རྔ་བ་ཀུན་བཟང་སྒྲོལ་མ།
—-སྤྲ་ནག་སོང་རྗེས་བྲིས།
མཁའ་དབྱིངས་སྤྲིན་ནག་གི་བར་ནས།།
ཁུ་བྱུག་སྐྱོ་གར་རང་མ་འཁྲབ།།
ལས་དང་སྐལ་བ་ཞིག་ཡོད་ན།།
འཛོམས་པའི་དུས་བཟང་ཞིག་ལོས་ཡོད།།
ཕན་ཚུན་བརྩེ་དུངས་ཀྱིས་ཟིན་ཀྱང་།།
འབྲལ་དགོས་སྔོན་བསགས་ཀྱི་ལས་ཡིན།།
འདི་ནས་རྒྱང་རིང་དུ་བཞུད་རུང་།།
འདས་སོང་ལོ་ཟླ་རང་མི་བརྗེད།།
སྔོ་ལྗང་མེ་ཏོག་གི་ཚལ་ནས།།
དགོད་སྒྲའི་གླུ་དབྱངས་ལ་རོལ་དུས།།
ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ།།
ཁྱེད་ཀྱིས་དྲན་པ་རང་ཨེ་བྱུང་།།
ཞིམ་མངར་འོ་མ་ལས་ཞིམ་པའི།།
འུ་གཉིས་བདེ་སྐྱིད་ཀྱི་འཚོ་བ།།
ཁྱེད་སེམས་དྭངས་མ་ཡི་སུལ་ན།།
དེ་འདྲ་སྐྱིད་སྣང་ཞིག་ཨེ་བྱུང་།།
མཐའ་ཡས་སྲང་ལམ་དེའི་དཀྱིལ་ན།།
ཟང་ཟིང་འུར་སྒྲ་དེ་ཆེ་ཡང་།།
བྱམས་པའི་བརྩེ་རླབས་དེ་དྲོ་བས།།
དཀའ་བའི་སྣང་བ་ཞིག་མ་ཚོར།།
ཤ་རུས་ཁྲག་གསུམ་གྱི་དབར་ན།།
བྱམས་པའི་བརྩེ་དུངས་དེ་ཟིན་པས།།
ལུས་པོ་བྲལ་དགོས་རེ་བྱུང་ཡང་།།
སེམས་ནས་འབྲལ་ཐབས་ཤིག་ཡོད་དམ།།
ལྷན་འཛོམས་དགོད་སྒྲ་དེའི་ཆེད་དུ།།
ལེ་བར་སྟོང་ཕྲག་ནས་ཕེབས་སོང་།།
བུ་མོའི་བདེ་སྐྱིད་ཀྱི་ཆེད་དུ།།
ཡོད་ཚད་ཕུལ་བ་རང་མ་གནང།།
ཁྱེད་འགྲོ་ཐག་རིང་གི་ཡུལ་རེད།།
ཁེར་རྐྱང་འཚོ་བ་རེར་རོལ་ཡང་།།
བདག་སེམས་དྭངས་གཙང་གི་ཆུ་མོ།།
འཐུང་ཀྱང་འཛད་ཐབས་རང་མི་འདུག །
༢༠༡༣ ། ༢ ། ༡༩ ཉིན་གྱི་དགོང་མོར་བྲིས།
མཛངས་མ་ཀུན་བཟང་། ཨའི་ལོབ་ཡུ།
ཡག་གི
སྦྲ་ནག་རླུང་གིས་བསྐྱོད་དུས་ཁྱོད་རང་དྲན།
སྦྲ་སྒོ་དུ་བས་བཟུང་དུས་ཁྱོད་རང་དྲན།
སྦྲ་འདབས་རླུང་བུའི་གླུ་ཡི་བར་གསེང་ན།
སྦྲ་ནས་ཕྱིར་བསྐྱོད་དྲན་པའི་སྣན་ངག་སྙན།
ཧ་ཧ་སྙན་ངག་ཟེར་ཡོང་དུས་དེ་འདྲ་ཞིག་ལོས་ཡིན། སེམས་ཚོར་ངོ་མ་ཞིག་བྲིས་ནོ་བཟང་སོང་།
གྲོགས་ན་རྫ་འཛོམས་དུས་ཁྱོད་དྲན།།
དགོང་རུམ་ཁ་གྲང་དུས་ཁྱོད་དྲན། །
ནངས་ཞོགས་ཇ་འཐུང་དུས་ཁྱོད་དྲན།།
ཁྱོད་དྲན་རབས་བུ་མོས་སུ་ལ་བཤད།།
བརྕེ་བའི་ཟབ་ས་ཞིག་ནས།།
དུངས་བའི་ཚིག་གསུམ་གླེང་འདུག།
སེམས་པའི་ནང་གི་མྱི་དེ།།
ཐོས་པས་རྣ་ཅིག་ཡོད་ན།།
སྤང་ནས་སྐྱེས་མེ་ཏོག།།
ཁ་དོག་སྣ་བརྒྱ་ལྡན་ཡང་།།
སེམས་གི་མེ་ཏོག་རྒྱ་སྲས།།
རྒྱང་རིང་ཕྱོགས་ལ་བསྐུར་འདུག།
ཀུན་བཟང་བུ་མོ་སྙིང་ལ།།
བརྕེ་བའི་ས་བོན་བཏབ་པས།།
སྙིང་གི་མཛའ་བོ་ཞིག་ལ།།
དྲན་པའི་ཚིག་གསུམ་བསྐུར་འདུག
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡག་གི་ཡ་སྙན་ངག་ཡག་གི
མཛེས་མ་ཀུན་བཟང་སྒྲོལ་མས། །
བྲིས་པས་སྙན་ཚིག་མང་སོང་། །
སེམས་ཚོར་དམར་རྗེན་མངོན་པའི། །
སྙན་ཚིག་ངོ་མ་འདིར་འདུག །
ལེབ་བར་སྟོང་གི་ཆོད་པའི། །
སེམས་སུ་ཡོད་པའི་བུ་དང་། །
བདེ་སྐྱིད་ཚོར་བ་རོལ་ཚུལ། །
ཕྱི་དྲན་ཐེངས་གཅིག་གནང་བཞག །