སྨག་གི་སང་རས་མལ་ཐུལ་སྒང་ནས་བྲོས་ཚར་ཀྱང
ང་ལ་གཏི་མུག་ལ་ལོག་པའི་ཧྲག་བར་ནས
ཉལ་ཁྲི་སྔར་བཞིན་སྔུར་པའི་རྩེད་ར་དེ་ཡིན
དེ་མིན་རྨི་ལམ་དུ་ཐོབ་བྱའི་རྩེད་མོ་དག་ཡང་མཉམ་དུ་ཤར་འདུག
སད་ཙམ་གྱིས་ལག་འདོགས་ཆུ་ཚོད་འཚོལ་དགོས་པ་འདྲ
ཧར་ལངས་བྱེད་རན་གྱི་གློ་ཚབ་སྔར་བཞིན་ལྕི་ན་ཡང
མགོ་བོ་སྔས་ཐོག་ཏུ་བསྐྱར་བཞག་བྱས་པས
ད་དུང ཆུ་ཚོད་སྔར་བཞིན་མདུན་བསྐྱོད་ལ་རེམ་ལ
བྲེལ་ཤའི་ཁྲོད་ཀྱི་གཉིད་དུམ་དེ་ནི
གཉིད་མིན་སད་མིན་གྱི་མཁར་རྫོང་ན་ངལ
གནའ་མིའི་ཉི་ཐིག་གི་ཆུ་ཚོད་དེས་ང་རང་སད་དགོས
དེང་མིའི་འཕྲུལ་རིག་གི་ཆུ་ཚོད་ཀྱིས་ང་རང་སད་ངེས
གཉིད་ཀྱི་རང་དབང་མལ་གདན་བར་དུ་ལྷག་རུང
འཚོ་བའི་རླབས་ཀྱིས་ང་རང་སྐྱོམས་ཏེ་སོང་ཙ་ན
དུས་ཚོད་མིག་ལ་གཟན་ཡང་ཧར་ལངས་བྱས་ཡིན
གཉིད་ཀྱི་གོས་ལྭ་དྲོ་ཡང་འདི་ལྟར་བྲལ་བ་རྒྱུན་ལྡན་བདག་ལ་ཐོབ
2013/2/24ཉིན
ཅིག་ཟིག་ནས་འཁོར་ནས་ཡོང་བ་ཡིན་དྲ་་་་་་་་འདིར་ཐོན་ནས་ཁྱོད་ཀྱི་སྙན་ངག་ལ་སྣ་བརྒྱབ་སོང་དུ་ནས་ད་བསྡད་ཡོད་