རྔ་བ་ཀུན་བཟང་། (ལྦར་ནཱ་མཐོ་སློབ)
འཇིག་རྟེན་འཁོར་བའི་སྙིང་བོ།།
སྐད་ཅིག་མར་མེ་འདྲ་བས།།
ལན་གཅིག་སྐྱིད་སྣང་ཆེ་རུང་།།
སྡུག་གི་རྔ་མ་ཡལ་མེད།།
འབྲོག་ན་ནོར་ལུག་མོད་ཀྱང་།།
འོ་ཞོ་འཛོམས་པར་མེད་ཀི།
སྨད་ན་ས་ཞིང་ཡངས་ཀྱང།།
འགྲོ་ལམ་བདེ་བར་སུར་ཤེས།
འོ་ཆུ་ཞིམ་མངར་འཐུང་མྱོང་།
གཡག་རྫི་ལུག་རྫི་བྱེད་མྱོང།།
ཡངས་པའི་མཚོ་རླབས་མཐོང་མྱོང་།།
བརྟན་ཀྱི་བདེ་བ་སུས་ཤེས།།
ཕྱི་མཛེས་མེ་ཏོག་པད་མ།།
མི་རྟག་དངོས་པོ་ཆོས་ཉིད།།
ནང་ཚོར་ཆགས་སྡང་རྨོངས་གསུམ།།
མནར་བས་ཐང་གཅིག་ཡིན་ནོ།།
གངས་ལ་ཉི་འོད་ཕོག་ཀྱང།།
ཁྱེད་ལ་ཕོག་པ་མ་བསམ།།
དགེ་བ་སྣ་གཅིག་མེད་པས།།
ཕོག་ཀྱང་དྲོད་སྣང་ཅི་ཡོད།།
གཡས་ནས་གླུ་དབྱངས་ལེན་གི །
གཡོན་ནས་ངུ་འབོད་སྒྲག་གི །
མདུན་ནས་འཆི་རོལ་གཡུག་གི །
འཁོར་བའི་སྙིང་བོ་དེ་རེད།།
༢༠༡༣ ༡ ༢༨ མཚན་མོར་རང་སྦྱོང་དུ་བྲིས།
དེ་འདྲ་ཡིན་ན་ཁྱེད་རང་ཨ་ནེ་བྱོས་ཤིག་་ཧ་་ཧཧ་ཧ་ཧ་ཧ་ཧ
རྔ་བའི་མཛེས་མས་འཇིག་རྟེན་འཁོར་བར། །
ཁ་ནས་སྡུག་སྐད་འདོན་སྟངས་བལྟས་ན། །
སང་ཉིན་ནངས་ཉིན་སྒྲོལ་མ་གླིང་གི། །
དགོན་པའི་ནང་ལ་ཕེབས་འདོད་མི་འགྲོ། །
འཁོར་བའི་ནང་ན་བདེ་སྐྱིད་ལོས་ཡོད། །
འཚོ་བའི་དཀའ་ངལ་མེད་པའི་བདེ་སྐྱིད། །
བཟའ་ཟླ་མཉམ་དུ་འཛོམས་པའི་བདེ་སྐྱིད། །
བུ་ཕྲུག་དགོད་སྒྲ་སྙན་པའི་བདེ་སྐྱིད། །
ཉིན་མོར་འཛུམ་གྱིས་ལྟ་བའི་བདེ་སྐྱིད། །
འཇམ་པོའི་ངག་གིས་འབོད་པའི་བདེ་སྐྱིད། །
བཟའ་བཏུང་ལག་ལ་འཇོག་པའི་བདེ་སྐྱིད། །
གོན་པ་གང་ཡག་གཡོག་པའི་བདེ་སྐྱིད། །
དགོང་མོར་ཉལ་ས་དྲོན་པོའི་བདེ་སྐྱིད། །
བྲང་ཁ་གཅིག་ལ་སྦྱོར་བའི་བདེ་སྐྱིད། །
འཇམ་པོའི་ཕྱག་གིས་འཕུར་བའི་བདེ་སྐྱེད། །
མདུན་རྒྱབ་རེས་མོས་རྒྱོ་བའི་བདེ་སྐྱིད། །
བུ་མོ་ཀུན་བཟང་ལ་བློ་འདོད་ཡོད་ན་མེ་ཏོག་ངས་གྲོགས་པོ་འགྲིག་འདོད་ཡོད་ཡོད། འཁོར་བ་ལ་སྙིང་པོ་ཡོད་པ་ཞིག་མངོན་སུམ་དུ་སྟོན་ཆོག
དེ་འདྲ་ཡིན་ན་ཨུ་ཚུགས་མ་རྒྱག་ངས་ཁྱེད་ལ་ལམ་ཁ་གཞན་ཞིག་སྟོན་ཆོག
བཀའ་དྲིན་ཆེ། རེད་དེ་ཁྱེད་སྟོན་མཇུག་གི་ལོ་མའི་ཤག་སྒྲ་དང་མཉམ་དུ་གླུ་དབྱངས་ཞིག་ལེན་ཡོད་པ་འདྲ།