བོད་ ཀྱི་རྩམ་པ་དྲ་ལམ་ཚོང་ཁང་ནི་སྤྱི་ལོ་༢༠༠༩ལོར་ཟླ་༧ཚེས་༦སྒོ་ཕྱེ་བ་རེད། དུས་རབས་ཉེར་གཅིག་པའི་འགྱུར་འགྲོས་གྱི་གོམ་ཁ་དང་དོ་མཉམ་པའི་དྲ་ལམ་ཐོག་གི་ བོད་ཀྱི་མི་ཚང་ཞིག་གི་འབད་བརྩོན་ལས་བྱུང་བའི་ཚོང་ཁང་ཆུང་ཆུང་ཞིག་ཡིན། བོད་ཀྱི་རྩམ་པ་དྲ་ལམ་ཚོང་ཁང་ནི་བོད་ཡིག་གི་དྲ་ལམ་ཚོང་ཁང་ཆེས་ཐོག་མ་དེ་ཡིན། དོན་འགྲུབ་དང་རྡོར་མཚོ་གཉིས་ཀྱིས་རང་གི་འབད་བརྩོན་དུ་མ་ལ་བརྟེན་ནས་༢༠༠༩ ལོར་ལེགས་འགྲུབ་བྱུང་། ཚོང་ཁང་ཆུང་ཆུང་དེར་བཙོང་བཞིན་པའི་རྩམ་པ་དེའི་རྒྱུ་ཆ་འབྲུ་རིགས་དག་ནི་རང་ བྱུང་ཁོར་ཡུག་གི་ཉི་དྲོད་དང་ཆར་ཆུས་བརླན་གཤེར་ལ་བརྟེན་ནས་རང་བྱུང་དུ་སྐྱེས་ པ་ཁོ་ན་ལས། རྫས་འགྱུར་རིགས་ཀྱི་དྲི་མ་ཙམ་ཡང་མེད་པས་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་། རང་རེའི་བོད་ཀྱི་ལག་ལེན་ལྟར། འབྲུ་རིགས་ཆུ་རིས་དང་། ཡས་བྱེ་རྔོས་བྱས་དེ། ཉར་ཚགས་གཙང་ཞིང་ཞིབ་པ་བྱས་མཐར་། རྡོ་འཁོར་ལ་དྲངས་སྟེ་ཞིབ་འཐག་བྱས་པའི་རྩམ་པ་འདིའི་དྲོ་བ་དང་ནུས་པ་རྩམ་པ་ གཞན་དང་མི་འདྲ་བ་ཞིག་ཡིན།།
http://www.youtube.com/watch?v=mdT_mJXOrGY
བོད་ཟས་རྩམ་པ་ཟེར་ནས་གླེང་དུས་སུ།།
མགོ་ནག་རྩམ་གཟན་ཟེར་བའི་མི་རིགས་འདི།།
རྩམ་པའི་དྲིན་གྱི་སྐྱོང་བ་བདེན་ན་ཡང་།།
དེང་སང་རྩམ་པ་དགའ་མཁན་ཉུང་དུ་བྱིན།།
རྩམ་པའི་ཚོང་ཁང་གསར་འཛུགས་བྱས་པར་དགའ་བསུ་ཡོད། ངས་ཀྱང་རྩམ་པ་ཉོ་འདོད་ཡོད་མོད། རྩམ་པའི་རགས་ཞིབ་དང་། བྲོ་བ། རྒྱུ་ཆ་བཅས་གསལ་བོར་མི་ཤེས་པས་སྦྱིན་བདག་མས་དེའི་ཐད་གསལ་བཤད་ཅུང་གནང་ཐུབ་ན་ཡག་པོ་འདུག འོན་དེང་དུས་བོད་མི་ཡིན་ཡང་བོད་ཀྱི་ལ་རྒྱ་དང་བོད་དྲི་བྲོ་མཁན་ཉུང་ཉུང་ཡིན་དུས་བོད་རྩམ་ཉོ་མཁན་ཡོད་མེད་སུས་ཤེས།
མཆིན་ནད་ཅིག་གི་རྐྱེན་གྱིས་ང་ལ་རྩམ་པ་མ་འཕྲོད་ནས་ལོ་ཉི་ཤུ་ཕྱིན་སོང་། ཡིན་ན་ཡང་ངས་གྲོགས་པོ་རྩམ་དགའ་ཚོར་གསར་འགྱུར་འདི་ངོ་སྤྲོད་བྱེད་ཐག་ཆོད་ཡིན། འདིའི་ཁྲོད་དུ་ཨ་རི་བ་རེ་ཟུང་ཡོད།
ལྷན་རྒྱས་ནས་བོད་ཀྱི་རྩམ་པ་ཚོང་ཁང་སྐོར་ལ་གླེང་མོལ་གནང་པ་བཀའ་དྲིན་ཆེ་། རྩམ་པའི་རྒྱུ་ཆ་དེ་བདག་ནས་Whole Food ཉོ་གི་ཡོད་ལ། ཚོང་ཁང་འདི་ནང་གི་ཚོས་རིགས་འབྲུ་རིགས་ཚང་མ་རང་པྱུང་གནམ་གཤེས་ལ་སྟེན་ནས་སྐྱེས་བ་ཁོ་ན་ཡིན་པས་། ནས་གོང་ཡང་ཆེན་པོ་རེད་མོད་། བདག་ནི་ཚོང་འདིས་ལས་ཀ་པ་ཡིན་པས་དམིག་གསལ་ཏོག་ཙམ་ཡོད་། གང་ལྟར་རྫས་རིགས་ཀྱི་མ་ལྷད་པས་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡོད་། རང་རིས་བོད་ཀྱི་ལགས་ལེན་སྟར་ནས་ཕྱེ་མ་ནང་རྔོས་གི་ཡོད་ལ་།
རྩམ་པ་རྡོ་སྐོར་ནང་འཐག་གི་པས་ཡོད་པས་དྲོ་པ་ཤིན་དུ་བཟང་ལ་། མདོ་སྟོད་སྨད་དུ་དར་ཁྱབ་ཆེད་པའི་རྩམ་པ་རགས་མོ་དང་། དབུས་གཙང་ཁུལ་དུ་དར་ཆེ་པའི་རྩམ་པ་ཞིང་ཞིབ་བཅས་། རགས་ཞིཔ་གྱི་ཆ་ནས་གཉིས་ཡོད་་ལ། རྒྱུ་ཆས་ནས་ནས་དཀར་གཅིག་པོ་ཡིན་། ཡིན་ན་ཡང་མི་རང་ནས་ནག་གི་རྩམ་པ་ཡང་རགས་ཞིབ་གཉིས་བཅས་དེ་། ཉོ་མཁན་འདོད་པ་ལྟར་ འཔུལ་རྒྱུ་ཡིན་།
བོད། ལྷ་ཀླུ་གཉན་གསུམ་ དང་རིག་མཆོག་ འ་ཁུ་ཡི་ཤེས་སོགས་ བོད་ཀྱི་རྩམ་པ་ཚོང་ཁང་སྐོར་ལ་མཆན་བཀོད་པ་ ཐུགས་རྗེས་།
རྩམ་པ་མཆིན་པར་གནོད་པ་འབུམ་རྒྱུད་གཞིར་བཅས་གཞན་པའི་ཉམས་ཡིག་སྣ་ཚོགས་གང་ནའང་གསུང་མེད ཕལ་ཆེར་ཁྱེད་ཀྱིས་མར་རྙིང་བའི་རྩམ་པ་ཟོས་ནི་ཡིན་རྒྱུ་རེད་སྙམ།དེ་མིན་ན་མར་གསར་བ་མང་དྲག་པ་ཡིན་རྒྱུ་རེད དེ་བད་ཀན་སྨུག་པོའི་གནོད་ཟས་ཡིན་པས་བོད་ཡུལ་ན་རྩམ་པ་མི་འཕྲོད་པའི་ནད་པ་མང་། མ་གཞི་རྩམ་པ་མ་འཕྲོད་པ་མ་རེད། གཙོ་བོ་མར་རྙིང་པ་དང་མར་གསར་བ་མང་དྲག་པའི་རྐྱེན་གྱིས་རེད གལ་ཏེ་རྩམ་པ་མཆིན་པར་གནོད་རུང་དེ་ནི་གོམས་པའི་ཟས་ཡིན་པས་གནོད་པ་ཚབས་ཆེན་མེད ནས་རྙིང་རྩམ་པ་འཐག་ཐུབ་པ་བྱུང་ན་རྗེས་ཕྱོགས་འབྲེལ་བ་བྱོས་དང་དེ་འབྲེལ་གྱི་ངོ་སྤྲོད་གསོ་བ་རིག་པའི་གཞུང་དང་བསྟུན་ནས་འབྲི་ངེས་ཡིན།།གཅིན་སྙིའི་ནད་ལ་ངོ་མ་ཁྱད་མཚར་གྱི་ཕན་ཐོགས་ཡོད །།
བདེན་པར་རེད་ལགས། ངས་རྩམ་པ་རྙིང་པ་དང་མར་རྙིང་བ་སྦྲགས་ནས་བཟའ་རྒྱུ་མང་དྲགས་པས་དེ་ལྟར་ང་ལ་ན་ཚ་བྱུང་བ་རེད། ད་ལྟ་འདི་ག་ནས་མར་གསར་བ་རག་ན་ཡང་རྩམ་པ་དང་སྦྲགས་ནས་ཚོད་ལྟ་བྱས་ན་ཡང་རྩ་བ་ནས་འཕྲོད་ཀི་མི་འདུག སྔོན་ཆད་དང་འདྲ་བར་ན་ཟུག་ཆེན་པོ་ཞིག་མེད་ན་ཡང་གྲོད་ཁོག་སྦོས་ནས་རེ་བ་མི་འདུག
ྦོད་ཀྱི་གསོ་བ་རིག་པའི་གཞུང་དུ་ཕོ་ནད་ལ་དབྱེ་བ་བཅུ་དྲུག་ཡོད་པ་ལས་ཕོ་རླུང་གི་ནད་རྟགས་གཙོ་བོ་ནི་ཕོ་བ་སྦོ་ཞིང་སྟོང་སྒྲེག་བྱེད་པ། ཕོ་བའི་གནས་སུ་འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད་ལ་ཡང་ན་སྒྲ་བཅས་འཁྲུ་བ་ཡིན།ཕོ་བ་སྦོས་པ་ལ་སེ་འབྲུའི་རིགས་བསྟེན་ན་ལེགས་སྙམ། གཙོ་བོ་ནད་རྟགས་གསལ་བོ་ཞིག་མི་ཤེས་པས་འདིར་ཐད་ཀར་འགྲེལ་བཤད་རྒྱག་མི་ཐུབ། ཟས་རྩམ་ཡིབ།ཤ་ཐུད་རུལ་བ། རྒྱུ་ཁྲག མ་སྨིན་པའི་རིགས། ཇ་འཁྱག འོ་རློན། རུལ་སྐྱུར།ཞོ་ཆང་མ་ལངས་པ། ཤིང་ཏོག་མ་སྨིན་པ། ཤ་མ་ཚོས་པ་དང་ཚིག་པ་ཁེང་པོའི་རིགས་སོགས་ཡུན་རིང་བར་ཤིན་ཏུ་འཛེམ་དགོས། གལ་ཏེ་རླུང་སྒོམ་ཐུབ་ན་ཕོ་བའི་ནད་ལ་ཤིན་ཏུ་ཕན་པ་ལག་ལེན་ཡིན། དེ་མིན་ན་ལག་གཡས་པ་ཡིས་ཞོགས་པ་སྔ་མོར་ཕོ་བའི་ལྷེན་གསང་དང་མེ་མཉམ་གྱི་གསང་། སྐྲན་གསང་བཅས་ལ་བསྐུ་མཉེ་སྐར་ཆ་བཅུ་གྲངས་ལ་བྱས་དང་ཟླ་བ་ཁ་ཤས་འགོར་ན་ཅུང་བདེ་བར་འགྱུར། དེ་ནི་འཇམ་མགོན་མི་ཕམ་གྱི་གདམས་པ་ཡིན་ལ་ལུས་དངོས་པོའི་གནས་ལུགས་དང་སྦྱར་ན་རྟེན་འབྲེལ་གྱི་གནད་ཐུན་མོང་མ་ཡིན་ཞིག་ཡོད་མོད་འདིར་རྒྱས་སྤྲོས་བྱས་ན་མི་འོས། གལ་ཏེ་ནད་གཞིའི་སྐོར་ལ་དྲི་བ་ཡོད་ན་འཕྲིན་ཡིག་བསྐུར་དང་རྒྱུན་མཁོའི་ཤེས་བྱ་མཁོ་སྤྲོད་བྱེད་ངེས་ཡིན།།
བོད་ཀྱི་རྩམ་པ་འཛམ་གླིང་ཟས་ཀྱི་རྒྱན།།
བོད་ཀྱི་རྩམ་པ་རོ་བཅུད་ཀུན་གྱི་ཕུད།།
བོད་ཀྱི་རྩམ་པས་ལང་ཚོའི་གཟི་མདངས་རྒྱས།།
བོད་ཀྱི་རྩམ་པས་ཚེ་རིང་ནད་མེད་འགྱུར།།
བོད་ཀྱི་རྩམ་པོ་ཚོང་ཁང་འདི་བཞིན་འཛམ་གླིང་རྩམ་པའི་ཚོང་ར་ཆེན་པོ་ཞིག་འགྱུར་བའི་རྨི་ལམ་ཞིག་ང་ལ་རྨིས་བྱུང་།
རྨི་ལམ་དེ་བཞིན་མངོན་སུམ་དུ་འགྱུར་བར་སྨོན།།
སྐྱིད་པའི་སྐབས་སུ་རྩམ་པ་ཟ།།
གདུངཔའི་སྐབས་ཀྱང་རྩམ་པ་ཟ།།
རྩམ་པའི་ལོ་རྒྱུས་ཁྱེད་ཀྱི་ཤེས།།
རྩམ་པའི་ལེགས་སྐྱེས་ངས་ཀྱང་ཤེས།།
སྐུ་ཞབས་ལྷ་རྟ་དཀར་པོ་དང་། སྐུ་ཞབས་བདུད་འདུལ་རོལ་པའི་རྩལ་། སྐུ་ཞབས་ཟེ་རུ། སྐུ་ཞངས་ཀླུ་མྱོན་བཅས་ནས་རྩམ་པས་ ཐོགས་དཔྱད་གཏམ་སྤེལ་པར་སེམས་ཁོང་རུས་པའི་གཏིང་ནས་དཀའ་དྲིན་ཆེ་། ངེད་གཟའ་མི་གཉིས་ནས་སྦ་བ་ན་སྐོང་ནང་ན་ཡོད་ཀྱང་། བསམ་པ་གླང་དཀར་སྟོད་ན་ཡོད་པས་དཔེ་སྟར་། མི་ཆུང་ཆུང་གི་བསམ་པ་ཆེན་པོ་བཟུང་དེ་། དུས་རབས་ཉེ་གཅིག་པས་ནང་དྲ་རྒྱ་དང་གློག་འཕྲིན་ཀྱི་འཛམ་གླིང་རིལ་པོ་དབང་སྒྱུར་བཞིན་པས་སྐབས་འདིར་། ང་ཚོའི་བོད་ཡིག་གི་ཀྱང་། སྐད་ཡིག་གཞན་པ་དག་དང་འདྲ་པར་། རང་གི་མི་རིགས་ལ་བརྡ་སྤྲོད་དང་དགོས་དངོས་མཁོ་འདོན་བྱེད་ཀྱི་ཡོད་པས་དན་རྟགས་དུ་། བོད་ཀྱི་རྩམ་པ་ཚོང་ཁང་དེ་བོད་ཡིག་གི་ཐོག་དྲ་པར་བཀོད་པ་ཡིན།
ལོ་ངོ་སུམ་བཅུ་ཡ་རོལ་ནས་ བཟོས་པས་སེམས་ཀྱི་རྨ་ཁ་དེ་། སྤགས་སྩགས་དང་རྩམ་དྲི་གཉིས་ལ་ཉེ་ཅོས་དང་མཐོང་ཆུང་གི་ལྡོག་འོག་དུ་ནན་ཡོད་པ་། ད་ལྟ་ཁོ་ཚོའི་མིག་འཐོང་རྣར་ཐོས་ཀྱི་རྩར་། རྒྱལ་སྤྱི་ཟས་རིགས་ཚོང་ཁང་ཁག་དུ་། རྩམ་པ་ནི་གྱིག་ཤོག་ནང་གི་ཉ་སྐམ་པོ་དང་འབུ་གསོན་ལྟ་བུ་མིན་པར་། མིས་ལུས་ཕུང་ལ་སྟོབས་སྐྱེད་ནད་འགོག་གི་བདེན་དབང་དང་བཅས་དེ་སྤོཔ་པའི་ངང་ལོངས་ རྒྱུ་ཡིན་། འདི་ནི་མི་ཚང་ཆུང་ཆུང་ཞིག་གི་ཁེ་ཕན་ཙམ་མ་ཡིན་པར་། མི་རིགས་ཞིག་གི་ལོ་རྒྱུས་ཀྱི་བརྗེད་ཐོ་ཞིག་ཡང་ཡིན་ལ། ང་ཚོ་གངས་ཅན་པས་ཐུན་མོང་ལ་དབང་པའི་ཟས་རིགས་ཞིག་གི་ཤི་གསོན་ཀྱི་འདེན་ཁར་ཡང་སླེབས་ཡོད་པས་། ཁྱེད་བློ་མཐོ་པོར་གནས་པ་རྣམས་གཙོ་བྱས་། རྩམ་ཟན་ཡོང་གིས་དངོན་ལྒོག་རྒྱུད་གསུམ་ནས་སྔོན་འཐེན་དང་རྒྱབས་སྐྱོར་གནང་པར་བཀའ་དྲིན་ཆེ་།
ཁྱེད་རྣམས་པས་འབྲེལ་ཡོད་ཀྱི་ཟིན་བྲིས་དང་གསར་ཤོག་གཞན་པ་དག་དུ་ཡང་དཔྱད་གཏམ་རེ་གནང་བའི་རེས་པ་བཅས་།
བོད་ཀྱི་རྩམ་པ་ཚོང་ཁང་ནས་།
ཡ་ཡ་ཡ། ཁྱེད་རྩམ་པ་ཚོང་ཁང་ཚང་གིས་རྩམ་པ་ཁྱབ་བསྒྲགས་ཀྱི་ཤོག་བྱང་སྙིང་རྗེ་བོ་ཁག་ཅིག་པར་སྐྲུན་གྱིས་འདི་གར་སྐུར་དང་ངས་རང་གི་སྡོད་གནས་དང་ངོ་ཤེས་ཚོར་མཚམས་སྦྱོར་བྱེད་ཀི་ཡིན། ཁྱེད་ཀྱིས་འདི་ལྟར་དཀའ་ངལ་བསྐྱོན་ནས་རང་རེའི་ཞིམ་ཟས་སྦྲང་དཀར་རྩམ་པ་ཐོན་སྐྱེད་བྱེད་ཐུབ་ས་ནས། ངས་ཁྱབ་བསྒྲགས་ཤིག་ད་བྱེད་ལོས་ཐུབ།
རྩམ་པ་ཚོང་ཁང་ལགས། དྲ་ངོས་སྟེང་མཐོང་པའི་རྩམ་པའི་སྡེབ་སྦྱོར་དང་ཕན་ནུས་། རྒྱུ་ཆ་སྥུས་ལེགས་མཁོ་བསྒྲུབ་བྱས་པ་སོགས། ཚད་མཐོའི་རང་བཞིན་གྱི་བོད་ཟས་འཇམ་གླིང་ཁྲོམ་རར་གདན་འདྲེན་ཞུ་ཐུབ་པ་བྱུང་པ་འདིས། བདག་གིས་སྥྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ།
སྦྲང་དཀར་རྩམ་པའི་ཞིམ་ཤ་དེ། །
ལྟོག་དུས་མ་གཏོགས་མི་དྲན་གི །
དྲིན་ཆེན་ཕ་མའི་དྲིན་ལན་དེ། །
རྒས་དུས་མ་གཏོགས་མི་དྲན་གི །
ཟེར་ནི་རེད། ད་འདིའི་ནང་ན་རྩམ་པ་མ་ཟོས་བའི་བུ་ཅིག་ཡོད་ཀྱི་མ་རེད། ང་ལ་མཚོན་ན། ནས་ཀར་རྩམ་པ། ནས་ནག་རྩམ་པ། གྲོ་རྩམ། སྲན་པོ་རྩམ་པ༼འདི་ནི་སྲན་མ་དང་སྲེན་མ། སོ་མ་ར་ཙའི་འབྲས་བུ། ནས་བཅས་དཀྲུགས་ནས་བཟོས་པ་ཅིག་ཡིན་ལ། ཟ་རྒྱུ་མང་ན་ར་གཟི་འགྲོ་གི་རེད དེ་ཡང་སོ་མ་ར་ཙའི་རྐྱེན་གྱིས་ཡིན་ས་རེད༽ ད་དུང་མ་རྨོས་ལོ་ཏོག་གི་རྩམ་པ་དེ་རྒྱ་གར་ལྷོ་ཕྱོགས་ནས་ཟོས་མྱོང་། འདི་ག་ཨ་རི་ནས་གཏོར་རྩམ་གི་ཆེད་དུ་ནེའུ་ཡོག་ལ་ཕྱིན་པ་ཡིན་མོད། ལས་སླ་བོ་མི་རེག་པར་མ་ཟད། རེག་པ་དེ་ཡང་ཀེ་ལོ་ལ་སྒོར་ ༡༥ རེད་འདུག མངགས་ནས་བདུན་ཕྲག་གཅིག་ལ་སྒུགས་དགོས་གི་འདུག ཨོ་ད་ཟ་རྒྱུའི་རྩམ་པ་ཅིག་ད་སེམས་ཐག་རེད་འདུག ཁ་སྔོན་ནེའུ་ཡོག་ནས་གཏོར་རྩམ་ཀེ་ལོ་ ༡༠ ཁྱེར་ཡོང་ཡོད་ནོ། གྲོགས་པོ་ཚོས་ཤེས་བཞིན་དང་། མ་ཤེས་བའི་ཁུལ་བྱས་ནས་ཁྱེར་དེ་། ད་ཡིན་ན་ང་ལ་ནི་ཀེ་ལོ་གཉིས་མ་གཏོགས་ལྷག་མི་འདུག ཀེ་ལོ་གཉིས་དེ་སུས་ཀྱང་མི་རེག་ས་ཟིག་ལ་སྦས་ཡོད།།
སྐུ་ཞབས་གཞོན་ནུ་ཟླ་མེད་ནས།
ད་ལྟའི་ཆར་ང་ཚོའི་ཚོང་ཁང་དུ་ནས་དཀར་གྱི་རྩམ་པ་གཅིག་རང་ཡིན་ལ། མི་རང་བར་ནས་ནག་གི་རྩམ་པ་ཡང་གཏན་འཇགས་སུ་འཇོག་གི་ཡིན་། ད་ལྟ་བདག་ལ་ནས་ནག་ཡག་པོ་ཞིག་རགས་མ་སོང་། འདི་རུ་ཁ་ཤས་ཞིག་ཡོད་མོད་། དེ་དག་ནི་བདག་གི་འདོད་ཚིམས་མ་སོང་།
གཞན་ཉོ་འཁན་རྣམས་ཀྱི་འདོད་པ་ལྟར་། སྲན་རྩམ་པ་དང་། མ་རྨོས་ལོ་ཏོག་གི་རྩམ་པ། གང་དགོས་ཀྱང་དམིག་གསལ་ཀྱི་མངག་ན་འགྲིག་།
ང་ཚོས་རྩམ་པ་ནི་ཐགས་ནས་ཡིན་རང་སོགས་འཇོག་གཏན་ནས་བྱེད་གི་མེད་། གང་ཡིན་ཟེར་ན་ང་ཚོ་ཚང་མས་ཤེས་གསལ་ལྟར་རྩམ་པ་ནི་ཡིན་རང་བཞག་ན་བྲོ་བ་ཤོར་འགྲོ་པས་། བྲོ་བ་མེད་པས་རྩམ་པ་ཞིག་མི་བཙོང་རྒྱུ་ནི་ང་ཚོའི་རྩ་པའི་དམ་བཀའ་ཡིན།
ཉིད་ཀྱི་གྲོགས་པོ་ཁུ་སུམ་སུམ་ཀྱི་རྩམ་པ་ཁྱེར་མཁན་ཚང་མ་ལ་ཡང་ང་ཚོའི་ཁ་བྱང་རེ་གནང་རོགས་། ང་ཚོར་མངག་ན་ཉིན་༣་ནས་༤་བར་འབྱོར་གི་རེད་།
ཐུགས་རྗེ་ཆེ་།
༁་ཁུ་ཡེ་ཤེས་ལགས་།
ཁྱབ་བསྒྲགས་ཀྱི་ཤོག་བྱང་གང་དག་འགྱོག་ངང་བཏང་ཡོང་གི་ཡིན།
བཀའ་དྲིན་ཆེ་།
ཡ་ད་རྩམ་པ་ཚོང་ཁང་ལགས། ཡ་ཡ། ཡ་རབས་པོ། ཁ་བྱང་དང་ཁ་པར་གཉིས་ཀ་སྤྲོད་རོགས། ནེའུ་ཡོག་དང་ནེའུ་འཇར་སེ། ཕེན་ཚིལ་བེ་ནེ་ཡ། ཝ་ཤིན་གྲོན་བཅས་གྱི་གྲོགས་པོ་ཚོར་ངོ་སྤྲོད་བྱེད་ངེས། དེ་མིན་དགོན་པ་ཁ་ཤས་ལ་དུས་རྟག་ཏུ་གཏོར་རྩམ་དགོས་དགོས་པ་རེད། སྡུག་ཐུག་ནས་འབམ་རོ་ཀྲེ་༼མེན་པོ༽དང་གྲོ་ཕྱེ་བཙོས་ནས་གཏོར་མ་བཟོ་གི་ཡོད་པ་རེད། དེ་མིན་འདི་ཀའི་བོད་པའི་སྤྱི་མཐུན་ཚོགས་པར་ངོ་སྤྲོད་བྱེད་ངེས། ང་ནི་གང་ལ་སོང་ན་ཡང་། ཁེ་སང་མེད་པའི་དཔོན་པོ་ཅིག་ཡིན་ནི་རེད།
ཁྱོད་ཀྱི་ཚོང་ལམ་འགྲོ་ཡོང་བར་ཤོག ངས་ལས་ཀ་ཤོར་སོང་ན་ཁྱོད་ཀྱི་ཚོང་ཁང་ནས་ལས་ཀ་རེག་པར་ཤོག ཧཧཧཧ རྗེས་མ་འདི་རྩེ་མོ་ཡིན། ང་ནི་རྩམ་པ་ཟ་ཤེས་པ་ལས་བཟོ་མི་ཤེས་མཁན་ཅིག་ཡིན། ཡིན་ན་ཡང་ངའི་ཨ་མས་རྩམ་པ་འདྲ་མིན་བཟོ་བཞིན་པ་དུས་རྟག་ཏུ་མཐོང་མྱོང་།
ང་ལ་མཚོན་ན་རང་གིས་རྩམ་པ་བཟའ་མི་ཐུབ་ཀྱང་གྲོགས་པོ་རེས་རྩམ་པ་བཟའ་སྐབས་སྣ་ལམ་དུ་རྩམ་དྲི་རེ་བྲོ་ན་ཡང་དགེ་བ་ཟིག་རེད། དེ་ཡང་ཆུང་དུས་སུ་སློབ་གྲྭ་ནས་རྡོ་སོལ་དང་ས་སྣུམ་གྱི་དྲི་མ་ལ་ཞེན་པ་ལོག་དྲགས་པས། དབྱར་གནང་གི་སྐབས་སུ་འབྲོག་ས་རེར་བསླེབས་དུས་སྣ་ལམ་དུ་ནོར་ནག་གི་ལྕི་བའི་དྲི་མ་རེ་འཐུལ་ན་སེམས་ནང་སྨྲ་མི་ཤེས་པའི་ཚོར་བ་སྐྱིད་པོ་རེ་ཡོང་གི་ཡོད་པ་དང་གཅིག་པ་རེད། འབྲོག་ས་དང་འབྲོག་ཟས་དྲིན་ཆེན་པོ་དེ་དུས་མ་ཤི་བར་བརྗེད་མི་ཐུབ་ཀི་ཡ། ཞ་ཞིས་ཆོ།
སྐུ་ཞབས་འབའ་ལུ་གུ་ལགས་།
དྲ་ངོས་སྟེང་གི་རྩམ་པའི་སྡེབ་སྦྱོར་དང་ཕན་ནུས་། རྒྱུ་ཆ་སྥུས་ལེགས་མཁོ་བསྒྲུབ་སོགས་ཞིབས་གཟིགས་གནང་པ་བཀའ་དྲིན་ཆེ་།
དེ་དང་འབྲེལ་པའི་ཐོལ་བྱུང་གི་ཚོར་བ་ཐུང་ཐུང་ཞིག་ཟུར་དུ་ཞུ་འདོད་བྱུང་། བདག་གི་ལྕགས་ལྷང་ང་ནང་གི་ཡས་ས་ཚ་བོའི་ནང་ནས་བླུག་ནས་བཀྲིག་པས་། ནས་གལ་པའི་སྒྲ་དང་ནས་ལྷང་གི་ངར་དྲི་དེ་དག་གི་། ང་རང་ཆུང་ཆུང་དབང་མེད་འགན་མེད་ཀྱི་སྐབས་སུ་། ཞོག་པར་གཉིད་ལས་སད་ན་། ༁་མའི་སྒྲོན་མ་འདོན་ཞོར་དུ་ཡས་རྔོས་སྡད་ཡོད་པས་ནས་ལྷང་གི་ངར་དྲི་དང་ནས་གལ་པའི་སྒྲ་དེ་
སླར་དྲན་བྱས་བས་ལུས་སེམས་གཉིས་ག་སྐྱོ་བའི་ངང་མིག་མཐའ་ལ་ཆུ་ཞིག་མཁོར་།
རེད་ཡ། དེ་རིང་ལས་དབང་གི་རྒྱུ་ཕྱོགས་ཞིག་གི་ང་རང་། ངའི་༁་མའི་གོ་གནས་དེར་སླེབས་པས་མ་ཚད་་། དེ་དུས་སུ་ཨ་མའི་ང་ཚོར་བཅང་བའི་ལྷད་མེད་ཀྱི་ལྷག་བསམ་དེ་ཡང་ཚགས་མེད་ཀྱི་ངང་རང་གི་རྒྱུད་ལ་སྐྱེས་པའི་། ཉར་ཚགས་གཙང་གཉེར་སོགས་ཀྱི་ཐད་ལ། སེམས་ཤིག་ཇེ་ཆེར་སོང་།
ཐུགས་རྗེ་ཆེ་།
སྐུ་ཞབས་གཞོན་ནུ་ཟླ་མེད་ལེགས་། བཀའ་དྲིན་ཆེ་ཁ་བྱང་ནི་ http://www.tibetantsampa.com ཡིན་ལ་ཁ་པར་ཨང་གྲང་ 510 230 8152.
བཀའ་དྲིན་ཆེ་།