མེ་སྒྱོགས་རྒྱ་མཚོ།
——–
༼བོད་ ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་གོ་དོན་དང་ཁྱབ་ཁོངས་ལ་མི་མཐུན་པའི་བསམ་བློ་འབྱུང་བཞིན་འདུག དཔེར་ན། བོད་ཡིག་སྨྱུག་ཐོག་པ་མང་པོས་བོད་ཡིག་ལས་གཞན་པའི་སྐད་ཡིག་ཏུ་བརྗོད་གཞི་བོད་དང་བོད་ཀྱི་རིག་གཞུང་ཡིན་ཀྱང་འདྲ། རྩོམ་པ་པོ་བོད་མི་ཡིན་ནའང་ཁོང་གིས་བྲིས་པ་ནི་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་ཁོངས་སུ་མི་གཏོགས་ཟེར།
ཉེ་དུས་སུ་འཚོགས་པའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་བསྒྲིགས་ལྟར་ཚོགས་ཆེན་དེའི་སྟེང་དབྱིན་ཡིག་གི་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་གཅིག་པོ་མ་གཏོགས་མི་འདུག་ཟེར་བ་ཞིག་དེ་རིང་ཕ་ཡུལ་དྲ་རྒྱའི་གསར་འགྱུར་ལ་བཀོད་འདུག དྲི་བ་འགའ་ཡོད་པ་ནི་མཐུན་ཚོགས་འདིས་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་གོ་དོན་ཇི་འདྲ་ཞིག་འགྲེལ་གྱིན་ཡོད། གལ་སྲིད་མཐུན་ཚོགས་སུ་བོད་ཡིག་གི་རྩོམ་པ་པོ་མ་གཏོགས་ཚུད་ཀྱི་མེད་ན་གོང་གིི་མཐུན་ཚོགས་དེ་རྒྱལ་སྤྱིའི་པན་གྱི་ཡན་ལག་ཞིག་ཡིན་པས་༼པན་༽གྱི་སྒྲིག་འཛུགས་དང་མཐུན་གྱི་ཡོད་དམ་ཟེར་བ་ཡིན།
བོད་མི་དབྱིན་ཡིག་སོགས་སྐད་ཡིག་གཞན་གྱི་རྩོམ་པ་པོ་དང་བརྩམས་ཆོས་རྣམས་ལ་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་ཁྱབ་ཁོངས་ནང་དུ་བཅུག་ན་དགེ་སྐྱོན་གང་ཡོད་དམ། གལ་སྲིད་བོད་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་རྩོམ་པ་པོ་རྣམ་པ་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་སུ་མ་ཚུད་ན་ཨ་རི་དང་རྒྱ་ནག་སོགས་ཀྱི་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་སུ་འཛུལ་དགོས་སམ། ཡང་ན་བོད་རྒྱལ་ཡོངས་དབྱིན་ཡིག་སོགས་རྩོམ་པ་པོའི་མཐུན་ཚོགས་ལྟ་བུའི་སྐད་ཡིག་རེ་ལ་མཐུན་ཚོགས་རེ་འཛུགས་དགོས་པ་ཞིག་རེད་དམ།
འདིར་རང་ཉིད་མཐུན་ཚོགས་སུ་འཛུལ་འདོད་པ་དང་མཐུན་ཚོགས་གསར་པ་ཚུགས་འདོད་པ་རྩ་བ་ནས་མིན།
དྲ་གྲོགས་ཚོ།
དངོས་གནས་མེ་སྒྱོགས་རྒྱ་མཚོ་ལགས་ཀྱིས་གསུང་པའི་དོགས་དྲི་དེ་ཚོ་ལ་པན་(pen)བོད་ཀྱི་རྩམ་པ་པོ་མཐུན་ཚོགས་ནས་གསལ་བཤད་ཞིེང་ངེས་པ་དུ་གནང་ཐུབ་ན་དགེ་མཚན་ཆེ་སྙམ། དབྱིན་ཡིན་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྩོམ་རིགས་ལ་སོགས་པ་བོད་ཀྱི་སྨྱུག་འཛིན་པ་ཚེས་བྲིས་སྐབས་ཁོང་རྣམས་པའི་ རྒྱུ་དེ་བོད་ཀྱི་རྩོམ་རིག་གཞུང་ནང་བརྩིས་ཆོག་སོང།
མེ་སྒྱོགས་ལགས་ཀྱིས་ཟེར་བ་ལྟར་རེད། བོད་ནང་བོད་ཀྱི་རིག་གཞུང་ཐོག་རྩོམ་པ་པོ་བོད་པ་མཁས་པ་མང་པོ་མཆིས་ལབ་པ་བཞིན་དུ་བཙན་བྱོལ་ཁྲོད་ལ་ཡང་དེ་ལུགས་ལྟར་བོད་མི་གབྱིན་ཡིག་ཐོག་རྩོམ་འབྲི་མཁན་མང་པོ་ཡོད་པ་ཙམ་དུ་མ་ཟད་ཆུད་ཚད་བཟང་པོ་དེ་ཌྷའདྲ་ཡང་ཡོད། བཙན་བྱོལ་ནང་དབྱིན་ཡིག་ཐོག་འབྲི་གནང་མཁན་ཚོའི་དྲ་གནས་གཤམ་དེཌྷའི་ཐོག་ལྟ་རོགས་རམ་གནང། དྲ་གནས http://www.tibetwrites.org
མཐུན་ཚོགས་འདི་ནི་བོད་ཀྱི་མཐུན་ཚོགས་ཤིག་ཡིན་རབས་མི་འདུག ངས་རྣ་ཐོས་གོ་ཐོས་ཡིན་ན་གཙོ་བོ་ཀུན་ཐར་དོན་གྲུབ་ཀྱིས་སྒེར་འཛིན་བྱས་ཡོད་ནིར་ཟེར་གི། ང་ཚོའི་གསར་འགོད་པ་ཚོས་ཀྱང་འདིའི་སྐོར་གནས་ཚུལ་ལ་རྒྱུས་ལོན་དང་དོགས་སེལ་གནང་ཐུབ་ན་ཡག་པོ་འདུག རྒྱུན་ལས་སྤྱི་མོས་དང་སྒེར་ངོས་ཡིན་མིན་གང་ལྟར་ཚོགས་པའི་མིང་ཐོག་ནས་ཕྱི་རྒྱལ་དུ་བཏང་བ་ཡང་གན་རེ་འདི་རེ་ཟེར་ནས་སྟོན་རྒྱུ་འདུག ལོ་འགའི་སྔོན་ཚོགས་མི་རེ་ཟུང་ཕྱི་རྒྱལ་དུ་སོང་ནས་ཕྱིར་མ་ལོག་མ་ཡོང་ནའང་། ཚོགས་པ་དང་ཁོང་ཚོའི་བར་བཞག་པའི་གན་རྒྱའི་དངུལ་ཡང་སྤྲད་མེད་པའི་མགོ་བདེ་ཁ་ཤས་ཡང་ཡོད་ཚོད་འདུག འདིའི་སྐོར་གསར་འགོད་པ་དག་གིས་བདེན་མིན་གྱི་གནས་ཚུལ་རེ་སྤེལ་ཐུབ་ན་ཚང་མར་ཕན་ས་རེད།
པེན་རྩོམ་པ་པོ་མཐུན་ཚོགས་ཟེར་བ་ནི་རྒྱལ་ཡོངས་ཀྱི་རང་བཞིན་ཅན་ཞིག་ཡིན་པའི་འདིའི་ཚོགས་མིའི་ཁྱབ་ཁོངས་ལ་རང་གི་ཁེ་ཕན་གཞི་བཟུང་གིས་ཐག་གཅོད་ནས་ཝོད་མི་རིགས་དང་ཝོད་ཀྱི་རྩོམ་རིག་ཟེར་ནས་ས་ཡ་མང་པོ་བཤད་ཀྱང་དོན་དངོས་སུ་རང་དོན་བསྒྲུབ་པ་ལས་གཞན་མེད་པ་རེད། ཁ་སྔོན་དུས་བབ་ཀྱི་ཟིན་བྲིས་ཤིག་ཏུ་ཡང་སྐྱོ་ཆུང་ཞིག་གིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཟེར་ན་བོད་ཡིག་ཏུ་རྩོམ་ཡིག་ཡོད་པ་གཅིག་པོར་གོ་དགོས་ཚུལ་བཤད་སོང་། བློ་རྒྱ་ཆུང་ཆུང་རེད་བསམས།