བོད་ཀྱི་དུས་སྟོན།
ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༡ ནས་ ༡༣ །
ཝི་སོ་ཀོན་སིན་སློབ་གྲྭ་ཆེན་མོ (མལ་ཌི་སིན)
ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པ་དང་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡ་ལྷོ་མའི་སྡེ་ཚན་ཐུན་མོང་གིས་གོ་སྒྲིག་སྦྱིན་བདག་བྱས།
ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༡ ། རེས་གཟའ་པ་སངས།
དབུ་འབྱེད་མཛད་སྒོ་དང་དཀྱིལ་འཁོར་བཞེངས་སྐྲུན་འགྲེམས་སྟོན། མེ་མོ་རིལ་ དབྱི་ནུན་གྱི་བར་ཁྱམས་དང་སྦི་ཕི་ཨི་ཊིར་ཁང་མིག (Beefeaters Room, Memorial Union)
ཆུ་ཚོད་ ༡ ། ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཆོག་ནས་དབུ་འབྱེད་གསུང་བཤད་གནང་རྒྱུ།
ཆུ་ཚོད་ ༡།༡༠ ། རི་དྭགས་ཚལ་དགོན་པའི་དགེ་འདུན་པས་དབུ་འབྱེད་སྨོན་ལམ་གསུང་རྒྱུ།
ཆུ་ཚོད་ ༡།༢༠ ། ཨེ་ཤི་ཡ་ལྷོ་མའི་སྡེ་ཚན་འགན་འཛིན་སློབ་དཔོན་ཀེ་ནོ་ཡུར་མཆོག་ནས་དབུ་འབྱེད་གསུང་བཤད་གནང་རྒྱུ།
ཆུ་ཚོད་ ༡།༣༠ ། སྐུ་མགྲོན་གཙོ་བོ་མངའ་སྡེ་གྲོས་ཚོགས་གོང་མའི་ཚོགས་གཙོ་ཕི་རེ་ཌི་ རེ་ཟིར་མཆོག་ནས་གསུང་བཤད་གནང་རྒྱུ།
ཆུ་ཚོད་ ༡།༤༠ ། བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་ཕྲུག་རྣམས་ནས་བོད་གཞས་འཁྲབ་འབུལ་ཞུ་རྒྱུ།
ཆུ་ཚོད་ ༡།༥༠ ། སྐུ་མགྲོན་གཙོ་བོ་མཆོག་ནས་འགྲེམས་སྟོན་སྒོ་འབྱེད་དང་གཟིགས་ཞིབ་གནང་རྒྱུ།
ཆུ་ཚོད་ ༢།༡༠ ། སྣེ་ལེན་གསོལ་ཏོག་འབུལ་རྒྱུ།
ཆུ་ཚོད་ ༣།༣༠ ནས་ ༥ བར། སྨན་པ་རི་ཆར་ཌི་ ཌེཝི་སོན་མཆོག་ནས་མངའ་སྡེ་ལོ་རྒྱུས་མཐུན་ཚོགས་ཀྱི་ཚོགས་ཁང་དུ་(State Historical Society Auditorium) ནང་ཆོས་དང་ཚན་རིག་ཅེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་རྒྱུ།
འགྲེམ་སྟོན་དང་དཀྱིལ་འཁོར་བཞེངས་པའི་གཟིགས་འབུལ་ཆུ་ཚོད་ ༥ བར་སྒོ་འབྱེད་བྱ་རྒྱུ།
ཆུ་ཚོད་ ༧ ནས་ ༩ བར། མངའ་སྡེ་ལོ་རྒྱུས་མཐུན་ཚོགས་ཀྱི་ཚོགས་ཁང་དུ་བོད་ཀྱི་རིག་གཞུང་ཟློས་གར་འཁྲབ་སྟོན། (State Historical Society Auditorium)
ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཆོག་ནས་གསུང་བཤད་མདོར་བསྡུས་གནང་རྒྱུ།
བོད་ཀྱི་སྐད་ཡིག་འཛིན་གྲའི་སློབ་ཕྲུག་རྣམས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་མི་སྒེར་པ་ཁག་ནས་བོད་གཞས་འཁྲབ་འབུལ་ཞུ་རྒྱུ།
ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༢ ། རེས་གཟའ་སྤེན་པ།
མེ་མོ་རིལ་ དབྱི་ནུན་གྱི་སྦི་ཕི་ཨི་ཊིར་ཁང་མིག་ཏུ་བོད་ཀྱི་ལོ་རྒྱུས་རིག་གཞུང་དང་དཀྱིལ་འཁོར་བཞེངས་སྐྲུན་སྐོར་འགྲེམས་སྟོན། ཆུ་ཚོད་ ༡༠ ནས་ ༥ བར།
དཔེ་མཛོད་ཁང་དང་མེ་མོ་རིལ་ དབྱི་ནུན་བར་གྱི་སྤང་ཐང་དུ་བྱེད་སྒོ། ཆུ་ཚོད་ ༡༠ ནས་ ༥ བར།
ས་གནས་ ༡ ། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ནང་ཆོས། བཙན་བྱོལ་བོད་མིའི་སྐོར་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༢ ། བོད་ཀྱི་སྲོལ་རྒྱུན་ཟས་རིགས་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༣ ། བོད་ཀྱི་རོལ་དབྱངས་ངོ་སྤྲོད།
ས་གནས་ ༤ ། བོད་ལུགས་རུམ་གདན་འཐག་ལས་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༥ ། བོད་ལུགས་གྱོན་ཆས་དང་རྒྱན་ཆ་འདོགས་ཆས་བསྣབས་ཏེ་གཞས་སྣ་ཞབས་བྲོ་སྐོར་ངོ་སྤྲོད།
ས་གནས་ ༦ ། བོད་ཀྱི་སྲོལ་རྒྱུན་རྩེད་རིགས་སྐོར་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༧ ། བོད་ཀྱི་ཐང་ག་དང་ཡིག་གཟུགས་སྐོར་ངོ་སྤྲོད།
ས་གནས་ ༨ ། བོད་སྨན་སྐོར་ངོ་སྤྲོད་འགྲེམས་སྟོན།
ཆུ་ཚོད་ ༧ ནས་ ༩ བར། པེལ་བསྟི་གནས་ (Pyle Center) ལ་སློབ་དཔོན་ལོ་རེན་སི་ གྷུར་སི་ཊེན་གྱིས་བོད་ཀྱི་འདས་པ་དང་ད་ལྟ། མ་འོངས་སྐོར་གསུང་བཤད།
འཇིགས་དངངས་ཁྲོད་ཀྱི་བོད་ཅེས་པའི་གློག་བརྙན་གཟིགས་འབུལ་དང་ཆབ་སྲིད་བཙོན་ཟུར་ཨ་ནེ་ངག་དབང་བཟང་གྲོལ་ལགས་ནས་ངོ་སྤྲོད་གསུང་བཤད།
ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༣། རེས་གཟའ་ཉི་མ།
མེ་མོ་རིལ་ དབྱི་ནུན་གྱི་སྦི་ཕི་ཨི་ཊིར་ཁང་མིག་ཏུ་བོད་ཀྱི་ལོ་རྒྱུས་རིག་གཞུང་དང་དཀྱིལ་འཁོར་བཞེངས་སྐྲུན་སྐོར་འགྲེམས་སྟོན། ཆུ་ཚོད་ ༡༠ ནས་ ༥ བར།
དཔེ་མཛོད་ཁང་དང་མེ་མོ་རིལ་ དབྱི་ནུན་བར་གྱི་སྤང་ཐང་དུ་བྱེད་སྒོ། ཆུ་ཚོད་ ༡༠ ནས་ ༥ བར།
ས་གནས་ ༡ ། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ནང་ཆོས། བཙན་བྱོལ་བོད་མིའི་སྐོར་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༢ ། བོད་ཀྱི་སྲོལ་རྒྱུན་ཟས་རིགས་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༣ ། བོད་ཀྱི་རོལ་དབྱངས་ངོ་སྤྲོད།
ས་གནས་ ༤ ། བོད་ལུགས་རུམ་གདན་འཐག་ལས་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༥ ། བོད་ལུགས་གྱོན་ཆས་དང་རྒྱན་ཆ་འདོགས་ཆས་བསྣབས་ཏེ་གཞས་སྣ་ཞབས་བྲོ་སྐོར་ངོ་སྤྲོད།
ས་གནས་ ༦ ། བོད་ཀྱི་སྲོལ་རྒྱུན་རྩེད་རིགས་སྐོར་ངོ་སྤྲོད་འགྲེམས་སྟོན།
ས་གནས་ ༧ ། བོད་ཀྱི་ཐང་ག་དང་ཡིག་གཟུགས་སྐོར་ངོ་སྤྲོད།
ས་གནས་ ༨ ། བོད་སྨན་སྐོར་ངོ་སྤྲོད་འགྲེམས་སྟོན།
ཆུ་ཚོད་ ༧ ནས་ ༩ བར། པེལ་བསྟི་གནས་ལ་དགེ་བཤེས་བཟོད་པ་མཆོག་ནས་དགོན་པའི་འཚོ་བ་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད།
ང་ཚོའི་ཤུལ་དུ་ག་རེ་ལྷག་ཡོད་ ཅེས་པའི་གློག་བརྙན་གཟིགས་འབུལ།
ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཆོག་ནས་དུས་སྟོན་མཇུག་བསྡུའི་གསུང་བཤད།
ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་གིས་བོད་ཡིག་ཏུ་ཕབ་བསྒྱུར་བྱས།
Translation of the program sponsored by Cultural Linguistic Services,
Office of Human Resource Development, UW-Madison.
འཚོ་བྱེད་བུ་ལགས། མེ་མོ་རིལ་ཟེར་ན་བོད་སྐད་དུ་དྲན་གསོ་ཟེར་གྱི་ཡོད་པ་མ་རེད་དམ་ལགས། མེ་མོ་རིལ་ཟེར་བ་འདི་ནི་དབྱིན་སྐད་ཅིག་རེད་འདུག་ན་དེ་ལྟར་འབྲི་དགོས་པ་ཞིག་བྱུང་དོན་མི་ཤེས་ཀྱང་། སྤུན་ཟླ་དག་ལ་འདི་ལྟ་བའི་མིང་ཚིག་འདྲེན་སྐབས་བོད་སྐད་ཐོག་དུ་འདི་འདྲ་རེད་ཟེར་ནས་རྗེས་ཕྱོགས་གསལ་བཤད་རེ་གནང་རྒྱུ་མ་བརྗེད་ཅིག་ལགས། འདི་ལྟར་སྣང་མེད་དུ་སྐྱུར་བ་ཡིན་ན། གཞི་ནས་བོད་པ་ཚང་གི་སྐད་ཡིག་རིན་གོང་ཇེ་དམའ་ནས་ཇེ་དམའ་རུ་འགྲོ་བའི་རྒྱུ་ལས་མ་འདས་པར་སྙམ་ནས་ཞུས་པ་ལས། དམིགས་ཡུལ་གཞན་གང་ཡང་མེད། མ་འགྲིག་ས་ཡོད་ན་ཐད་ཀར་ལན་འདེབས་བྱས་པ་ཡིན་ན་འགན་ལེན་བྱེད་ངེས་ཡིན་ལགས།