གླིང་ཚ་ཚེ་བརྟན་རྡོ་རྗེ།
སྲིད་པའི་གོ་ལའི་ཁུགས་སོ་ཆུང་ཆུང་འདི།།
བྱེས་བཅར་བོད་མིས་རྒྱལ་ས་གཉིས་པར་འབོད།།
དེ་རིང་གནམ་གྱི་རྒྱལ་མོའི་མིག་ཆུ་ཡིས།།
ས་གཞི་འདི་ཡིས་སྟེང་འོག་བརློན་པར་བཟོས།།
མགོ་ནག་བོད་ཀྱི་༧སྐྱབས་མགོན་༧གོང་ས་མཆོག།
མི་ལོ་ལྔ་བཅུ་ལྷག་ཙམ་འདིར་བཞུགས་ནས།།
ས་ཡ་དྲུག་གི་བདེ་སྡུག་ཁུར་བཞེས་ཏེ།།
འཛམ་གླིང་མི་ལ་བོད་དོན་ཐབས་ཀྱིས་བསྒྲགས།།
ད་ནི་དགུང་ལོ་བགྲེས་པའི་ངང་ཚུལ་དེ།།
སེམས་ལྡན་སུ་ཡིས་མཐོང་ན་ཡིད་སྐྱོ་ནས།།
མིག་ཆུ་དབང་མེད་ཤོར་ལ་ཐེ་མི་ཚོམ།།
ཡིན་ཡང་རྡ་སའི་རི་གྲོང་སྔར་བཞིན་འཁྱགས།།
དགུན་དུས་ཁ་བའི་མེ་ཏོག་རླུང་གིས་འདེད།།
དབྱར་དུས་ཚ་བའི་མེ་དྲོད་གཞུག་ནས་བཞུར།།
སྟོན་དུས་སྡོང་ལོ་སེར་བོ་ཤག་ཤག་འབབས།།
བསམ་ཞིང་བསམ་ན་སྐྱོ་བའི་བསྣོན་པ་རེད།།
བདེ་སྐྱིད་སྣང་བ་འཇའ་ཚོན་གོས་དང་འདྲ།།
སྡུག་བསྔལ་ཚོར་བ་གནམ་ཁའི་གློག་དང་མཚུངས།།
ལུས་སེམས་འདི་འདྲའི་ངང་དུ་བསྐྱལ་བ་ཡིས།།
སྐྱབས་བཅོལ་བོད་མིའི་ལས་དབང་ཐབས་རེ་སྐྱོ།།
ཕྱག་གཉིས་བྲང་ཁར་གཟིམ་དུས་མིག་ཟུང་བཙུམ།།
སེམས་ངོགས་བདེ་སྡུག་གླེང་དུས་དཔའ་སྐད་མཐོ།།
ཚོར་ཤུགས་མགོ་སྔ་འཁྲུགས་པའི་གནས་ཚང་དུ།།
རང་ཡུལ་བོད་དུ་ཕྱོགས་པའི་ལམ་ཁ་བརྗེད།།
ཁ་གཡང་འབོད་ལ་ཁ་བཏགས་སྒྲོན་པ་དང་།།
ཁ་བའི་སྲོལ་དུ་རློམ་པའི་བྱེས་ཡུལ་ན།།
ཁ་ཁོག་ཞིབ་མོའི་བློ་ཡིས་ཐག་བཅད་དེ།།
ཁ་བ་ཅན་ལ་ཕུགས་འདུན་སྩོལ་ལུགས་བོར།།
འདི་ཉིད་ཤེས་ནས་དེ་རིང་ཉིན་བཀང་བོར།།
ངུས་པའི་ཤག་སྒྲ་མ་ཆད་རྡ་ས་ཡི།།
གནམ་གྱི་རྒྱལ་མོའི་སེམས་ཀྱི་འབོད་པ་ལ།།
ཉན་པའི་གསང་བ་བདག་གིས་ཡི་གེར་བཏབས།།
རྡ་སའི་གནམ་རྒན་མ་ནི་སྔར་བཞིན་གནས། །རྡ་སའི་ཁྱི་རྒན་འགའ་ཞིག་ཁེ་བཟང་ཆེད། །ཁྲག་མདོག་དར་དམར་མཁའ་དབྱིངས་འཕྱར་ནས་སུ། །བོད་དོན་ཡིན་ཞེས་ཉིན་མཚན་མེད་པར་ངུ་། །རྡ་སའི་གནམ་རྒན་མ་ནི་སྔར་བཞིན་གནས། །རྡ་སའི་ཁྱི་རྒན་འགའ་ཞིག་དགྲ་གྲོགས་ཀྱི། །དབྱེ་བ་མི་ཤེས་ནང་ཁུལ་ཁྲག་བཞིན་དཀྲུག །
༄། གླིང་ཚ་གེ་སར་རྒྱལ་པོ་རྒྱལ་འདོད་ན།
རྒྱ་རོའི་དར་དམར་མ་འཕྱར་བོད་དར་འཕྱར།
གླིང་ཚ་ཚེ་བརྟེན་རྡོ་རྗེ་ཕམ་འདོད་ན།
རྒྱ་རོའི་ཁྲག་དར་འཕྱར་ནས་ད་རྒྱུག་ཤིག།
གླིང་ཚས་རང་གི་ཡོད་ཚད་བློས་གཏང་གིས།། མཚོ་གླང་དར་གྱིས་གཤགས་པ་ཇི་བཞིན་དུ།། སྔར་མེད་ལས་འགུལ་ཆེན་པོའི་བྱས་རྗེས་དེ།། ཆབ་སྲིད་ལག་ཆར་བསྒྱུར་འདི་སྙིང་ནས་སྐྱོ།། རང་བཙན་དབུ་མ་ཞེས་པའི་ཚིག་འཆལ་འདིས།། མི་དགོས་ཕུ་ནུའི་ནང་དུ་དཀྲུགས་ཤིང་བརྒྱབས།། དེ་ནི་གངས་ཅན་པ་ཡི་ཞབས་འཐེན་ཡིན།། དེ་ནི་དགྲ་བོར་དགོས་པ་ཉག་གཅིག་ཡིན།། ཁྱེད་ཀྱི་བྲང་ཁོག་ནང་དུ་སྙིང་ཡོད་ན།། རང་བཙན་དབུ་མའི་ཚིག་རོ་གཡུགས་ནས་སུ།། རང་འགན་འཁྲི་བའི་ཞི་དྲག་ལས་ཀ་བྱོས།། ད་གཟོད་བོད་མིའི་བསམ་དོན་འགྲུབ་ཡོང་ངོ།།
ཁ་སྔོན་ཞིག་ནས་ངའི་སེམས་ནང་ལ་དྲི་བ་ཞིག་ཡང་ཡང་སླེབས་ཡོང་བ་ནི་་་་གལ་ཏེ་གླིང་ཚས་རྒྱ་དར་འདི་ཕྱར་ནས་བོད་ལ་སླེབས་སོང་ན་་་་དེ་ག་རང་གིས་དམིགས་ཡུལ་འགྲུབ་སོང་བ་རེད་དམ་མ་རེད།
ཚེ་བརྟན་རྡོ་རྗེ་ལགས་ཀྱི་སེམས་ཤུགས་ཧ་ལས་པ་རེད་དེ།
ཆུང་མ་དང་ཕྲུ་གུ་དམར་རྗེན་དོར་དེ་བོད་དོན་ཆེད་མི་ཚེ་འབུལ་རྒྱུ་ཟེར་བ་དང་། གོམ་བགྲོད་སྐབས་རྒྱ་དམར་གཤིན་ཚོགས་ཀྱི་ཁྲག་དར་འཕྱར་བ་སོགས་ཕྲན་ལ་མཚོན་ན་ཡེ་ནས་མི་རུང་བའོ།
ལྷག་པར་རྒྱ་འདྲེ་ཚང་གི་འདྲེ་དར་འཕྱར་བ་འདིས་ཉིད་ཀྱི་དཀའ་ལས་བརྒྱབ་པ་དེ་རྐང་རྗེས་ལག་བསུབ་ཏུ་མཐོང་ངོ་།
ཕྲན་གྱི་རེ་བ་ནི་ཐེངས་གཉིས་པའི་གོམ་བགྲོད་སྐབས་རྒྱ་དར་དེ་གད་སྙིགས་ནང་་གཡུག་དང་ད་དུང་འཕྱི་མེད། ཁྱེད་ཀྱི་རྒྱབ་ཏུ་ལངས་མཁན་མང་དུ་འགྲོ་ངེས། དེ་མིན་ད་དུང་དར་དམར་འཁྱེར་ན་ཁྱེད་་ཁེར་རྐྱང་དུ་ལྷག་འགྲོ།
གཞན་ཞུ་རྒྱུ་ཞིག་ལ་། ཉིད་འི་གཟི་རེལ་དུ་ཡོད་སྐབས་བྲིས་པའི་ཉིན་ཐོ་དེ་ཚོ་སྙན་པོ་བྱུང་། བུ་ཁ་བའི་ལྷ་སྲས་དང་བུ་མོ་ཐར་མ་འཚོ་ དང་་ཁོང་ཚོའི་་ཡུམ་ཆེན་གསུམ་་གྱི་གམ་དུ་གང་མགྱོགས་སླེབས་རྒྱུ་ནི་རྒད་པོ་དབུགས་ཟད་ངའི་ཁྱེད་ལ་བསྐུར་བའིོ་བརྩེ་སེམས་མཚོན་པའི་འཕྲིན་ཐུང་ངོ་།
གནམ་ནས་ཆར་ཆུ་བབས་པར།། སྡུག་སྐད་ཤོར་དོན་མི་འདུག། མ་བཅོས་འབྱུང་བའི་རང་གཤིས།། ཉི་མ་སླར་ཡང་འཆར་ངེས།། བྱེས་སྡོད་བོད་རིགས་སྤུན་ཟླས།། མི་ཡུལ་དཀའ་སྡུག་ཁྲོད་ནས།། འཐབ་རྩོད་རྒྱུན་འཁྱོངས་བྱས་ཀྱང་།། དགྲ་དར་འཕྱར་བ་མ་བྱུང་།། གོམ་ཤུལ་རླུང་ལ་སྤུར་ཐལ།། ཁྲག་དར་མགོ་ལ་འཕྱར་ཐལ།། རིགས་གཅིག་སྤུན་ཟླའི་སེམས་ལ།། སོས་མེད་རྨ་ཁ་བཟོས་ཐལ།། ངོ་ལ་མཚོན་རྩི་བྱུགས་ཀྱང་།། སྤྱི་དོན་ཁ་ལ་འཁྱེར་གྱང་།། དུས་ཀྱི་སྔ་འཕྱི་མ་གཏོགས།། དོན་དངོས་ལྷང་ལ་བུད་ཡོང་།།
རིགས་ཞེན་སྤོབས་པ་ལྡན་པའི་ཨ་མའི་བུ། །
ཁ་དོན་ཚིག་ལ་གནས་པའི་ཨ་མའི་བུ། །
སྤྱི་སེམས་གངས་ལས་དཀར་བའི་ཨ་མའི་བུ། །
རྣམ་དཔྱོད་མཁའ་དབྱིངས་འདྲ་བའི་ཨ་མའི་བུ། །
ཁྱེད་རྒྱལ་ལོ་་་་་བོད་རྒྱལ་ལོ་་་་་་་རྒྱ་བོད་མཐུན་འབྲེལ་རྒྱལ་ལོ་་་་་་་
ཁ་སྔོན་བལ་ཡུལ་ནས་རྒྱ་རིགས་བོད་རིགས་འདྲ་མིན་ཅོ་བརྒྱད་ལ་ཐུག་རབས་ལུང་པ་གང་བཤད་རྒྱུད་ཡོད་པ་རེད། སུས་ཤེས། ཐེངས་གཉིས་པར་འདི་རྐང་བཙུགས་ནས་རྡ་སར་ཕྱིར་དཀྲུག་དཀྲུག་བྱེད་དུ་བསླེབས་པ་འདྲ་ཞིག་མཐོང་གི་འདུག། ཐེངས་གསུམ་པ་དེ་ཡང་ཡོད་ཆོག་པ་ཞིག་ལ་བལྟས་ན། འདི་ཚོ་ཡང་དེབ་ཉོག་ཞིག་གི་རྒྱུ་ཆ་འཚོལ་བ་ཙམ་ལས་དོན་དངོས་ན་མེད་པ་འདྲ། ང་ཚོའི་བོད་མི་འཐབ་བས་ཤི་སོང་ནི་དང་། སྐྱག་གས་བྲོས་སོང་ནི་དང་། ཐབས་མེད་མགོ་སྒུར་དུ་བཅུག་པའི་བོད་མི་ཡོད་ཡོད་པོས། ཁྱོད་ནི་དགྲ་བོའི་རྒྱུགས་ཁྱི་ཙམ་གྱི་ལྟ་ཚུལ་དང་གུས་བཀུར་མེད་པ་དཔགས་ན་ཤེས།
རང་དཔང་གི་ལུང་པའི་རང་དཔང་འདི་ཡང་རྩི་ཤེས་ན་ག་རེ་བྱས་ན་ག་རེ་བྱས་ཆོག་པ་ཞིག་ལ་འདོད་ན་ཡང་། རྩི་དང་རྩོད་མ་ཤེས་ནི་ཚོའི་མགོ་བོ་གཅོག་སྤྱད་ཀྱི་ཡུལ་ལུང་རང་དཔང་གིས་བདག་དུ་བཟུང་བའི་སྤྱི་དཔང་ཤིག་ཡིན་པ་ཤེས་དགོས།
ཨ་གནམ་རྒན་མ་་་ཁྱོས་དུ་མོ་ཤོད་སྟངས་ཡོད་ནིས། གླིང་ཚ་ཁོང་བལ་ཡུལ་གཉེན་རྟོག་པས་རྒྱ་གར་ས་མཚམས་བར་སྐྱེལ་ཡོང་རབས་གསལ་བོ་འདུག་ག ལས་སླ་བོའི་སྒང་ནས་བོད་རིགས་དང་རྒྱ་རིགས་སུ་ཡིན་ཡང་ཐུག་ཆོག་ཆོག་ཅིག་འེ་ཡིན་ནམ། མ་གཞི་ནས་་་་དབུ་མའི་ལངས་ཕྱོགས་འདིའི་ཐོག་ནས་རྩོད་ཀྱིན་ཡོད་པ་ཁ་གསལ་བོའི་ཐོག་ནས་རྒྱ་རིགས་བོད་རིགས་སུ་ལ་ཐུག་ཀྱང་འགྲེལ་བཤད་རྒྱག་དགོས་སྟབས་་་ལྷག་པར་དུའང་རྒྱ་རིགས་ལ་ཁ་ཐུག་རྒྱུ་གལ་ཆེན་པོ་མ་རེད་པས། དོགས་པ་དང་སེམས་ཁྲལ་མང་དྲག་ན་་་རང་གི་ཕྲག་པ་ན་རོགས་མི་འགྲོ་་་་ཨ་གྲོགས་པོ།
༸ རྡ་གཤིས་གནམ་གཤིས་ངན་ཀྱང་།། རྩ་བ་གསེར་གྱི་རི་ཡིན།། དམར་ནག་རྒྱ་ཡི་ལག་པས།། བསྒུལ་འདོད་སྟོང་བསམ་རང་ཡིན། ། ས་ཡ་དྲུག་གི་སེམས་པ།། དམ་ཚིག་འོ་ཆུ་འདྲེས་ཡོད།། ཕྱི་ནང་མི་བུ་སུས་ཀྱང།། དཀྲུགས་འདོད་སྟོང་བསམ་རང་ཡིན།། དགྲ་བོའི་དར་ཆ་འཕྱར་ནས།། དགྲ་ལ་རྒོལ་རྒྱུ་ཟེར་བ།། དགྲ་གྲོགས་དབྱེ་བ་མ་ཤེས།། དགྲ་དགའ་གཉེན་སྡུག་ཆགས་སོ།། གཅིག་ནས་རང་རིགས་སེམས་ལ།། སོས་མེད་རྨ་ཁ་བཏོད་ཅིང།། གཉིས་ནས་ཕྱི་མིའི་མིག་ལ།། བོད་དོན་མཐོང་མེད་བཟོས་སོ།། མ་འོངས་རྒྱ་བོད་མཉམ་གནས།། ཡོང་ན་སུས་ཀྱང་འདོད་མོད།། ད་ལྟའི་གུང་བྲན་ཏང་གིས།། མཉམ་གནས་བྱེད་འཇུག་མ་རེད།། དུས་དང་གནས་སྐབས་མ་ཤེས།། གཞན་གྱི་ལག་རྩེད་རྩེད་ས།། སེམས་ཤུགས་ཅན་གྱི་གླིང་ཚས།། རྐང་རྗེས་ལག་བསུབ་བྱས་སོང་།། ཨེ་མ་སྙིང་རྗེའི་ལྷ་གཅིག། ཉམ་ཆུང་བོད་མིར་གཟིགས་ཤིག
རྡ་སའི་གནམ་གཤིས་ཞེས་བཅོས་རོགས།
གོང་གི་མཆན་མདོག་མཁན་ཚོར་ཞུ་རྒྱུ་ཞིག་ལ། བཙན་བྱོལ་སྒྲུག་འཛུགས་ཀྱི་གཉིས་ཕན་དབུ་མའི་ལམ་རྩོད་བཞིན་པ་འདིས་རྒྱ་དམར་པོའི་འོག་ནས་ཁ་མ་བྲལ་བར་སྡོད་ཀྱིན་ཡིན་གསུང་གི་ཡོད་མ་རེད་པས།
གལ་ཏེ་གསུང་གི་ཡོད་ན་རྒྱ་དར་དམར་པོ་ལ་བརྩི་སྲུང་བྱ་རྒྱུ་ནི་བཤད་མ་དགོས་པ་ཞིག་རེད་སྙམ།
ཁྱེད་རང་ཚོས་དབུ་མའི་ལམ་གྱིས་ག་རེ་རྩོད་གནང་གི་ཡོད་པ་ཤེས་པར་གྱིས
དབུ་མའི་ལམ་མི་འདོད་ན་་་་་་་་་་་དབུ་མའི་ལམ་ལ་འདོད་པ་མེད་ཞེས་ཐད་ཀར་གསུང་རོགས་གནང།
ཚེ་རྡོར་ལགས། ད་ལྟ་ཕྱིར་གཤེགས་རྒྱབ་ན་ཕྱི་དྲག་མེད། རྗེས་སུ་རང་ཉིད་ཀྱང་ངུ་རྒྱུ་ཤར་ཡོང་ངོ་།
ཁྱེད་ལྟ་བུའི་མི་ཚོས།
གནའ་སྔ་མོ་སྔ་མོ་ནས་སྡུག་འདི་མྱངས་པ།
དེབ་ཆུང་ཞིག་གིས་ངར་བཤད་ཡོད།
དེབ་ཆུང་དེའི་སྐད་ཆ་ལྟ་བུའི་ཁྱོས།
དེ་རིང་སྡུག་དེ་མྱོང་གིན་ཡོད་པ།
ངས་དེབ་ཆུང་ཞིག་ལ་བཤད་ངེས།
དེབ་ནང་གི་གནའ་བོའི་མི་བུ།
དེ་རིང་གི་ང་ཡི་སྤུན་ཟླ་སྟེ།
དཔའ་གླིང་ལགས་ས་ཡ་དྲུག་གི་བུ།
ཁ་བརྡ་དྲ་བ་བརྒྱུད་ནས་ངས་ཀྱང་ཁ་བརྡ་ཞིག་བཤད། གླིང་ཚའི་ངོ་རྒོད་བྱེད་སྟངས་འདི་སྔོན་ཆད་བྱུང་མ་མྱོང་བ་ཞིག་རེད་ཅེས་མི་མང་བོ་ཞིག་གིས་སྔོན་མ་ནས་བསྒྲགས་མྱོང་། དོན་ལ་ཡང་དེ་འདྲ་ཞིག་མ་རེད་དམ། ད་དུང་མི་འགའ་ཤས་ཀྱིས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆབ་སྲིད་པ་དང་སྲིད་དོན་པ་བྱུང་མྱོང་མེད། ད་ཕལ་ཆེར་ཁག་པོ་རེད་ཅེས་ཀྱང་ལབ་མྱོང། གང་ལྟར་ང་ལ་ཡང་གླིང་ཚ་འདི་དམིགས་བསལ་ཞིག་ཡིན་པའི་ཚོར་སྣང་བྱུང་། ཕྱོགས་གཅིག་ནས་བཤད་ན་མི་མང་བོས་ཀྱང་དྲ་ཐོག་ནས་གླིང་ཕྱོགས་འདྲ་མིན་བཟོ་བཞིན་པ་འདི་རེད། འདིས་ག་རེ་མཚོན་གྱིས་ཡོད་པ་རེད་དམ་ཅེས་ན་ ང་ཚོའི་བཙན་བྱོལ་ནང་སྲིད་དོན་པ་ཞིག་གི་མཚན་གཞི་རྙེད་པ་རེད་སྙམ། སྲིད་དོན་པ་ཟེར་བ་དེར་ཡང་གོ་བ་གཉིས་ཡོད་པ་ལས་ངས་བཟང་ཕྱོགས་ནས་གླིང་གི་ཡོད།ཤིང་སྐྱོན་མེད་རྒྱ་རྫོང་ནག་ན་མེད།མི་སྐྱོན་མེད་འཛམ་བུ་གླིང་ན་མེད། གཞན་དག་ཚོས་དར་དམར་གྱི་སྐོར་ལ་དགག་བྱ་ཡོད་མེད་དང་དེ་ལས་འཕྲོས་ཏེ་ལམ་དབུ་མ་དང་རང་བཙན་གྱི་སྐོར་ཡང་རྩོད་ཀྱིན་འདུག ངས་བལྟས་ན་དེ་འདྲའི་གལ་ཆེན་པོ་མ་རེད་མོད། ཡིན་ན་ཡང་ཚང་མ་ལ་བདེན་པ་ཡོད་པའི་སྣང་བ་སྟེར་།ཕ་བསད་པའི་བུ་ལ་ཡང་བདེན་པ་ཡོད་རེད། ང་ཚོའི་ལོ་རྒྱུས་ལ་ཕྱི་མིག་ཅིག་ལྟོས་དང་། ལོ་རྒྱུས་ཐོག་གི་མི་སྣ་གལ་ཆེན་ལ་མ་ཉེས་ཁ་གཡོགས་ཀྱིས་གྲོངས་པ་རེད།རྗེས་ནས་འགྱོད་པ་སྐྱེས་པ་དེ་ང་ཚོའི་ལུགས་སྲོལ་དུ་ཆགས་གྲབས་མི་འདུག་གམ།གསལ་བོར་བཤད་ན་བསམ་བློ་གཅིག་པ་དང་ལྟ་བ་གཅིག་པ། སྒྲུབ་ཕྱོགས་གཅིག་པ་ཡིན་དགོས་ན་ད་གཟོད་ས་མཚམས་གང་ཞིག་ཏུ་སླེབས་ཀྱི་ཡོད་མེད་ལ་ཡང་བསམ་བློ་དགོས་ཀྱི་འདུག ཚང་མ་གཅིག་གྱུར་བཟོ་དགོས་པ་དེ་ཕལ་ཆེར་མའོ་ཡི་ལྟ་བ་ཞིག་ཡིན་པ་འདྲ། འདི་ལྟར་བཤད་ཚེ་ཏིན་རྒན་དེ་ཡང་ངའི་ཡིད་ལ་འཁོར་བྱུང་། ཁོས་མའོ་ལ་དོན་གྱིས་དགག་པ་བརྒྱབ་པ་མ་ཟད་ལམ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་བཏང་བ་རེད། ཕྱི་ཕྱོགས་སྒོ་དབྱེ་ཕྱེས་པ་དེ་ཁོའི་དྲིན་རེད། དམར་ཕྱོགས་བསམ་བློ་ཅན་མང་བོ་ཧོར་ཐོར་དུ་བཅུག་པ་རེད། སྐབས་དེར་ཁོས་བཤད་པའི་གཏམ་དཔེ་ཞིག་ཀྱང་ངའི་ཡིད་ལ་དྲན་བྱུང་། ཞི་ལ་དཀར་ནག་གང་ཡིན་ཡང་ཙི་གུ་བསོད་ཐུབ་དགོས་ཅེས་བཤད་པ་རེད། དོན་ལ་ཡང་ཁོས་རྒྱ་ནག་ཤར་གླིང་གི་ནད་པ་དེ་ད་གཟོད་འཛམ་གླིང་གི་སྤྱི་ཚོགས་ཁྲོད་ངོ་ནོངས་མི་དགོས་པ་ཞིག་བཟོས་པ་དང་འཛམ་གླིང་གི་ཡང་རྩེར་བསྙེགས་པའི་ད་ལྟའི་ལམ་ཁ་འདི་བསྟན་པ་རེད། འདི་མའོ་ཡི་ཡིད་ལ་གཏན་ནས་འཁོར་མ་མྱོང་བ་ཞིག་རེད་ཅེས་བཤད་ཆོག་གི་རེད། དེ་བཞིན་དུ་ང་ཚོ་བོད་ལ་ཡང་གཏམ་དཔེ་ཞིག་ཡོད་རེད། དོན་དག་འཁྱོངས་ན་ཆ་ལུགས་རྩོག་ན་སྐྱོན་མེད་ཟེར། དེ་ཡང་བཤད་སྟངས་ཤིག་མ་རེད་དམ། ཆབ་སྲིད་ཟེར་བ་དེ་གཅིག་བྱས་ན་རྒྱལ་བ་དང་ཡང་ན་ཕམ་ཡང་སྲིད་པ་རེད། དེ་ལ་འདམས་ཀ་རང་ལགས་ན་ཡོད་མ་རེད་སྙམ། གླིང་ཚའི་འདི་ཡང་ཐབས་ལམ་ཞིག་ཡིན་པ་འདྲ། གང་ལྟར་ངས་ཁོ་ལ་ཡི་རངས་དང་རྒྱབ་སྐྱོར་བྱེད་ངེས་ཡིན།གང་ཡིན་ཟེར་ན་ཐམས་ཅད་བོད་ཀྱི་རྩ་དོན་གྱི་ཆེད་དུ་རེད།སུས་རྩ་དོན་བཤད་མ་བསྡད་པར་ལག་ལེན་དུ་བསྟར་ན་ངས་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་དང་ང་ལྟ་བུ་མང་བོ་ཞིག་གིས་རྒྱང་རིང་ནས་ཁ་བརྡར་བ་ལས་དོན་ལ་གང་ཡང་ཡོང་གི་མ་རེད། འཇོན་མཁན་ཚོས་གང་ཡིན་ཡང་བྱེད་དགོས་ངེས་རེད། མདུན་ལམ་བཀག་ན་འགྲིག་གི་མ་རེད།ཨ་མའི་བུ་ལ་ཡོན་ཏན་ཡོད་ན།དགའ་ལྡན་ཁྲིད་ལ་བདག་པོ་མེད་ཟེར་བ་ལྟར་མིའི་བུ་སུ་ཞིག་གིས་བོད་ཀྱི་རང་དབང་སླར་གསོ་བྱེད་ཐུབ་ན་རང་བཙན་དང་དབུ་མ། རང་ཐག་རང་གཅོད་དང་བདེན་པའི་ཨུ་ཚུགས་སོགས་ཐབས་ལམ་གང་ལ་བསྟན་དགོས་ཀྱང་གཅིག་པ་རེད། ངང་རྒྱུད་ཐུང་བའི་ན་གཞོན་སྐོར་ཅིག་འུར་ལང་གི་ཡོད་རེད།སྒོང་ང་མ་བཏང་བར་སྐད་བརྒྱག་པ་སྔ་དྲགས་པ་རེད། ཁ་གཏོང་མཁན་ཚོ་ཡང་ང་དང་འདྲ་བར་ཁ་ཡོད་པ་ལས་བོད་དོན་ལ་ཕན་པའི་ལས་དོན་གང་ཡང་སྒྲུབ་མྱོང་ཡོད་མ་རེད་ལ། ཕྱིན་ཆད་ཀྱང་ཨེ་ཡོང་གི་རེ་བ་དེ་ཙམ་མེད། སྐབས་འདིར་ངས་རྒྱུ་མཚན་ཞིག་བཤད་ན་འདོད། གོང་དུ་ངས་མའོ་ཡི་ངན་ཕྱོགས་གླེང་བ་ཡིན། ད་ནི་བཟང་ཕྱོགས་ནས་བཤད་ན་མའོ་ཡིས་གསར་བརྗེའི་ལས་འགུལ་དང་རྒྱང་བསྐྱོད་སོགས་ལས་བྱས་བརྗེས་ཆེན་པོ་བཞག་པ་རེད། དེ་ཚང་མར་ཡོངས་གྲགས་རེད། སྐབས་དེར་མའོ་ཡིས་བཟོ་ལས་པ་དང་ཞིང་བ། དམག་མི་གསུམ་འདེམས་པ་རེད། མཁས་པར་རློམ་པ་དང་འཇོན་མེད་དེ་ཚོ་བསྡུས་ཡོད་མ་རེད། དེ་ལ་བརྟེན་ནས་མའོ་ཡི་དམིགས་རྒྱང་ལ་སྒོ་མོ་ཕྱེས་ཐུབ་པ་བྱུང་བ་རེད། མའོ་ཡིས་ཁ་བདེ་དང་ལྕེ་བདེ་ཚོ་གྲོགས་ལ་གཉེར་ཡོད་མ་རེད། རྒྱུ་མཚན་ནི་ཁོ་ཚོ་ནི་གསར་བརྗེ་ཡི་སྙིང་སྟོབས་མེད་པ་དང་རང་ཚུགས་མི་ཐུབ་པ། གོ་སྐབས་དང་བསྟུན་ནས་འགྱུར་སླ་བ་ཡོད་པའི་རྐྱེན་གྱིས་རེད། དེའི་སྐོར་ལ་མའོ་ཡིས་གཏམ་བཤད་ཀྱང་སྤེལ་མྱོང་བ་རེད་།དཔེ་མཚོན་འདི་ང་ཚོ་ལ་ཡང་བསླབ་བྱ་ཞིག་ཡིན་སྲིད།ང་ཚོའི་སེམས་ལ་རང་ཉིད་ནི་ཡོན་ཏན་ཡོད་པའི་མཁས་པ་ཡིན་པ་དང་།བཟོ་ཞིང་དམག་གསུམ་ནི་སློབ་སྦྱོང་མེད་པའི་ལུག་རེད་བསམ་སྲིད་པ་རེད། མཁས་པའི་ས་མཚམས་ངས་འཇོག་ཤེས་མ་སོང།ས་པཎ་གྱིས།མཁས་གང་ཤེས་བྱའི་དེ་ཁོ་ན།།ཇི་བཞིན་རྟོགས་པ་ཡིན་པར་འདོད།།བྱས་བྲག་སྦྱང་བས་དོན་ཤེས་པ།།དེ་ཡང་དེ་ལ་མཁས་པ་ཡིན།།དེས་ན་ཐབས་ལམ་ཅི་ཞིག་ལ་བརྟེན་དགོས་ཀྱང་རྩ་དོན་མ་འཁྱོར་བར་སྒྲུབ་ཐུབ་པ་ཞིག་ལ་ཆབ་སྲིད་མཁས་པ་ཟེར་དགོས་པ་མིན་ནམ། རིགས་པའི་གནས་བཅུ་སོགས་བཤད་མི་དགོས་པ་འདྲ།གང་ཞིག་གསེར་གྱི་རི་ལ་གནས་པའི་བྱ་ཡང་གསེར་དུ་མཐོང་བ་བཞིན་དུ་བོད་ཀྱི་རྩ་དོན་གྱི་ཆེད་དུ་བློས་གཏོང་བྱེད་མཁན་དག་ཀྱང་རྩ་དོན་དང་འདྲ་བར་རྩིས་ན་ཅི་མ་རུང་།རང་བཙན་དང་དབུ་མ་གང་ཡིན་ཡང་ཐབས་ལམ་དུ་བཟུངས་ནས་མདུན་དུ་བསྐྱོད་ཐུབ་ན་ང་ལ་བསམ་ཚུལ་ཅི་ཡང་མེད། སྡར་མ་ཚོའི་ཁ་ལ་ཉན་མི་ཉན་ཡ། ཁོ་ཚོའི་ལག་ནས་ཤིག་ཡང་མི་ཆོར་རོ། ངུ་ལ་སྐྱེན་པའི་བྱིས་པ་ཚོ་ཕ་མའི་ལག་མི་དལ་བའི་རྒྱུ་རུ་འགྱུར་སྲིད་པ་རེད།ཡང་གཅིག་བཤད་ན་རྒྱལ་པོའི་ཅོག་ཙེ་སྒང་གི་ཆུ་དེ་ཞིང་ཁའི་ནང་ལ་མི་འགྲོ་ཟེར་བའི་སྒྲུང་དེ་ཡང་གླེང་རིན་མེད་པ་མ་རེད། ཞིང་ཁ་ཡག་པོ་སྐྱེས་དགོས་ན་ཡུར་བ་ཡག་པོ་བཟོ་དགོས་པ་ཞིང་བ་ཚང་མར་དྲིས་ན་ཤེས། དཀའ་ལས་མ་བརྒྱབ་པར་འབྲས་བུ་ཐོན་མི་སྲིད་པ་དེ་གླིང་ཚས་སྔར་ནས་རྟོག་ཡོད་པ་འདྲ། ད་མང་བོ་མི་བཤད། ཁ་བཤད་ཆུ་ཡི་ཝུ་བ།། ལག་ལེན་གསེར་གྱི་ཐིགས་པ།། ཚང་མས་ལག་ལེན་ལ་འབོངས་རྒྱུ་གལ་ཆེན་པོ་རེད་ཡ།ཡིན་ད། མདུན་ནས་མདུན་དུ་བསྐྱོད་ཅིག བསྐྱོད་ཅིག གླིང་གི་བུ་རབས་ཚ་རྒྱུད་ཚོ།གླིང་ཚའི་གོམ་བགྲོད་རིང་རྒྱུ་མེད་ཀྱང་གླིང་གི་དཔའ་བོ་དྲན་པའི་རྒྱུ།།གླིང་ཚའི་གཟུགས་སྟོབས་ཆེས་རྒྱུ་མེད་ཀྱང་སྙིང་ལ་རུས་པ་ཡོད་པར་དོགས།།རང་བཙན་ཟེར་ནས་ཉལ་ནས་བསྡད་ཀྱང་རང་དོན་རུམ་ལ་བཅུག་པ་མིན།།དབུ་མ་འཁྱེར་ནས་ལམ་ལ་ཞུགས་ཀྱང་རྒྱལ་བའི་དབུ་ལ་དབུ་སྐོར་མིན།།
གླེང་ལ་གླིང་སོགས་ཡིག་ནོར་བྱུང་བ་དགོངས་འགལ་མེད་པར་ཞུ།
དགེ་འདུན་རྒྱ་མཚོ་ལགས། ཉིད་ཀྱིས་ཁ་བརྡ་དྲ་རྒྱ་འདི་དང་འདི་འདྲའི་ནང་གི་དཔའ་གླིང་སྐོར་གླེང་མོལ་བྱེད་སྟངས་ལ་བལྟས་ནས། འུ་ཚོ་བོད་ལ་ཆབ་སྲིད་པ་ཞིག་སྐྱེས་འདུག་གསུངས་པའི་སྐད་ཆ་དང་གོ་རྟོགས་ལ། དངོས་གནས་དྲང་གནས་རྗེས་སུ་ཡི་རང་ཡོད། སྐབས་འདི་འདྲར། འུ་ཚོས་ངོས་མང་པོ་ཞིག་ལ་ལྟ་ཤེས་དགོས་པ་དེ་གནད་འགག་ཞིག་རེད་འདོད།
བརྡ་སའི་གནམ་རྒན་ཁྱེད་ལ་སྲོག་ཡོད་ན། །ཆོལ་གསུམ་བོད་མི་རྡོག་རྩ་གཅིག་ཏུ་སྒྲིལ། །
བོད་བརྒྱུད་ནང་བསྟན་ཡོངས་ལ་རྩིས་བཀུར་ཞུས། །དེ་ནས་རིམ་བཞིན་བོད་དོན་འགྲུབ་པར་ངེས། །
དེ་མིན་ཆོལ་ཁ་ཆོས་ལུགས་འགལ་ཟླར་བཟོས། །བོད་རིགས་སྤུན་ཟླ་ཁ་ཐོར་དགུ་ཐོར་བཟོས། །
རང་ཉིད་སྐུབ་སྟེགས་རང་སྲུང་བྱེད་པ་དེས། །བོད་དོན་སྒྲུབ་པ་རུལ་སྦས་སྤུ་ཡི་གོས། །
རང་དབང་ཨ་རྡུ་མན་དང་གཅིག སྤྲུལ་སྐུ་དབང་ཆེན་དང་གཉིས་ནི་༧གོང་ས་མཆོག་གིས་བོད་ལ་གནོད་སྐྱེལ་སོང་མདོག་མདོག འཇོན་གི་མིན་འདུག་མདོག་མདོག གཅིག་འགྲིག་མ་སོང་མདོག་མདོག་བཤད་མཁན་ཡོད་ན་མེད་གཉིས་རེད།