྒྱུ་ཅང་མ་མཐོང་།
ཁང་གསར་རྡོ་རྗེའི་རྩོམ་ཡིག་ཅིག་མ་མཐོང་བར་ཡུན་རིང་སོང་། དེ་རིང་གཞི་ནས་ཁོའི་རྩོམ་ཡིག་ཅིག་མཐོང་བས་དགའ་བོ་བྱུང་། འོན་ཀྱང་ཁོའི་རྩོམ་ཡིག་གི་ནང་དོན་དེ་དག་ལ་ངོས་ལེན་གཙང་མ་ཞིག་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། ཁོའི་བཤད་རྒྱུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུ་ལམ་ཁ་ལ་འཁྱེར་ནས་ད་སྐབས་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་བར་ལ་ཞུ་མི་ཐུབ་པའི་ཞེན་འཁོན་ཞིག་དང་། སེལ་མི་ཐུབ་པའི་འགལ་ཟླ་ཞིག འདུམ་མི་ཐུབ་པའི་ཁ་མཆུ་ཞིག་བསླངས་ཡོད་རབས་ཟེར་བཞིན་པ་འདི་རེད། དོན་ངོ་མ་མཁས་ཟམ་གདོང་རིན་པོ་ཆེའི་དབུ་མའི་ལམ་གྱི་སྐོར་ནས་བཀའ་སློབ་སྔ་ཕྱི་གང་ལ་ཉན་ནའང་དབུ་མའི་ལམ་གྱི་མཐར་ཐུག་གི་དམིགས་ཡུལ་འགྲུབ་ཆེད་འབད་བརྩོན་བྱས་པ་རྐྱང་རྐྱང་ལས། འཐབ་རྩོད་ཕྱོགས་ཁག་གཉིས་ཀྱི་བར་ལ་འགལ་ཟླ་བཟོས་པའམ་སློང་བ་ཞིག་ཁོང་གི་བཀའ་སློབ་ཁག་ལ་ཞིབ་ཏུ་ཉན་ན་གཏན་ནས་མེད་པ་གསལ་པོ་ཤེས་ཐུབ་པ་ཞིག་རེད།
སྤྱིར་དབུ་མའི་ལམ་གྱི་ཐོག་འགྲེལ་བཤད་རྒྱས་བསྡུས་སྣ་ཚོགས་ཤིག་བརྒྱབས་ཀྱང་མི་འགྲིག་པ་གང་ཡང་མེད་ཀྱང་། དབུ་མའི་ལམ་གྱི་རྩ་དོན་ཁ་ལ་འཁྱེར་ནས་རང་ཉིད་ཀྱི་ཁེ་གྲགས་དོན་དུ་གཉེར་མཁན་ཡོད་ཀྱང་ཟམ་གདོང་རིན་པོ་ཆེས་རང་ཉིད་ཀྱི་གནད་དོན་དེ་འདྲ་ཞིག་གི་ཆེད་དབུ་མའི་ལམ་ལག་ཆ་ཞིག་ཚད་དུ་བཟུང་ཡོད་གི་ཟེར་ན། དེ་ནི་ངོ་མ་དགོད་བྲོ་བ་ཞིག་མ་ཡིན་ནམ། ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ནི། རང་ཉིད་ཀྱིས་གཞུང་དོན་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་མཁན་ཚོ་དང་། གནས་ལུགས་དང་རྒྱུ་མཚན་གང་ཡང་མི་ཤེས་པའི་ཟེར་སྒྲོས་ཁོ་ནའི་རྗེས་སུ་འབྲངས་མཁན་ཚོ་རེད།
མཁས་དབང་ཁོང་གིས་གཞུང་དོན་དང་སྤྱི་ཐོག་ནས་གང་ནས་འགྲིག་གི་མེད་ན་གཞུང་དོན་དང་སྤྱི་སེམས་ཤིག་གི་ཐོག་ནས། དྲང་གཏམ་དང་བདེན་དོན་ཞིག་གི་ལམ་ནས་ཐད་ཀར་སྟངས་འཛིན་དང་བཀག་བསྡོམས་བྱེད་ཀྱི་ཡོད་སྟབས། ཅོལ་ཆུང་དང་ཟེར་རྗེས་འབྲངས་མཁན་ཚོས་རང་སྐྱོན་ལ་ངོས་ལེན་དང་རང་ཉེས་ལ་དག་སེལ་བྱེད་མ་ཐུབ་པས། རང་ཉིད་ལ་སྐྱོན་མེད་མདོག་མདོག་གིས་ངོ་ཚ་ཁྲེལ་མེད་ཀྱིས་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་པ་ཞིག་ལས། དོན་དམ་པའི་ཟམ་གདོང་ཁོང་ལ་སྐྱོན་དེ་ཡོད་ནས་བཤད་པ་ཞིག་མ་རེད། འདི་དག་ནི་ངའི་སྐད་ཆ་དྲང་མོར་བཤད་པ་ཡིན། ཞིབ་ཏུ་བསམ་བློ་བཏང་ན་དེ་འདྲ་ཞིག་རེད།
རྣམ་སྲས་ཟེར་མཁན་འདི་མི་དགོད་སྤྲོ་བ་ཞེ་བོ་ཅིག་འདུག ཟམ་གདོང་རིན་པོ་ཆེ་བཀའ་སློབ་སྔ་ཕྱི་ཚང་མ་དབུ་མའི་ལམ་གྱི་ཆེད་དུ་རེད་ཟེར་བ་འདྲ་བོ་ཅིག་ལབ་ནས་གནས་ལུགས་བཤད་ཀྱིན་ཡོད་པའི་ཁུལ་རེད།ཟམ་གདོང་ཆེ་ཡི་དབུ་མའི་ལམ་ལ་འགྲེལ་བརྗོད་བྱེད་ཀྱིན་མི་འདུག་གང་ཡང་ལབ་མི་འདུག་ད། ལབ་ཡ་མང་དྲག་ནས་བོད་མི་མང་ཐོམ་བསྡད་འདུག་ལབ་ཀྱིན་འདུག་ད།འདི་ཙམ་ཡང་གོ་བ་ལེན་མ་ཤེས་ན་གཞན་ལྟ་ཅི།ཟམ་གདོང་རིན་པོ་ཆེ་ག་རེ་བྱས་ནས་གླེང་དགོས་བ་གང་ནས་རྟོགས།ཞེ་དྲགས་དགོད་སྤྲོ་བ་ཞིག་འདུག
ཅོ་རི་ཉི་མས་ཅོལ་ཆུང་མགོ་གཉིས་མའི་གཏམ་ཞིག་བཤད་འདུག
སྤྱི་ཚོགས་ཙན་དན་ལྗོན་པ་ལ། །
བསམ་ཚུལ་མི་འདྲ་ཡལ་ག་མང་། །
ལོ་མའི་ཤིང་ཕྲན་སྐེམ་པ་ལ། །
ལྗོན་པ་སྐེམས་པའི་སྒྲོ་འདོགས་གླེན། །
གང་ཟག་དང་མི་སྒེར་ཁག་ཅིག་གི་ལྟ་ཚུལ་མི་མཐུན་པ་རྣམས་དབུ་མའི་ལམ་དང་རང་བཙན་གི་མགོ་ལ་བཙན་གཡོགས་བྱེད་པ་འདི་ནི་བསམ་བློའི་ཕུགས་ཐག་མི་གཙང་བའི་ཉེན་ཁ་ཅིག་རེད།
༡ བཙན་བྱོལ་གཞུང་དང་བཙན་བྱོལ་སྒྲིག་འཛུགས་གཉིས་ནི་ཚིག་མི་འདྲ་བ་ཙམ་ལས་དོན་ལ་གཉིས་སུ་མེད།
༢ རང་བཙན་ལག་དེབ་དང་དཔྱའ་ཁྲལ་ལག་དེབ་གཉིས་ཀྱང་མིང་གི་ཁྱད་པར་ཙམ་ཁོ་ན་ཡིན།
༣ དམངས་གཙོ་དང་མང་གཙོ་གཉིས་ནི་སྔ་མ་རྒྱ་ཡིག་ལས་འགྱུར་པ་དང་ཕྱི་མ་ཨིན་ཡིག་ལས་འགྱུར་པ་ཅིག་ཡིན། རང་བཙན་པ་དང་དབུ་མ་བ་གཉིས་ལ་འབྲེལ་བ་མེད།
༤ བཙན་བྱོལ་མི་དམངས་དང་བཙན་བྱོལ་མི་མང་གཉིས་ཀྱང་གོང་མཚུངས་ལྟར་ཡིན་པས་ཚིག་ལྷག་རེད།
༥ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དང་། བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་བྱེད་པ་ནི་རང་བཙན་པ་དང་དབུ་མ་བཡོངས་ཀྱིས་ཁས་ལེན་དགོས་པ་ཞིག་དང་། ལྟ་ཚུལ་ཀྱང་གཅིག་མཐུན་ཡིན་པ་ལས་ཕན་ཚུན་འགལ་བ་གང་ཡང་མིན།
༦ དམར་ཕྱོགས་པའི་རྩ་ཁྲིམས་དོར་ཐབས་དང་དམར་ཕྱོགས་པའི་རྩ་ཁྲིམས་འོག་ཏུ་སྡོད་ཐབས་ཟེར་པ་འདི། ཁྱབ་པ་མེད་པའི་ཆ་ཤས་གཅིག་ཡིན་པ་དང་། རྐང་སེན་མགོ་ལ་མི་འཇོག་པར་བྱ།
༧ སྐར་ལྔའི་དར་དམར་མར་ཕབ་ཐབས་དང་སྐར་ལྔའི་དར་དམར་ཡར་འཕྱར་ཐབས་ཟེར་པ་འདི་དབུ་མའི་ལམ་ལ་མ་ཉེས་ཁག་གཡོག་གི་རང་བསམ་གཞན་འགེལ་ཅིག་དང་། ཆེད་བཙུགས་སྐྱོན་འདོགས་ཞིག་ཀྱང་རེད།
༨ བོད་ཀྱི་བདག་པོ་བོད་མི་འདོད་པ་དང་བོད་ཀྱི་བདག་པོ་མེས་རྒྱལ་འདོད་པ་ཟེར་པ་འདིའང་རྐང་བཙུགས་ནས་རང་བསམ་བདེན་ངོམས་དང་དབུ་མའི་ལམ་ལ་གཞི་མེད་ཀྱི་ཉེས་འདོགས་ཁོ་ན་རེད།
མདོར་ན། ཅོ་རི་ཉི་མས་རང་སེམས་རྣམ་རྟོག་གི་རྫ་རི་ལ་ཕྱོགས་ཞེན་སྨུག་པའི་སྤྲིན་ནག་འཐིབས་བཞིན། ནད་རྙིང་ཚིག་ཉོག་གི་སེར་པ་རྡོག་པོ་འགའ་ཡར་སྒྲིག་མར་འཕེན་བྱེད་རྩིས་དང་ཅིས་མི་མཚུངས།
ངས་་དབུ་མའི་ལམ་རྒྱབ་བསྐྱོར་བྱེད་ཀྱིན་ཡོད་། ཡིན་ཡང་། རྒྱས་དབུ་མའི་ལམ་གྱི་འདོད་པ་ཁས་ལེན་གང་ཡང་མ་བྱས་བའི་སྔུན་ལ་་རྒྱ་དར་མགོ་ལ་འཁུར་མཁན་དང་དེ་ལ་རྒྱབ་བསྐྱོར་བྱེད་མཁན་རྣམས་ནི་རྒྱའི་རྒྱུག་ཁྱི་ཞིག་གམ་སྐབས་འཚོལ་བ་ཞིག་ཏེ་རང་དོན་འཚོལ་མཁན་ཞིག་ལ་དངོས་འཛིན་ཀྱི་ཡོད་།་
ཐུ་བ་རྒྱ་མཚོ་ལགས།
རི་མཐོ་པོའི་འགོ་ནས་ཀི་བརྒྱབ་ན་མ་གོ་ཟེར་མཁན་དེ་འོན་པ་དང་།
ཐང་བདེ་མོའི་དཀྱུས་ལ་རྟ་རྒྱུགས་ན་མཐོང་ཟེར་མཁན་དེ་ལོང་བ་རེད། ཅེས་པ་ལྟར་ཁྱད་པ་དེ་ཙམ་མ་ཤེས་ན་དྲ་ཐོག་ཅིག་འབྲི་གི་མ་འདུག མི་མང་པོའི་མིག་གིས་བལྟས་བསྡད་ཡོད་རེད་དོ།
ཐུ་བ་རྒྱ་མཚོ་ལགས།
རི་མཐོ་པོའི་འགོ་ནས་ཀི་བརྒྱབ་ན་མ་གོ་ཟེར་མཁན་དེ་འོན་པ་དང་།
ཐང་བདེ་མོའི་དཀྱུས་ལ་རྟ་རྒྱུགས་ན་མ་མཐོང་ཟེར་མཁན་དེ་ལོང་བ་རེད། ཅེས་པ་ལྟར་ཁྱད་པ་དེ་ཙམ་མ་ཤེས་ན་དྲ་ཐོག་ཅིག་འབྲི་གི་མ་འདུག མི་མང་པོའི་མིག་གིས་བལྟས་བསྡད་ཡོད་རེད་དོ།་་་་ཅེས་བཅོས་རོགས་བྱོས
དབུ་མའི་ལམ་ནས་བོད་དོན་རྩོད་པ་དང་། །
རང་བཙན་སྒང་ནས་བོད་དོན་རྩོད་པ་གཉིས། །
ལྟ་བའི་ལངས་ཕྱོགས་ཐ་དད་ཡིན་ན་ཡང་། །
གཉིས་ཀ་བོད་དོན་ཡིན་པས་བཀུར་བར་འོས། །
མི་ཡིས་མི་སྐད་མི་རྒྱག་དུས་ངན་འདིར།།
འདྲེ་ཡིས་མི་སྐད་རྒྱག་པས་ངའི་སེམས་མགུ།།
བོད་ནང་གི་སང་རྡོར་དྲ་བ་སྒོ་བརྒྱབ་འདུག
ང་ཚོད་མིའི་གཤིས་སྤྱོད་ཟེར་ན་ཅུང་ཐལ་ཆེ་སྲིད། གང་ལྟར་དེང་སང་དྲ་འབུ་ཁ་ཤས་ངོ་མ་དགོད་མོར་ཤོར་བྱེད་རང་རེད་འདུག །རྩོམ་ཡིག་ཀྱ་ཀྱོག་རེ་དང་། དེ་ཡང་གཞུང་དང་། བྱས་པ་ཅན་མི་སྣར། དེ་བཞིན་ལྷག་བསམ་ཅན་དང་། ཤེས་ཡོན་ཅན། ཉམས་མྱོང་ཅན། སྤྱི་ཚོགས་ནང་འགན་ཁུར་ཏེ་ཕྱག་ལས་གནང་མཁན་དག་ལ་གཞི་མེད་སྐྱོན་འཛུག་དང་འཁྱོག་བརྗོད་བྱེད་མཁན་ཞིག་མཐོང་ཚེ་རང་ཉིད་ཀྱིས་དཔྱད་པ་གང་མི་དགོས་པར་ལམ་སེང་གཡམ་བརྒྱུགས་ལ་དགའ་བ་དང་། སྐྱེ་བོ་དེ་ནི་ངོ་མ་དུས་གསུམ་གསལ་གཟིགས་ཀྱི་མཁྱེན་རྩལ་ལྡན་མཁན་ཞིག་མིན་ནམ་བསམ་བསམ་འདྲ་བཟོ་བཞིན་ཆོ་ལོ་དང་། འགྲེལ་བཤད། ངོ་སྤྲོད་པ་སོགས་ལ་བརྩོན། རང་ཉིད་ཡང་རྣམ་དཔྱོད་ཅན་དང་། ཤེས་ཡོན་པ། དེ་བཞིན་དཔྱད་བརྗོད་མཁན་དང་། དྲང་ཚུགས་ཅན་ཞིག་ཏུ་རློམ། མདོར་ན་གོང་དུ་སྨོས་མ་ཐག་པའི་མི་བུ་ཕྱོགས་གཉིས་ཀ་གསར་འགྲོགས་ལ་དགའ་བ་དང་། རང་ཚུགས་མི་བརྟན་པ། གཡོ་སྒྱུ་ཆེ་བ། དམིགས་ཡུལ་ངན་པ་སོགས་ནི་མི་བུ་དེ་ཚོའི་གཤིས་སྤྱོད་ངོ་མ་ཡིན་པར་འདོད ། རང་ཚུགས་ཅན་དང་། གཟུར་གནས་རྣམ་དཔྱོད་ལྡན་པ། ཉམས་མྱོང་དང་། ཤེས་ཡོན། ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཆེས་ཕུལ་དུ་ཕྱིན་པའི་སྐྱེས་བུ་དག་ནི་རང་རང་གི་སྐབས་བབ་ཀྱི་འགན་དབང་གང་ཡོད་སྐྱོང་བཞིན་མི་བུ་ཐལ་ཤལ་དག་ལ་བྱམས་སྙིང་རྗེ་རེ་སྒོམ་བཞིན་མི་སྨྲ་བས་གནས་སུ་བཞུགས། དགོས་གལ་ནམ་བྱུང་ལ་ཆབ་དཔལ་རིགས་གསུམ་གང་ལ་ཡང་ཐོག་པ་མེད་པར་ ཁོང་ཚོ་ལ་གྲ་སྒྲིག་ཨང་གསར་ཡོད། སྐྱེས་བུ་དེའི་རིགས་ནི་གངས་ཅན་པའི་རྒྱན་ལོས་ཡིན། སྔར་མ་དག་ནི་གངས་ཅན་པའི་རྒྱན་ཡིན་དང་མཚང་ཡིན་ངས་མི་བཤད།།
(ཟམ་གདོང་རིན་པོ་ཆེ་ཇི་ཙམ་གྱིས་མཁས་པ་ཡིན་པ་དང་། ཇི་ཙམ་གྱིས་བོད་ལ་དྲིན་ཅན་ཡིན་པ་དེ། ང་ལ་ཇི་ཙམ་བཤད་རྒྱུ་ཡོད་པ་དེ་ཙམ་ཞིག་དྲ་ལམ་འདི་ན་དགེ་འདུན་རབ་གསལ་ལ་མ་གཏོགས་ཅང་བཤད་རྒྱུ་ཡོད་ཀྱི་མ་རེད།)
འདི་ནི་ཁ་ཡག་ངོ་དགའ་ཞིག །འདི་ནི་བཅོས་མའི་གཅམ་བུ་ཞིག །ཐག་གཅོད་དང་སྡོམ་ཚིག་འདི་འདྲ་ལ། །སེམས་གཏིང་ནས་གད་མོ་འཆོར་གི་འདུག
(རང་བཙན་རྩོད་པ་དང་རང་སྐྱོང་རྩོད་པ་གཉིས་ཀ་བཅའ་ཁྲིམས་ཀྱིས་ང་ཚོར་སྩལ་བའི་ཁེ་དབང་རེད། བཅའ་ཁྲིམས་དེར་མཚན་རྟགས་གནང་མཁན་༸གོང་ས་མཆོག་རེད། དེར་བརྟེན། དེང་སང་ཇི་ལྟར་ནང་བ་ཚོས་ཐེག་ཆེན་ཐེག་དམན་ཀུན་ལ་མོས་མོས་བྱེད་པ་ཙམ་མ་ཟད། ཧིན་དུ་དང་ཁ་ཆེ་སོགས་ལའང་གུས་ཞབས་བྱེད་པ་ཇི་བཞིན། མང་ཚོགས་དཀྱུས་མ་ཚོས་བོད་ཀྱི་སྤྱི་དོན་རྩོད་པའི་རང་བཙན་དབུ་མ་གཉིས་ཀ་ལའང་གུས་གུས་བྱས་ན་ཅི་ཞིག་འདུག)
འདི་ནི་ཅི་འདྲའི་བདེན་པ་ཞིག །འདི་ནི་ཅི་འདྲའི་དངོས་ཡོད་ཅིག །བདེན་པ་དང་དངོས་ཡོད་འདི་འདྲ་ལ། །སེམས་གཏིང་ནས་ཡི་རང་ཅིས་མི་བྱེད། །
ཁང་གསར་རྡོ་རྗེ་ལགས་ཀྱི་རྩོམ་ཡིག་ཅིག་མཇལ་བྱུང་བས་ཤར་ཀློག་ཐེངས་གཅིག་བྱས། བོད་ཀྱི་འདས་མ་ད་གསུམ་གྱི་གནས་དོན་དང་འབྲེལ་བའི་བསམ་ཚུལ་དྲང་པོ་ཞིག་རེད། ཤེས་ཡོན་ཅན་ཞིག་གིས་མི་མང་གི་བློ་སྒོ་འབྱེད་ཟེར་བ་ཡང་དེ་འདྲ་རང་རེད། བགྲོ་གླེང་མང་ཙམ་གནང་རོགས། ཐུགས་རྗེ་ཆེ།