མཁོ་སྤྲོད་པ་ཚངས་དབྱངས་རྒྱ་མཚོ།
ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༧ དང་༢༨ གཉིས་ལ་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་གསུམ་པ་སྐོང་འཚོགས་གནང་ཡོད། དེ་ཡང་ཚོགས་ཆེན་སྟེང་དུ་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་དང་། མཁན་རིན་པོ་ཆེ་ཀུན་དགའ་རིན་ཆེན་མཆོག བལ་ཡུལ་ཇོ་ནང་དགོན་པའི་དབུ་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་དང་། མཁན་རིན་པོ་རིན་ཆེན་རྒྱ་མཚོ། ལྷན་ཚོགས་ཀྱི་སློབ་སྟོན་པ་བླ་མ་ཡོན་ཏན་རྒྱ་མཚོ། བོད་ནས་ཕེབས་པའི་མཁན་བླ་སྤྲུལ་སོགས། དེ་བཞིན་དུ་དགེ་བཤེས་ངག་དབང་བཀྲ་ཤིས་དང་། དགེ་བཤེས་ཀུན་དགའ་འཚམས་ཆུང་སོགས་ས་གནས་སོ་སོའི་ས་རྒྱུན་སོགས་ཁྱོན་ཇོ་ནང་པའི་གནད་ཡོད་མི་སྣ་བཅུ་ཕྲག་གསུམ་ལྷག་མཉམ་འཛོམས་ཀྱིས་ཉིན་གཉིས་རིང་ཇོ་ནང་སྤྱིའི་སློབ་དེབ་གཏན་འབེབས་གནང་ཕྱོགས་སྐོར་དང་། དེ་དང་མཐུན་པའི་ཕྱག་ཁྱེར་སྤྲད་ཕྱོགས། དེ་བཞིན་དུ་དབུ་མའི་བགྲོ་གླེང་འཚོགས་སྟངས་སྐོར་སོགས་ཇོ་ནང་པའི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམ་གོང་འཕེལ་གཏོང་ཕྱོགས་སྐོར་ལ་གྲོས་བསྡུར་གནང་ནས་གྲོས་གཞི་རེ་རེ་བཞིན་དུ་གྲོས་ཆོད་གཏན་འབེབས་གནང་།
དེ་ནས་ལྷན་ཚོགས་ཀྱི་སྐབས་དང་པོའི་དབུས་རྒྱུན་དག་ལོ་དུས་ཚང་ཟིན་ཕྱིར་དབུས་རྒྱུན་སྐབས་གཉིས་པ་མང་གཙོའི་འགྲོ་སྟངས་དང་མཐུན་པའི་སྒོ་ནས་སྔོན་འགྲོ་དང་དངོས་གཞིའི་སྟེང་གནས་འོས་བསྡུ་བྱས། མཇུག་ཏུ་སྐབས་གཉིས་པའི་དབུས་རྒྱུན་ཚོགས་གཙོར་སྐབས་དང་པོའི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་སྤྱི་མོས་ཀྱིས་བསྐྱར་འདེམས་དང་། སྐབས་གཉིས་པའི་དྲུང་ཆེ་སྐབས་པོའི་རྩིས་པ་མཁའ་འགྲོ་སྐྱིད། དེ་བཞིན་དུ་སིམ་ལ་ཇོ་ནང་མ་དགོན་གྱི་དྲུང་ཆེ་རྣམ་རྒྱལ་དང་། ལྡི་ལིར་གནས་བཞུགས་བྱང་པོ། དྷ་སར་གནས་བཞུགས་ཚུལ་ཁྲིམས་བཟང་བཅས་དབུས་རྒྱུན་དུ་འོས་འདེམས་གནས་ནས་ཚོགས་ཞུགས་པ་ཡོངས་ཀྱིས་ཚོགས་མི་གསར་རྙིང་གཉིས་ལ་ཁ་བཏག་སྒྲོན་འབུལ་གནང་སོང་།
ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
འཕགས་ཡུལ་ཇོ་ནང་འགྲོ་ཕན་ཟེར་ན་ག་འདྲ་ཡིན་ནམ། ཕྱིར་རྒྱལ་ཇོ་ནང་འགྲོ་ཕན་ནམ་ ཡང་ན་ཇོ་ནང་འགྲོ་ཕན་ཟེར་ན་ག་འདྲ་འདུག་ མ་གཞི་འཕགས་ཡུལ་ཟེར་ན་ག་འདྲ་གོ་དགོས་སམ། རྩོམ་ཡིག་ནང་གི་མིང་ཚིག་ཁག་གཅིག་ཆད་སོང་བ་ཡིན་ནམ་ཡང་ན་ཚིག་བསྡུས་རྒྱག་པ་རེད་ཚིག་བསྡུས་རྒྱག་པ་ཡིན་ན་འདོན་སྟབས་བདེ་བོ་རང་མི་འདུག་སྙན་ བསམ་ཚུལ་ཙམ་ཡིན་ནོར་བ་འདྲ་འདུག་ན་དགོངས་དག་ཞུ།
ཇོ་བོ་ནང་པའི་བསྟན་པ་དར་རྒྱས་དང་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ནང་དུ་ཆོས་ལུགས་ཆོས་རྒྱུད་གཞན་ལྟར་ཐོབ་སྟངས་ཆ་ཚང་རེག་པའི་སྨོན་ལམ་ཡོད་དོ།
བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་སྦྱོར་དྲུག་གམ་ཀུན་མཁྱེན་ཇོ་མོ་ནང་པའི་ཆོས་བརྒྱུད་འཛིན་པའི་མཁན་བླ་སྤྲུལ་འདུས་མང་དད་སྦྱིན་ཡོངས་ནས། མཐུན་མིན་གཞན་སྟོང་དབུ་མ་ཆེན་པོའི་བཞེད་སྲོལ་དར་སྤེལ་དང་། བརྒྱུད་འཛིན་གནང་ཕྱོགས་ལ་དགའ་གུས་ཆེན་པོས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། བཙན་བྱོལ་སྒྲིག་འཛུག་ནང་ཇོ་ནང་གི་མཐུས་མི་ཡོང་རྒྱུའི་ཐད་ལོ་མང་རིང་འབད་བརྩོན་གནང་བ་ཇི་བཞིན་དེང་སྐབས་བཀའ་སྤྱི་ལྷན་རྒྱས་ནི་སྔར་དང་མི་འདྲ་བར་གསར་གཏོད། འདྲ་མཉམ་བཅས་ཀྱི་སྲིད་བྱུས་ལ་བརྟེན་ནས་དོན་འབྲས་མྱུར་དུ་སྨིན་པའི་རེ་བའང་ཆབས་ཅིག་ཞུ།
༧གོང་ས་ལྔ་པའི་ཇོ་ནང་དགེ་ལྡན་དུ་བསྒྱུར་བ་དང་། ༧གོང་ས་བཅུ་བཞི་པའི་ཇོ་ནང་ལ་ཐུགས་འཁུར་གནང་བར་དགའ་སྤྲོ་བརྟས། ཀུན་མཁྱེན་ཇོ་མོ་ནང་པའི་བསྟན་པ་རྒྱས་པ་དང་མགྱོགས་མྱུར་ཆོས་བརྒྱུད་གཞན་ལྟར་སྤྱི་འཐུས་སུ་སླེབས་པའི་རེ་བ་ཡོད།
ཀུན་མཁྱེན་ཇོ་ནང་བའི་བསྟན་པ་ཕྱོགས་ཐམས་ཅད་དུ་ཁྱབ་པའི་སྨོན་ལམ་ཞུ།
ཇོ་ནང་པ་ཡིས་བསམ་དོན་འགྲུབ་གྱུར་ཅིག་་་་ཞེས་པའི་ཁ་གཡངས་དང་འབྲེལ། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་བཀོད་བསྒྲིག་འོག་ཇོ་ནང་དབུ་མས་བགྲོ་གླེང་དང་སྐབས་གསུམ་པས་ཚོགས་ཆེན་འཚོགས་ཐུབ་པ་ལ་རྟེན་འབྲེལ་དང་རྗེས་སུ་ཡི་རངས་ཡོད། མུ་མཐུད་ནས་དེ་བཞིན་ཏུ་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། མི་འགྱངས་མྱུར་དུ་གཞན་དང་འདྲ་མཉམ་ཡིན་པའི་ཡིད་ཆེས་དང་སྨོན་འདུན་ཞུ། འཕགས་ཡུལ་ཇོ་ནང་རྒྱལ་གྱུར་ཅིག
ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་བོད་ལ་བཀའ་བསྡུ་བཞི་པ་ཚོགས་པ་ཡིན། འོ་ན་བཀའ་བསྡུའི་ཚོགས་སུ་དགྲ་བཅོམ་པ་ལྔ་བརྒྱ་ལོངས་པ་དགོས་པས། ཁྱོད་ལ་དགྲ་བཅོམ་པ་དེ་འདྲ་ཡོད་དམ་ཞེ་ན། ངས་འདོད་པའི་གྲུབ་མཐའ་སྟོན་པའི་རྒྱ་གར་གྱི་གཞུང་ལྔ་བརྒྱ་པོ་དེ་རྣམས་དགྲ་བཅོམ་པ་ལྔ་བརྒྱའི་དོད་ཡིན། གསུངས་པ་ཞིག་ཨ་རིར་བཀླགས་པ་ཡིན། དེ་འདྲ་ཡིན་པ་བདེན་ནམ། བདེན་ན། རྒྱ་གཞུང་ལྔ་བརྒྱ་པོ་དེ་དག་ལས། གྲགས་ཆེ་བ་འགའ་ཞིག་ངོས་བཟུང་སྟེ། ཁ་བརྡ་འདིར་ཀུན་མཁྱེན་ཇོ་ནང་པའི་ལུང་རིགས་འཛིན་པ་ཞིག་གིས་འགོད་གྲོགས། ཞེས་ཞུ་བ་ལགས་སོ།།
ཀུན་མཁྱེན་ཇོ་ནང་བའི་བསྟན་པ་ཕྱོགས་ཐམས་ཅད་དུ་ཁྱབ་པའི་སྨོན་ལམ་ཞུ།
ལ་ཐགས་བློ་འཇམ་གྱི་མཁྱེན་འདོད་ལྟར་ངས་ཀྱང་ཤེས་ན་འདོད།
རྒན་ལ་ཐགས་པས་ཡག་པོ་གསུང་འདུག དེ་ད་བཞིན་འགོད་གྲོགས་ཞུ།ཞུ།ཞུ།