སྤྲུལ་སྐུ་དབང་ཆེན།
ཀ་ལིའི་རི་མོ་ཟེར་ནས་ལག་སྟོང་དུ།།
ཁ་རོག་མགོ་བོ་རྒྱ་འདྲེར་མ་སྒུར་དང་།།
ག་འདྲའི་ཛ་དྲག་དཀའ་ཚེགས་ཅི་བྱུང་ཡང་།།
ང་ཚོར་རྒྱལ་ཁབ་ཤིག་གི་འགན་དབང་ཡོད།།
ཅ་དག་ཁང་བཟང་རེ་ནས་ཞི་བདེའི་ཚིགས།།
ཆ་སྤྱད་ལག་གཉིས་ཐལ་སྦྱར་རྡར་མའི་ལུགས།།
ཇ་ཆང་ཕོར་ཁ་གང་གི་སྐྱིད་སྡུག་མིན།།
ཉ་ཉོག་ས་ཡ་དྲུག་གི་འདུན་ལམ་སོམས།།
ཏ་ལའི་བླ་མ་བླ་མའི་ས་ནས་བཀུར།།
ཐ་སྙད་ཆབ་སྲིད་ངོ་བོ་སོ་སོར་ཕྱེས།།
ད་ལྟ་བོད་མིའི་རང་དབང་འཐབ་རྩོད་འདི།།
ན་གཞོན་ཕོ་མོ་ཀུན་གྱིས་ཕྲག་ཏུ་ཁུར།།
པ་ཎི་རས་ཐུམ་སྣོད་ནས་འཛག་པ་བཞིན།།
ཕ་རོལ་རྒོལ་ལ་ཕུག་འདུན་མེད་ན་འཕུང་།།
བ་གམ་བརྗིད་ཆག་མཐོང་བས་སྤྲང་པོ་བཞིན།།
མ་སྐྲག་མ་འདར་སྤོབས་པ་སྐྱེད་ལ་ཤོག །།
ཙ་ར་ནོར་འཁྲུལ་བྱུང་ན་གཅོད་པ་ལས།།
ཚ་ནན་ཁ་བརྡུང་རང་སྐྱོན་དགབ་མི་རུང་།།
ཛ་དྲག་སྐབས་ལ་ཛ་དྲག་ལས་འགུལ་ལས།།
ཝ་སྐྱེས་བརྟུལ་ཞུགས་མགོ་བཏགས་སྒུར་མི་འོས།།
ཞྭ་མོ་བཞིན་དུ་རིག་གཞུང་དམ་པ་སྲུངས།།
ཟ་མ་ཇི་བཞིན་མི་རིགས་འཐབ་རྩོད་སྐྱོངས།།
འ་ཅག་འཛམ་གླིང་ས་པའི་སྒང་འདི་རུ།།
ཡ་མེད་བླུན་རྨོངས་དུད་འགྲོའི་ཁྱུར་མ་རྒྱུགས།།
རྭ་ལྡན་དམར་གཞུང་རྒྱ་ནག་རྒྱལ་ཁབ་ཡང་།།
ལ་མོར་རྩེར་ཕུད་ཀུན་ལས་རྒྱལ་མི་བཏུབ།།
ཤ་འཁོན་དགྲ་བཞིན་འཛམ་གླིང་ཀུན་གྱིས་སྡང་།།
ས་གནས་རང་སྐྱོང་མ་གླེང་རང་བཙན་རྩོད།།
ཧ་ཅང་བསམ་ན་གླེན་པའི་སྤྱི་ཚོགས་ལ།།
ཧ་ལམ་དད་པ་མ་གཏོགས་མི་མཁོ་ཡང་།།
ཨ་ཇོ་རང་གིས་རང་རིགས་ཤ་ཚ་ནས།།
ཨ་བོ་ཐེངས་མང་ཤོར་ཡང་སུ་ལ་གནོད།།
ཅེས་༠༢/༡༩/༢༠༡༣/ཉིན་ཤར་མར་དུ་བྲིས་པའོ།།
ཀ་ནས་ཡང་དག་ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོར། །
ཁ་དང་ཁོག་པ་བཀྲ་མ་ཤིས་པའི་དུག་ནག་སྤྲུལ་སྐུས། །
ག་དུས་ཡིན་ཡང་དྲིན་ལེན་མེད་པར་སྡིག་རྐྱང་བྱས་པར། །
ང་འཛིན་ཉོན་རྨོངས་རྒྱ་ལ་ཚུད་པའི་རྟགས་ལས་ཅི་ཞིག །
ཅམ་བུའི་ཚིག་གིས་ཟོལ་གྱིས་སྨོད་པའི་ཚིག་ངན།།
ཆ་འཇོག་འོས་པའི་གནས་ལུགས་རྐང་གཅིག་མེད་པར།།
ཇག་པ་འདི་ཚོར་རང་དབང་ཅུང་ཟད་ཐོབ་དུས།།
ཉག་ཉོག་གཏམ་གྱིས་སྤྱི་ཚོགད་དཀྲུག་ཤིང་བཏང་སོང་།།
སྤྲུལ་སྐུ་དབང་ཆེན་ཟེར་བའི་ལྟས་ངན་གྱི་ཐན་སྐད་ངོ་སྤྲོད།
ཀ་ཡེ་བསྟན་དགྲ་སྤྲུལ་སྐུ་དབང་ཆེན་ཁྱོད། །
ཁ་བའི་༧སྐྱབས་མགོན་ཡིད་བཞིན་ནོར་བུ་ལ། །
ག་དུས་ཡིན་ཡང་སྐུར་འདེབས་ཚབས་པོ་ཆེ། །
ང་ཅག་བོད་མིའི་སྙིང་གི་ཚེར་མ་ཡིན། །
ཅ་ཅོའི་སྒྲོ་སྐུར་སྒྲོག་པའི་སྤྲུལ་རྫུན་ཁྱོད། །
ཆ་མེད་མི་ཚོགས་ཁྲོད་ན་ཝ་བཞིན་འདུར། །
ཇ་ཆང་བུད་མེད་སྤྱོད་པའི་འདོད་ཞེན་ནི། །
ཉ་མོ་ཆུ་ལ་རྔམ་ལྟར་མི་ནོངས་སམ། །
ཏ་ལའི་བླ་མའི་བཀའ་དྲིན་མ་ཡིན་ན། །
ཐ་ཆད་ཁྱོད་ཀྱང་ཕྱི་ལ་མི་འབྱོར་ཡང་། །
ད་ལྟ་ཕྱི་གླིང་རྒན་མོའི་སྟུ་སྒོ་ནས། །
ན་ཚ་འགའ་རེ་ཁྱོད་ལ་ཐོབ་པ་གོ །
པ་སངས་ལྟར་འཚེར་སྔ་འགྱུར་རྙིང་མ་ལ། །
ཕ་རྒན་ཁྱོད་ཀྱིས་ཞབས་འདྲེན་ཞུས་པ་མང་། །
བ་ཕྱུག་ལྟ་བུའི་གླེན་ནག་སྤྲུལ་རྫུན་ཁྱོད། །
མ་གྱུར་འགྲོ་ལ་ངོ་ཚ་མེད་དོན་ཅི། །
ཙ་རི་བསྐོར་བའི་བྱ་བྲལ་མིན་ཡང་ཆོག །
ཚ་གྲང་ཁྱད་བསད་སློབ་གཉེར་མེད་ཀྱང་འགྲིག །
ཛ་ཡི་བསྟན་དང་བསྟན་འཛིན་དགྲར་འཛིན་འདི། །
ཝ་ལེར་བསམ་ན་སྤྲུལ་སྐུའི་མཛད་པ་མིན། །
ཞྭ་ལྟར་ཀུན་གྱི་གཙུག་ཏུ་བཀུར་འདོད་དང་། །
ཟ་བཏུང་འཚོལ་ཕྱིར་སྤྲུལ་སྐུའི་མིང་ཁུར་ཡང་། །
འ་ཅག་བོད་མིའི་ཞབས་འདྲེན་སྤྲུལ་རྫུན་ཁྱོད། །
ཡ་གའི་ཁྲི་ཁར་འདུག་པའི་ཆ་རྐྱེན་མེད། །
ར་བ་གངས་ཀྱིས་བསྐོར་བའི་སཱ་ལའི་ལྗོངས། །
ལ་ལུང་ཀུན་ན་སྤྲུལ་རྫུན་ཁྱོད་འདྲ་བས། །
ཤ་རུས་གཅིག་པའི་ཕུ་ནུ་ནང་དཀྲུགས་སོགས། །
ས་ཡ་དྲུག་ལ་གནོད་ཆེན་བསྐྱལ་བ་མང་། །
ཧ་ཅང་སྒྲོ་འདོགས་སྐུར་འདེབས་དེ་འདྲ་ཞིག །
ཨ་ཙི་རྒྱ་འདྲེ་སྤྲུལ་སྐུ་དབང་ཆེན་གྱིས། །
ཧ་བོ་དང་བསྦྲགས་ལྟས་ངན་ཐན་སྐད་དེ། །
ཨ་ཇོས་བོད་ཞེན་མིན་པས་ཀུན་གྱིས་གཟོབས། །
ཕྱི་ལོ་༢༠༡༣ལོའི་ཟླ་༢ཚེས་༢༠ཉིན་ཁ་བརྡའི་དྲ་ཐོག་ནས་སྤྲུལ་སྐུ་དབང་ཆེན་ཟེར་བའི་སྤྲུལ་རྫུན་དེས་བྲིས་པའི་ལོག་བཤད་ཚབས་པོ་ཆེ་མཐོང་མ་ཐག་ཤར་མར་བྲིས།
ཏ་ཐ་ག་ཏཱའི་བསྟན་པ་སྲུང་འདོད་ན།། ཕ་རྗེས་བུ་འཇུག་བསླབ་གསུམ་མ་བརྩོན་པར། བ་རྒན་བཞིན་དུ་རྣམ་ཀུན་ནང་དཀྲུག་གཞི།། མ་བྱེད་སྙིང་ན་སོམས་ཤིག་སྤྲུལ་རྫུན་བུ།། ཙ་རིའི་རང་དབང་བློ་ལ་མཛའ་མོད་ཀྱང་།། ཚ་གྲངས་ཅི་འདྲ་ཡུལ་དུས་ལྟོས་དགོས་པས།། ཛ་དྲག་ཆོས་དང་རིག་གཞུང་སྐྱོབས་པ་ལ།། ཝ་ལེར་རང་སྐྱོང་ལེན་ལ་འབད་ན་ལེགས།།
པ་ཕའི་སེམས་ཁམས་སྡུག་ལ་སྦྱར་བའི་ཁྲེལ་མེད་བུ་ཕྲུག་སྨྱོན་པ་དང་། །
ཕ་མ་སེམས་ཅན་ཁ་ལ་འབྱར་ཡང་སེམས་ཅན་བསླུ་བའི་སྤྲུལ་རྫུན་གཉིས། །
བ་གླང་ལྟ་བུར་མགོ་བོ་དེ་ལ་རྭ་ཅོ་མེད་པ་མ་གཏོགས་པར། །
མ་རབས་བྱ་སྤྱོད་གཤིས་སུ་གྲུབ་ལ་ཁྱེད་པ་སྤུ་ཙམ་མཐོང་མ་ལ། །
པ་ར་མི་ཏའི་བསྟན་པ་སྲུང་འདོད་ན།། ཞེས་བཅོས་་་་་་་
ཏ་ལའི་བླ་མ་འཛམ་གླིང་ཉི་མ་ཡིན།། ཐ་ཤལ་འུག་པའི་མིག་ལ་མི་མཛའ་ཡང་།། ད་དུང་ཕྲིན་ལས་འོད་སྣང་དྲོན་མོ་འདི།། མ་ལུས་ཡུལ་གྲུར་ཁྱབ་ལ་སུ་ཡིས་ཁོགས།།
དུས་གསུམ་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་ཀྱང་། །
འགྲན་པའི་ཟླ་བྲལ་༧རྒྱལ་མཆོག་བཅུ་བཞི་པ། །
གངས་ཅན་མེས་པོ་ཡོངས་ཀྱི་བཀའ་དྲིན་གྱིས། །
འཇལ་བར་མི་བཟོད་མགོན་དེ་རྒྱལ་གྱུར་ཅིག །
ཉིན་བྱེད་བྱེ་བའི་འོད་སྣང་འབར་བའི་དཀྱིལ། །
མེ་ཁྱེར་སྲིན་བུས་འགྲན་པའི་གོ་སྐབས་ཅི །
མཐའ་ཡས་རྒྱ་མཚོ་ཆེན་པོའི་གཏིང་མཐའ་རུ། །
རུས་སྦལ་གཅིན་གྱིས་འགྲན་འདོད་གད་མོའི་གནས། །
ཆོས་ནི་ཡང་དག་བོད་ལ་དར་ན་ཡང་།།
ཆོས་བརྒྱད་མ་གཏོགས་སྒྲུབ་མཁན་གཅིག་ཀྱང་མེད།།
སྲིད་ནི་ཡང་དག་བོད་པས་མི་ཤེས་ཡང་།།
སྲིད་ཇུས་དབུ་ལམ་བཏོན་ནས་རང་མགོ་བཅགས།།
དབུ་མའི་ལམ་གྱི་གཡོ་རྒྱུས་སྲིད་ཇུས་ལ།།
ལ་ལས་མགོ་བོ་ལ་ལས་གཤོག་པ་དང་།།
ལག་པ་རྐང་པ་བཏགས་ནས་མཁའ་དབྱིངས་སུ།།
རྒྱ་དར་དམར་པོ་འཕྱར་ནས་འཕུར་ལ་ལྟོས།།
ཆོས་དང་ཆོས་ཞེས་ཁ་ནང་ལ། །
ཡར་སོ་བཞིན་དུ་འབྱར་བསྡད་ཀྱང་། །
སེམས་ཁམས་ཉོན་རྨོངས་དྲ་བ་རུ། །
ཚུད་པའི་སྤྲུལ་སྐུ་རྫུན་མས་ཉོན། །
ཆོས་ཀྱི་གོ་དོན་མི་ཤེས་པས། །
ཡང་དག་ཡིན་མིན་ཇི་ལྟར་འགྲེལ། །
དམ་ཆོས་བོད་ལ་དར་སྟངས་སྐོར། །
ལོ་རྒྱུས་རྨོངས་པས་ཅི་ལྟར་ཤེས། །
དབུ་མའི་དགེ་མཚན་མ་མཐོང་བར། །
གཡོ་སྒྱུ་འདོད་པ་བླུན་པོའི་ལུགས། །
སྲིད་ཇུས་གསར་བའི་གཤོག་པ་ཞིག །
ཁྱོད་ལ་ཡོད་ན་ད་འཕུར་ཤོག །
༼ཆོས་ནི་ཡང་དག་བོད་ལ་དར་ན་ཡང་།།
ཆོས་བརྒྱད་མ་གཏོགས་སྒྲུབ་མཁན་གཅིག་ཀྱང་མེད།།
སྲིད་ནི་ཡང་དག་བོད་པས་མི་ཤེས་ཡང་།།
སྲིད་ཇུས་དབུ་ལམ་བཏོན་ནས་རང་མགོ་བཅགས།།༽ འདི་ཐད་ཀར་༧གོང་ས་མཆོག་ལ་གཟས་པ་རེད། ན་ཉིན་སྤྲེའུ་མིག་ཤེལ་ཅན་ཞེས་བོད་པ་ཞིག་གིས་སྨྲ་མི་ནུས་པ་ཞིག་བྲིས་པ་སྙིང་ལ་ཉར་ཡོད།
དབུ་ལམ་དང་པོ་གང་ནས་བྱུང་།།
དབུ་ལམ་ནག་པོ་རྒྱ་ནས་བྱུང་།།
རྒྱ་དཔོན་ཏིང་ཞའོ་ཕིན་ལགས་ནས།།
རྒྱ་ལོ་དོན་འགྲུབ་མཆོག་ལ་གནང་།།
དབུ་ལམ་གཉིས་པ་གང་ནས་དར།།
དབུ་ལམ་ཡུ་རོབ་ཕྱོགས་ནས་དར།།
ཡུ་རོབ་ཞི་བདེའི་གཟེངས་རྟགས་ཀྱིས།།
གྲགས་སྙན་དཔལ་གྱིས་གྲོས་ཐག་བཅད།།
དབུ་ལམ་བར་དུ་ལྟོག་མུག་ཐེབས།།
དབུ་ལམ་གཡོ་རྒྱུས་གྲོས་མཐུན་ཆད།།
དབུ་ལམ་ལས་དོན་མ་འགྲུབ་ཞེས།།
དམངས་མགོར་ལག་པས་སྐྱག་པ་བྱུགས།།
དབུ་ལམ་མཐའ་མ་མེ་རུ་འབར།།
དབུ་མས་དར་དམར་དགུང་ལ་འཕྱར།།
དབུ་མ་རྒྱ་ནས་གནང་བ་ཡི།།
དབུ་མས་རྒྱ་ལ་བཀའ་དྲིན་འཇལ།།
དབུ་མའི་ལམ་ལ་གཞུང་ལུགས་ལྡན།
དབུ་མའི་ལམ་ལ་ཁ་ཕྱོགས་ཡོད།
དབུ་མའི་ལམ་ནི་སྟོབས་དང་ལྡན།
དེ་འཛིན་སྐྱེས་བུར་སྙིང་སྟོབས་མེད།
གོང་ས་མཆོག་ལ་མཁྱེན་པ་མངའ།
གོང་ས་མཆོག་ལ་བརྩེ་བ་ལྡན།
གོང་ས་མཆོག་གི་ནུས་པ་བཙན།
ཁོང་གི་རྗེས་འཇུག་རྭ་ལྟར་གྱོང་།
ཡར་ལ་ལྟ་བའི་མིག་མེད་ཅིང་། །
གཏམ་ལ་ཉན་པའི་རྣ་མེད་ལ། །
བདེན་པ་སྨྲ་བའི་ལྕེ་མེད་པའི། །
ལས་ངན་ཁྱོད་ལ་ད་སུན་སོང་། །
༧གོང་ས་༧སྐྱབས་མགོན་ཆེན་པོའི་འཕྲོར། །
གངས་ཅན་བོད་ཀྱི་ཡབ་ཆེན་མཆོག །
ལྷ་སྲས་རྒྱལ་ལོ་དོན་གྲུབ་ལས། །
བཀའ་དྲིན་ཆེ་བ་བོད་ལ་མེད། །
འོན་ཀྱང་སྤྲུལ་རྫུན་དབང་ཆེན་སོགས། །
ཇ་ལན་གཅིན་གྱིས་འཇལ་མཁན་འགས། །
དྲིན་ཆེན་དྲིན་ལན་ལོག་འཇལ་འདི། །
བོད་འབངས་སྤྱི་ལ་ངོ་ཚ་ཆེ། །
དམ་ཆོས་མི་ཤེས་སྤྲུལ་རྫུན་ཁྱོད། །
དབུ་མའི་ཐབས་ལམ་ག་ལ་ཤེས། །
ན་རཀ་དམྱལ་མེས་སྲེག་བྱེད་ཀྱི། །
ལས་ངན་བསགས་པར་སྙིང་རེ་རྗེ། །
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་དང་། །
ལྷ་སྲས་རྒྱལ་ལོ་དོན་གྲུབ་ལས། །
ཁྱད་འཕགས་ཡོན་ཏན་ཁྱོད་ཡོད་ན། །
མ་སྦེད་དགྲ་སྡེའི་གདོང་ལ་སྟོན། །
ཧ་ཧ་ཟ་ཉལ་གཉིད་གསུམ་ལས། །
རང་ལ་གང་ཡང་མེད་བཞིན་དུ། །
རྒྱ་དམར་འཇོམས་བྱེད་སྲིད་ཅུས་ཤིག །
སྤྲུལ་རྫུན་དབང་ཆེན་ལ་ཡོད་སྐད། །
ད་ནི་མ་ཉལ་སྤྲུལ་རྫུན་དབང་ཆེན། །
རང་བཙན་གཙང་མ་སྟོབས་ཀྱིས་ལོངས་ལ། །
རྒྱ་དམར་བོད་ནས་ཕྱིར་ཕུད་ཐོངས་དང་། །
བོད་འབངས་ཡོངས་ལ་དགོས་པ་དེ་རེད། །
དྲག་པོའི་མཚོན་རྩེ་རྒྱ་ལ་གཏད་དེ། །
པེ་ཅིན་མཁར་ལ་དམག་སྣ་དྲོངས་ལ། །
རྒྱ་དམར་སྲིད་གཞུང་ཐལ་བར་རློགས་དང་། །
བོད་རྒྱ་གཉིས་ལ་དགོས་པ་དེ་ཡིན། །
སྤྲུལ་སྐུ་རྫུན་མའི་མིང་བྱང་འོག་ནས། །
མ་རྒན་སེམས་ཅན་མགོ་སྐོར་གཏོང་ཞོར། །
དགྲ་དགའ་གཉེན་སྡུག་བྱ་ངན་ཐ་ཆད། །
ཨ་ཁུ་ཁྲོ་ཐུང་འཁྲབ་དོན་ཨེ་ཡོད། །
ཧ་ཧ་ཟ་ཉལ་གཉིད་གསུམ་ལས། །
རང་ལ་གང་ཡང་མེད་བཞིན་དུ། །
རྒྱ་དམར་འཇོམས་བྱེད་སྲིད་ཅུས་ཤིག །
སྤྲུལ་རྫུན་དབང་ཆེན་ལ་ཡོད་སྐད། །
ད་ནི་མ་ཉལ་སྤྲུལ་རྫུན་དབང་ཆེན། །
རང་བཙན་གཙང་མ་སྟོབས་ཀྱིས་ལོངས་ལ། །
རྒྱ་དམར་བོད་ནས་ཕྱིར་ཕུད་ཐོངས་དང་། །
བོད་འབངས་ཡོངས་ལ་དགོས་པ་དེ་རེད། །
དྲག་པོའི་མཚོན་རྩེ་རྒྱ་ལ་གཏད་དེ། །
པེ་ཅིན་མཁར་ལ་དམག་སྣ་དྲོངས་ལ། །
རྒྱ་དམར་སྲིད་གཞུང་ཐལ་བར་རློགས་དང་། །
བོད་རྒྱ་གཉིས་ལ་དགོས་པ་དེ་ཡིན། །
སྤྲུལ་སྐུ་རྫུན་མའི་མིང་བྱང་འོག་ནས། །
མ་རྒན་སེམས་ཅན་མགོ་སྐོར་གཏོང་ཞོར། །
དགྲ་དགའ་གཉེན་སྡུག་བྱ་ངན་ཐ་ཆད། །
ཨ་ཁུ་ཁྲོ་ཐུང་འཁྲབ་དོན་ཨེ་ཡོད། །
(ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན།) ཞེས་པ་འདི་ཁ་སྟོང་ནང་གི་ཚིག་སྟོང་ཆགས་པ་མིན་ནམ།