ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེས་རིང་གིས་ཉེ་སྔོན་པེ་ཅིན་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཏུང་ཧོང་ཡིག་ཆའི་ཤོག་ངོས་བརྒྱད་བརྒྱ་དང་ཞེ་དགུའི་སྟེང་ནས་ཐོག་དང་པོར་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ཡིག་ཆ་རྙེད་པ་དང་དེ་ལ་ཞིབ་འཇུག་གི་རིན་ཐང་ཡོད་པ་ཁྱབ་སྒྲོག་བྱས།
བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། སློབ་དཔོན་པད་མ་འབྱུང་གནས་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཡུལ་དུ་གདན་དྲངས་པའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་པ་མིང་གྲགས་ཅན་ཞིག་ཡིན་པ་དང་། ཁོང་བོད་ཡུལ་དུ་ཡོང་ནས་སངས་རྒྱས་ཆོས་ལུགས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་ཐོན་པ་དཔེར་ན། ཁོང་གིས་ཐེངས་དང་པོར་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་བསམ་ཡས་དགོན་པ་བཞེངས་པ་དང་། སད་མི་མི་བདུན་རབ་ཏུ་བྱུང་བར་མགོ་འཛིན་བྱས་པ་ལས་ཕྱིས་སུ་བོད་དུ་རབ་བྱུང་བ་བྱུང་། ད་རུང་སངས་རྒྱས་ཆོས་ལུགས་ཀྱི་ཡིག་ཆ་མང་པོ་བོད་སྐད་དུ་བསྒྱུར་ནས་བོད་ཡུལ་དུ་སངས་རྒྱས་ཆོས་ལུགས་རིག་གནས་འཕེལ་རྒྱས་འགྲོ་བར་བྱས་རྗེས་བླ་མེད་བཞག དེ་བས་བོད་ཀྱི་རྣམ་ཐར་དང་ལོ་རྒྱུས་དཔེ་ཆ་མང་པོ་ཁག་ཏུ་སློབ་དཔོན་པད་མ་འབྱུང་གནས་ཀྱི་ངོ་མཚར་བའི་གཏམ་རྒྱུད་ཡོད་ལ། བོད་ཀྱི་རིག་གནས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བསྟོད་བསྔགས་ཀྱང་བྱས་ཡོད། སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན། སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ལ་པར་གཞི་མི་འདྲ་བ་སྟོང་གཅིག་ལྷག་ཡོད་ཟེར། ཁོས་ད་རུང་ཏུང་ཧོང་ཡིག་ཆའི་ཁྲོད་ཆེས་ཐོག་མར་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ཡིག་ཆ་རྙེད་པ་དེ་ནི་ཀྲུང་གོ་བོད་རིག་པའི་ལོ་རྒྱུས་སྟེང་དགའ་འོས་པའི་དོན་དག་ཅིག་རེད་ཟེར།
སློབ་དཔོན་རིན་པོ་ཆེ་ནི་བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་རྒྱ་གར་གྱི་གྲུབ་ཆེན་ཞིག་བོད་ལ་དངོས་སུ་ཕེབས་གནང་རེད་། ཏུང་ཧུང་གི་ཡིག་ཆའི་ནང་ནས་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་བརྙེད་པ་ནི་དགའ་འོས་པ་ཞིག་རེད་།
ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི་བོད་འདིར་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ལ་ཐུགས་བསྐྱེད་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞིང་བོད་ཀྱི་ཆབ་སྲིད་ཀྱི་ཐོག་ལའང་གལ་ཆེན་ཞིག་རེད། ཁོང་གིས་ཞལ་ནས། ཤཱཀྱ་ཐུབ་
པའི་རྒྱལ་ཚབ་ང་ཡིན་པས༔ བོད་ལ་ཕན་ཐབས་ང་ཡི་བཀའ་ཡི་བཀའ་ལས་མེད༔ ཅེས་གསུངས་པ་བཞིན་བོད་
ཀྱི་ཆབ་སྲིད་བརྟན་ཅིང་རྒྱལ་ཁམས་མངའ་ཐང་རྒྱས་པའི་ཐབས་ཚུལ་ཡང་མང་དུ་གནང་བ་རེད།
ཁོང་གིས་བཞག་པའི་ཟམ་མོ་གཏེར་གྱི་ཆོས་སྐོར་ཁག་གཅིག་ནི་བོད་ཀྱི་བདེ་སྐྱེད་འབའ་ཞིག་གི་ཆེད་མཐའ་བཟློབ་
ཐབས་དང་བསྟན་པ་གནས་ཐབས་ཡིན་པ་རེད། ཁོང་གི་བཀའ་དྲིན་ལ་ཤེས་ནས་དད་པ་ཐོབ་ཅིང་བོད་ཀྱི་བདེ་ཐབས་
ལག་ལེན་ལ་འདེབས་ཐུབ་མཁན་དང་བོད་ཀྱི་ཆབ་སྲིད་བརྟན་པའི་ཐབས་གནང་མཁན་ལ་རྒྱལ་དབང་ལྔ་པ་ཆེན་
པོ་བཀའ་དྲིན་ཆེས་ཤོས་ཤིག་ཡིན། རྒྱལ་དབང་ལྔ་པའི་གསུང་རྩོམ་ཁག་ཏུ་ཡང་གུ་རུའི་བཀའ་དྲིན་ལ་བསྔགས་བརྗོད་
ཤིན་ཏུ་ཆའོ། །
རྒྱ་གར་གྱི་ལོ་རྒྱུས་དང་དེབ་ཐེར། གནའ་བོའི་མི་སྣའི་ཤེས་བྱའི་མཛོད་སོགས་ལ་གུ་རུ་པད་མ་འབྱུང་ནས་ཟེར་བ་མཐོང་ཡས་མེད། ཁག་གཅིག་གི་བཤད་སྲོལ་ལ། པད་མ་འབྱུང་ནས་བའ་ཡུལ་གྱི་ཡངས་ལ་ཤོད་ཀྱི་ནང་བཞུགས་སྐབས་བོད་པས་ཁྲིད་ནས་བོད་ཀྱི་བཙན་པོར་ངོ་སྤྲོད་བྱས། རྗེས་སུ་བོད་ཀྱི་བཙན་པོ་ཁྲི་སྲོང་སྡེ་བཙན་གྱི་བཙུན་མོ་བརྐུས་ནས་བྲོས་ཕྱིན་སྟབས ལམ་བར་བོད་ཀྱི་བློན་པོ་རྣམས་ཀྱི་བསད་པའི་ལོ་རྒྱུས་ཀྱང་འདུག
རྒྱ་གར་གྱི་ནང་པའི་ལོ་རྒྱུས་ནང་པད་འབྱུང་གི་སྐོར་ཡིག་ཚགས་ཐོག་བཏོན་ཡས་མེད མ་ཟད་མཚོ་པད་མར་འཁྲུངས་ཟེར་མཐའ་ན་ཕ་དང་མ་ཡང་བཏོན་ཡས་མེད། དེ་སྔ་མོ་བོད་པའི་བློ་རུ་ཕྱིན་ཀྱང་དེང་སར་དབང་ལག་ཚང་བ་དང་ཤེས་བྱ་ཐོབ་མཁན་ལ་སྐད་ཆ་འདི་འདྲ་ཤོད་ས་ཨེ་ཡོད།
མཐར་ཁོང་སྲིན་བུའི་ཡུལ་ལ་ཕེབས་ཟེར་བ་དེ་ཡུལ་ག་པར་ཡོད་དམ ལྷ་སྒྲུང་ལྟ་བུ་རེད་འདུག ཁུངས་བཙན་པའི་ལོ་རྒྱུས་མཐོང་ཡས་མིན་འདུག སློབ་དཔོན་པད་མས་བརྩམས་ཟེར་བའི་དེབ་ཆ་ཚང་བ་ཞིག་བཏོན་ཡས་མིན་འདུག ད་ངེད་ཚོ་སྨྱོ་བ་མ་རེད་པས། ལ།
བོད་ཀྱང་དེའི་སྐབས་ནས་ཉམས་མགོ་བཙུགས་པ་མིན་ནམ
ད་ཡང་ཤེས་རབ་ཟེར་བའི་མི་འདིས་དུག་གི་ས་བོན་ཞིག་བཏབ་ཚར་སོང་བས་ཉིན་ཤས་རིང་སེམས་ཅན་དམྱལ་འགྲོ་བའི་ལས་ངན་གྱི་རྒྱུ་ཚོགས་དཔག་ཏུ་མེད་ཞིག་འབྱུང་པར་ངེས་སོ།
འོ་ཡ། ད་ངས་ནི་སློབ་དཔོན་རིན་པོ་ཆེའི་སྐོར་ལ་དེབ་ཁ་ཤས་ཀློག་མྱོང་བ་ནི། ཐང་ཡིག་སྡེ་ལྔ་དང་། པདྨ་བཀའ་ཐང་སྟེ་བཀའ་ཐང་ཤེར་གྲགས་མ། དེ་བཞིན་བཀའ་བསྡུས་བཅས་ཡིན། འོན་ཀྱང་འཁྲུངས་ས་ནི་གཅིག་མཚུངས་ཀྱིས། དྷ་ན་ཀོ་ཤིའི་མཚོ་ནང་དུ།། པདྨ་གེ་སར་སྡོང་བོ་ལ།། ཡ་མཚན་མཆོག་གི་དངོས་གྲུབ་བསྙེས།། གསུངས་པ་ལྟར་ཡིན་ཤག་བྱེད་ཀྱི་ཡོད། མྱ་ངན་ལས་འདས་ཚུལ་མཐོང་མ་མྱོང་ལ། བོད་ནས་བཞུགས་མ་ཐུབ་པའི་རྒྱུ་མཚན་ཡང་མཐོང་མ་མྱོང་། ཤེས་རབ་ཟེར་བ་འདི་ལ་ངོ་ནས་གསལ་བོ་ཅིག་གསུངས་རྒྱུ་ཡོད་པ་འདྲ་འདུག་པས། གསལ་བོར་གསུངས་ན་ཡག་གི དེ་མིན་རང་གི་རྣམ་རྟོག་ལ་ཤར་བ་ཡིན་ན་དེ་བཞིན་རྣམ་རྟོག་ལ་འདི་འདྲ་ཤར་གྱི་འདུག་གསུངས་ན་ཡག་པོ་འདུག གང་ཡིན་ཟེར་ན། སློབ་དཔོན་རིན་པོ་ཆེ་ནི་བོད་འབངས་ཕལ་ཆེ་བའི་དད་པའི་ཡུལ་དང་། དངོས་གྲུབ་ཞུ་ས་ཅིག་ཡིན་པས། སློབ་དཔོན་རིན་པོ་ཆེ་ལ་གུས་བརྩི་མ་བྱེད་མ་ཐུབ་ན་ཡང་། བོད་འབངས་ཕལ་ཆེ་བའི་ཡི་ཆེས་ལ་ཅུང་ཟད་གུས་བརྩི་བྱེད་དགོས་རྒྱུ་རེད་བསམ།
ད་དུང་སློབ་དཔོན་པདྨས་འདུལ་བའི་སྐོར་གྱི་གསུངས་ཅིག་ཀྱང་འདུག སློབ་དཔོན་རིན་པོ་ཆེའི་དེབ་གཅིག་ཀྱང་མི་འདུག་ཟེར་ན་དེ་ཡིན་རྒྱུ་མ་རེད།
སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་ནི། ཆོས་རྗེས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་ན་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་ན་འབྱུང་མི་འགྱུར་ཞེས་གསུང་པ་ནང་བཞིན། རང་རེ་གང་ཅན་བོད་ལ། །སྟོན་པ་ཤཀྱའི་རྒྱལ་པོའི་བསྟན་པ་ལ་ཐོས་བསམ་ཉམས་ལེན་བྱེད་རྒྱུ་ཡོད་པ་འདི་ནི། གུ་རུ་རིན་པོ་ཆེའི་བཀའ་དྲིན་ཡིན་པས། ཏུང་ཧོང་གི་ཡིག་ཆ་ལས་ཁོང་གི་རྣམ་ཐར་ཞིག་དེ་སྔོན་རང་རེ་བོད་ཕྱི་ནང་གཉིས་ན་མེད་པ་ཞིག་ཐོབ་ཡོད་ན། དངོས་སུ་མ་མཐོང་བར་དུ་་ཡག་ཉེས་གང་དུ་ཡང་བཤད་ཚོད་མི་ཐིག
ཆོས་རྗེས་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་གསུང་པ་ལྟར། རྒྱུས་མེད་རྒྱུས་ཡོད་མདོག་བྱས་ན། ཤེས་རབ་ལགས་ཀྱིས་མཆན་འདི་ནང་བཞིན་མི་འགྱུར་བའི་ངེས་པ་མེད་ཀྱང་། ཁ་བརྡ་འདིའི་ཐོག་ཏུ་བསམ་ཆར་རང་དབང་གིས་སྤེལ་ཆོག་པས་མཆན་ཁ་ཤས་འདེབས་ཡིན།
རྒྱུ་གར་གྱི་ལོ་རྒྱུས་དང་དེབ་ཐེར་སོགས་ཅི་ཙམ་ཞིག་དེ་སྔོན་ཀློག་མྱོང་། ཀློག་མྱོང་མེད་པར་གུ་རུ་པད་མ་འབྱུང་གནས་ཞེས་པ་རྒྱ་གར་གྱི་དེབ་ཐེར་རྣམས་ཀྱི་ནང་དུ་ཡོད་མེད་སྨྲ་བ་ནི་ལྷ་རྣམས་དགའ་རྟོགས་དཔྱོད་ལས་མ་འདས།
ད་ལྟའི་རྒྱ་གར་ནུབ་བྱང་མཚམས་སུ་ཡོད་པའི་མཚོ་པད་མ་དེར་གུ་རུ་རིན་པོ་ཆེ་འཁྲུངས་ཟེར་། ཞེས་པ་དང་། བོད་རྗེ་ཁྲི་སྲོང་སྡེ་བཙན་གྱི་བཙུན་མོ་རྐུས་ནས་བྲོས་ཕྱིན་སྟབས་ལམ་བར་དུ་བོད་ཀྱི་བློན་པོ་རྣམས་ཀྱིས་བསད་པའི་ལོ་རྒྱུས་ཀྱང་འདུག་ཟེར་བ་ལ་དཔག་ན། ཁྱིམ་མི་རྒན་པོ་རྒན་མོ་རྣམས་ལ་དག་སྣང་དང་དང་དད་པ་སྦྱོང་བའི་ཆེད་དུ་སྔོན་གྱི་དམ་པ་རྣམས་ཀྱིས་གནས་ངོས་འཛིན་གནང་པ་དང་གནས་སྒོ་བྱེ་པ་སོགས་གསུང་སྲོལ་ཡོད་པའི་བཤད་རྒྱུན་ཙམ་དང་། གུ་རུ་རིན་པོ་ཆེས་དམ་ལ་བཏགས་པའི་དམ་སྲིའི་སྐྱེ་བ་རྣམས་ཀྱིས་ལོ་རྒྱུས་བརྫུན་མ་བཟོས་པ་བོད་སྤྱི་ལ་མ་གྲགས་པ་ཞིག་མཐོང་ཞིང་ཐོས་པ་མ་གཏོགས། རྒྱ་གར་གྱི་ཐེབ་ཐེར་ནང་ན་གུ་རུ་རིན་པོ་ཆེ་ཡོད་མེད་གནས་ཚུལ་བལྟ་མྱོང་མེད་པར་ཕར་ཞོག་དང་། བོད་ཀྱི་ཐེབ་ཐེར་རྣམས་ཀྱི་ནང་དུ། སངས་རྒྱས་གཉིས་པའི་ལོ་རྒྱུས་གསལ་པོ་ཞིག་འཇལ་མེད་པ་ཤེས་ནུས།
ལྷ་རྣམས་དགའ་བའི་རྟོགས་དཔྱོད་ལས་མ་འདས།
ལོ་རྒྱུས་ཀྱི་རིན་ཐང་གཞལ་དུ་མེད་པའི་ཏུན་ཧོང་ཡིག་རྣམས་ཕྱི་རྒྱལ་གྱི་བོད་རི་ག་པའི་མཁས་དབང་ཚོས་བདག་གཉེར་བྱས་ཏེ་ཅུང་ཙམ་རེ་ཕྱི་ལ་འདོན་པ་ལས་ཡོངས་སུ་རྫོགས་པ་ད་དུང་ང་ཚོའི་མིག་གི་མཐོང་ལམ་དུ་གྱུར་ཡོད་པ་མ་རེད། ཧ་ལམ་རྒྱལ་ཁབ་བཅུ་དྲུག་ཙམ་གྱིས་ཉར་ཚགས་བྱས་པའི་ཐོ་གཞུང་ཞིག་འདས་སྔོན་མཐོང་མྱོང་། སི་ཁྲོན་དང་པེ་ཅིན་ནས་དཔར་སྐྲུན་བྱས་པའི་ཏུན་ཧོང་ཡིག་དག་ནའང་མ་ཡིག་དང་མ་མཐུན་པ་གང་འཚམ་ཞིག་ཡོད་པ་ལོ་སྔོན་མ་ཝར་ན་གཙུག་ལག་སློབ་ཁང་གི་དཔེ་མཛོད་ཟླ་གཅིག་ལྷག་ལ་དཔེ་བཀླགས་སྐབས་ཞིབ་བསྡུས་བྱང་མྱོང་། དེ་བས་ང་ཚོས་ཏུན་ཧོང་ཡིག་ཚར་གཞི་བཅོལ་སྐབས་མ་ཡིག་རང་ལ་ལྟ་ཐུབ་ན་ཡག་པོ་འདུག དེ་མིན་དཔར་སྐྲུན་བྱས་པའི་ཡིག་རྙིང་གི་དཔེ་ཁག་ན་ཡིག་ནོར་ཐེབས་པ་མང་དག་ཅིག་འདུག འདི་དྲན་ཚོད་དུ་བཤད་པ་ཡིན།
ཤེས་རབ་ཟེར་བ་འདི་སུ་ཡིན་ནམ། མི་འདིས་སྔོན་མ་འོག་གི་རྫུན་སྒྲུང་འདི་བྲིས་ནས་བེ་རི་འཇིགས་མེད་དབང་རྒྱལ་གྱི་མགོ་ལ་བཞག་པས་བེ་རི་དང་ཁོང་གཉིས་རྒྱག་རེས་མང་པོ་བརྒྱབ་སོང་། མི་འདི་མའོ་ཙེ་ཏུང་གིས་ནང་འཁོར་ཞིག་ཡིན་ས་རེད། ཁོས་བྲིས་པའི་སྒྲུང་ཐུང་འདི་ལ་ལྟོས་དང་། དྲ་ཐག་འདི་ན་འདུག
http://www.khabdha.org/?p=2141#comments
མ་འོངས་ལུང་བསྟན།
བེ་རི་འཇིགས་མེད།
“ཡང་ཅིག་ཤར་ཕྱོགས་ཙོང་ཁའི་ཡུལ་ནས་སུ༔ ལེགས་སྐར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔ དབུ་རུ་སྟོད་སྨད་ས་མཚམས་འབྲོག་རི་ལ༔ གནས་བཅས་སེམས་ཅན་དཔག་མེད་ལོག་པར་ཁྲིད༔ དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔ སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔ སངས་རྒྱས་སྤྲུལ་པའི་འགྲོ་དོན་བསུབ་ཐབས་བྱེད༔ སངས་རྒྱས་གཙུག་ཏོར་མཐོང་བས་སྙིང་མི་དགའ༔ དམ་སྲི་སྤུན་དགུའི་སྲོག་གི་སྙིང་པོ་དེ༔ པདྨས་ར་སའི་ཐེམ་འོག་མནན་བཞག་པའི༔ སྲོག་སྙིང་བཏོན་ནས་ནད་ཡམས་ཆར་དུ་འབེབས༔ མོས་གུས་སུས་བྱས་དྲག་ཞན་མི་བརྒྱུད་སྟོང་༔ པད་འབྱུང་བི་མ་གྲུབ་ཐོབ་ཉི་ཤུ་ལྔའི༔ མཚན་ཐོས་སེམས་མི་དགའ་ཞིང་མགོ་བོ་འཕུར༔ བསམ་ཡས་མཐོང་དང་པེ་ཧར་མཚན་ཐོས་ན༔ མགོའི་སྤགས་འདུས་ནས་ཕྱིར་བལྟས་མི་བྱེད་འགྲོ༔ དམ་སྲི་སྤུན་དགུའི་སྤྲུལ་པས་གྲུབ་མཐའ་སྐྱོང་༔ ལས་མ་དག་པའི་སེམས་ཅན་དཔག་མེད་དུ༔ རྗེས་འཇུག་ཕྱི་སེར་ནང་གནག་རློམས་སེམས་ཅན༔ གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔ ཁྱི་ཡི་ལུད་ལ་སྦྲང་བུ་འདུས་འདྲ་འོང་༔ ” སྔགས་རྒན་རིག་འཛིན་གྱིས་ཅ་ནེ་དངུལ་ཤན་མ་ཞིག་གི་ནང་འོ་དྲི་བྲོ་བའི་གསོལ་ཇ་ཞིམ་པོ་དེ་ལ་ཧུབ་སྐོར་རེ་བྱེད་བཞིན། ཆེས་དཔེ་རྙིང་གི་གླེགས་བམ་རྩ་ཆེན་དེ་མདུན་ཅོག་ཐོག་ཏུ་ཕྱེས་ནས་གསུང་སྐད་མཐོན་པོས་པདྨ་བཀའ་ཐང་ཀློག་བཞིན་པའི་ཀློག་མཚམས་འདིར་སླེབས་སྐབས། མག་པ་པདྨ་རྡོ་རྗེས་ཁར་རྩངས་དགྲ་ལྷ་དཔལ་ལྡན་གྱིས་འཁྱེར་ཡོང་བའི་མར་གྲོད་དེའི་ཤུན་སྐོགས་བཤུ་ཞོར། “ཨ་མྱེ། ཨ་ཁུ་ཆོས་འཕེལ་ཚང་གིས་ཟེར་ན་ལུང་བསྟན་དེ་ཙོང་ཁ་པ་ལ་ཟེར་བ་རེད་ཟེར་མོད། ཨེ། འུ་ཚང་གི་མཆོད་ཁྲིའི་སྟེང་གི་ཙོང་ཁ་པའི་སྐུ་དེ་ཡང་མ་བཤམ་ན་དགའ་རྒྱུ་རེད་ཀོ དེ་མིན་རུང་མཁན་སློབ་ཆོས་གསུམ། མར་མི་དྭགས་གསུམ། ས་སྐྱ་གོང་མ་རྣམ་ལྔ་སོགས་བཤམ་རྒྱུ་ཅི་འདྲ་མང་པོ་ཡོད་གི” ཟེར་བཞིན་མཆོད་ཁྲིའི་སྟེང་ལ་མིག་ལོག་ཅིག་བལྟས། “དེ་འདྲ་ཟེར་མི་རུང་། ཆོས་སྤང་གི་ལས་བསགས་ན་་་་་་་་” སྔགས་རྒན་རིག་འཛིན་གྱི་ཚིག་རྔ་མ་བུད་གོང་། “ཟེར་མི་རུང་རྒྱུ་ཅི་ཡོད། རྗེས་འཇུག་ཕྱི་སེར་ནང་གནག་རློམས་སེམས་ཅན༔ གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔ ཟེར་བ་དེ་བདེན་ཀི་མོ། ཁོང་ཚོའི་ལྟ་གྲུབ་སྤེལ་ཆེད་ཆོས་ལུགས་ཀྱི་དམག་འཁྲུག་བརྒྱབ་ནས་ཅི་འདྲའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་མི་མང་པོ་དམར་གསད་བཏང་འདུག ངོ་མ་ཁ་ཆེ་ལས་ཀྱང་སྡུག་གི་རེད། རྒྱ་མི་མ་སླེབས་གོང་ལ་ཁོང་ཚོས་ཡུན་རིང་པོར་བོད་ནང་དུ་ཁྲག་གི་འཁོར་ལོ་བསྐོར་བ་རེད། དེ་ནས་རྒྱ་མི་སླེབས་ནས་ཁྲག་གི་འཁོར་ལོ་བསྐོར་བ་རེད། ནང་པ་སངས་རྒྱས་པའི་ཞབས་འདྲེན། འདི་འདྲའི་ནང་པ་ཞིག་གང་ན་ཡོད། རང་སྐྱོན་མི་ཤེས་མཁན་གྱི་བཤན་པ་ལག་དམར་ངོ་མི་རིག་རྒྱུ་དེ་ཚོ།” བུ་དོན་གྲུབ་གྱིས་ཀྱང་སྔགས་རྒན་ལ་ལན་ཚ་ཐག་ཆོད་ཅིག་བརྒྱབ་པས། སྔགས་རྒན་ཅུང་ཁྲོས་ནས། “དེ་ཚོ་མི་ཁ་ཤས་ཤིག་གི་ལས་ཀ་རེད། ཚང་མ་དེ་འདྲ་ག་ལ་ཡིན། ལྟོས་དང་། དཔེར་ན་དབེན་དགོན་བསམ་གཏན་གླིང་དུ་ལམ་རིམ་གྱི་གསུང་ཆོས་གནང་བཞིན་པའི་ཨ་ལགས་མཐོང་གྲོལ་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་ཅི་འདྲའི་མང་པོ་འདུག” ཟེར་བར་ཡང་དོན་གྲུབ་ཀྱིས། “སྐྱག་པའི་སྐྱེས་ཆེན་དམ་པ། མཐོང་གྲོལ་རིན་པོ་ཆེ་ཟེར་བའི་དགེ་བཤེས་ཀླད་དམར་དེས་ཁ་ནས་སེམས་ཅན་ལ་གནོད་འཚེ་སྤང་དགོས་ཟེར་ཁུལ་བྱེད་མོད། ཁོའི་ཆོས་གོས་འོག་ན་གྲི་འདོམ་ཕྱེད་ཅིག་བཏགས་ནས་བསྡད་འདུག་པ་དེ་གནོད་འཚེ་གཏོང་བྱེད་མིན་ན་ཅི་རེད། དེའི་མི་ཚད་ད་དུང་དོལ་རྒྱལ་ཟེར་བའི་འདྲེ་ངན་་་” དོན་གྲུབ་ཀྱིས་མུ་མཐུད་དུ་བཤད་འདོད་རུང་། པདྨ་རྡོ་རྗེ་ཁ་བར་དུ་འཚངས་ནས། “ད་དུང་ཁོས་རང་གི་དགེ་ཕྲུག་བློ་བཟང་ལ་གཡབ་ཀྱི་ཡོད་པ་མི་མང་པོས་མཐོང་འདུག འདི་འདྲའི་དགེ་སློང་གཡབ་སྐྱལ་ཤིག་ཨེ་ཡོད་ན”ཟེར་བར་། སྔགས་རྒན་མིག་ཆེན་པོ་གདེངས་བཞིན། “སྐྱག་རྫུན་མ་བཤད། ཁྱོད་ཚོས་ལྟས་ངན་ཞིག་གོ་བ་ཡིན་ཡོང་། སྐྱེས་པས་སྐྱེས་པ་ལ་ཅི་འདྲ་བྱས་ནས་གཡབ་དགོས་པ་རེད།” ཅེས་རང་ཉིད་ཀྱིས་བུད་མེད་མ་གཏོགས་སྐྱེས་པ་ལ་གཡབ་མྱོང་མེད་པས། ད་རེས་ཁོ་ལ་བདེན་ཁ་རག་འདོད་ཀྱིས་སྐད་མགོ་ཇེ་མཐོར་བཏང་ནས་བཤད། པདྨ་རྡོ་རྗེས་དགོད་ཞོར། “འོ་ཨ་མྱེ། སྐྱག་ཁུང་གི་ནང་དང་བརླ་བར་ལ་གཡབ་ཀྱི་ཡོད་པ་རེད་ཟེར་ཡ། ད་དུང་ཁྱོད་ཀྱིས་ལྟོས་དང་། སྐབས་སྐབས་རེ་བློ་བཟང་གི་ཤམས་ཐབ་ཐོག་ལ་ཨ་ལགས་ཚང་གི་ཁུ་བ་འགོས་འདུག་པ་ཐེངས་མང་པོར་མཐོང་ཐུབ།” དོན་གྲུབ་དང་པདྨ་རྡོ་རྗེ་གཉིས་གྱིས་ཆེད་ལས་ཞིབ་འཇུག་པ་ཞིག་དང་འདྲ་བར་ལན་ཐོགས་པ་མེད་པར་བཏབས་པས་སྔགས་རྒན་ཁོང་ཁྲོ་ལངས་རུང་ཅི་ཟེར་འདི་ཟེར་མ་བྱུང་བས། “ཧིན། ཐན་ལྟས།” ཞེས་མིག་ལོག་ཅིག་བལྟས་ཏེ་བཤད་མཚམས་འཇོག་ཐབས་བྱས།
ཕྱི་ལོ་༢༠༠༨ཟླ་༩ཚེས་༡༧ཉིན་སྐབས་བཅུ་བཞི་པའི་སྤྱི་འཐུས་ཚོགས་ཐེངས་དྲུག་པའི་བར་གསེང་ཞིག་ལ་གནས་ཆུང་ཇ་ཁང་དུ་བྲིས།
ལོ་རྒྱུས་ཀྱི་དབང་དུ་བྱས་ན། མཚོ་པདྨ་ནི་ཟ་ཧོར་རྒྱལ་པོས་གུ་རུ་རིན་པོ་ཆེ་གསོན་སྲིགས་བྱས་དུས་ཏིལ་མར་མཚོ་རུ་གྱུར་པ་ལ་ངོས་འཛིན་བྱེད་ཀྱི་ཡོད།
གུ་རུ་རིན་པོ་འཁྲུངས་ས་ནི་ལོ་རྒྱུས་མང་ཕལ་ཆེར་ནང་དྷ་ན་ཀོ་ཤའི་མཚོ་ཡིན་པ་ཡོངས་གྲགས་རེད།
དྲྭ་གྲོགས་ཚུལ་ཁྲིམས་མཐར་ཕྱིན་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། ཤེས་རབ་ཟེར་བའི་མི་ངན་འདིས་
བོད་ནང་དཀྲུག་གི་ས་བོན་ཞིག་ཇི་ལྟར་འདེབས་དགོས་བསམ་ནས་ཐབས་ཤེས་འབའ་ཞིག་བྱེད་མཁན་ཞིག་རེད།
སྐབས་རེ་རྙིང་མ་ཡིན་ཁུལ་བྱས་ནས་དགེ་ལུགས་ལ་ཁ་གཏོང་། སྐབས་རེ་དགེ་ལུགས་ཡིན་ཁུལ་བྱས་ནས་རྙིང་མ་
ལ་ཁ་གཏོང་། སྐབས་རེ་ཆོས་མེད་སྨྲ་བའི་ལྟ་བ་བཟུང་སྟེ་སངས་རྒྱས་ལ་ཁ་གཏོང་མཁན་གྱི་བྱེད་གཏེ་འདི་རིགས་ལ་
དམར་པོའི་རྒྱུག་ཁྱུ་ཟེར་བ་རེད། གང་ན་གཏོར་བཤིག་ཞིག་བྱེད་ཐབས་ཡོད་བསམ་ནས་སྒུག་ཡོད་པ་འདྲ་ཞིག་འདུག
ཨོ་རྒྱན་སངས་རྒྱ་གཉིས་པའི་རྣམ་ཐར་ནི་འཛམ་གླིང་ན་ཉི་ཟླ་ལྟར་དུ་གྲགས་པས་བཤད་དགོས་པ་མེད།
སྤྱིར་དགག་པ་རྒྱག་སྟངས་དང་རྫུན་བཟོ་ན་མིའི་སྣང་བར་འགྲོ་རྒྱུའི་རྫུན་ཞིག་བཟོས་ན་ཡག་པོ་རེད།
མཐོང་བ་ཙམ་གྱིས་ཐེ་ཚོམ་མི་དགོས་པའི་རྫུན་ཚིག་དེ་འདྲ་རང་མཚང་སྟོན་པའི་གཏམ་ལས་མ་འདས་ཤིང་
ད་རུང་བོད་མི་མང་སྤྱི་འཐུས་ཞིག་གི་མགོར་རྫུན་ཀླང་འདི་འདྲ་འདེབས་མཁན་དེ་དངོས་གནས་བོད་པའི་དགྲ་
རེད། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་ཀྱང་སྐུར་འདེབས་འདྲ་མིན་བྱས་པ་མདོ་སྡེའི་གཏམ་རྒྱུད་དུ་གསལ་
བ་དང་མུ་སྟེགས་པ་རྣམས་ཀྱིས་སངས་རྒྱས་ནི་སྒྱུ་མ་རེད་ཅེས་བརྗོད་པ་བཞིན་ཡིན་མོད།
མི་ཞིག་གིས་བལྟས་ན་ཡིན་མདོག་ཁ་བོ་ཞིག་བཤད་ན་ཡག་པོ་རེད།
ཤེས་རབ་་་་་་་་་་་་་་
ཁྱོད་གུ་རུ་ལ་དད་པ་མེད་ནའང་རང་དབང་རེད་དེ་་་་་་་་ མཁས་པ་ཡིན་མདོག་མདོག་གི་གུ་རུའི་རྣམ་ཐར་མ་མཐོང་ཞེས་ཕོ་སྒྲོབ་ལུང་པ་གང་དེ་བཤད་ཐལ་ཤོར་བ་མ་ཡིན་ནམ་་་་་་་་་་་ ལར་ནས་ ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་། །བོང་བུའི་མ་མཐོང་འགྲོ་ལམ་མང་། །ཟེར་བ་དེ་ཡིད་ལ་ཞོག་་་་་་་་་་
དཔྱད་གཞིའི་ཡིག་ཆ་དཀོན་ཙམ་འདུག་ཟེར་ན་འདྲ་ཆགས་པོ་རེད་གཏན་ནས་མེད་པ་ཁྱོད་ཀྱིས་ཇི་ལྟར་ཤེས་་་་་ ཁྱོད་ཀྱི་གྲོང་གསེབ་པི་ཏིའམ་གར་ཞ་ཟེར་བ་དེར་མེད་ན་མེད་པས་ཁྱབ་པ་འདོད་ཀྱིན་ཡོད་ན་གནས་ཚུལ་ཐ་དད་རེད་་་་་་་་་་་ དེ་མིན་མཁས་པའི་མདུན་སར་ཐག་གཅོད་མ་སྔ་དཔྱད་པ་མི་ཆུང་ན་དགེ་མཚན་ཆེ་བར་མངོན་་་་་་་་་་་་་་་
ཁྲོན་པའི་སྦལ་པ་རྒྱ་མཚོའི་སྦལ་པ་གཉིས། །
སྦལ་ཡིན་པ་འདྲ་འདྲ་ཡིན་མོད་ཀྱིས། །
ཤེས་བྱའི་གནས་ལ་གོ་རྒྱ་ཡངས་ལོད་ལ། །
དམ་པའི་དོན་དུ་ཁྱད་པར་ཆེ་ཙམ་ཡོད། །
བྱ་བ་ནི་བར་སྐབས་ཀྱི་གཏམ་མོ་་་་་་་་་་་་་་་་་་་་་་་་་
ཤེས་རབ་ཟེར་བའི་སྨོན་ལམ་ལོག་པ་འདི།
ལས་ངན་བསམ་པ་ངན་པའི་རང་རྟགས་ངོམ།
མ་ཟད་རང་མཚང་ངོམ་ཞིང་ཐོས་བའི་དབེན།
མ་ཧྰ་གུ་རུ་བློ་སྣ་ཆོས་ལ་བསྒྱུར།
།ཀ་དག་རྫོགས་པ་ཆེན་པོའི་ཀློང་ཡངས་སུ།
།ཁ་དོག་རྣམ་པར་བཀྲ་བའི་པདྨའི་དབུས།
།ག་ནས་བལྟས་ཀྱང་ཆོག་མི་ཤེས་པའི་སྐུ།
།ང་ཅག་སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེ་འཁྲུངས།
།ཅ་ཅོས་སྒྲོ་བཀུར་ལུས་པོ་ཤིན་ཏུ་རྒྱས།
།ཆ་ནའི་chinaདངུལ་དང་ལྟ་བས་ཁོག་སྦོས་པའི།
།ཇ་ཡུན་ཚུན་ལ་དཀྲུགས་པའི་སྐབས་འཚོལ་བ།
།ཉ་བཞིན་འགྱུར་ལྡོག་མང་པའི་ཤེས་མེད་ཀྱིས།
།ཏ་ལའི་བླ་མའི་རྗེས་འབྲངས་བློ་གསལ་རྣམས།
།ཐ་ཤལ་ཉིད་ཀྱིས་ཀུན་སློང་ངན་པ་ཡིས།
།ད་ནས་བཟུང་དེ་དཀྲུགས་པར་མི་ནུས་པས།
།ན་རཀ་དམྱལ་བར་འགྲོ་ཆས་མ་སྒྲིགས་ཤིག
།པ་སང་ལྟ་བུས་བོད་ལ་དཀར་བའི་སེམས།
།ཕ་མེས་རྣམས་ཀྱིས་ཁྲེལ་བར་མི་འགྱུར་བའི།
།བ་གོར་བེ་རོ་ཙ་ན་ལྟ་བུ་ཞིག།
མ་ཐུབ་ན་ཡང་དཀྲུགས་གཞི་ལས་དེ་དོར།
།ཙ་རྟུར་སྲིད་པའི་སྡུག་བསྔལ་ཚབ་ཆེན་དང་།
།ཚ་གྲངས་བཟོད་བསྲན་དཀའ་བ་ཤེས་བྱས་ནས།
།ཛ་དྲགས་ཆེན་པོས་འགྱོད་སྡོམ་བྱས་གྱུར་ན།
།ཝ་མོ་བཞིན་དུ་འཆི་ཁར་ཞུམ་མི་དགོས།
།ཞ་ལྟར་པད་མ་འབྱུང་གནས་སྤྱི་བོར་སྒོམ།
།ཟ་འཐུང་ཇི་འབྱོར་ཕུད་ཀྱིས་ལེགས་པར་མཆོད།
།འ་ཅག་སྙིགས་དུས་སྐྱབས་ཀྱིས་ཟིན་གྱུར་ན།
།ཡ་ངའི་གནས་ལས་སྐྱོབས་པར་ཐེ་ཚོམ་མེད།
།ར་ཧུ་ལྟ་བུའི་ལྟ་བ་ཐ་ཆད་ཞིག།
།ལ་མགོ་གངས་རིས་སྐོར་བའི་མི་ལ་སྤོངས།
།ཤ་ཚའི་གནས་གྱུར་བོད་ཀྱི་མི་རྣམས་ལ།
།ས་ཆ་གང་ལ་སོངས་ཀྱང་མ་དཀྲུགས་ཤིག
།ཧ་ཀྱང་སེམས་པ་བཟང་པོའི་སྐད་ཆ་འདི།
།ཨ་མའི་བུ་ཆུང་ཤེས་རབ་སེམས་ལ་ཞོག
།ཧ་ལམ་རང་དཔེ་རང་ལེན་བྱེད་ནས་ནི།
།ཨ་མཚར་ངང་ནས་བོད་པ་མ་རྙོགས་ཅིག
ཤེས་རབ་ལགས།
སློབ་དཔོན་པད་མ་ཡང་ལེ་ཤོད་ནས་བོད་པས་ཁྲིད་དེ་བཙན་པོ་ངོ་སྤྲོད་དང༌། རྗེས་སུ་བོད་རྒྱལ་གྱི་བཙུན་མོ་བརྐུས་ཏེ་བྲོས་པའི་ལམ་བར་དུ་བློན་པོས་བསད་པའི་ལོ་རྒྱུས་འདུག་ཟེར་བ། ལོ་རྒྱུས་དེ་འདྲ་ཞིག་ཡོད་ན་དེ་སུས་བྲིས་དུས་ཚོད་གང་དེབ་བམ་ཡིག་ཆ་དེའི་མིང་གང་ཡིན་ད་ལྟ་ག་བར་ཡོད་པ་སོགས་གསལ་བཤད་གནང་རོགས། དེ་ནས་ང་ཚོས་ལོས་རྒྱུས་དེའི་རིན་ཐང་གཞལ་རྒྱུ་རེད། དེ་དག་སྣ་གཅིག་མེད་པར་ད་དུང་ལོ་རྒྱུས་འདུག་ཅེས་བཤད་ན་དེ་ནི་རྫུན་གཏམ་མམ་དབྱིན་དཀྲུག་འབའ་ཞིག་ཡིན་པས་ཕྱིས་སུ་ཁྱེད་ཀྱི་གཏམ་ལ་ཆ་འཇོགས་མི་བྱེད། ཕྱོགས་གཞན་ནས་བཤད་ན་ང་ཚོར་བཟང་གཉིས་ཀར་དཔྱོད་པའི་ཤེས་རབ་དགོས། བཟང་ཕྱོགས་ཁོ་ནར་ཞེན་བཟུང་བྱས་ཏེ་དེང་རབས་ཀྱི་རྗེས་མི་ཟིན། འཇིག་རྟེན་འདིར་གྲགས་ཅན་སམ་ཐུན་མིན་ནུས་པ་ཅན་གྱི་མི་ཞིག་ཡིན་ན་དེ་ལ་ལྟ་ཕྱོགས་བཟང་ངན་གཉིས་ཀར་འབྱུང་བ་ཆོས་ཉིད་ཡིན་པས་ཧ་ལས་རྒྱུ་གང་ཡང་མེད།
མགོན་པོ་ལགས། གོང་གི་མཆན་བཅུ་བཞི་བའི་ཚིག་རྐང་མཐའ་མ་ལ་རྣམ་དབྱེ་གསུམ་པ་བྱེད་པ་ཆད་འདུག དྲིན་ཆེན་པོ་དེ་རིང་ཕྱེད་གཉིད་ཁུགས་ཡོད་ཀྱི་མ་རེད།
ཀ་ཡེ་གངས་ཅན་སྤུན་ཟླ་ཕོ་མོ་ཚོ། །
ཁ་བ་ཅན་གྱི་རིགས་སུ་སྐྱེས་པ་རྣམས། །
ག་འདྲ་བྱས་ནས་བོད་དོན་སྒྲུབ་དགོས་པ། །
ང་ཅག་གཙུག་རྒྱན་རྒྱལ་བའི་བཀའ་བཞིན་བྱོས། །
ཅ་ལེ་བ་ཡི་གཏམ་ལ་མ་ཉན་པར། །
ཆ་འཇོག་བྱེད་སའི་མཁས་པའི་གསུང་ལ་ལྟོས། །
ཇ་མཆོད་ཡན་ཆོད་གོང་ས་མཆོག་ལ་ཕུལ། །
ཉ་གང་ཟླ་ལྟར་ཡོན་ཏན་རྫོགས་ནས་ཡོང་། །
ཏཱ་ལིའི་བླ་མའི་འབངས་སུ་གཏོགས་པ་ཀུན། །
ཐ་ཤལ་ཚིག་གི་རྗེས་སུ་མི་འབྲང་བར། །
ད་ལྟ་ནས་བཟུང་ཤིན་ཏུ་གཟབ་པར་གྱིས། །
ན་ནང་ད་ལོ་དུས་ཚོད་གཉན་འཕྲང་ཆེ། །
པ་ཊུའི་གཏམ་དང་དོན་ལ་དཔྱོད་མཁས་ན། །
ཕ་གཅིག་པད་མའི་རྣམ་ཐར་ཇི་བཞིན་གསལ། །
བ་གླང་ལྟ་བུའི་བླུན་རྨོངས་རེ་ཟུང་ལས། །
མ་ཧཱ་གུ་རུའི་བཀའ་དྲིན་ཅིའི་མི་དྲན། །
ཙ་ཀོ་ར་ཡི་བྱ་བཞིན་དུད་འགྲོ་དང་། །
ཚ་དམྱལ་བརྒྱད་སོགས་དམྱལ་བ་འགྲིམ་འདོད་པས། །
ཛ་དྲག་ཆེན་པོས་སྐུར་འདེབས་བྱེད་མཁན་དེ། །
ཝ་སྐད་ཤོར་བཞིན་ངན་འགྲོར་སྐྱེ་བར་འགྱུར། །
ཞྭ་མོའི་ཏོག་ལྟར་མཐོ་བའི་གུ་རུ་རྗེ། །
ཟ་ཉལ་འགྲོ་འདུག་ཀུན་ཏུ་མ་བརྗེད་པར། །
འ་ཅག་བོད་པས་སྐྱབས་སུ་བསྟེན་གྱུར་ན། །
ཡ་རབས་མི་དེ་བདེ་ནས་བདེ་བར་འགྲོ །
ར་ཡིག་གཉིས་པའི་དབྱངས་རྟ་ལ་དྲངས་ནས། །
ལ་འུར་གུ་རུའི་མཚན་སྔགས་བགྲངས་ཐུན་ན། །
ཤ་ཁྲག་ལུས་འདི་བོར་བར་གྱུར་མ་ཐག །
ས་ཆེན་འཕགས་པའི་གོ་འཕང་ཐོབ་པར་འགྱུར། །
ཧ་ཅང་དྲང་པོར་སྨྲས་པའི་གཏམ་བཟང་འདིས། །
ཨ་མའི་གཙོར་བྱས་ཀུན་ལ་ཕན་པར་ཤོག །
མ་གཞི་སམ་བྷ་ཝ་མིང་ཅན་དང་བེ་རོ་ཙ་ནའི་མིང་ཅན་གྱིས་ལི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ལོ་རྒྱུས་ནི། ང་ལ་ཏུང་ཧོང་ཡིག་ཅ་འདྲ་བཤུས་པེ་ཅིན་དཔར་མ་ཅིག་ཡོད་པ་དེའི་ནང་དུ་ཡང་འདུག ང་ཚོའི་སློབ་དཔོན་རིན་པོ་ཆེ་དང་། བེ་རོ་ཙ་ན་ཡིན་མིན་ཁ་ཚོན་གཅོད་མི་ཐུབ་པས་དོགས་པ་བྱས་ནས་བསྡད་ཡོད། ཁོམས་པ་ཡོད་ན་ངས་ཁ་བརྡ་ནང་དུ་བཏང་ཡོང་། དེ་རིང་ཁོམ་པ་མི་འདུག གཅིག་བྱས་ན་དེ་རིང་དགོང་མོ་ཁོམས་པ་ཡོད་སྲིད།
༈ གུ་རུ་འི་རྣམ་ཐར་རྒྱ་གར་ཏུ་གྲགས་པ་ཇོ་ནང་པ་རྗེ་བཙུན་ཆེན་པོའི་་བསྒྱུར་ཞིང་བསྒྲིགས་པ་རྣམ་ཐར་རྒྱ་གར་མ་རེད། མ་ཟད་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས། གསང་འདུས་སློབ་དཔོན་ཡེ་ཤེས་ཞབས་ཀྱི། །སློབ་མའི་གཙོ་མཆོག་འོད་དཔག་མེད་དངོས། །བདེ་བ་ཆེ་ཞབས་ཁྱོད་མཚན་ཡིན་ཞེས། །ཞབས་ལུགས་བརྒྱུད་འཛིན་ཀུན་ཀྱིས་ཆེས་བསྔགས། །ཞེས་དང་། །ཨརྱཱ་དེ་ཝས་སྤྱོད་བསྡུས་སྒྲོན་མེར། །ཁུངས་སུ་མཛད་པའི་པདྨ་བཛྲ། །པདྨ་ལས་བྱོན་ཁྱོད་ཉིད་མཚན་ཡིན། །ཞེས་སོགས་རྒྱ་གར་དུ་གྲགས་ཚུལ་དང། །བོད་ཀྱི་ལོ་རྒྱུས་ལ་སྔ་བ་(རྦ་བཞེད་)དང་། ཇོ་བོའི་རྣམ་ཐར། མངའ་བདག་ཉང་གི་བཀའ་ཐང་(ཟངས་གླིང་མ་)དང་(བཀའ་ཐང་་སྡེ་ལྔ་)སོགས་དང་། སངསརྒྱས་གླིང་པའི་(བཀའ་ཐང་གསེར་ཕྲེང་)། ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མ་སོགས་གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་རྩར་གུ་རུའི་རྣམ་ཐར་རྒྱས་བསྡུས་གང་རུང་རེ་དང་ཐ་ནའང་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་རེ་ངེས་པར་འབྱུང་བར་གྲགས། དེས་ན་རྣམ་ཐར་སྟོང་རྩ་ཡོད་པར་བཤད་ཀྱངརྒྱུ་མཚན་ལྡན་པ་སྨྲོས་མེད་ལགས། གོང་དུ་བྱུང་བའི་གུ་རུའི་སྐུར་འདེབས་དེ་བོད་ལ་ཡོངས་སུ་མ་གྲགས་པ་ཞིག་དང་། ཚིག་དེ་དག་ཕལ་ཆེ་བ་ཉེ་ཆར་རྒྱ་ནག་གི་ཡེ་ལི་ཏཱ་ཧྲི་ཟེར་བ་དང་། ཤོ་ཕིང་ཧྲི་ཟེར་བའི་ཤོག་ཁག་གི་བོད་རྒྱུད་ནང་བསྟན་ལ་སྐྱོན་བརྗོད་བྱས་པའི་དེབ་ཁག་ཏུ་འདུག ཤོག་ཁག་དེས་གུ་རུ་མ་ཟད་ཞི་བ་ལྷ་དང། ཇོ་བོ་རྗེ། རྗེའི་ལམ་རིམ་དང་། སྔགས་རིམ། གསང་འདུས་རིམ་ལྔ་སོགས་དང་། མི་ལ་རས་པའི་མགུར་སོགས་བོད་བརྒྱུད་ནང་ཆོས་ལ་སྐྱོན་བརྗོད་བྱས་པའི་དེབ་ལྔ་བཅུ་ཙམ་ཡོད་རྒྱུ་རེད་སྙམ། དེ་དག་ལ་བོད་བླ་རུང་གི་མཁས་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གསང་སྔགས་ཀྱི་དོགས་སེལ། བོད་བརྒྱུད་ནང་བསྟན་གྱི་གསང་བའི་གདོང་ཁེབས་བསལ་བ་ཞེས་པ་དང་། ཡང་བླ་རུང་གི་མཁས་དབང་མཁན་བསོད་དར་རྒྱས་ཀྱིས་ལོག་སྨྲ་ཚར་གཅོད་དང་། ཤེས་རབ་རལ་གྲི་ཟེར་བའི་དེབ་གསུམ་བརྩམས་གནང་འདུག ཡང་སློབ་དཔོན་ཆེན་མོ་ཨ་ལག་དོར་ཞི་གདོང་དྲུག་སྙེམ་པའི་་བློ་ལྡན་གྱིས་རྡོ་རྗེའི་མདའ་ཆར་ཟེར་བ་བརྩམས་འདུག ད་རེས་༧གོང་ས་ཐེ་ཝན་དུ་ཆིབས་བསྒྱུར་སྐབས་ཚོགས་པ་དེའི་བོད་རྒྱུན་བླ་མའི་ཆོས་ལུགས་ནི་ནང་བསྟན་གྱི་འབག་མགོ་གྱོན་པའི་ལོག་པའི་ཆོས་ལུགས་ཞེས་དང་། ༧གོང་ས་མཆོག་ལ་སྙད་འདོགས་སྐུར་འདེབས་ཀྱི་དེབ་མང་པོ་སྤེལ་ངོ་རྒོལ་ཤུག་ཆེན་བྱས་པའི་གནས་ཚུལ་བྱུང་། དེས་ན་འདི་རིགས་ལ་བློ་དང་ལྡན་པ་ཀུན་ཀྱིས་ཐུགས་སྣང་མཛད་དགོས་པར་སྣང་།
གོང་གི་ཤེས་རབ་ཟེར་བ་དེ་དྲ་གྲོགས་སྟག་སྨྱོན་ཡིན་པ་འདྲ།
གང་ལྟར་གུ་རུ་རིན་པོ་ཆེའི་ཆེ་བའི་ཡོན་ཏན་སོགས་མ་ཤེས་ཀྱང་རུང་མོད། མ་མཐའ་ཡང་ཁོང་བོད་ལ་དྲིན་ཆེན་ཞིག་ཡིན་པ་ཙམ་ཞིག་ཤེས་དགོས། ད་དུང་གུ་རུའི་རྣམ་ཐར་ཡག་ཤོས་དང་། ཁུངས་ལྡན་དེ་གཟིགས་འདོད་ཡོད་ན། ཏཱ་ར་ནཱ་ཐས་མཛད་པའི་གུ་རུའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ལ་གཟིགས་དང་ཤེས་པར་འགྱུར་རོ།།
དྲྭ་གྲོགས་ལྷག་བསམ་ལགས་ཐུགས་རྗེ་ཆེ་རྒྱ་དམར་གྱིས་བོད་ཀྱི་ཆོས་ལུགས་ཀྱི་ཤུགས་རྐྱེན་རྒྱ་ནག་
ཏུ་དར་ཁྱབ་མི་ཡོང་བའི་སྲིད་བྱུས་འབའ་ཞིག་སྒྲུབ་ཀྱི་རེད། དེའི་རྗེས་ཟློས་བྱེད་མཁན་དེ་གང་འདྲ་ཞིག་
ཡིན་མིན་ཚང་མས་ཤེས་གསལ་ལྟར་རེད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་རྣམ་པས་
དགག་ལན་བྲིས་ཡོད་པ་དེ་རིང་ཐོས་པས་དགའ་ཚོར་ཞིག་བྱུང་། དངོས་གནས་མཁས་པ་ཡིན་ན་འདི་
འདྲའི་རིགས་ལ་དགག་ལན་འབྲི་དགོས་པ་རེད། དེབ་དེ་ཚོ་བོད་ཡིག་རྒྱ་ཡིག་གང་ཡིན་དང་རྒྱ་གར་ནས་
ཐོབ་ཀྱི་ཡོད་མེད་གཅིག་གསུངས་རོགས།
གཞོན་ནུ་ཟླ་མེད་ལགས་ཀྱི་གསུངས་པ་དེ་རང་རེའི་སློབ་དཔོན་ཡིན་གྱི་རེད། བཻ་རོ་ཙ་ནས་ལི་ཡུལ་དུ་བསྟན་
པ་སྤེལ་བའི་ཚུལ་རྣམ་ཐར་དུ་ཡང་རྒྱས་པར་གསལ་ཡོད།
ལོ་རྒྱུས་ཀྱི་སྐོར་འདི་རྒྱལ་པ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད།སྨོན་ལམ་བཀའ་གཏད།ཤོག་སེར་ཚིག་བརྒྱུད་དེ་རྣམ་པ་པ་ལྔར་གཞི་བཅས་ནས་གསུང་པ་མང་ལ་དད་པ་དག་སྣང་དང་གནས་ལུགས་དོན་གྱི་གཤིས་ལ་དཔྱོད་པའི་ཤེས་རབ་མེད་ན་བསྟན་བྱའི་དོན་གསལ་བོ་མི་རྟོགས་པས་དེང་རབས་ལུགས་ཀྱི་ཞིབ་འཇུག་བྱེད་སྟངས་དང་བསྟུན་ཅི་ཐུབ་བྱས་ན་རང་གི་ཁྱད་ཆོས་མི་ཉུང་བ་ཞིག་བརླག་འགྲོ་བ་ཀུན་གྱིས་ཤེས་སྙམ། དེ་བས་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ཚང་མ་ཚད་མར་བཟུང་ན་ལེགས་མིན་མི་ཤེས་པས་མ་གཞི་དེ་འབྲི་མཁན་གྱི་ལོ་རྒྱུས་ངེས་རྒྱུ་གལ། བོད་ཀྱི་རིག་གནས་ལོ་རྒྱུས་ལ་གཞིགས་ན་གྲུབ་མཐའ་བར་གྱི་རྩོད་རྙོད་ཤིན་ཏུ་ཚབས་ཆེན་ཡིན་ལ་དཔེར་ན་དུས་རབས་སྔོན་མར་འཇའ་ལུས་འཕོ་ཆེན་གྲུབ་པའི་བོན་གྱི་མཁས་དབང་ཤར་རྫ་བཀྲིས་རྒྱལ་མཚན་མཆོག་གིས་སློབ་དཔོན་པད་མ་མངལ་སྐྱེས་དང་མཁན་ཆེན་ཞི་བ་འཚོ་གདོན་ཕྲུག་དུ་སྒྲུབ་པ། ལྷ་སའི་ཇོ་བོ་ཞང་ཞུང་ནས་གདན་དྲངས་པར་བཞེད་པ་ལྟ་བུ་རེད། རེ་བ་ཡིན་ན་ཕྱོགས་རིས་ཀྱི་དབང་དུ་མི་འགྲོ་བར་ལོ་རྒྱུས་དངོས་མ་དེ་ཅི་ཡིན་པ་སྒྲུབ་ཐུབ་ན་ལེགས་སྙམ། དེ་སྔ་ངའི་གྲོགས་པོ་ཞིག་གིས་སློབ་དཔོན་རིན་པོ་ཆེ་བོད་ལ་ཕེབས་པར་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད་པར་སྒྲུབ་པའི་དངོས་གཞི་སློབ་མའི་དཔྱད་རྩོམ་ཞིག་གི་ཐད་ལ་བགྲོ་གླེང་བྱས་མྱོང་མོད་ཁོང་གི་དཔྱད་རྩོམ་ལ་ལུང་རིག་གི་སྒྲུབ་བྱེད་བཙན་པོ་ཞིག་མེད་པར་མཐའ་གཅིག་ཏུ་རང་གི་བསམ་ཚུལ་རྐྱང་རྐྱང་བརྗོད་ཡོད་ཀི བོད་ཀྱི་གསོ་བ་རིག་པའི་གཞུང་དུ་རིམས་ནད་སྐོར་གྱི་ཉམས་ཡིག་ཚང་མ་སློབ་དཔོན་ཁོང་དང་ཐུགས་ཀྱིས་ཟིན་པའི་གཏེར་སྟོན་གང་མང་གིས་གཏེར་ནས་བཞེས་པ་ཤ་སྟག་ཡིན་ལ། ཕྱིས་འབྱུང་གཏེར་ཆོས་ཚང་མའི་ནད་ཀྱི་རྒྱུ་དང་ངོ་བོ་བརྟག་དང་བཅོས་ཐབས་སོགས་གླེང་སྐབས་སློབ་དཔོན་པད་མའི་བདུད་རྩི་བུམ་པ་རྩ་བར་བཟུང་ཡོད་པས་ཕལ་ཆེར་གྱི་བབས་ལུགས་བརྗོད་དུས་མཆོད་བརྗོད་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་རེ་ཡོད། མདོར་བསྡུས་ན་རང་གི་བསམ་ཚུལ་ཁོ་ནས་ཟག་མེད་ཡེ་ཤེས་ཀྱིས་ཐག་བཅད་པའི་གནས་ལུགས་སྒྲུབ་མི་ཐུབ་ལ་དཔེར་ན་གཏེར་ཆོས་ཀྱི་རིགས་དབྱེ་དང་ངོས་འཛིན། བབས་ལུགས་སོགས་ཀྱི་གསང་རྒྱ་དཀྲོལ་མི་ཤེས་པ་རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ་ལ་གཟིགས་དང་ཤེས་སོ།།
སློབ་དཔོན་རིན་པོ་ཆེ་མངལ་སྐྱེས་དང་རྫུས་སྐྱེས་གང་ཡིན་དེ་གལ་ཆེན་པོ་ཞིག་མ་རེད། བདག་ཅག་གི་སྟོན་པ་ཡང་མངལ་སྐྱེས་རེད་མ་གཏོགས་རྫུས་སྐྱེས་མ་རེད། གློ་གཡས་ནས་འཁྲུངས་ཟེར་བ་དེ་ནི་ཁོང་སྐུ་གཟུགས་ཆེ་དྲགས་ནས་ཡུམ་གྱི་པད་མ་ལས་འཁྲུངས་མ་ཐུབ་པར་སྨན་པ་དག་གིས་ཡུམ་གྱི་ལྟོ་བ་གཡས་པ་གཤགས་ནས་བླངས་པ་ཞིག་ཡིན་སྲིད་པ་རེད། གཤགས་བཅོས་དེ་དེ་ཙམ་ལམ་སློངས་མ་བྱུང་ནས་སྟོན་པའི་ཨ་མ་དེ་ཁོང་སྐུ་འཁྲུངས་ནས་ཞག་བདུན་གྱི་རྗེས་སུ་འདས་གྲོངས་སོང་བ་ཞིག་མ་རེད་དམ། ཨ་མའི་མངལ་དུ་བཞུགས་པ་དེས་ཁོང་གི་གཟི་བརྗིད་ལ་མི་གནོད་ན་མངལ་གྱི་སྒོ་ནས་ཕྱིར་ཐོན་པ་དེས་ལྷག་པར་གནོད་རྒྱུ་ཅང་ཡོད་པ་མ་རེད། གུ་རུ་རིན་པོ་ཆེ་པད་མ་ལས་འཁྲུངས་ཞེས་པ་དེ་ཡང་ཡུམ་གྱི་པད་མ་ལས་འཁྲུངས་པ་ལ་སྦྱར་ན་མི་ཆོག་རྒྱུ་ཅང་ཨེ་ཡོད། པད་མ་ལས་འཁྲུངས་སྐུ་ལ་འདས་འཁྲུངས་མེད། །ཅེས་པ་དེ་ནི། དོན་ངོ་མར། པད་མ་ལས་འཁྲུངས་སྐུ་ལ་འདས་གྲོངས་མེད། །ཅེས་པ་སྟེ། འགྲོ་བ་མིའི་རིགས་སྤྱི་དང་མཚུངས་པར་མ་ཡུམ་གྱི་པད་མ་སྟེ་གསང་གནས་ལས་འཁྲུངས་ན་ཡང་གཞན་དང་མི་འདྲ་བར་ཤ་ཁྲག་གདོས་བཅས་ཀྱི་སྐུ་ལུས་དེ་ལ་ནམ་ཡང་འདས་གྲོངས་མེད་ཅེས་འགྲེལ་ན་ལེགས་པར་བསམས། དགའ་རབ་རྡོ་རྗེ་སྟོན་པ་ཡེ་ཤུ་གཉིས། །ཕ་མེད་མར་སྐྱེས་སྟོན་པ་ཤྰཀྱ་ཐུབ། །མཆན་ནས་འཁྲུངས་དང་སློབ་དཔོན་རིན་པོ་ཆེ། །པད་མ་ལས་འཁྲུངས་དཔྱད་པའི་གཞི་རུ་ཆེ། །ཞེས་ཀྱང་སྨྲ་འདོད་དོ།།
སློབ་དཔོན་ཆེན་པོ་མངལ་སྐྱེས་ཡིན་པའི་ལོ་རྒྱུས་ཤིག་ཕུར་པ་འབུམ་ནག་གི་བརྒྱུད་ལས་གསུངས་ཡོད་པ་གོ་ཐོས་བྱུང་། འོན་ཀྱང་གཏེར་མར་རྫུས་སྐྱེས་ཡིན་པ་ཞལ་གཅིག་གྲགས་ཡིན།
ཀླུ་སྨྱོན་ལགས། ཁྱེད་ཀྱིས་སྟོན་པའི་མ་ཡུམ་གཤགས་བཅོས་བྱས་ནས་སྟོན་པ་འཁྲུངས་ཚུལ་བཤད་པ་འདི་ལ་ལོ་རྒྱུས་ཀྱི་བདེན་སྤངས་ཡོད་དམ།
༼ བདག་ཅག་གི་སྟོན་པ་ཡང་མངལ་སྐྱེས་རེད་མ་གཏོགས་རྫུས་སྐྱེས་མ་རེད། གློ་གཡས་ནས་འཁྲུངས་ཟེར་བ་དེ་ནི་ཁོང་སྐུ་གཟུགས་ཆེ་དྲགས་ནས་ཡུམ་གྱི་པད་མ་ལས་འཁྲུངས་མ་ཐུབ་པར་སྨན་པ་དག་གིས་ཡུམ་གྱི་ལྟོ་བ་གཡས་པ་གཤགས་ནས་བླངས་པ་ཞིག་ཡིན་སྲིད་པ་རེད། གཤགས་བཅོས་དེ་དེ་ཙམ་ལམ་སློངས་མ་བྱུང་ནས་སྟོན་པའི་ཨ་མ་དེ་ཁོང་སྐུ་འཁྲུངས་ནས་ཞག་བདུན་གྱི་རྗེས་སུ་འདས་གྲོངས་སོང་བ་ཞིག་མ་རེད་དམ། ༽
ཀླུ་སྨྱོན་ལགས། ༼ཤ་ཁྲག་གདོས་བཅས་ཀྱི་སྐུ་ལུས་དེ་ལ་ནམ་ཡང་འདས་གྲོངས་མེད་ཅེས་འགྲེལ་ན་ལེགས་པར་བསམས། ༽
ང་ཚོས་སློབ་དཔོན་ཆེན་པོའི་སྐུ་འདི་འཆི་མེད་ཡེ་ཤེས་སྐུའམ་འཇའ་ལུས་འཕོ་བ་ཆེན་པོ་སྐུར་འདོད་ཅིང་། དེ་ལ་ནམ་འདས་གྲོངས་མེད་པར་ཁས་ལེན་གྱི་ཡོད། གལ་སྲིད་སློབ་དཔོན་གྱི་སྐུ་འདི་ཤ་ཁྲག་གདོས་བཅས་ཀྱི་ལུས་ཡིན་ན་འདས་གྲོངས་མེད་པ་ཁས་ལེན་བྱེད་མི་ཐུབ་བམ།
སྟོན་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་གསུངས་པ་ནི་དངོས་པོའི་གནས་ཚུལ་དང་མཐུན་པ་རེད།
འ་རོགས་ཚོ། ངས་ད་ནང་ཏུང་ཧོང་ཡིག་ཆ་ནང་གི་སམ་བྷ་བ་དང་། བེ་རོ་ཙ་ནའི་སྐོར་འདིར་གཏོང་རྒྱུ་བྱས་ཡོད་མོད། དེ་རིང་ལག་ཡོང་ཞེ་བཟང་བས། ད་ནི་ལུས་སེམས་གཉིས་ཆ་ལྷོད་ལྷོད་འདྲ་ཆགས་ནས། འབྲི་བཤུ་བྱེད་མི་ཐུབ་གི རྗེས་མ་ཟིག་ལ་བཀོད་ཆོག་པ་ཞུ
དེང་སང་དུས་ངན་ལས་ལྡོག་པ་ཞིག་ཡིན་པར་གདོན་མི་ཟ། གང་ཡིན་ཞུས་ན། དབང་ལག་ཚང་བ་དང་ཤེས་བྱ་ཐོབ་མཁན་གྱི་གཏེར་སྟོན་གྱིས་ལུང་པ་གང་པའི་ཕྱིར་རོ། དཔེར་ན་གཏེར་གཏོན་ཤེས་རབ་ཀྱིས། གུ་རུ་རིན་པོ་ཆེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བཙུན་མོ་འཕྲོག་ནས་བྲོས་ཕྱིན་པས་བོད་བློན་རྣམས་ཀྱིས་དཀྲོངས་པའི་ལོ་རྒྱུས་དང་། གཏེར་གཏོན་ཀླུ་རིན་པོ་ཆེས། བདག་ཅག་གི་སྟོན་པ་ཡུམ་ལ་ཤིན་ཏུ་གནོད་པ་ཆེན་པོའི་སྒོ་ནས་སྐུ་བལྟམས་པ་དང་། དེ་ཡང་མའི་མངལ་ནས་མར་བཙལ་མ་ཐོབ་བྱེད། སྨན་པ་མཁས་པས་བཤའ་བཅོས་བྱས་་ཅིང་ཡུམ་སྒྱུ་འཕྲུལ་ལྷ་མོའི་སྲོག་འཕྲོག་པའི་ལོ་རྒྱུས་སྔར་ན་མེད་པའི་གཏེར་ཡིག་དང་། སྔར་ན་ཡོད་པ་ཀུན་བརྫུན་མར་སྟོན་པའི་གཏེར་ངོ་མཚར་ཅན་ཞིག་གོ། དེ་དང་ཀླུ་རིན་པོ་ཆེས། སློབ་དཔོན་པད་མ་མངལ་ལས་སྐྱེས་པ་སྒྲུབ་པ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། མཁན་ཆེན་ཞི་བ་འཚོ་གཉིས་ཀྱིས་སློབ་དཔོན་བོད་དུ་གདན་དྲོངས་པ་མ་ཡིན་ཞིང་། གདན་དྲོངས་དགོས་པའི་རྒྱུ་མཚན་ཡང་གསལ་པོ་གཏེར་ལས་གཏོན་རྒྱུ་ཡོད་ལས་ཆེ།
ལར་ཧ་ཀྱང་ཀུན་རྟོགས་ལ་ཁའི་བྱ་སྤུ་ནང་བཞིན་དེ་དཀྲུགས་དྲག་ན། སྟོན་པ་སངས་རྒྱས་ཡིན་པ་ཞིག་འཇིག་རྟེན་ཁམས་འདིར་བྱོན་མ་མྱོང་པའི་གཏེར་ཆོས་ཡང་རིང་མིན་གཏོན་པ་ནི་ངེས་པ་ཞིག་གོ།
ཀླུ་སྨྱོན་ལགས་ཁྱེད་བདེ་མོ།
དེ་ཡང་ཟབ་ཏིག་མཐོང་བ་རང་གྲོལ་ལས།དེ་ལས་འཛམ་གླིང་ཨོ་རྒྱན་ཡུལ།།ངྷ་ན་ཀོ་ཤའི་མཚོ་རྫིང་དུ།།པད་མ་གེ་སར་སྡོང་པོ་ལ།།སོ་སོར་རྟོག་པའི་རིག་མདངས་ཧྲྰི།།ཡ་མཚན་ཆོ་འཕྲུལ་མཐའ་ཡས་པས།།རྫུས་སྐྱེས་ཐོག་བབས་ཚུལ་ཉིད་དུ།།རྒྱལ་བའི་སྲས་ཀྱི་རྣམ་པར་སྣང་།། ཅེས་གསུངས་པ་ལྟར་ངྷ་ན་ཀོ་ཤའི་མཚོ་ཞེས་དམིགས་སུ་བཀར་ནས་བརྗོད་ཡོད་པས་ཐད་ཀར་དུ་ཡུམ་གྱི་པད་མ་ལ་སྦྱར་དགོས་པའི་དོན་ཅི་ཡིན་པ་མི་ཤེས་ལ་དེ་ལྟར་དུ་ཡོད་ཚད་ཡབ་ཡུམ་གྱི་གསང་བ་ལ་སྦྱར་ན་དགེ་མཚན་ཅི་ཡོད་པ་མི་མཐོང་བས་ཡི་གེ་དྲུག་མའི་དོན་ལའང་གོ་བ་ལོག་པར་བླངས་པ་དེ་སྔ་རྒྱ་ནག་ནས་བྱུང་མྱོང་བ་ལྟ་བུའོ། སྟོན་པ་ཤྰཀྱ་ཐུབ་པའི་ཡུམ་ལ་གཤགས་བཅོས་བྱས་པའི་ལོ་རྒྱུས་ཤིག་ད་སྔ་གོ་མྱོང་མེད་པས་དེ་ཡང་དག་ཡིན་མིན་ཀུན་གྱི་དཔྱད་གཞི་རེད ། དུས་སྐབས་དེར་གཤགས་བཅོས་ལག་རྩལ་དེ་འདྲའི་ཡ་མཚན་ཞིག་ཡིན་པའི་ལོ་རྒྱུས་ཀྱང་མེད་པས་བལྟས་སོང་ན་ཡོད་ཚད་རང་གི་ལྟ་ཚུལ་ཁོ་ནས་སྒྲུབ་པ་འདི་བདེན་པར་མི་མཐོང་ངོ་།སྐྱེ་མཆེད་དྲུག་པོ་དེ་མ་ཐག་ཏུ་གྲུབ་པའི་རྫུས་སྐྱེས་ཀྱི་ལུས་ལ་གཞན་ལས་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་གང་ཟག་ཁྱེད་དང་ང་འདྲ་བའི་བློའི་དཔྱོད་ཡུལ་མིན་པས་དད་པ་དག་སྣང་སྦྱང་ན་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པས་གནས་སྐབས་བཏང་སྙོམས་སུ་བཞུགས་རོགས་ཞུ
གངས་རིའི་ཁྲོད་ཀྱི་འཇམ་པའི་དབྱངས་དངོས་འཇུ་མི་ཕམ་གྱིས་མཛད་པའི་ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་བར་གཟིགས་དང་ཕྱིནང་གསང་གསུམ་གྱི་དེ་ཉིད་རྟོགས་འགྲོ་བས་གོ་སྐབས་རེ་ཡོད་ན་དེ་ལ་མཇལ་རོགས་ཞུ
བོད་ཀྱི་གསོལ་འདེབས་དང་རྟོགས་བརྗོད་ཀྱི་རིགས་ལས་བསྟོད་པ་བྱས་པ་དེ་ཚོར་ཞེ་དྲགས་ཡིད་བརྟན་མེད། ས་གནས་ཀྱི་གཞི་བདག་ཅིག་ཡིན་ན་ཡང་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པ་འདྲ་བོ། དབྱངས་ཅན་མའི་སྤྲུལ་བ་ཡིན་པ་འདྲ་བོ་གང་མང་ཡོད། རྒྱ་ནག་རྒྱལ་པོ་མི་སྟོང་ཕྲག་དུ་མ་བསད་པ་ཡང་འཇམ་དབྱངས་གོང་མ་ཟེར་བ་ལྟ་བུ། རྒྱ་ནག་ཕོ་བྲང་ནང་གི་ཞལ་ཏ་མ་ཞིག་བོད་ལ་མནའ་མར་བྱིན་པ་ལ་ཡང་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་ཟེར་བ་འདྲ་བོ། བློན་པོ་མགར་ལ་བསྟོད་ན་འདོད་དུས་ཐང་རྒྱལ་རབས་ཀྱི་རྒྱལ་བློན་འཇིག་རྟེན་ཚེ་འདིའི་བྱ་གཞག་ལ་བློ་རིག་གི་རྩེ་མོར་སོན་པ་ཚོར་བྱིས་པ་ལོ་གསུམ་ལྟར་མགོ་སྐོར་ཅི་འདོད་དུ་གཏོང་ཐུབ་པའི་ནུས་པ་ཡོད་འདྲ་བོ། ཡང་བློན་པོ་མགར་དང་རྒྱ་བཟའ་ལ་སྨད་ན་འདོད་དུས་རྒྱལ་པོའི་ཞལ་རས་མ་མཇལ་གོང་དུ་ཁོ་གཉིས་འགབ་མཐུན་བྱས་ནས་བྱི་ཕྲུག་སྐྱེས་པ་འདྲ་བོ་དང་བྱི་ཕྲུག་དེ་ཡང་ཁོ་གཉིས་ནང་ཚགས་ཀྱིས་མེད་པ་བཟོས་པ་འདྲ་བོ། རྒྱལ་བོ་ནང་ཆོས་ལ་དགའ་བ་ཞིག་ཡོད་ན་རིགས་གསུམ་མགོན་པོའི་སྤྲུལ་བ་ཡིན་པ་འདྲ་བོ། བོན་ཆོས་ལ་དགའ་བ་ཞིག་ཡོད་ན་དེའི་སྙིང་ལ་བདུད་ཞུགས་པ་འདྲ་བོ། དེ་འདྲའི་དགའ་མི་དགའི་བསྟོད་ཚིག་དང་སྨད་སྒྲུང་ཡ་ང་ལ་ཡི་མུག་པ་གང་མང་ཞིག་ཡོད་པ་རེད། རྒྱ་གར་མཁས་པའི་ལོ་རྒྱུས་ལ་ཡང་འཕགས་པ་ལྷར་བསྟོད་པ་རྒྱག་དུས་མཚམས་རེར་རྒྱལ་བས་ལུང་བསྟན་པར་གྲགས་པའི་སློབ་དཔོན་ཀླུ་སྒྲུབ་ལ་ཡང་འཁོར་གསུམ་བསྐོར་ཐུབ་པ་འདྲ་བོ། ཡང་སྨད་ན་འདོད་དུས་རྟ་དབྱངས་དང་རྩོད་དུས་མར་ལ་བྱི་ལ་སོགས་ལ་སྐྱབས་སུ་མཆི་དགོས་པ་འདྲ་བོ། སངས་རྒྱས་ཀྱི་སྐུ་ལུས་ལས་འོད་འདོམ་གང་བ་རྟག་ཏུ་འཕྲོ་རྒྱུ་ཡོད་པ་འདྲ་བོ། ཡང་ཀུན་དགའ་བོས་དུས་རྟག་པར་དགོང་མོར་སངས་རྒྱས་ལ་སྒྲོན་མེ་སྦར་དགོས་པ་འདྲ་བོ། སངས་རྒྱས་ཀྱིས་ན་དང་རྒ་བ་འཆི་བ་རྩ་ནས་སྤངས་པ་འདྲ་བོ། ཡང་སངས་རྒྱས་ལ་ཡང་ན་རྒྱུ་ཚ་རྒྱུ་གྲོངས་རྒྱུ་ཡོད་པ་འདྲ་བོ། འདི་འདྲ་བོ་མང་དྲགས་པས་སློབ་དཔོན་པད་མ་ཡང་སྐབས་རེར་རྒྱ་གར་པཎ་གྲུབ་ཡོངས་ཀྱི་གཙུག་རྒྱན་ཡིན་པ་འདྲ་བོ། ཡང་མཚམས་རེར་རྒྱ་གར་སློབ་དཔོན་ཕལ་བ་ཞིག་ལ་ཡང་མི་དོ་བར་རྒྱ་གར་གྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་ནང་པའི་ལོ་རྒྱུས་ཀྱི་ཁྲོད་དུ་བཙལ་ན་མི་རྙེད་པ་འདྲ་བོ། ཡང་སྐབས་རེར་སྲིད་པ་གསུམ་དུ་དབང་དུ་བསྡུ་ནུས་པ་འདྲ་བོ། ཡང་སྐབས་རེར་བོད་ཀྱི་རྒྱལ་བོའི་བློན་པོ་ར་རྫི་ལུག་རྫི་འདྲ་བོ་འགའ་རེའི་བསམ་བློ་ཡང་བསྒྱུར་མི་ནུས་པ་འདྲ་བོ། འདི་ལྟར་ཡིན་ལ་མིན་ལ་མང་པོའི་དཀྱིལ་ནས་རྗེ་བླ་མ་ཅིག་ཅིག་ཅིག་གིས་གསུངས་སོ་ཟེར་མ་ཐག་ཏུ། འོ་ལགས་སོ་མངོན་པར་བསྟོད་དོ་ཞེས་ལམ་སེང་། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་མྱུར། །བའི་རྣམ་ཐར་ཅིག་སྐྱོང་མ་ཐུབ་པའི་སྡུག་ཡུས་ཤིག་ཤོར་བ་མ་གཏོགས་ཀུན་སློང་ངན་པ་ཅི་ཡང་བདག་ལ་མེད་དོ།།
ངས་གོ་ཐོས་ལ་སློབ་དཔོན་རིན་པོ་ཆེའི་བཀའ་བསྡུས་དེ་ཐོར་བུར་ཐོར་བུར་གསུངས་པ་རྣམ་རྗེས་སུ་ཕྱོགས་བསྡུས་བྱས་པ་ལ་བཀའ་བསྡུས་ཟེར་བ་རེད་ཟེར། ད་དུང་དེའི་ནང་དུ་༼བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ༽གསུངས་པ་འདི་ནི་ཁོང་བོད་ནས་མུ་མཐུད་བསྡོད་པ་ལ་འགོག་རྐྱེན་ཕྲད་སྐབས་ཅིག་ལ་གསུངས་པ་རེད་ཟེར་ལ། འདི་ནི་བོད་ནས་གསུངས་གི་ཐ་མ་རེད་ཟེར།
བོད་ནས་བཞུགས་མ་ཐུབ་པར་གང་དུ་བསྐྱོད་པ་ཡིན་ན་དེ་ནི་ཨོ་རྒྱན་གླིང་ངམ། ཟངས་མདོག་དཔལ་རིར་བསྐྱོད་པ་རེད་ཟེར། འདི་དག་ནི་རྣ་ཐོས་ཙམ་ལས་དཔེ་ཐོག་ནས་རིག་མ་མྱོང་། འོན་ཀྱང་དོགས་པ་ཅིག་ཡོད་པ་ནི། མཁན་སློབ་ཆོས་གསུམ་བོད་ལ་ནང་ཆོས་ཕྱོགས་ནས་ངོ་ནས་བཀའ་དྲིན་ཆེན་པོ་རེད། ཕལ་ཆེར་རྒྱལ་བོའི་དབུ་བླ་ལྟ་བུ་ཡིན་པས་ཅིའི་ཕྱིར་བོད་ནས་མ་བཞུགས་པར་གཞན་ཅིག་ལ་བསྐྱོད་པ་ཡིན་ན།
འདི་ང་ལ་དོགས་པ་ཅིག་ཡོད་པ་ནི། ཐུན་མོང་སྣང་ཚུལ་བྱས་ན་བོད་ལ་སངས་རྒྱས་ཀྱི་བསྟན་པ་སྤེལ་རྗེས་བེ་རོ་ཙ་ན་ཁྲིད་དེ་ལི་ཡུལ་དུ་ནང་བསྟན་སྤེལ་ཕྱིར་ཕེབས་པ་མིན་འགྲོ་བསམ་གི་འདུག དེ་ཡང་ལི་ཡུལ་དུ་ཕེབས་པ་ཏུང་ཧོང་ཡིག་ཆ་འདིའི་ནང་དུ་དེ་འདྲ་ཅིག་འདུག དེ་ལ་རྟེན་ནས་དོགས་པ་སྐྱེས་པ་རེད།
དེ་མིན་སུས་མཛད་མི་ཤེས་པའི་གཏེར་ཡིག་དེ་ཚོ་ཡིད་མི་ཆེས་གི དེ་ཡང་ཁ་སྔོན་མང་པོ་ཅིག་གིས་གཏེར་ཡིག་མང་པོ་དྲ་ཐོག་དྲང་བ་ལ་རྟེན་ནས་གཏེར་ཡིག་ལ་ཡིད་མི་ཆེས་པ་འདྲ་བོ་ཅིག་ཆགས་སོང་།
དེ་མིན་ཁ་སྔོན་ནས་ཞུས་པ་ལྟར་སངས་རྒྱས་ཀྱི་སྐབས་སུ་བུད་མེད་ཀྱི་བུ་སྣོད་བཤགས་བཅོས་འདི་ཡོད་པ་འདྲ། དེ་ཡང་མཆིམས་མཛོད་ཀྱི་མ་བསད་པའི་ཚད་མེད་ཀྱི་ལས་སྐབས་སུ་འདུག དེ་མིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་མ་ཡུམ་བཤགས་བཅོས་བྱས་པ་ནི་དེ་སྔ་ཡི་གེ་གང་ཡང་མཇལ་མ་མྱོང་།
ཨོ་རྒྱན་པདྨ་འབྱུང་གནས་རྫུས་སྐྱེས་སུ་འདོད་པ་གཏེར་མའི་ཕྱོགས་ཕལ་ཆེར་མཐུན་པར་བཞེད། འོན་ཀྱང་གཏེར་
སྟོན་བ་མཁལ་སྨུག་པོའི་གཏེར་བྱོན་གུ་རུ་མངལ་སྐྱེས་མའི་རྣམ་ཐར་ཆ་ཚང་ཞིག་ཡོད་པར་གསུངས་ཏེ་གུ་བཀྲ་ཡིན་
ནམ་གཅིག་གིས་གུ་རུ་མངལ་སྐྱེས་མའི་རྣམ་ཐར་གྱི་དཔེ་རྒྱུན་ནི་དེང་ཡང་ཡོད་ཅེས་བཤད། ཕུར་པ་བཀའ་མའི་
ལུགས་ཀྱི་ལོ་རྒྱུས་སོགས་ལས་མངལ་སྐྱེས་སུ་འདོད་པ་ཡོད། འདིའི་སྐོར་ལ་གུ་བཀྲའི་ཆོས་འབྱུང་དུ་དཔྱད་པ་གནང་
བའི་གྲུབ་དོན་རྒྱུ་མཚན་གསུམ་གྱིས་གུ་རུ་རྫུས་སྐྱེས་སུ་བསྒྲུབ་པར་བྱས་ཡོད། དེ་ཡང་གུ་བཀྲའི་ཆོས་འབྱུང་གི་
མགོ་ནས་མར་ཅུང་འགྲོ་འཚམས་ཞིག་ན་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་ཞིག་བསུངས་འདུག་པ་དེར་
གསལ། ཕུར་པ་འབུམ་ནག་གི་འགྲེལ་བའི་ལོ་རྒྱུས་སུ་གུ་རུ་མངལ་སྐྱེས་སུ་བཞེད་པའི་ལུང་དེ་ཡང་ཆ་ཚང་དྲངས་ཡོད།
ཡང་རིག་འཛིན་འཇིགས་གླིང་གིས་མཛད་པའི་དགོངས་འདུས་རྣམ་བཤད་དུ་གུ་རུ་རྫུས་སྐྱེས་སུ་སྒྲུབ་ཅིང་མངལ་
སྐྱེས་སུ་འདོད་པ་རྣམས་ཀྱིས་རིགས་སྲས་དང་ཆོས་སྲས་ཀྱི་ཁྱད་པར་འབྱེད་མ་ཤེས་པར་བཞེད་པ་སོགས་མཁས་པའི་
གསུང་ལ་མཐའ་མེད།
ད་ཚང་མ་བདེ་མོ་ང་ཉིན་ཁ་ཤས་ལ་དྲྭ་ཐོག་ཏུ་ཡོང་མི་ཁོམ།
གཞོན་ནུ་ལགས།
བདེ་མོ། ཁྱོད་ནི་བྱི་ཁུག་རྟ་དང་འདྲ་ལ།
གཤོག་རྩལ་བདེ་མོད།
ནམ་མཁའི་མཐའ་ཆོད་བར་མ་རེ།
ཚད་མ་རྣམ་འགྲེལ་ནས་ཀུན་མཁྱེན་ག་འདྲ་སྒྲུབ་ཡོད་དམ།
སྟོན་པ་བཀའ་དྲིན་ཅན་གྱི་མ་ཡུམ་རྐྱེན་ངན་བྱུང་ཡོད་མེད་ཀྱི་དོག་པ་ལ་བསམ་ན་
གཞོན་ནུ་འདི་ནང་པ་ཨ་ཡིན་སྙམ་པའི་ཚོར་བ་ཞིག་གནང་སོང་།
དེ་ཡང་མདོ་སྡེ་ལང་ཀ་གཤེགས་པ་ལས། ཇི་ལྟར་ན་བའི་ནད་པ་ལ། །སྨན་པས་སྨན་རྣམས་སྤྲད་པ་ལྟར། དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ་ཞེས་གསུངས་པ་ལྟར་དགོས་དབང་གིས་སྣ་ཚོགས་པ་ཞིག་གསུང་ཡོད་པ་ལྟར། རང་རེའི་ལོ་རྒྱུས་རྣམས་ལ་ཡང་དེ་ལྟར་ཡོད། གང་ཡིན་ཞུས་ན་ལོ་རྒྱུས་མཛད་མཁན་དེ་རྣམས་ཀྱང་སྟོན་པ་བཀའ་དྲིན་ཅན་དེའི་རྗེས་འཇུག་ཡིན་པས་སོ།
ཆོས་རྗེས། མཐའ་དྲུག་གང་གིས་ཤེས་པ་དེ། །གཞུང་བཤད་པ་ལ་ཤིན་ཏུ་མཁས་ཞེས་གསུངས་པ་ལྟར། གཞུང་ལུགས་ཆེན་པོ་དང་། ཚད་ལྡན་གྱི་ལོ་རྒྱུས་དེ་རྣམས་འཆད་པར་མཐའ་དྲུག་ཤེས་དགོས་ཏེ། དགོངས་པ་དང་དགོངས་པ་མ་ཡིན་པ། དྲང་བའི་དོན་དང་ངེས་པའི་དོན། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའོ། མཐའ་དྲུག་མི་ཤེས་ན། མདོ་རྒྱུད་དང་། ཚད་ལྡན་མཁས་པས་མཛད་པའི་ལོ་རྒྱུས་གང་བཤད་ཀྱང་ནོར་བར་འགྱུར་ཏེ། སློབ་དཔོན་ཟླ་བ་གྲགས་པས། མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ།། ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་ལྟ་དང་མཚུངས་གསུངས་པའི་པའི་ཕྱིར། ལྷག་པར་དུ། མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་མ་ངེས་པ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །དེ་ཕྱིར་དེ་ནི་དེ་ཡུལ་མིན་གསུངས་པ་ལྟར། འདི་ལྟ་བུ་རྟོག་གེ་བས་ནི། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཐམས་ཅད་འགལ་འདུའི་ཕུང་པོ་འབའ་ཞིག་མཐོང་བ་ལས། ཇི་བཞིན་ཤེས་པའི་སྐལ་བ་དབེན།
རྒྱ་གར་གྱི་ལོ་རྒྱུས་སྤྱི་ནས་དང་། བྱེ་བྲག་ནང་གི་ལོ་རྒྱུས་ནས་མི་རྙེད་འདྲ་བོ་ཟེར་ཡ་དེ། ཤེས་རབ་ཀྱིས་ཟེར་བ་ནང་བཞིན་དུ། ཨོ་རྒྱན་རིན་པོ་ཆེའི་ལོ་རྒྱུས་ལ་དེ་རྒྱ་གར་གྱི་ལོ་རྒྱུས་རྣམས་ལས་རྙེད་མི་རྙེད་ལྟ་བའི་གོ་དེ་སྔོན་ཡན་མ་རྙེད་པས་ཞུ་ཚོད་མ་ཐིག འོན་ཀྱང་བོད་ཀྱི་ལོ་རྒྱུས་ལས། གཏེར་ཡིག་རྣམས་མ་གཏོགས་བོད་ཀྱི་ལོ་རྒྱུས་རྣམས་ལས་པད་མ་འབྱུང་གནས་ཀྱི་ལོ་རྒྱུས་མི་རྙེད་འདུག་ཟེར་བ་ནི། ཁྱེད་ཀྱིས་ཤེས་བཞིན་དུ་རྫུན་སྨྲ་བ་འམ། གཞན་ལ་ཅི་ཟེར་ལྟ་ཡིན་ཤས་ཆེ།
བོད་ཀྱི་རྒྱལ་རབ་ལོ་རྒྱུས་རྣམས་སུ་རྒྱས་པ་དེ་ཙམ་མི་སྣང་བ་ལ་མི་སྣང་ཟེར་བ་ཡིན་ན་བདེན། གཏན་ནས་མི་སྣང་བ་མ་ཡིན་དེ། དེ་སྦ་བཞེད་དུ། མཁན་པོ་བོདྷི་ས་ཏྭས་ཆོས་རྒྱལ་རྗེ་བློན་རྣམས་ལ། དགེ་བ་བཅུའི་ཆོས་གསུངས་ཤིང་མི་དགེ་བ་སྤོང་བའི་སྲོལ་བཏོད་པས་བོད་ཡུལ་གྱི་མི་མ་ཡིན་རྣམས་འཁྲུགས་ཏེ། ཡར་ལུང་འཕང་ཐང་ན། མེས་ཨག་ཚོམ་གྱིས་བཞེངས་པའི་ལྷ་ཁང་ཡོད་པ་ལ། ཤམ་པོས་ཆུ་ཐོག་ཕབ་ནས་བཤིག དམར་པོ་རིའི་རྩེ་ལ་ཡབ་མེས་ཀྱི་སྐུ་མཁར་ཡོད་པ་ལ། ཐང་ལྷས་ཐོག་ཕབ་ནས་བསྒྱེལ། བརྟན་མ་བཅུ་གཉིས་ཀྱིས་སད་དང་སེར་བ་དང་། མི་ནད་ཕྱུག་ནད་ལ་སོགས་ཡམས་དྲག་པོ་གསོར་མི་རུང་བ་བཏང་བས་བོད་འབངས་རྣམས། རྒྱ་གར་ཨ་ཙ་རའི་ཕྱིར་འདྲེ་སྲིན་གདུག་པ་ཅན་མང་པོ་འོངས་ནས་བཀྲ་མི་ཤིས་པ་བྱུང་ངོ། ཞེས་གླེང་ཞིང་མཁན་པོ་རྒྱ་གར་དུ་རྫོང་བར་ཆད་དོ།
དེའི་ཚེ་ཁྱོད་རེ་ཤིག་བལ་ཡུལ་དུ་བཞུགས་ཤིག སླར་ཡང་སྤྱན་འདྲེན་གཏོང་བས་འབྱོན་པར་ཞུ་བྱས་པས། ཁོ་བོ་སྨོན་ལམ་རྫོགས་པར་བྱེད་པས་སླར་འོང་གིས། བོད་ཀྱི་ལྷ་སྲིན་མ་རུངས་པ་འདུལ་བ་ལ་ཨུ་རྒྱན་གྱི་སྔགས་འཆང་པདྨ་འབྱུངས་གནས་ཞེས་བྱ་བ་ཡོད་ཀྱི། བལ་ཡུལ་དུ་ཁོ་བོས་སྤྱན་དྲང་བར་བྱ། དེ་ནས་ཁྱེད་ཀྱིས་སྤྱན་འདྲེན་ཐོང་ལ། མི་མ་ཡིན་པ་རྣམས་ཐུལ་ཅིག སླར་ཁོ་བོས་རབ་བྱུང་བའི་སྡེའི་མཁན་པོ་བྱའོ། ཞེས་ཡོན་མཆོད་ལྐོག་ཏུ་གླེང་ནས་མཁན་པོ་བལ་ཡུལ་དུ་བརྫངས་སོ། དེ་ནས་སྦ་ཡེས་ཤེས་དབང་པོ་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་མང་ཡུལ་སྐྱིད་གྲོང་དུ་མཇལ་ཏེ། ལོ་རྒྱུས་བསྙད་པས་ཁོ་བོ་དོན་དེ་ཁོ་ནའི་ཕྱིར་འོངས་པ་ཡིན་ནོ་ཞེས་གསུངས་ཏེ། ལམ་ན་ཡོད་པའི་མི་མ་ཡིན་རྣམས་འདུལ་ཞིང་རིམ་གྱིས་གནམ་ཆུ་ཚན་ཁར་ཕེབས་པའི་ཚེ། ཉི་ཚེ་བའི་སེམས་ཅན་དམྱལ་བའི་ཆུ་ཁོལ་བ་ཡིན་ཏེ། ཁོ་བོས་ཅུང་ཟད་ཕན་པར་བྱའོ། ཞེས་གསུངས་ནས་ཐུགས་དམ་མཛད་པས་ཆུ་ཁོལ་བ་ཆད་དེ་གྲང་མོར་གྱུར་ཏོ། ཐུགས་དམ་གྲོལ་ནས་བཞེངས་པའི་ཚེར་སྔར་བཞིན་གྱུར་པས། རྣལ་འབྱོར་པའི་གཏིང་ངེ་འཛིན་གྱི་རྒྱུ་མཐུན་གྱི་འབྲས་བུ་ཅུང་ཟད་འགྲུབ་ཡིན། སེམས་ཅན་གྱི་སྡིག་པ་སྟོབས་ཅན་གྱི་རྣམ་སྨིན་གྱི་འབྲས་བུ་འགོག་མི་ནུས་གསུངས། དེ་ནས་རིམ་གྱིས་སྟོད་ལུང་ཀྱི་མདའི་ལྷ་ཆུ་ཁར་ཕེབས་ནས་འདི་ན་ཆུ་མི་འདུག་གསུངས་ཏེ། གསེག་ཤང་ས་ལ་ལན་བདུན་བཙུགས་པས་ཆུ་བདུན་བྱུང་སྟེ་ལྷ་ཆུ་ཁར་གྲགས་སོ།
དེ་ནས་མཁང་ནག་འདུལ་བའི་ཕྱིར་བྱོན་ནས། བྲག་ལ་རྡོ་རྗེ་སེམས་དཔའི་སྐུ་གཞེངས་སོ། དེ་ནས་རིམ་གྱིས་ཟུར་མཁར་གྱི་མདར་ཕེབས་ནས་ལྷ་བཙན་པོ་དང་མཇལ་བའི་སར། རྡོའི་མཆོད་རྟེན་ལྔ་བཞེངས་སོ། དེ་ནས་བྲག་དམར་གྱི་ལྷ་ཁང་དུ་ཕེབས་དེ་ལྷ་སྲིན་འདུལ་བར་ཞུས་ཤིང་། ཁྱེའུ་དང་བུ་མོ་གཙང་མ་ལ་པྲ་འབེབས་པའི་ཆོ་ག་མཛད། འཇིག་རྟེན་སྐྱོང་བ་བཞི་ལ་གདུག་པ་ཅན་ཐམས་ཅད་ཁུག་ཅིག་ཅེས་བཀའ་བསྒོས་ཏེ། བཀའ་ནན་དྲག་པོ་སྩལ་བས་མི་མ་ཡིན་རྣམས་ཀྱིས་རང་གི་ཉེས་པ་ཁས་བླངས་ཤིང་ཕྱིན་ཆད་མི་བྱེད་པར་དམ་བཅས་སོ།
སླར་ཡང་མཆིམས་ཕུའི་དབེན་གནས་སུ་མི་མ་ཡིན་རྣམས་ལ་བཀའ་བསྒོ་ཞིང་། བསྟན་པར་བསྲུང་བར་དམ་བཅས་སོ། དེ་ནས་སློབ་དཔོན་གྱིས་བྱེ་མ་ནེའུ་གསིང་དུ་བསྒྱུར་བ་དང་། བར་སྣང་ནས་ལྷ་རྫས་ཀྱི་ཆུས་གང་བའི་བུམ་པ་ལེན་པ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས། བསམ་སྦྱོར་ངན་པར་བྱེད་པའི་བློན་པོ་ངན་པ་རྣམས་འཁུ་འཁྲིག་ཟོས་ཏེ། སློབ་དཔོན་བཀྲོང་བར་ཆད་པས། ལྷ་བཙན་པོ་ཐུགས་མ་བདེ་བར་དམག་མང་པོ་དང་བཅས་ཏེ། བོད་དང་མོན་གྱི་མཚམས་སུ་བསྐྱལ་ལོ། སློབ་དཔོན་བཀྲོང་བའི་གཤེད་མ་མཚོན་ཆ་བཟུང་བ་རྣམས་རེངས་པར་གྱུར་ཏོ། སློབ་དཔོན་གྱི་ཞལ་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ལན་གསུམ་དམ་ལ་བཏགས་དགོས་ཏེ། ད་དུང་ལན་གཅིག་མ་གྲུབ་པས་རྒྱལ་བརྒྱུད་དང་ཆོས་བྱེད་པའི་ཚེ་སྲོག་དང་དམ་པའི་ཆོས་ལ་བར་ཆད་འགའ་རེ་འབྱུང་བར་འདུག་པས་ཅུང་ཟད་ཡིད་འཕྲེང་། ངའི་དངོས་ཀྱི་གདུལ་བྱ་བོད་ཡུལ་ན་མེད། ་སྲིན་པོ་འདུལ་དུ་འགྲོ་གསུངསནས་བླ་གོས་པུ་རེ་གསེག་ཤང་སིལ་ལེ། སྲིན་པོའི་ཡུལ་དུ་བཞུད་དོ། ཞེས་གསུང་པ་དང་།
ཆོས་རྗེ་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏས། སྡོམ་གསུམ་རབ་དབྱེ་ལས། བྱང་ཆུབ་སེམས་པ་ཞི་བ་འཚོས། །རྒྱལ་པོ་ཁྲི་སྲོང་སྡེ་བཙན་ལ། །ལུང་བསྟན་ཇི་བཞིན་ཐོག་ཏུ་བབ། །ལུང་བསྟན་དེ་ཡང་བཤད་ཀྱིས་ཉོན། །རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདིར། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་གཏད་པས། །མུ་སྟེགས་འབྱུང་བར་མི་འགྱུར་མོད། འོན་ཀྱང་རྟེན་འབྲེལ་འགའ་ཡི་རྒྱུས། །ཆོས་ལུགས་གཉིས་སུ་འགྲོ་བར་འགྱུར། ཞེས་གུ་རུ་རིན་པོ་ཆེའི་ལོ་རྒྱུས་གསལ་པོ་ཞིག་དང་།
བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས། ཟ་ཧོར་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང་། །ཐམས་ཅད་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང་། །ཉེས་ལྟུང་དྲི་མས་མ་གོས་བཙུན་པའི་མཆོག བོ་དྷི་ས་ཏྭའི་ཞབས་ལ་ཕྱག་འཚལ་ལོ།
།རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཅན། །པད་མ་འབྱུང་གནས་སྐུ་ལ་འདས་འཁྲུང་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ལོ་ཞེས། རང་རེ་བོད་ཁམས་ཙམ་དུ་མ་ཟད་ཤར་ཕྱོགས་རྒྱ་ནག་ཡན་ལ། གྲགས་ཤིང་། ཚད་ལྡན་གྱི་ལོ་རྒྱུས་དེ་རྣམས་ལས་གསལ་ཁ་ཅན་དེ་འདྲ་གསུངས་པས། ད་དུང་བོད་ཀྱི་ལོ་རྒྱུས་རྣམས་ཀྱི་ནང་ལ་མེད་ཟེར་བ་འདིས་དངོས་གནས་སྨྱོན་པ་རུ་གོ
དེ་དང་གཏེར་ཆོས་ག་འགའ་ལ་ཡིད་ཆེས་རླག་སོང་ན། ཤེར་ཕྱིན་འབུམ་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གཏོན་པའི་གཏེར་ཡིག་ཡིན་ལ། བྱམས་ཆོས་སྡེ་ལྔ་ནི། འཕགས་པ་ཐོག་མེད་ཀྱིས་དགའ་ལྡན་ནས་གདན་དྲོངས་པའི་གཏེར་ཡིག་ཡིན། གལ་སྲིད་དེ་དག་ལ་གཏེར་ཡིག་ཟེར་གྱི་མེད་ཟེར་ན། འོ་ན་ཚད་ལྡན་གྱི་གཏེར་ཆོས་དེ་རྣམས་གཏེར་ཡིག་ཡིན་པའི་རྒྱུ་མཚན་ཅི།
མཆན་རྟགས་༢༢་ལན། གསེར་ཆོས་ལགས།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་རྣམ་པས་དགག་ལན་བྲིས་ཡོད་པ་དེ་རྒྱ་ཡིག་རེད། དོར་ཞིའི་གསུང་དེ་ཡང་རྒྱ་ཡིག་རེད། ཧོང་ཀོང་དང་སངྒ་པུར་སོགས་རྒྱ་རིགས་ཡོད་ས་ཕལ་ཆེ་བ་ན་འཚོང་རྒྱུ་འདུག བླ་རུང་ནས་བྱུང་བའི་དེབ་ལྔ་པོ་པར་རྒྱུའི་ཆོག་མཆན་ཐོབ་མི་འདུག ནང་ཁུལ་གྱི་དེབ་རེད། འོན་ཀྱང་བསྟན་པ་ལ་ཐུགས་ཁུར་མངའ་བའི་བླ་སྤྲུལ་རབ་བྱུང་དགེ་སྙེན་དག་གིས་ལྐོག་ནས་པར་ཏེ་ཆོས་སྦྱིན་གནང་པས་རྒྱ་ཡུལ་མང་པོར་དར་འདུག
གོང་གི་སྤྲུལ་ཀླུ་སྨྱོན་གྱིས་སྟོན་པ་དང་བསྟན་པའི་དོགས་གཞི་དེ་ཉི་ཧོང་གི་དགེ་རྒན་ཆེན་མོ་ཞིག་གིས་བརྩམས་པའི་ནང་ཆོས་ལོ་རྒྱུས་སུ་འདུག འདི་སྐོར་ཧ་ལམ་ལོ་ཉི་་ཤུའི་་སྔོན་ནས་མང་པོ་བགྲོ་གླེང་བྱས་པ་རེད། པདྨ་འབྱུང་གནས་ཡུམ་གྱི་པདྨར་འགྲེལ་བ་དེ་ཡང་སྔ་མོའི་དུས་ནས་མཁས་པ་མང་པོས་གསུང་པས་གསར་བྱུང་མིན། བོད་ཀྱི་ནང་པའི་་བསམ་བློའི་ཐད་ཀྱི་དགོངས་འཆར་དེ་ཡང་ཨ་མདོ་བཀྲ་རྒྱ་ཟེར་བ་སོགས་ཀྱིས་ངག་སྒྲོས་ལས་བྱུང་ཞིང་འདི་སྐོར་ལ་བོད་ཀྱི་མཁས་དབང་མང་པོས་གནས་སྐབས་གླེང་ན་་སེར་སྐྱ་བར་དངམཐུན་སྒྲིལ་ལ་གནོད་པ་ཚབ་ཆེན་ཡོང་ངེས་ཀྱི་དགོངས་འཆར་བྱུང་སྟེ་བཞག་པ་རེད། འདི་དག་སྤྲུལ་སྐུ་ཀླུ་སྨྱོན་གྱིས་ཞལ་རྩེད་གནང་པ་ལས་དགོངས་པ་དངོས་ཡིན་ག་ལ་སྲིད།
རང་གི་རྨོངས་བློར་ཤར་ཚོད་ལ་ནི་ཆོས་ལུགས་ཀྱི་ཕན་པ་འབྱུང་མིན་ཅི་ལྟར་ཡང་གཞན་གྱི་ཆོས་དད་ལ་བརྙས་སྨོད་མི་གནང་པ་དང་། དམངས་གཙོ་དང་རྩོམ་པ་པོའི་རང་དབང་སོ་སྐྱེས་བློ་དམན་རྣམས་ཀྱི་མགོ་བོ་རྡུང་བྱེད་ཀྱི་ཐོ་བར་མི་འགྱུར་རྒྱུ་གལ་ཆེ་སྙམ། གཞན་གྱི་སྡུལ་བསྔལ་རང་གི་མིང་གྲགས་དང་བདེ་བ་སྒྲུབ་པའི་རྐྱེན་དུ་སྒྱུར་ཤེས་པ་ཙམ་ཕྱི་ནང་གི་ཡོན་ཏན་གྱིས་ཕྱུག་པའི་བོད་ཀྱི་སྙན་ངག་མཁན་ཀྱི་མཐར་ཐུག་གི་དམིགས་ཡུལ་དུ་ག་ལ་འགྱུར།
གཤམ་དུ་ཏུང་ཧོང་ཡིག་ཆ་ནང་གི་༼ལི་ཡུལ་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་ཚུལ་སྐོར་༽བཀོད་ཀྱི་ཡིན།
ཆོས་བྱུང་ནས་ལོ་སྟོང་བདུན་བརྒྱ་སུམ་ཅུ་རྩ་གསུམ་ལོན། རྒྱལ་པོ་ས་ནུ་ནས། ལྀ་རྗེ་བཙན་ལེགས་ཀྱི་བར་དུ། རྒྱལ་བོ་རབ་ལྔ་བཅུ་རྩ་དྲུག གིས་བགྱིས། དེ་ནས་བྱང་ཅུབ་སེམས་པ་བྱམས་པ་དང་། འཕགས་པ་འཇམ་དཔལ་གཉྀས་ཀྱྀས། ལྀ་ཡུལ་འདི་དུས་གསུམ་གྱི་སངས་རྒྱས་ཀྱྀ་ཞིང་ཁུད་པ། ལགས་པར་ཐུགས་སུ་ཆུད་ནས། ལི་ཡུལ་དུ་གཤེག་སྟེ་ཡུལ་གྱྀ་མྱི་རྣམས་ཀྱྀ་དགེ་བའྀ་བཤེས་ཉེན་མཛད་པའྀ་ཕྱིར་། དང་པོ་ཙར་མ་ཅུ་ལེ་ཞེས་བྱ་བའྀ་ཚལ་དུ་གཤེགས་སྟེ། བྱང་ཅུབ་སེམས་པ་བྱམས་པ་ནྀ། རྒྱལ་པོ་བྱི་ཛ་ཡ་སམ་བྷ་བ་ཞེས་བྱ་བར། ་་་་་་་་་མས་ཀྱྀ་རྒྱལ་པོ་མཛད། འཕགས་པ་འཇམ་དཔལ་ནྀ། དགེ་སློན་བེ་རོ་ཙ་ནའྀ་ལུས་སུ་སྤྲུལ་ཏེ། ཙར་མ་ཅུ་ལེའི་ཚལ་ན་བཞུས་ནས། དང་པོ་བྱིས་པ་ཕྱུགས་རྫྀ་རྣམས་ལ། ཡི་གེ་དང་སྐད་བསྟན། དེ་ནས་ཆོས་བྱུང་ངོ་། དེ་ནས་རྒྱལ་པོ་བྱི་ཛ་ཡ་སམ་བྷ་བ་དགེ་བའྀ་བཤེས་ཉེན་འཕགས་པ་འཇམ་དཔལ་གྱྀས་སྤྲུལད་པ། དགེ་སློང་བེ་རོ་ཙ་ནའྀ་སླད་དུ། དང་པོ་ལི་ཡུལ་ཙར་མའྀ་གཙུག་ལག་ཁང་བརྩིག རྒྱལ་པོ་ས་ནུ་འི་ཚ་བོ། རྒྱལ་པོ་ཡེའུ་ལ་ཞེས་བགྱྀ་བས། ལི་ཡུལ་འུ་ཏེན་གྱྀ་མཁར་དངར་ལྡན་གྱྀ་གྲོང་ཁྱེར་ཆེན་པོ་བརྩིགསོ། དེ་ནས་རྒྱལ་པོ་བི་རྱ་འུ་ཏེན་གྱྀ་མཁར་དངར་ལྡན་གྱྀ་སྟེང་། ཤར་ལྷོ་མཚམསུ། བྱུང་སྟེ་བལྟས་ན། མཁར་གྱྀ་ཕྱི་རོལ་ན། ཤ་བ་སྤུ་གསེར་དང་རྔུལ་གྱྀ་ཁ་དོག་ལྟར་སྣང་བ་ཞྀག་མཐོང་ནས། རྒྱལ་བོ་འཁོར་དང་བཅས་པས་བསྙགས་པ་དང་། ད་ལྟར་འགྀའུ་ཏེ་ཤན་ཤོད་ན། འགུམ་ཏིར་གྱྀ་མཆོད་རྟེན་ཆེན་པོ་བཞུགས་པའི་སར་སླེབས་ནས། བལྟས་ན། ཤ་བ་ནི་གནོད་སྦྱིན་གྱི་རྒྱལ་པོ་ཀུན་ཏུ་རྒྱལ་བར་གྱུར་ཏེ། གནོད་སྦྱིན་གྱི་རྒྱལ་པོ་ཀུན་ཏུ་རྒྱལ་གྱིས། རྒྱལ་པོ་ལ་སྨྲས་པ། ཀྱེ་རྒྱལ་པོ་ཆེན་པོ་ཁྱོད་ཀྱྀས་ས་འདིར་མཆོད་རྟེན་གཅྀག་བརྩིག་པའི་རིགས་སོ་ཞེས་བགྱིས་པ་དང་། རྒྱལ་པོས་སྨྲས་པ། སུས་ཕྱིར་བརྩིག་ཅེས་བགྱིས་པ་དང་། སངས་རྒྱས་ཀྱི་ཕོ་ཉ་དགྲ་བཅོམ་པ། འབུ་ཏ་འདུ་ཏ། དང་། སང་ག་སྟ་དང་། སང་ག་བོ་ཡང་དང་། སང་ག་སྟ་ན་འདི་བཞི། ཁྱོད་ཀྱི་དགེ་བའི་བཤེས་ཉེན་དུ་འོང་གིས། དེ་དག་གི་ཕྱིར་རྩིག་ཤིག་ཅེས་བགྱིས་པ་དང་། དེ་མ་ཐག་ཏུ་དགྲ་བཅོམ་པ་བཞི་ཡང་དེར་མངོན་དུ་གཤེགས་ནས་། ཆོས་བཤད་པས། རྒྱལ་པོ་ཡྔ་དད་པའི་ཤུགས་ཆེད་པོ་སྐྱེས་སྟེ། མཆོད་རྟེན་བརྩིག་པའི་ཕུར་བུ་ཡང་དེར་བཏབ་ནས། དེའི་འོག་ཏུ་འགུམ་ཏིར་གྱྀ་གཙུག་ལག་ཁང་གི་མཆོད་རྟེན་ཆེན་པོ་བརྩྀགས་སོ།
ཏུང་ཧོང་ཡི་གེ་བཀོད་མཚམས་འདི་ནས་འཇོག་རྒྱུ། འདི་ན་མང་ཙམ་འདུག བཤུ་འབྲི་བྱེད་མི་ཐུབ་གི གང་ལྟར་གོང་དུ་གསལ་བ་ལྟར་གྱི་སམ་བྷ་བའི་མིང་ཅན་དང་། བེ་རོ་ཙ་ནའི་མིང་ཅན་འདི་གཉིས་ང་ཚོའི་སློབ་དཔོན་རིན་པོ་ཆེ་དང་བེ་རོ་ཙ་ན་ཡིན་མིན་དཔྱད་དགོས་པ་འདུག གསེར་ཆོས་ཟེར་བའི་གསར་བ་དེ་ལ་ཕན་ཐོག་དཀའ་གི མ་མཐོང་གོང་ནས་ཐག་ཆོད་འགྲོ་མཁན་ཚུག་རེད། ཡིན་ན་ཡང་ཡར་རྒྱས་ཡོད་ཀྱི་རེད་བསམ།
དེ་མིན་གོང་དུ་མགོན་པོ་ལགས་ཀྱིས་ངས་ཅི་ཞིག་བཤད་ཀྱི་ཡོད་པ་གསལ་བོ་ཤེས་ཡོད་ས་མ་རེད། རིགས་པའི་རལ་གྲི་ལ་ཐུགས་རྗེ་ཆེ། གོང་དུ་འཁོད་པ་རྣམ་ལས་ངས་མ་མཐོང་བ་ནི་སྡོམ་གསུམ་རབ་དབྱེའི་ལུང་དེ་གཅིག་བུ་རེད། འོན་ཀྱང་ཚིག་སྦྱོར་སྤེལ་སྟངས་ལ་ཡི་རངས་ཡོད།
ངས་འདྲི་བ་དེ་ལས་སླ་རུ་བཏང་ནས་འདྲི་བར་བྱ། ཁྱེད་རྣམ་ལན་གསལ་པོ་དང་དཔང་རྟགས་དོན་རོགས།
༡༽ པད་མ་འབྱུང་གནས་ལགས་ག་པར་འཁྲུངས་པ་རས། འཁྲུངས་པའི་དུས་ཚོད་ག་དུས་རས། ཕ་ཡི་མིང་ལ་ཅི་ཟེར། མ་ཡི་མིང་ལ་ཅི་ཟེར། ཆུའི་ནང་ནས་འཁྲུངས་པ་རེད་མ་གསུངས་རོགས། དེ་སྨྱོན་པའི་སྐད་ཆ་རེད།
༢༽ པད་མ་འབྱུང་གནས་ལགས་བླ་མ་སུའི་དྲུང་ནས་ཕྱག་དཔེ་གཟིགས་པ་རས།
༣ པད་མ་འབྱུང་གནས་ལགས་དགོན་པ་གང་ལ་གཞུང་ཆེན་རྣམས་སྦྱང་པ་རས།
འདྲི་བ་ཉི་ཤུ་ཐམ་པ་མུ་མཐུད་བཀོད་རྒྱུ་ཡིན།
ཟླ་མེད་ལགས། ཏུང་ཧོང་གཏེར་ཡིག་ཁྲོད་ཀྱི་ཡིག་ཕྲེང་དེ་ཚོ་སྔ་མོ་ཞིག་ནས་ངས་མཐོང་མྱོང་མྱོང་འདྲ་བོ་འདུག དེའི་ནང་དུ་རྒྱལ་པོ་ཞིག་གི་མིང་ལ་བྀཛཡསམབྷཝ་ཟེར་བ་ལས་སློབ་དཔོན་ཞིག་གི་མིང་ལ་དེ་ལྟར་མི་འདུག ལི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ནུབ་ཀྱི་སྐོར་ལ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་སོགས་ལ་དོགས་དཔྱོད་བྱེད་རྒྱུ་ཤིན་ཏུ་མང་བས། ཁ་ཉིན་ཞིག་ནས་ཉིད་ལྟ་བུ་དག་ལ་དྲི་བ་ཆ་རེ་འབུལ་བསམས་ནས་བསྡད་ཡོད་ལགས། ཏུང་ཧོང་ཡིག་རྙིང་ཁྲོད་ཀྱི་རམཎའི་རྟོགས་བརྗོད་དང་རྟ་ཡི་བཅོས་དཔྱད། རྒྱལ་རབས་ཐོར་རེ་བ་སོགས་ལ་ཁོ་བོས་ལོ་ངོ་ཉི་ཤུའི་ཡར་སྔོན་ནས་བོད་ནང་དུ་སློབ་སྦྱོང་དང་ཞིབ་འཇུག་ལྟ་བུ་བྱེད་མྱོང་། དང་པོར་ཡིག་རྙིང་དེ་དག་གི་དོན་མ་གོ་ནས་དཀའ་ལས་ཆེན་པོ་བྱུང་། མཐའ་མར་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་སོགས་ཀྱིས་ཡིག་རྙིང་གི་གོ་དོན་བཀྲལ་བ་སོགས་དང་། རང་གི་ཤེས་རབ་ཀྱི་རྩལ་ཁ་ཅུང་ཕྱེས་པ་སོགས་ཕྱི་ནང་གི་མཐུན་རྐྱེན་གང་འཚམ་ཞིག་འཛོམས་པ་ལ་བརྟེན་ནས་ཏུང་ཧོང་ཡིག་རྙིང་གི་མདུན་ནས་བོང་བུའི་རྣམ་ཐར་འཛིན་མི་དགོས་ཙམ་ཞིག་བྱུང་སོང་། གང་ལྟར་ཏུན་ཧོང་གཏེར་ཡིག་འདི་ཚོ་རྩ་ཆེན་རེད་ལ་ཞིབ་འཇུག་གི་གནས་ཀྱང་རེད།
ཤེས་རབ་ཟེར་བའི་མི་འདི་ཡ་བྱེད་མཁན་རྩ་ནས་མེད་པར་ཁ་བརྡའི་ནང་ནས་ཡ་བྱེད་མཁན་ཞིག་ཐོབ་རོགས་བྱེད་ན་བསམ་ཀྱི་ཡོད་ས་རེད་་་་་་་་་་་་་་་་་་་་་་་་་་་་
འོན་ཀྱང་་་་་་་་་་་་་་་ ངའི་བསམ་ཚུལ་ལ་་་་་་་་་་་་
You better JERK it OFF in the middle of a street, you horny IDIOT!
ཤེས་རབ་་་་་་་་་་་་་་་་་་་་
ཕ་མས་བཀའ་བཀྱོན་གནང་དུས་ཚ་ཤུར་ཤུར། །
མཛེས་མས་མིག་ལོག་ལྟ་དུས་གྲང་ཤུར་ཤུར། །
འོན་ཀྱང་དྲྭ་གྲོགས་ཞིག་གིས་གཤེ་འདུག་ཞེས། །
ཚ་ཤུར་གྲང་ཤུར་གང་ཡང་རྒྱག་མི་དགོས། །
བླུན་པོའི་གྲལ་ནས་མར་མར་འཐོན་ག་བྱེད། །
མཁས་པའི་གྲལ་དུ་ཡར་ཡར་འཚང་ག་བྱེད། །
མཁས་བླུན་སྨྲ་ལྕེ་འགུལ་བ་ཙམ་གྱིས་ཤེས། །
དེང་སང་མཛུབ་མོས་བསྣུན་སྟངས་ཙམ་གྱིས་ཤེས། །
ར་མ་ཎ་དང་མ་ཧྰ་བྷ་ར་ཏ། །
གེ་སར་རྒྱལ་པོ་ངོ་མཚར་སྒྲུང་གི་ཕུད། །
སྟོན་པ་སློབ་དཔོན་པད་འབྱུང་གཤིན་རབ་སོགས། །
དད་པའི་མིག་བྱ་བ་ལྷག་པར་བྱེད། །
འདི་དག་ལེགས་པར་ཤེས་ནས་སྡེ་ཚན་རྣམས། །
མ་འདྲེས་སོ་སོར་ཁྱད་ཆོས་རེ་རེ་ཡོད། །
འདྲེས་ན་ཀུན་ལ་ཁྱད་ཆོས་མེད་བྱེད་ན། །
བླུན་པོའི་ཀྱལ་རྩེ་ས་འདི་ཚོ་མིན། །
ཨེ་ཤི་ཡ་ལ་དད་དང་ལྷག་བསམ་སོགས། །
ཆེ་བས་རྨོངས་དད་ཆེ་ཙམ་ཡོད་པ་བདེན། །
ཚན་རིག་དྲན་འཕྲུལ་འདྲ་ཆགས་རིག་པ་རྣོ། །
ཡོ་རོབ་ཨ་མེ་རི་ཀར་རྒྱལ་རབས་མཁས། །
སོ་སོར་འབྱེད་ན་གཉིས་ཀར་ཁྱད་ཆོས་ཡོད། །
ཉ་ཉུག་བསྲེ་བས་གཉིས་ཀའི་ཁྱད་ཆོས་ཉམས། །
རྣམ་དཔྱོད་བློ་རིག་གསལ་ན་གོ་བར་བྱོས། །
བོང་བུ་བོང་རྐྱང་ཡིན་ན་བྱེད་ཐབས་ཅི། །
ཆུ་དང་འོ་མ་ངང་པ་ཡིས།།
འབྱེད་ཀྱང་ནགས་ཀྱི་ཁ་ཏས་མིན།།
སྒྲུང་དང་དངོས་བྱུང་མཁས་པ་ཡིས།།
འབྱེད་ཀྱང་རིན་ཆེན་ཉིད་ཀྱིས་མིན།།
ཅི་སྨྲས་ཚིགས་ཀྱི་ལྦུ་བ་ལ།།
སྙིང་པོ་ཅུང་ཟད་ཡོད་རེ་ཀན།།
དྲ་གྲོགས་ཐུགས་ལ་མི་གཤིན་ཚིག།
བྱུང་ན་དངོས་གནས་རྩེ་མོ་ཡིན།།
བདག་ཅག་གི་སྟོན་པས་གུ་རུ་རིན་པོའི་འཁྲུངས་ལོ་ལུང་དུ་བསྟན་པ་ཡིན་ཟེར་བའི་རྒྱུད་གསུམ་གྱི་ལུང་ཚིག་གསུམ་ནི། དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ལས།
འདི་ནས་ལོ་ནི་བཞི་གཉིས་ན། །དྷ་ན་ཀོ་ཤའི་མཚོ་གླིང་ན། །རང་འཁྲུངས་པད་མའི་སྟེང་དུ་ནི། །པད་མ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་འབྱོན། །ཞེས་དང་།
བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། འདི་ནས་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པད་མ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པ་ལུང་དུ་སྟོན། །ཞེས་དང་།
ང་ནི་མི་གནས་འདས་འོག་ཏུ། །ལོ་ནི་བཞི་གཉིས་ལོན་པ་ན། །སྔོན་གྱི་ལས་ཀྱིས་རབ་བསྐུལ་ནས། །སིངྒ་ལ་ཡི་ཡུལ་དུ་ནི། །མངལ་སྐྱེས་སྤངས་པའི་རྫུས་སྐྱེས་ཉིད། །པད་མ་འབྱུང་གནས་རྫུ་འཕྲུལ་ཅན། །འཕགས་པ་ལྷ་ཡིས་རྒོལ་བ་འཇོམས། །ཞེས་གསུངས་པས། གུ་རུ་རིན་པོ་ཆེ་འཁྲུངས་ཡུལ་ཡང་ཨོ་རྒྱན་དང་སིངྒ་ལ་གཉིས་སུ་གསུངས་པ་འདིའི་གང་ཞིག་གུ་རུ་རིན་པོ་ཆེའི་ལོ་རྒྱུས་དངོས་དང་མཐུན།
གོང་གི་མཆན་༢༨པའི་ལན་དུ། སྟོན་པའི་སྐུ་དུས་སུ་རྒྱ་གར་གྱི་ཡུལ་དུ་གཤགས་བཅོས་ཀྱི་ལག་རྩལ་ཁྱད་དུ་འཕགས་པ་ཡོད་པའི་སྨན་པ་མཁས་པ་གང་མང་ཞིག་ཡོད། དེའི་དཔེར་མཚོན་གཅིག་ནི། འཚོ་བྱེད་གཞོན་ནུ་ཟེར་བའི་ལྷ་རྗེ་མཁས་པ་འདིས་མི་རྣམས་ལ་གཤགས་བཅོས་ཚད་མཐོན་པོ་ཞིག་བྱེད་ཐུབ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་བོ་ཡིན་ནམ་ཞིག་གི་སྤྱི་བོར་ཕོལ་མིག་ཟེར་བའི་རྨ་འཇིགས་སུ་རུང་བ་ཞིག་བྱུང་སྐབས་འཚོ་བྱེད་གཞོན་ནུས་རྒྱལ་པོ་རང་གིས་ཀྱང་མ་ཚོར་བའི་སྒོ་ནས་གཤགས་བཅོས་བྱས་ཏེ་ཕོལ་མིག་ཡོངས་སུ་རྫོགས་པ་གཙང་སེལ་བྱས་པའི་ལོ་རྒྱུས་འདི་མདོ་མཛངས་བླུན་དང་དཔག་བསམ་འཁྲི་ཤིང་སོགས་ན་བཞུགས་པས་སོ།། དེ་བཞིན་སྟོན་པ་རང་གིས་ཀྱང་ཨ་མ་ཞིག་ལ་ཁྱོ་བོ་ཡིན་ནམ་ཞིག་གིས་རྡེག་འཚོག་བྱས་ཏེ་ཤི་བའི་མངལ་དུ་བྱིས་པ་ད་དུང་གསོན་པོ་ཡིན་པ་གཟིགས་ནས་གཤགས་བཅོས་བྱེད་པར་བསྐུལ་མ་གནང་སྟེ་བྱིས་པ་ཕྱིར་བཏོན་པའི་ལོ་རྒྱུས་ཀྱང་ཡོད་པས། རྒྱ་གར་དུ་དེ་དུས་སུ་གཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་ཕྱིར་འདོན་པའི་ལག་རྩལ་ཡོད་པ་ནི་ཧ་ཅང་ལས་སླ་བོའི་སྒོ་ནས་ཤེས་ཐུབ། ཡིན་ན་ཡང་སྟོན་པའི་མ་ཡུམ་འདི་རང་གི་མ་ཁྱིམ་དུ་བྱིས་པ་བཙའ་རུ་འགྲོ་བའི་ལམ་ཁར་སྟོན་པ་སྐུ་འཁྲུངས་པ་ནི་ཡོངས་གྲགས་ཡིན་པས་ལམ་བར་དེར་སྨན་པ་མཁས་པ་དེ་འདྲ་མ་རག་པའི་དཀའ་ངལ་ཞིག་དང་ཏན་ཏན་འཕྲད་ཡོད་པ་རེད་བསམས། འདི་ལ་ཐེག་དམན་ལུགས་ཀྱིས་སོ་སྐྱེ་འཆིང་བ་ཀུན་ལྡན་དང་ཐེག་ཆེན་ལུགས་ཀྱིས་བྱང་སེམས་སྲིད་པ་ཐ་མ་བར་ཁས་ལེན་པའི་རྒྱལ་བུ་ཆུང་ཆུང་འདི་ལ་ཉེས་པ་ཅི་ཡང་མེད་དོ། །
ཡ་ཡང་ཀླུ་སྨྱོན་འདིས་ཧ་མི་ལས་པ་ལ་ཧ་ལས་པ་བཟོས་སོང་། ཕོལ་མིག་བཤགས་པ་ལ་དེ་འདྲའི་ལག་རྩལ་དགོས་ནི་མ་རེད། འདི་ནི་རང་རེའི་ཡུལ་ན་ཀར་ལྕགས་ཀྱིས་བཤགས་པའི་ན་ཚ་དེ་རེད། དེ་ནི་རྒན་མོ་ཉམས་མྱོང་ཅན་དེ་ཚོས་རྨ་དེའི་སྟེང་དུ་ཆུ་གྲང་མོ་གྲང་རྐྱང་མང་ཙམ་བྱོ་རྗེས་དཀར་ཡོལ་བཅགས་ནས། ཀར་ལྕགས་དེས་བཤགས་པ་རེད། བཤགས་ཀྱིན་བཤགས་ཀྱིན་ཆུ་གྲང་མོ་བླུགས་པ་རེད། ཕྱི་ལ་བཏོན་པའི་རྨ་ཅིག་བཤགས་པ་ལ་དེའི་འདྲའི་ལག་རྩལ་ཅིག་ག་ལ་དགོས། ཡང་རྒྱ་གར་ལྷོ་ཕྱོགས་ལ་ང་ཚོ་དང་པོ་འབྱོར་དུས། སྐྱ་ནད་རྩ་མགོ་ཟེར་ནོ་དགུ་རེ་བཅུ་རེ་གཅིག་འཕྲོ་གཅིག་ལ་ཐོན་ཡོང་ན་ཡང་། རོགས་པ་ཚོས་གཅིག་འཕྲོ་གཅིག་ལ་དེའི་ནང་གི་ཁྲག་སྣག་གཙང་མ་བཙུར་འགྲོ་གི་རེད། དེ་དང་གཅིག་པ་གཅིག་རྐྱང་རེད་འདུག་ག འདི་ནི་འཚོ་བྱེད་གཞོན་ནུའི་དམིགས་བསལ་བཤགས་བཅོས་ལག་རྩལ་ཅིག་ག་ལ་ཡིན།
ཡང་རོ་ཡི་ཁོག་ནས་བྱིས་པ་ཕྱིར་འདོན་པ་ཡང་དེ་བཞིན་རེད། རོ་ལ་སེམས་ཆུང་བྱེད་དགོས་པ་མ་རེད། རོ་གསོན་པའི་ཕྱོགས་ལ་རེ་བ་མེད་པས། དེའི་གྲོད་པ་ང་རང་གིས་ཀྱང་བཤགས་ནས་བྱིས་པ་ཕྱིར་འདོན་ཐུབ་ཀྱི་རེད། འདི་དག་ནི་སྨན་པའི་བྱིས་པ་ཕྱི་ལ་འདོན་པའི་བཤགས་བཅོས་ཁོང་ལ་གང་ན་ཡོད།
འདི་འདྲ་རྐྱང་རྐྱང་གིས་སྟོན་པ་བཤགས་ནས་བླངས་པ་རེད་ཟེར་ན། ད་སུས་སྣ་བར་འགྲོ་ནས། ཧཧཧ
ཨ་རོ་གཟུགས་སྙིང་གི་ཕོལ་མིག་དེའི་ཁ་ནང་ནས་སྐད་ཆ་བཤད་ཀྱི་རེད་ལ་ཁ་ནང་ལ་ཟས་བཞག་ན་བཟའ་ཐུབ་པ། དེ་ནི་སྔོན་བློན་པོ་ཞིག་ཆད་པས་བཅད་དེ་སྤྱིར་ན་སྲོག་ཁྲིམས་ཡིན་ཡང་རྒྱལ་པོས་སྲོག་གི་སྦྱིན་པ་གཏོང་ཐུབ་ན་ཡང་། ཆད་པ་ལག་ལེན་དུ་བསྟར་ལུགས་རྒྱལ་པོར་འདྲི་དུས་རྒྱལ་པོ་བྱ་བ་གཞན་ཞིག་གིས་གཡེངས་ནས་ཁྲིམས་སྲོལ་གཞིར་བཟུང་གིས་ཆད་པ་ཆོད་བརྗོད་པས། གཤེད་མས་ཁྲིམས་སྲོལ་གཞིར་བཟུང་གིས་སྲོག་ཁྲིམས་བཅད་པས། དེའི་རྣམ་སྨིན་གྱིས་མི་དེའི་སྐྱེ་བ་རྗེས་མ་དེ་རྒྱལ་པོའི་ལུས་སྟེང་དུ་ཕོལ་མིག་ཏུ་སྐྱེས་པའི་ལོ་རྒྱུས་ཤིག་འདུག དེ་ནི་བདེན་རྫུན་གང་ལྟར་གྲོང་གསེབ་རྒན་མོ་ཞིག་གིས་བཅོ་ཐུབས་པའི་ཕོལ་མིག་འགྲོ་རེ་བ་དེ་འདྲ་ཞིག་ཡིན་ན་རྒྱལ་ཡོངས་ན་སྐད་གྲགས་ཡོད་པའི་ལྷ་རྗེ་དེ་འདྲ་གདན་འདྲེན་ཞུ་ཨེ་དགོས། བོད་ཡུལ་མང་ཆེ་བ་གྲང་ཤས་ཆེ་བས་དེ་ཙམ་མི་སྐྱོན་ཡང་། རྒྱ་གར་ཚ་བའི་ལུང་བར་ན་ཚ་ཆུང་ཆུང་ཞིག་ལ་ཡང་གཉན་ཁ་རྒྱས་ནས་ཉེན་ཁ་ཆེན་པོ་ཆགས་འགྲོ་བ་ཁྱོད་འུ་གཉིས་ལ་གསལ་ནོ་དེ་རེད།
ཨ་རོ་ཟླ་མེད། སྟོན་པ་མངལ་ནས་འཁྲུངས་མ་ཐུབ་པར་གཤགས་བཅོས་བྱས་ཏེ་བླངས་རེད་ཟེར་བ་འདི་ནི་ཧ་ལས་དགོས་པ་ཞིག་ཧ་ལས་མི་དགོས་པ་བཟོས་པ་ཞིག་རེད་དམ། སྟོན་པ་ཕ་མའི་ཁུ་ཁྲག་འདྲེས་པའི་བར་དུ་ཞུགས་ཏེ་འགྲོ་བ་མི་ཞིག་ཨ་མའི་ཁོང་པར་སྡོད་པ་ནང་བཞིན་ཟླ་དགུ་ཞག་བཅུར་ཡུམ་སྒྱུ་འཕྲུལ་ལྷ་མོའི་ཁོག་པར་བསྡད་དེ། ཕྱིར་སྐྱེས་དུས་འགྲོ་བ་མི་གཞན་དག་ནང་བཞིན་མངལ་ནས་ཡོང་བ་དང་། གཤགས་བཅོས་བྱས་ནས་ཕྱིར་བླངས་པ་དེ་འདྲ་བ་མིན་པར། བསམ་བློ་ག་ཚོད་བཏང་ཡང་བསམ་བློའི་ནང་དུ་འཆར་མི་ཐུབ་པ་ཨ་མའི་གློ་གཡས་པ་ནས་སྐྱེས་ཟེར་བ་འདི་ནི་ཧ་མི་ལས་པ་ཞིག་ཧ་ལས་པ་བཟོས་པ་རེད་དམ། ང་ཚོ་ནི་ད་ལྟ་བར་དུ་ས་གཞི་རིལ་རིལ་སྒོང་རྡོག་ལྟ་བུ་འདི་ནི་དུས་རྟག་པར་རླིག་པ་ལྟ་བུར་འགྲེངས་བསྡད་ཡོད་པ་ཞིག་དང་། མི་ཞིག་ཨ་མའི་རྩིབས་མའི་བར་ནས་སྐྱེས་པ་དང་། ཡང་ན་མེ་ཏོག་གི་ནང་ནས་སྐྱེས་པ་དེ་འདྲ་རྐྱང་བཤད་ན་འཛུམ་མོལ་ལེ་བདེ་ཤིགས་གེར་འདུག་ཐུབ་ཅིང་། མི་ཞིག་ཨ་མའི་མངལ་ནས་སྐྱེས་པ་དང་། ཡང་ན་མངལ་ནས་སྐྱེས་མ་ཐུབ་པར་གཤགས་བཅོས་བྱས་ནས་ཕྱིར་བླངས་པ། ས་གཞི་འདི་ནི་རིལ་རིལ་ཡིན་པ་དེ་འདྲ་བཤད་ན་གདོང་གནགས་ནས་སྡིག་དམོད་དང་ཟུར་ཟ་བྱེད་པ་དེ་འདྲ་རེད། འདི་ནི་རང་རང་དད་པ་ཡོད་ས་དེ་ལ་བསྟོད་པ་དང་དད་པ་ཡིན་ན་ཡང་། རང་རང་དད་ཡུལ་དེའི་མཛད་པ་འཕྲིན་ལས་སྤྱི་ཁྱབ་ནས་འགྲོ་བ་སེམས་ཅན་ལ་སྨན་པ་ཞིག་བྱུང་ཡོད་ན་མི་དེ་སྐྱེས་ཡུལ་དང་སྐྱེས་སྟངས་ཀྱི་ཕྱོགས་ནས་འགྲོ་བ་མི་སྤྱི་མཚུངས་དང་འདྲ་བ་ཞིག་ཡིན་པར་བརྗོད་ན་མི་ལེགས་པ་ཅི་ཞིག་ཡོད་ཨང་། སྐྱེས་ས་མཐོ་དམན་དང་གཙང་བཙོག་གི་རིག་གཞུང་དང་འདི་ལ་ཞེན་ཆགས་ཆེ་བ་འདི་ནི་རྒྱ་གར་ཧིན་རྡུ་བའི་ལུགས་སྲོལ་ལ་ལད་མོ་ཤ་ཐོན་རུས་ཐོན་དུ་བྱས་པ་ཞིག་སྟེ། རྒྱལ་རིགས་ཚངས་པའི་ཁ་དང་བྲམ་ཟེ་མགུལ་བ། དམངས་རིགས་དང་གདོལ་བ་རིགས་ཚངས་པའི་རྐང་ལག་ལྟ་བུ་ཞིག་ནས་སྐྱེས་པར་བཤད་དེ་རང་རང་གི་རིགས་དེ་ཅི་ཙམ་རྩ་ཆེ་བའི་ཆེ་ལུགས་བརྗོད་ཡོད་ན་ཡང་། བདག་ཅག་གི་སྟོན་པ་འདིའི་ལུགས་རིགས་དང་རུས་མི་གཙོ་བར་ལུང་དང་རྟོགས་པའི་ཡོན་ཏན་གཙོ་བོར་འཛིན་པའི་ལུགས་སྲོལ་བཟང་པོ་ཞིག་སྔར་ནས་ཡོད་ལ། དེ་བཞིན་དངོས་པོ་དེའི་གཤིས་ལུགས་རྣལ་མ་དེ་རང་གང་ཡིན་སྲོག་ཡན་ཆད་བློས་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་གྲུབ་མཐའ་ཞིག་ཡིན་པས། སྟོན་པ་དང་གུ་རུ་རིན་པོ་ཆེ་ལྟ་བུའི་སྐྱེས་བུ་དམ་པ་འདི་དག་གི་སྐྱེས་ས་སྐྱེས་ལུགས་ལ་ཕྱི་རོལ་བ་ཚོ་ནང་བཞིན་སྒྲོ་འདོགས་ཀྱི་རྒྱན་ཆ་ཁྲ་ཁྲ་སིལ་སིལ་དེ་ཙམ་ཞིག་གཡོགས་ཨེ་དགོས་སམ།
འདིར་སྟོན་པ་རིན་པོ་ཆེ་དང་གུ་རུ་རིན་པོ་ཆེ་གཉིས་ཀྱི་འཁྲུུངས་ཡུལ་དང་འཁྲུངས་ལུགས་ཤིག་རང་གི་བསམ་ཚོད་ལྟར་བཤད་པ་ནི་ཁོང་རྣམ་གཉིས་འགྲོ་བ་མི་ཞིག་ཡིན་པར་ཆ་ནས་བཤད་པ་ཡིན་ལགས་ལ། དེ་ལ་དགེ་འདུན་ཆོས་འཕེལ་གྱིས། སྤྱིར་ཐེག་པ་ཆུང་ངུའི་ལོ་རྒྱུས་གང་ཡིན་ཐུན་མོང་བའི་ལུགས་སུ་བཤད་པས་སྟོན་པའི་མཛད་ཕྱོགས་སོགས་གླེང་སྐབས་ཅི་བས་ཀྱང་ཡིད་འཕྲོགས་པ་རྐྱང་སྣང་། ཐེག་ཆེན་ལས་བྱུང་བ་དག་ཕལ་ཆེར་ནི། ཧ་ཅང་རྒྱ་ཆེ་དྲགས་པས་ཧ་ཅང་མཁས་པ་དང་། ཧ་ཅང་གླེན་པ་ཞིག་མ་གཏོགས་དཀྱུས་མ་ཐམས་ཅད་ཀྱི་སེམས་ལ་འགྲོ་བ་ཞིག་ཤིན་ཏུ་དཀའ། ཞེས་གསུངས་པ་བཞིན། ཁོང་རྣམ་གཉིས་ཀྱི་མཛད་པ་དག་ཐེག་པ་ཆུང་ངུའི་ལུགས་བཞིན་བཤད་པ་ཡིན་མ་གཏོགས་ང་རང་གི་ཀུན་སློང་ངན་པའི་སྒོ་ནས་གཞི་མེད་སྐུར་འདེབས་བྱས་པ་ཞིག་མིན། དྲ་གྲོགས་ཤིག་གིས་གོང་ནས་བཤད་པ་བཞིན་འཇར་པན་པའི་ནང་པའི་མཁས་པ་ཚོས་དེ་བཞིན་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་ལོ་རྒྱུས་དེ་འགྲོ་བ་མི་ཞིག་གི་ཚད་ནས་བཞག་སྟེ་བརྟག་དཔྱད་ཞིབ་འཇུག་བྱས་ཡོད་པ་བདེན་པ་རེད། ཤེས་འདོད་ན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་རྩོམ་དེབ་དག་ཏུ་ཏོག་ཙམ་རེ་ལུངས་འདྲེན་བྱས་ཡོད་པར་གཟིགས་ན་དེ་གས་ཀྱང་དོགས་པ་སེལ་བ་ལ་ཕན་རླབས་ཆེ་བར་མཐོང་།
བདག་ཅག་གི་སྟོན་པས་ཡིག་རིགས་མི་འདྲ་བ་དུ་མར་སློབ་སྦྱོང་གནང་ན་ཡང་། ཁོང་སངས་རྒྱས་པའི་རྗེས་སུ་རང་གི་ཐུགས་ལ་ཤར་བའི་རྟོགས་པའི་སྐོར་དང་། རང་གིས་གསུངས་པའི་ཆོས་ཚན་དག་ཡི་གེར་རྩ་བ་ནས་བྲིས་མེད་པ་འདྲ་ཞིག་འདུག་པ་དེའི་རྒྱུ་རྐྱེན་ག་རེ་ཡིན་ནམ། དེ་བཞིན་ཁོང་གི་ཉན་ཐོས་ཆེན་པོ་དེ་དག་ཕལ་ཆེ་བ་ཡང་ཡི་གེ་འབྲི་ཀློག་ཤེས་པའི་ཡོན་ཏན་པའི་སྡེ་ཞིག་ཡིན་པས། རང་གི་སྟོན་པས་གསུངས་པ་དག་དེ་དུས་ཀྱི་ཡི་གེར་བྲིས་མེད་པ་རེད་དམ། ཡང་ན་བྲིས་བྲིས་ཚང་མ་བོར་སོང་བ་རེད། སྟོན་པའི་རྗེས་སུ་ལོ་བརྒྱའི་ཡས་མས་དེ་ག་རང་དུ་བྱོན་པའི་མྱ་ངན་མེད་ཀྱི་དུས་སུ་ཡི་གེ་འབྲི་བའི་སྲོལ་འདི་རྒྱ་ཆེར་ཡོད་འདུག་ཅིང་། མྱ་ངན་མེད་ཀྱི་སྔོན་དུ་བྱོན་པའི་སྒི་རིག་གི་རྒྱལ་པོ་མི་ལིན་ད་དང་ནང་པའི་གནས་བརྟན་ཀླུ་ཡི་སྡེ་ཡིས་དྲི་བ་དྲི་ལན་དག་གི་སྐབས་དེ་རང་གི་ཡི་གེར་བཀོད་ཡོད་ལུགས་འདུག་པས། དེ་ནས་བརྩིས་པའི་ལོ་ངོ་ལྔ་བཅུ་ཙམ་གྱི་ཡར་སྔོན་དུ་སྟོན་པ་དང་ཁོང་གི་ཉན་ཐོས་ཆེན་པོ་དག་གི་གསུང་རྩོམ་ཡིག་ཐོག་ཏུ་འབྲི་བའི་ལུགས་སྲོལ་མེད་པ་ལྟ་བུར་ཁས་ལེན་ཐུབ་བམ། དགེ་ཆོས་ཀྱིས་ཀྱང་དུས་སྐབས་དེ་རང་དུ་གསུང་དེ་དག་ཡི་གེར་བྲིས་མེད་པ་ལྟ་བུ་ཞིག་གསུངས་འདུག
ཀླུ་སྨྱོན་ལགས་་་་་་་་་་་་
གལ་ཏེ་སྟོན་པ་སངས་རྒྱས་གང་ཟག་རང་ག་བ་ཞིག་ཡིན་ན་ཐེག་ཆེན་གྱི་སྒྲུབ་མཐའི་སྐུ་གསུམ་དང་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་རྣམ་གཞག་སྤྱི་ལ་དོ་ཕོག་འགྲོ་འམ་མི་འགྲོ་་་་་་་་་ ཐེག་ཆེན་ཞེས་པ་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་རང་བཟོ་བྱས་པར་གྲགས་པ་ལྟར་ཁས་ལེན་ན་སྐྱོན་ཆེན་པོ་མེད་ཀྱང་དེ་ལྟར་ཁས་མ་ལེན་ཚེ་སྟོན་པ་གང་ཟག་རང་ག་བ་ཡིན་མོད་སྤྲུལ་གཞི་ལོངས་སྐུའི་སྤྲུལ་པ་ཡིན་ནོ་ཞེས་ཁས་ཇི་ལྟར་ལེན་ནུས་སམ་་་་་་་་་་་་
འདི་དག་རིན་ཆེན་གྱིས་གོང་ནས་གསུངས་པ་བཞིན་བདེན་གི གལ་ཏེ་ཐེག་ཆེན་སངས་རྒྱས་ཀྱི་བཀར་ཁས་ལེན་ན་ཐེག་ཆེན་གྱི་ལུགས་ལྟར་བྱེད་དགོས་བས་དེའི་ལུགས་ཀྱི་མཛད་པ་བཅུ་གཉིས་ནི་ཇི་སྐད་དུ་མདོ་སྡེ་རྒྱན་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར།། སྐྱེས་པ་མངོན་པར་སྐྱེས་པ་དང་། སོགས་གསུངས་པ་ལྟར་ཆོས་ཀྱི་སྐུ་ལས་མ་གཡོས་པའི་སྒོ་ནས་མཛད་པ་བཅུ་གཉིས་སྟོན་དགོས། དེའི་རྐྱེན་གྱིས་རྙིང་མའི་ཐ་སྙད་ལ་ཡོད་པ་ལྟར་སྟོན་པའི་སྐུ་དེ་ཡང་མཇའ་ལུས་ལྟ་བུ་ཞིག་མིན་འགྲོ་བསམ། དེ་ཡང་གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་བོ་སོགས་ནས། སྟོན་པ་ལ་རིང་བསྲེལ་མེད་པར་གསུངས་འདུག གལ་ཏེ་མཇའ་ལུས་ལྟ་བུ་ཞིག་མིན་ན་རིང་བསྲེལ་མེད་དགོས་དོན་མེད་ཀི ཡིན་ན་ཡང་ཕྱི་རབས་པའི་ཆེད་དུ་རིང་བསྲེལ་བཞག་པ་རེད་ཅེས་གསུངས་འདུག དེ་ཡང་༼ཐབས་ཀྱིས་རིང་བསྲེལ་བཞག་པ་ཡིན༽གསུངས་པ་ལྟར་ཡིན།
འོན་ཀྱང་ཐེག་ཆེན་བཀའ་ཁས་མི་ལེན་པའི་དབང་དུ་བྱས་ན་ཐེག་དམན་གྱིས་གསུངས་པ་ལྟར་མཛད་པ་བཅུ་གཉིས་བགྲང་ན་ཡང་། གློ་གཡང་ནས་འཁྲུངས་པ་རེད་ཟེར་བ་དེ་དེ་བཞིན་ང་ཚོ་ཕོ་ཚང་མ་མངལ་ན་གནས་དུས་གློ་གཡས་ན་ཡོད་པར་སྨན་གཞུང་ནས་གསུངས་པ་ལྟར་དེ་ནས་མར་སྐྱེས་དགོས་པ་ལས་གློ་གཡོན་ནས་སྐྱེས་སྲོལ་མེད་གི འདི་ལ་གློ་གཡས་ནས་སྐྱེས་པ་རེད་གསུངས་པ་མ་གཏོགས་མངལ་ནས་མ་སྐྱེས་པར་གང་ན་ཡང་གསུངས་མེད། ཡོད་ན་མངལ་ནས་མ་སྐྱེས་པར་གཞུང་འདི་འདྲ་ཅིག་ན་གསུངས་འདུག་ཅེས་སྟོན་དགོས། གློ་གཡས་ནས་སྐྱེས་གསུངས་པ་མཐོང་། དེ་ནས་ཁ་ཐུག་ལ་མངལ་ནས་མ་སྐྱེས་པ་འདྲ་བོ་ཅིག་གོ་སོང་པ་དེ་གོ་ལོག་ཡིན་རྒྱུ་རེད། འདི་ལ་རྟེན་ནས་གློ་གཡས་ན་ཡོང་སའི་བུ་ག་ནི་མེད། དེ་ན་གཤགས་བཅོས་བྱེད་དགོས་ས་རེད་སོགས་བསམ་བློ་བཏང་ནས་ཤོར་སོང་བ་ནི། རི་བོང་མགོ་ན་རྭ་ཡོད་པར་ཐག་བཅད་ནས། དེ་ནས་རྭ་དེ་ལ་གཉེར་མ་ག་ཚོད་ཡོད་མེད་བསམ་བློ་གཏོང་བ་དང་འདྲ་གི
ཡེ་ཤུ་མ་ཤི་ཀ་དེ་ཡང་ཕ་མེད་པར་སྨྲ་བའི་ཁས་ལེན་ཅིག་ཁོང་ཚོའི་ནང་ལ་ཡང་འདུག དེ་ཚོ་ལ་ཕ་མེད་ན་ཅི་ལྟར་སྐྱེས་ཀྱི་རེད་ཟེར་ན། ཁོང་ཚོས་དེ་ནི་ང་ཚོའི་བསམ་བློ་ལ་ཤར་བའི་ཚད་ཡོད་པའི་རིག་པ་ཅིག་རེད། ཚད་ཡོད་པའི་རིགས་པ་ཅིག་གིས་ཚད་མེད་པའི་དངོས་པོ་ཅིག་ལ་དཔྱོད་པ་ནི་དགོད་བྲོ་བོ་རེད་ཟེར་ནས་ཡེ་ཤུ་ཆོས་ལུགས་པ་ཅིག་གིས་ང་ལ་ཟེར་སོང་།
སངས་རྒྱས་འཁྲུངས་འདས་ཀྱི་གནས་ཚུལ་འགྲོ་བ་མི་ཐུན་མོང་བ་ནང་བཞིན་ཞིག་སྒྲུབ་པར་འདོད་པ་དང་། དབྱིག་གཉེན་གྱིས་འཇིག་རྟེན་ཆགས་གནས་འཇིག་སྟོང་དེ་གསར་བཟོས་རེད་ཟེར་བ་དང་། རྫུས་སྐྱེས་ཀྱི་མི་ཞིག་མི་སྲིད་སྙམ་པ་དང་། ཀུན་ཀྱང་མཚན་རིག་པ་དང་མཐུན་དགོས་སྙམས་པ་འདི་དག་ནི། དངོས་སུམ་གྱིས་མ་མཐོང་ན་ཁས་མི་ལེན་པ་དང་། དེ་ཡང་སོ་སོས་མ་མཐོང་ན་ཁས་མི་ལེན་སྙམས་པའི་རྟོག་གེས་སླད་པའི་རྐྱེན་ལ་ཐུག
བསམ་གནོ་འདི་འདྲ་དེ་སངས་རྒྱས་ཀྱི་སྐུ་གསུམ་ཡེ་ཤེས་བཞིའི་རྣམ་བཞག སྐྱེ་བ་སྔ་ཕྱི། བདེན་བཞིའི་བླང་དོར་དང་བཅས། ནང་པ་སངས་རྒྱས་པའི་ཆོས་ལུགས་དང་གྲུབ་མཐའ་ཐམས་ཅད་དུག་དང་། རྨོངས་དད་དུ་བརྩིས་པའི་ས་བོན་དེ་ཡིན་ལ། དེ་ཡང་རིང་མིན་སྨིན་པར་གདོན་མི་ཟ།
འདི་དག་ཀྱང་སྔོན་གྱི་དམ་པ་གོང་མ་ལས། ཕྱི་ནང་གི་རིགས་པ་གང་ནས་བསྡུར་ན། དེང་སོང་ལེགས་བསམ་པ་དང་། དེང་སོང་གི་རིག་པ་སྨྲ་བ་རྣམས་ཀྱིས་ནང་ནས། ཆོས་མེད་སྨྲ་བའི་རིག་པ་དང་། དེ་དག་གིས་རྣམ་བཞག་ལེགས་བསམ་པའི་བག་ཉལ་ཞིག་ཁོག་ཏུ་རང་གིས་ཀྱང་གསལ་པོར་མི་མཐོང་བའི་ཚུལ་གྱིས་ཡེབ་ནས་སྡད་ཡོད་པའི་རྟགས་མཚན་རེད་སྙམས།
བརྟོན་པ་རྣམ་བཞི་ཉམས་སུ་བསྟར་མཁན་རྣམས་ལ་ཕན་གནོད་གང་ཡང་བྱེད་མི་ནུས་ཀྱང་། གསར་བུ་བ་རྣམས་ལ། བག་ཉལ་དེ་སློང་བའི་རྐྱེན་བསྐུལ་བླ་ན་མེད་པ་ཞིག་བྱེད་དང་བྱེད་བཞིན་དང་། ལྟ་བ་དེ་དངོས་སུ་ནར་སྨིན་པ་ལ་ལྟ་བའི་སྙིགས་མ་ཟེར་།
ཁྱེད་རྣམ་པས་གསུངས་པ་དེ་ལ་ལགས་སོ་ཅིག་ཟེར་མི་ཐུབ་ཀི མི་ཞིག་གིས་རང་གི་བློ་ངོར་མ་ཤོང་བ་དེ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་རྩིས་བྱེད་དུས་ལམ་སེང་མི་དེ་རིམ་པ་དགུའི་ས་ཡི་འོག་ཏུ་འཇུག་རྩིས་བྱེད་པ་དེ་ནི་ངོ་མ་བརྟག་དཔྱད་ཞིབ་འཇུག་པ་དེ་བསད་པ་དང་ཁྱད་པར་མེད། ནང་པའི་ལུགས་སྲོལ་ལ་ཐོག་མར་སྟོན་པ་རང་གིས། ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ལམ་ཁ་ཧ་ཅང་གུ་ཡངས་པོ་ཞིག་བསྟན་ཡོད་པ་དེ་ཁྱེད་རྣམ་པས་མ་མཁྱེན་པ་རེད་ཅེ་ན་ཐལ་དྲགས་ཀྱང་པཎཊིཏས་ཐུགས་མཉམ་མ་བཞག་པའི་སྐྱོན་ཞིག་ཏན་ཏན་རེད། སྔོན་ཆད་ཆོས་ལུགས་པ་གཞན་པ་སྐོར་ཞིག་ཡིན་ན་དཀོན་མཆོག་དང་ཨ་ལ་ཡིས་གསུངས་ཕྱིན་ཆད་དེ་ལ་སུ་ཞིག་དོགས་པ་ཟོས་པའམ་ཡང་ན་དོགས་སློང་། སྡུག་ན་དགག་སྒྲུབ་ཅིག་བྱས་པའི་ཉིན་མོར་སྐྱེས་བུ་དེ་ལམ་སེང་མེ་ལ་སྲེག་པ་དང་ཆུ་ལ་བཙོ་བ། གསོན་པོར་གཅན་གཟན་ལ་ཟ་རུ་འཇུག་པའམ་ཡང་ན་རྡོ་རུབ་བརྒྱབ་ནས་ལམ་སེང་མ་བསད་ན་དཀོན་མཆོག་དང་ཨ་ལའི་ཐུགས་དགོངས་ཁྲོས་པ་དེ་ནམ་ཡང་དྭངས་པའི་ཐབས་མེད་པ་ལྟ་བུ་ཞིག་ཏུ་བརྩིས་པ་རེད། ཡིན་ན་ཡང་རང་རེ་ནང་པ་པའི་ལུགས་སྲོལ་ལ་ལྡེམ་དགོངས་དང་དྲང་ངེས། ཀུན་རྫོབ་དང་དོན་དམ་ཞེས་པའི་ཐ་སྙད་ཀྱི་སྒོ་ནས་ཆོས་ཐམས་ཅད་ཀྱི་ཕྱི་ཤུན་སྒོག་ལྤགས་བཤུ་བཤུ་བྱས་ན་ཆོག་པའི་ལམ་བཟང་རྨད་དུ་བྱུང་བ་ཞིག་ཡོད་པས། ངས་གོང་དུ་རང་གི་རྨོངས་བློར་ཤར་བ་དང་ཡང་ན་ཐེག་དམན་པའི་ལུགས་སྲོལ་གཞིར་བཟུང་ནས་ཐེག་ཆེན་པར་དོགས་སློང་རེ་བྱས་པ་ལ་དེ་ཙམ་གྱི་བཀའ་བཀྱོན་ཚ་བོ་གནང་དགོས་དོན་ཨེ་ཡོད།
དེ་བཞིན་དམར་པོའི་ལྟ་བ་ཞེ་ན་ཤིན་ཏུ་ཐ་ཆད་ཅིག་ཏུ་བརྩི་བ་ནི་ནུབ་ཕྱོགས་སྤྱི་ཚོགས་ནང་གི་མི་དམངས་ཀྱི་ཟུངས་ཁྲག་ཆུ་བཞིན་འཇིབ་པའི་མ་རྩ་རིང་ལུགས་པ་སྐོར་ཞིག་དང་སློབ་སྦྱོང་གཞན་དག་མ་ཐོབ་པར་དམངས་གཙོའི་ལྟ་བ་གཅིག་པོ་འཇིག་རྟེན་འདིའི་ལྟ་བ་ཡང་དག་བླ་ན་མེད་པ་དེ་རང་ཡིན་སྙམ་པ་ཁག་ཅིག་གི་བསམ་བློའི་ནང་དུ་ཡོད་པའི་གཡས་ལྷུང་གི་ལྟ་བ་ཞིག་རེད་ཅེས་ཁོ་བོས་སྨྲ་བར་སྤོབས། སྔོན་མར་ར་ཤི་ཡ་དང་རྒྱ་ནག་དམར་པོ་དངོས་གནས་ཀྱི་ནང་དུ་ཡོད་དུས་མི་ཚང་མར་རྒྱུ་ནོར་འདྲ་མཉམ། ལྐོག་ཟ་རུལ་ཟུངས་མེད་པ་སོགས་ཡ་རབས་ཀྱི་ཡོན་ཏན་དུ་བགྲང་བར་འོས་པ་ཇི་སྙེད་ཅིག་ཡོད་པས། གོང་ས་མཆོག་གིས་ཀྱང་དེ་དག་ལ་དམིགས་ནས་རྟག་པར་ང་རང་ཕྱེད་དམར་ཕྱོགས་པ་ཞིག་ཡིན་ཞེས་གསུང་གིན་ཡོད་པ་མ་རེད་དམ། ཡིན་ན་ཡང་དེང་སང་གི་རྒྱ་ནག་འདི་དམར་ཕྱོགས་པའི་གྲིབ་གཟུགས་ཤིག་མ་གཏོགས་དམར་ཕྱོགས་པ་ཡང་དག་ཅིག་ཡིན་པར་ངོས་ལེན་བྱེད་མཁན་ནི་ཁོ་རང་ཚོ་མ་གཏོགས་ཤེས་ལྡན་པའི་སྤྱི་ཚོགས་ཡོད་ཀྱི་མ་རེད།
ཤེས་རབ་ཟེར་བ་ནི་
མཚམ་རེར་སྟག་མྱོན་རེད་ལ།
མཚམས་རེར་གདོང་དམར་བུའང་རེད།
དེ་ཡིན་མིན་ཁྱེད་ཚོས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་གི་༧སྐྱབས་རྗེ་པད་ནོར་རིན་པོ་ཞིང་ལ་ཕེབས་སོང་དུས་ཀྱི་མཆན་བུ་རྣམས་དང་གོང་འོག་བསྡེབས་ནས་གཟིགས་དང་ཤེས་ནུས།
ཀླུ་མྱོན་གྱི་སྐད་ཆ་འདི་ཚོ་ལ་དཔྱད་དུས་ཁོང་གིས་ཐེག་དམན་གྱི་ལྟ་གྲུབ་ཁག་ལ་ཉམས་ལེན་ནན་པོ་བྱེད་ཀྱིན་པའི་ཚོར་སྣང་བྱུང་།
གལ་ཏེ་ཁ་བཤད་ཀྱི་སྟོང་གཏམ་ལ་མི་མོས་ཤིང་དོན་བཟང་གི་འབྲས་བུ་རེ་འཚོལ་མཁན་ཡོད་ན།
གཞན་ཟབ་རྒྱས་ཀྱི་རྣམ་ཐར་དང་ལུང་བྱང་སོགས་མ་མཇལ་ཡང་།
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་ལེ་བདུན་མ་གཟིགས་ཙམ་གྱིས་དང་ཁོང་གང་ལ་འཁྲུངས་ཤིང་གང་དུ་ཕེབས་སོང་ཡོད་པ་མཁྱེན་ངེས།
གཞན་དོན་མེད་མི་སེམས་ལ་ཞེ་སྡང་རེ་སློང་གིན་ཡོད་ན་ནི་ཤི་ཆོས་གནག་པོ་ཞིག་ལས་ཅི་ཡང་འཐོབ་རྒྱུ་མེད་ངེས
འཆམ་ར་ང་ཚོ་ཤེས་རབ་སུ་ཡིན་དང་ཁོའི་ཅི་ཟེར་ལ་ཤེས་འདོད་ཆེན་པོ་མི་འདུག་་་་་་་་་་་་་་་་་་་་་་་་ ཁོ་པ་སུ་ཡིན་ནའང་རྒྱུ་མཚན་ཡོད་མེད་ཀྱི་སྐད་ཆ་གང་ཡང་བཤད་ཆོག་པ་ཞིག་རེད་ལ་ང་ཚོས་ཀྱང་དེ་ལ་དགག་ཆོག་པ་ཞིག་རེད་་་་་་་་་་་་་་་་་་་་་་
དེ་མིན་ཁོ་དོལ་འདྲེ་བསྟེན་མ་བསྟེན་དང་པད་ནོར་རིན་པོ་ཆེར་དགའ་མ་དགའ་སོགས་དང་སྟག་སྨྱོན་ཡིན་མིན་གང་ཡང་ཤེས་འདོད་མེད་་་་་་་་་་་་་ མ་གཞི་སྟག་སྨྱོན་ཟེར་བ་དེ་བོད་ཡིག་ལ་གོམས་ཆ་ཆེན་པོ་འདུག་རུང་ཤེས་རབ་འདི་བྲིས་ཤེས་ཙམ་ཡིན་པ་བཅས་ལ་བལྟས་ན་ཁྱོད་རང་གི་བཤད་པ་དེ་ལའང་དོགས་པ་འདུག་་་་་་་་
གུ་རུ་རིན་པོ་ཆེའི་འཁྲུངས་འདས་ཀྱི་དྭོགས་གཅོད་སྐོར་ལ། རིགས་པ་བཟང་ལ། ཁུངས་བཙན་པའི་དེབ་འདྲ་ངོ་སྤྲོད་གནང་རྒྱུ་ཨེ་ཡོད། རྣམ་ཐར་མང་པོ་ཞིག་དད་པ་དང་དག་སྣང་གིས་བྲིས་པ་ཡིནསྟབས། དངོས་ཡོད་ཇི་ཡིན་ཞུ་དཀའ་བ་རེད།
ཁ་སྔོན་ཕ་བོང་ཁ་རིན་པོ་ཆེའི་རྣམ་ཐར་ཀློག་པ་ཡིན། རྣམ་ཐར་ལྟར་བདེན་པ་ཡིན་ན། ཁོང་ངོ་མ་སྐྱེས་བུ་རླབས་ཆེན་ཞིག་རེད་འདུག རྟོགས་པ་ཡང་མཐོ་ཐག་ཆོད། བྱང་ཆུབ་སེམས་པའི་མཛད་པ་ཡང་རྒྱ་ཆེ་ཐག་ཆོད་བསྒྲུབས་འདུག ཡིན་ནའི་ཁུངས་གཞན་ནས་ཤེས་པར། ཕ་བོང་ཁ་པ་འདི་ལ་སྐྱོན་ཆ་མང་པོ་ཡོད་པ་ཤོད་ཀྱི་འདུག བྱས་ཙང་ངོ་མ་ཇི་ཡིན་ཚང་མ་ཀློག་ནས་བརྡར་ཤ་བྱེད་རྒྱུ་རེད་འདུག
ཐུགས་རྗེ་ཆེ།
གོང་དུ་དྲ་གྲོགས་ཤིག་གིས་སྟོན་པ་འཁྲུངས་དུས་ཡུམ་གཤགས་བཅོས་བྱས་ཏེ་གྲོངས་པའི་ཉེས་པ་དེ་སྟོན་པ་རང་ཉིད་ལ་བཀལ་བ་ལྟ་བུ་ཞིག་གསུངས་པར། བྱིས་པ་མངལ་ནས་བཙའ་མ་ཐུབ་པར་གྲོངས་པ་དེ་ནི་ཡུམ་རང་ཉིད་ཀྱི་ལས་དབང་དང་འབྲེལ་བ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བརྗོད་ན་སྐྱེས་ཆེན་དམ་པ་འགའ་རེ་འཁྲུངས་དུས་སུ་ཁྱིམ་དེ་ལ་བར་ཆད་ཆེན་པོ་རེ་ཡོང་གིན་ཡོད་པ་ནི་རྒྱལ་བ་དགེ་འདུན་གྲུབ་པའི་རྣམ་ཐར་དང་། གོང་ས་འདི་བའི་རང་རྣམ་དུ་གསལ་བས་གསལ་བོར་ཞུ་མ་དགོས་པ་ཞིག་རེད།
ད་དུང་ཡོད། སྟོན་པ་ཡུམ་གྱི་གློ་གཡས་ནས་འཁྲུངས་ཟེར་བ་དེ་ནི་གློ་གཡས་པ་བརྟོལ་ནས་འཁྲུངས་པ་རང་ཡིན་ལུགས་རྣམ་ཐར་ཁག་ཏུ་ཧ་ཅང་གསལ། གལ་སྲིད་གློ་གཡས་ཀྱི་ནང་ལོགས་སུ་བཞུགས་པའི་གོ་དོན་ཡིན་ན་ནི་དེ་ནི་ལྷུམས་སུ་བཞུགས་པའི་དུས་ཀྱི་མཛད་པ་ཞིག་རེད་མ་གཏོགས་སྐུ་འཁྲུངས་དུས་ཀྱི་མཛད་པ་ཁྱད་པར་བ་ཞིག་མ་རེད།
ཕ་བོང་ཁའི་རྣམ་ཐར་ལ་བལྟ་འདོད་ན། དུས་ཕྱིས་ཀྱི་དཔར་མ་སྟེ། རྒྱ་གར་ནང་ཐིག་དང་པོར་དཔར་ཐོན་དག་ལ་ཚད་བཟུང་མི་འོས་པ་ཡིན། གང་ལ་ཟེར་ན། དེ་ཚོའི་ནང་བཅོས་སླད་མང་དུ་ཡོད་པ་ཡིན། རབ་བྱུང་ན། བོད་དཔར་དངོས་ལ་གཟིགས་ཐུབ་ན་ལེགས། དེ་ནི་སྔོན་གྱི་གཞི་དེ་ག་རང་དུ་ཡོད། ད་ལྟ་རྒྱ་གར་ནང་རྣམ་ཐར་གྱིགཞི་གཅིག་པ་ལ། དཔར་གཞི་མི་འདྲ་བ་གཉིས་ཡོད་པ་འདི་རེད། ལོ་ཤས་གོང་ཙམ་ལ་བོད་དཔར་དངོས་མ་དེ་རྒྱ་གར་ནང་ནས་ཀྱང་བསྐྱར་དཔར་གནང་འདུག་གཱ
ལོ་ཤས་གོང་ཙམ་ལ། སྟོན་པའི་རྣམ་ཐར་ཁ་ཤས་ཤིག་མཇལ་བ་ཡིན། གསུངས་སྟངས་ཁ་ཤས་ཤིག་གི་ཆ་ནས་མི་མཐུན་པ་དེ་འདྲ་འདུག སྐབས་དེར་དགེ་རྒན་ཚང་ལ་བཀའ་འདྲི་ཞིག་ཞུས་པར། ཐེག་པ་ཆེ་ཆུང་གི་ལུགས་སོ་སོ་བའི་སྐབས་ཡོད་པ་མ་ཕྱེས་ནས་མཇལ་བས་ཡིན། དེ་ནི་གཞི་རྩའི་ངོས་འཛིན་གནང་སྟངས་གཉིས་རེད་གསུངས་པ་ཞིག་དྲན། ཀླུ་སྨྱོན་ལགས་བདེན། ང་ཚོའི་ལོ་རྒྱུས་ཡིག་ཚང་གི་ཤོད་སྟངས་རིགས་འགའ་ཞིག་ནི། རྒྱུ་མཚན་དང་གནས་ལུགས་གང་གིའང་ར་བ་ལས་འདས་པ་ཡོད་ལ། དེ་བཞིན་ཤོད་སྟངས་རིགས་མང་པོ་ཞིག་ནི་སྲིད་པའི་རྣམ་གཞག་དང་འགལ་བ་མང་དུ་ཡོད་ཀྱང། དེ་ཚོར་དཔྱད་མཁན་དག་ལ་ནི། ཧ་ལས་ལས་ཀྱིས་དམོད་མོ་བྱེད་པ་འདི། ང་ཚོའི་མང་པོ་ཞིག་གིས་ནད་ཅིག་ཏུ་མི་སེམས་པར་འདུག་པ་ཡ་མཚན་དུ་འདུག
བླ་རྒན་དེའི་སྐྱེ་རབས་དང་པོར་བགྲངས་པའི་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ནི་དེ་དུས་སུ་བླ་མ་གྲགས་ཆེན་ཞིག་རེད། གོང་ས་ལྔ་བའི་ཐུགས་འདང་ཆེ་བའི་བླ་མ་ཞིག་རེད་ལ་ཨ་མདོ་འཇམ་བཞད་ཀྱིས་ཀྱང་ལམ་རིམ་ཞུ་ས་ཞིག་ཡིན་པ་ལམ་རིམ་འཇམ་དཔལ་ཞལ་ལུང་གི་མཆོད་བརྗོད་དུ་གསལ། ཡིན་ན་ཡང་སྐུ་ཕྲེང་བཅུ་གསུམ་པས་དགག་བྱ་གནང་ཡུལ་གྱི་བླ་རྒན་དེ་དང་ཡོངས་འཛིན་ཁྲི་བྱང་གཉིས་ཀའི་མིང་གོ་ན་དོལ་མིང་ཐོས་པ་དང་འདྲ་བར་ངའི་སེམས་ནང་མི་བདེ་བ་ཆེན་པོ་ཞིག་ཡོང་གིན་འདུག
རབ་ཡིན་ན་བླ་རྒན་དེའི་མིང་འབོད་མཚམས་འདི་ནས་འཇོག་རོགས་ཞུ། སྐུ་མཁྱེན། སྐུ་མཁྱེན། སྐུ་མཁྱེན།
ལྷག་པར་དུ་གུ་རུ་རིན་པོ་ཆེའི་རྣམ་ཐར་གླེང་བའི་སྐབས་འདིར་བླ་རྒན་དེའི་མིང་ཡང་ཐོས་ན་མི་འདོད་ཀི
སྟོན་པ་སངས་རྒྱས་ཡུམ་སྒྱུ་འཕྲུལ་ལྷ་མོའི་བློ་གཡས་ལས་འཁྲུངས་པ་དེ་རྒྱུ་མཚན་དང་གནས་ལུགས་ཀྱི་ར་བ་ལས་འདས་པའི་རྒྱུ་མཚན་ཅི། དུས་རབ་འདིར་དེ་ལྟ་བུ་ཞིག་མཐོང་རྒྱུ་མེད་པའི་རྒྱུ་མཚན་གྱིས་སོ་སྙམས་ན། འོན་ན་རྒྱལ་བུ་དོན་འགྲུབ་ཀྱི་མངོན་པར་སངས་རྒྱས། དེས་ཆོས་གསུངས་པ་ཡང་རྒྱུ་མཚན་དང་གནས་ལུགས་ཀྱི་རྭ་བས་ལས་འདས་པ་ཡིན་པར་འགྱུར་ཞིང་། གཟིགས་པ་རྣམ་པ་ལྔས་གཟིགས་པ་ཡང་དེར་འགྱུར་རོ། སྐྱེས་བུ་ཚད་མ་དེ་ཡང་། ལོ་རྒྱུས་ཀྱི་རྭ་བ་ལས་འདས་པར་འགྱུར། དེས་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་ཆོས་གསུངས་པ་དེ་ཡང་ལོ་རྒྱུས་དང་གནས་ལུགས་ཀྱི་རྭ་བ་ལས་འདས་པར་འགྱུར་རོ།
སྤྱིར་སྔོན་གྱི་ལོ་རྒྱུས་དཔྱད་པའི་ཚེར། ཡུལ་ལུང་དེར་བྱུང་པའི་ལོ་རྒྱུས་ཡུལ་ལུང་དེར་ཕེབས་པའི་མཁས་པ་རྣམས་ཀྱིས་བརྩམས་པ་དང་། ལོ་རྒྱུས་རྣམས་རིས་སུ་བྲིས་པའམ་འབུར་དུ་དོད་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྙིང་པ་རྣམས་ལས་དཔྱད་དགོས། བདག་ཅག་གི་སྟོན་པ་དེ་ཡུམ་སྒྱུ་འཕྲུལ་ལྷ་མོའི་གཞོག་གཡས་ནས་མ་ལ་གནོད་པ་མེད་པའི་སྒོ་ནས་སྐུ་བལྟམས་པའི་ལོ་རྒྱུས་དེ། ང་རང་ཚོ་བོད་ཀྱིས་གསར་དུ་བྲིས་པའི་ལོ་རྒྱུས་ཞིག་གཏན་ནས་མ་རེད། དེ་རྒྱ་གར་རང་གི་མཁས་པ་རྣམས་ཀྱིས། བརྩམས་པའི་བསྟན་བཅོས་དང་ཆོས་འབྱུངས་མ་ཟད་པ། རྒྱ་གར་པ་རང་གིས་སྟོན་པ་སྐུ་བལྟམས་པའི་ཚུལ་རྡོ་ལ་བརྐོས་པའི་རྟེན་རྙིང་པ་ལུམ་བི་ནི་འགྲེམ་སྟོན་ཁང་དུ་ད་ལྟར་དངོས་སུ་མཇལ་རྒྱུ་ཡོད་ལ།
ཉན་ཐོས་སྡེ་བས་ཀྱང་། དུས་སྐབས་དེར་སྐྱེ་བོ་ཀུན་གྱི་ཐུན་ངོར་མ་གྲུབ་ན། ལོ་རྒྱུས་རྣམས་ཁས་ལེན་གྱིན་མེད་ཀྱང་། བདག་ཅག་གི་སྟོན་པ་གཞོག་གཡས་ནས་འཁྲུངས་པ་ལ། ཐེག་པ་ཆེ་ཆུང་ལ་ཁྱད་པར་ཡོད་པ་མ་མངོན།
རྒྱལ་བས་གསུངས་པའི་ཆོས་ལ་བརྟགས་ཅིང་དཔྱད་ནས་འཇུགས་དགོས་པ་གསུང་ཀྱང་། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ། རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ། རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དེ་བས་ཀྱང་བསམ་གྱིས་མི་ཁྱབ་པ་ཡང་གསུངས་ཡོད། བསམ་གྱིས་མི་ཁྱབ་པའི་དོན་དེ་རྣམ་བསམ་པའི་ཡུལ་དུ་རེ་ནས་དོགས་སློང་བྱས་ན། བློ་གྲོས་གསར་བུ་རྣམས་དང་། ལྷག་པར་གོང་ཞུས་ལྟར། ཆོས་མེད་རིང་ལུགས་ཀྱི་ལྟ་བའི་བགས་ཆགས་སྒོས་ཟིན་པ་རྣམས་ལ། ཕན་དང་གནོད་པ་གང་ཆེ་བསམ་ནས་གུས་པས་བསམ་ཚུལ་དེ་སྨྲས་པ་ཡིན།
འོ་རེད། བསམ་མི་ཁྱབ་ལ་དད་བྱས་བས།། རྣམ་པར་སྨིན་པའང་བསམ་མི་ཁྱབ། ། གསུངས་པ་མ་གཏོགས་བསམ་མི་ཁྱབ་ལ་དཔྱད་བྱས་ན་རྣམ་པར་སྨིན་པ་བསམ་མི་ཁྱབ་གསུངས་མི་འདུག ད་ངས་བྱས་ན་བསམ་མི་ཁྱབ་ལ་དད་པ་བྱེད་མཁན་རྣམ་གྱིས་བསམ་མི་ཁྱབ་ལ་དད་པ་བྱས། བསམ་མི་ཁྱབ་ལ་དཔྱད་པ་གཏོང་མཁན་རྣམས་ཀྱིས་བསམ་མི་ཁྱབ་ལ་དཔྱད་པ་བྱས་ན་ཡག་ས་རེད་སྙམ། དེ་ཡང་ར་བྲག་འདོད་ཀྱིས་བྲག། ལུགས་སྤང་འདོད་ཀྱིས་སྤང་བྱས་ན་ཡག་ས་རེད། འོན་ཀྱང་དགེ་སློང་ཅིག་ཡིན་ན་དགེ་རྩ་ནམ་ཆད་པ་ན་དེ་ནས་རྩ་བ་བཞིའི་སྒོ་ལ་མ་ཞུགས་ནའང་། སྡོམ་ལྡན་མ་ཡིན་པར་གྱུར་བར་འདུལ་བ་རང་ན་གསུངས་འདུག འདུལ་བའི་དགེ་རྩ་ཆད་པའི་ཚད་གཞི་དེ་རྩ་བ་བཞི་ལྟར་ངེས་དགོས།
བླུན་པོ་དད་པ་ཅན་རྣམས་ཀྱི་ངོར་མི་མེ་ཏོག་ལས་སྐྱེས་པ་དང་མི་མིའི་མཆན་ཁུང་ནས་སྐྱེས་ཞེ་ན་ཡ་མཚན་པའི་དག་སྣང་འཕེལ་སྲིད་ཀྱང་། དཔྱོད་ཤེས་པ་རྣམས་ཀྱི་ངོར་མི་ཞིག་མིའི་མངལ་ནས་སྐྱེས་པ་དེ་ངོ་སྤྲད་པ་ཡིས་མི་དེའི་སེམས་ནང་གི་དད་བརྙན་དེ་ཇེ་ཆུང་དུ་འགྲོ་རྒྱུ་ཅི་ཡང་ཡོད་པ་མ་རེད། གལ་སྲིད་ཡོད་ན་རང་ཉིད་ཀྱིས་སངས་རྒྱས་དང་བྱང་སེམས་ཀྱི་ཐུན་མོང་མིན་པའི་ཡོན་ཏན་དེ་སྤང་དང་རྟོགས་པའི་སྒོ་ནས་འཇོག་པ་དེ་མ་ཤེས་པའི་རང་རྟགས་ཕྱིར་མངོན་པ་རེད། ། དཔེར་ན་དགེ་ལུགས་པ་ཞིག་ཡིན་ན་བོད་ཀྱི་རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཁྲི་བ་ཨ་མའི་མངལ་ནས་འཁྲུངས་པ་རེད་ཅེ་ན་མི་བདེ་བ་ཅང་མེད་པ་དང་། རྙིང་མ་བ་ཞིག་ཡིན་ན་རྗེ་འབངས་ཉེར་ལྔ་ལ་དེ་བཞིན། བཀའ་བརྒྱུད་པ་ཞིག་ལ་ཏེ་མར་མི་དྭགས་གསུམ་དེ་བཞིན། ས་སྐྱ་པ་ཞིག་ལ་གོང་མ་རྣམ་ལྔ་དེ་བཞིན་མ་ཡིན་ནམ། ག་རེ་བྱས་ནས་རྒྱ་གར་གྱི་སློབ་དཔོན་ཤྰཀྱ་ཐུབ་པ་དང་པད་མ་སམྦྷ་ཝ་གཉིས་ཨ་མའི་མངལ་ནས་འཁྲུངས་པ་རེད་ཅེ་ན་དཀོན་མཆོག་གསུམ་ཁས་མ་བླངས་པ་ནང་བཞིན་ངོ་སྙེར་སྙེར་དང་མིག་དམར་དམར་གྱིས་ལྟ་གིན་ཡོད་པ་རེད། སྔོན་མར་བླུན་པོ་ཀརྨ་པ་ལ་དད་པ་ཡོད་མཁན་ཞིག་གིས་མཚུར་ཕུ་ནས་ཀརྨ་པའི་གསང་སྤྱོད་ངོ་སྤྲོད་བྱས་པ་དེ་ལ་ངོས་ལེན་མ་བྱས་པར། ཀརྨ་པ་ཟེར་ན་འགྲོ་བ་མིའི་ཤ་ཁྲག་ལས་གྲུབ་པ་ཞིག་མ་ཡིན་པར་འཇའ་ལུས་ལས་གྲུབ་ཡོད་པ་ཞིག་ཏུ་བསམས་པ་རེད། འདི་འདྲའི་བླུན་པོ་དག་གི་སྣང་ངོར་དོན་དངོས་པོའི་གནས་ཚུལ་དེ་ལ་ངོ་མཚར་ཅི་ཡང་མེད་པར་དེ་ལས་ལྡོག་སྟེ་གཅིག་གི་མགོ་ལ་གཉིས་དང་། བརྒྱ་ཡི་སྟེང་དུ་སྟོང་བསྣན་པའི་སྒྲོ་འདོགས་འུད་བསྟོད་ཀྱིས་བྲིས་པའི་གཏམ་རྒྱུད་མཚར་ལ་རིང་བ་དག་ནི་ད་གཟོད་མི་ཞིག་གི་ཚད་གཞི་འབྱེད་སྤྱད་དེ་ཡིན་ནི་རེད།
རྒྱལ་ སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༧པའི་ཚེས་༡༠ཉིན་སྤེལ། ཏཱ་ལའི་བླ་མ་མཆོག་གིས་ཁོང་ནི་མར་ཁེ་སི་རིང་ལུགས་པའི་བཙུན་པ་ཞིག་ཡིན་གསུང་ མོད། ཁོང་གིས་རང་དབང་གི་དཔལ་འབྱོར་ཁྲོམ་རའམ་རྒྱུ་ནོར་ལོངས་སྤྱོད་ཚབ་བྱེད་ཀྱི་ འདམ་ཀ་གཞན་རྙེད་ཀྱིན་མེད་པ་ནི་འགལ་བ་ལྟག་སྤྲོད་རེད། གསར་རྩོམ་འདིའི་བསྒྱུར་རྩོམ་གང་མགྱོགས་ངང་འདོན་སྤེལ་བྱེད་རྒྱུ་ཡིན་པར་དགོངས་ཚོམ་མེད་པར་མཁྱེན།
འོ་ད་དཔལ་འབྱོར་ཁྲོམ་ར་ཟེར་ན་ད་ངོ་ནས་ང་ལ་ཞ་ར་གནམ་བསྟན་དང་ནི་འདྲ་ཟིག་ཡིན་ནི་རེད། ད་འཛམ་གླིང་གི་དཔལ་འབྱོར་ཁྲོམ་ར་ཟེར་ན་གང་ཟིག་ན་ཡོད་ནི་རེད། ནེའུ་ཡོག་ན་ཡོད་ནི་ཟིག་འེ་རེད།
དཔལ་འབྱོར་ཁྲོམ་རྭ་མང་ཡང་ཉིག་ཡོར་ན་ཡོད་པའི་Wall Street ནི དེའི་དཔེ་མཚོན་ཡོད་ན་མེད་ན་དེ་རེད་ལགས།
འོ་ནེའུ་ཡོག་གི་ ABC ཟེར་བའི་ཚོང་ར་དེར་ས་གདན་གི་ལས་ཀ་བྱེད་ས་བདུན་ཕྲག་གཅིག་ལ་སོང་པ་ཡིན། ལས་ཀ་ཉིན་དང་པོར་ལྗིད་གི ཡིན་ན་ཡང་ཉིན་རྗེས་མ་རྣམས་ལ་དེ་འདྲའི་ལྗིད་མོ་མ་རེད། ཉིན་རེའི་མགྲོན་ཁང་ལ་སྒོར ༢༠༠ རེ། བདུན་ཕྲག་གི་ཟས་སོང་ལ་སྒོར ༣༦༠། ཉིན་རེའི་གླ་ཆ་སྒོར ༡༦༠རེ། རྔན་པ་ལ་སྒོར ༡༠༠ བཅས་རྩིས་བརྒྱབ་སོང་། དེ་ནི་དབྱར་ཚོང་རེད་ཟེར། ཉོ་མཁན་ནི་མང་ཆེ་བ་ཡོ་རོབ་ནས་རེད་འདུག ས་གདན་མང་ཆེ་བ་ཁ་ཆེའི་རྒྱལ་ཁབ་དག་ནས་ཐོན་པ་རེད་འདུག བོད་ཀྱི་ཁ་གདན་ཀྱང་འདུག ཡིན་ན་ཡང་བོད་ཀྱི་ཁ་གདན་དུར་ཀེ་ཤར་ནས་འཐགས་པ་གོང་ཆེ་ལ་ཚོང་འགྲིམ་པོ་ཡང་འདུག དེ་ནས་ང་བཀའ་བློན་ཁྲི་བས་བལ་ཡུལ་གྱི་ཁ་གདན་བཟོ་གྲྭ་སྒེར་བདག་ཅན་ལ་བསྒྱུར་བ་དེར་སྙིང་ལངས་སོང་། རང་རེའི་བཀའ་བློན་དེ་ཚོ་ཇི་འདྲའི་མིག་རྒྱང་ཐུང་ཐུང་རེད་ཨང་བསམ་སོང་།
ཀླུ་རིན་པོ་ཆེ་ལ་སོགས་པའི་དེང་སོང་གི་རིག་སྨྱོན་ཁ་ཤས་མ་བྱོན་པའི་སྔོན་གྱི་རྒྱ་དཀར་ནག། སེངྒ་ལ། བལ་ཡུལ་དང་བོད། གནས་གཏན་སྡེ་བའི་ལུགས་ཀྱིས་ཁྱབ་ཁོང་ཚུན་གྱི་མཁན་པ་ཡོངས་རྫོགས་དེ། བླུན་པོ་འབའ་ཞིག་དང་། དེ་རྣམས་དངོས་ཡོད་ལོ་རྒྱུས་དང་མི་མཐུན་པའི་གནས་ཚུལ་ཞིག་དངོས་བྱུང་ལོ་རྒྱུས་ཞིག་ཏུ་རྟོགས་ནས་ཡ་མཚན་པའི་བསྟོད་བསྔགས་དང་འཁྱོགས་བརྗོད་ལ་ཞུགས་པ་དེ་འང་ཤིན་ཏུ་ཡ་མཚན་པའི་གནས་སུ་འདོད།
རང་རེའི་བོད་ཀྱི་ཆོས་བརྒྱུད་ཆེན་པོའི་རྗེས་འབྲང་དེ་རྣམས་ཀྱིས་བོད་དུ་འཁྲུངས་པའི་དམ་པ་དེ་རྣམས་མངལ་ལས་སྐྱེས་པར་སྨྲས་པ་ལ་མི་བདེ་བ་མེད་པ་དེ་དངོས་བྱུང་ལོ་རྒྱུས་རང་དང་མཐུན་པའི་རྒྱུ་མཚན་གྱིས་རེད།
སྟོན་པ་སངས་རྒྱས་ཡུམ་སྒྱུ་འཕྲུལ་ལྷ་མོའི་གཞོག་གཡས་ནས་མ་ལ་གནོད་པ་མེད་སྐུ་བལྟམས་པའི་ཚུལ་བསྟན་པ་ལ་སོགས་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་དེ་དང་མི་མཐུན་པ་ཞིག་རྣམ་རྟོག་གིས་གསར་བཟོ་བྱས་པ་ཐོས་སྐབས་སེམས་ལ་མི་བདེ་བ་ཡོད་པ་དེ། བཤའ་བཅོས་བྱས་ནས་བླངས་པ་དང་། ཆོས་འབྱུང་ལས་བལྟམས་པས་ལོད་པ་དང་། གཞོག་གཡས་བུ་ག་མེད་པར་བལྟམས་པ་དང་། མེ་ཏོག་པད་མ་ལས་འཁྲུངས་པས་བཟང་བའི་རྒྱུ་མཚན་གྱིས་མ་རེད་ལ། སྟོན་པ་སངས་རྒྱས་ཀྱི་ཞལ་ནས་གསུངས། བཀའ་ཡི་བསྡུ་བ་པོ་རྣམས་ཀྱིས་བསྡུས། པཎྜི་ཏ་རྣམས་ཀྱི་་བཤད། གྲུབ་ཐོབ་རྣམས་ཀྱི་སྒོམ། མཁས་པ་རྣམས་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ཞིག་མ་ཡིན་པའི་རྒྱུ་མཚན་གྱིས་རེད།
བསམ་གྱིས་མི་ཁྱབ་པ་ལ་དད་པ་བྱས་ན། བསམ་གྱིས་མི་ཁྱབ་པའི་རྣམ་སྨིན་འབྱུང་པ་དེ་སངས་རྒྱས་ཀྱི་ལུང་ལ་བརྟེན་ནས་བསམ་གྱིས་ཁྱབ་ཀྱང་། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་མཛད་པ་དང་། རྫུ་འཕྲུལ་ནི་རང་རེས་བསམ་གྱིས་མི་ཁྱབ་ལ། བསམ་གྱི་མ་ཁྱབ་པའི་རྣམ་པ་སྨིན་པ་ཡང་དེ་ལས་ཀྱང་བསམ་གྱིས་མི་ཁྱབ། མུ་འཐུད་ནས་ཞུས་ཆོག
ངའི་བསམ་པར་རང་རེའི་ཆོས་ལུགས་དང་སྟོན་པའི་རྣམ་ཐར་འདི་དེང་སང་གི་ཞིབ་འཇུག་པ་དག་གི་ངོར་བདེ་ཞིང་དངོས་ཡོད་གནས་ཚུལ་དང་ཡང་མཐུན་ན་འཛམ་གླིང་ཤེས་བྱའི་བང་མཛོད་དུ་འཚུད་སླ་ཞིང་། དེ་འདྲ་མ་རེད་བསམས་ན་རྫུན་མཁན་ཆེན་པོ་དག་གི་སྙིང་ཁམས་ཀྱིས་ཀྱང་མི་ལྕོགས་པའི་གཏམ་རྒྱུད་དག་ལ། འདི་ནི་བསམ་གྱིས་མི་ཁྱབ་བོ། །དེ་ཡང་བསམ་གྱིས་མི་ཁྱབ་བོ། །ཞེས་བརྟག་ཞིབ་བྱེད་མཁན་དག་རིམ་པ་དགུའི་ས་འོག་ཏུ་ཆུགས་ལ་ཉལ་ནས་སྡོད་ལོ། །ཡེ་ཤུ་བ་དང་ཁ་ཆེ་བ་ཚོས་ཀྱང་ཁོ་ཚོའི་དཀོན་མཆོག་གི་སྐྱེས་རབས་ལོ་རྒྱུས་ལ་འཇིག་རྟེན་ཡོངས་གྲགས་ཀྱི་ལྟ་ཚུལ་སྤྱད་ནས་བརྟག་དཔྱད་བྱས་ན། འདི་ནི་བསམ་གྱིས་མི་ཁྱབ་བོ། །མི་ནི་ཉོན་མོངས་པ་དང་བཅས་པ་ཞིག་ཡིན་པས། ཉོན་མོངས་ཀྱི་སྐྱོན་དང་གདོད་མ་ནས་བྲལ་བའི་དཀོན་མཆོག་དང་ཨ་ལ་ཡི་ངོ་མཚར་ཞིང་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་འདོད་པ་ནི་ཧམ་པ་ཚ་བའི་ལས་ཀ་ཞིག་ཡིན་པས་ལམ་སེང་མེར་སྲེག་ཆུར་སྐྱུར་གྲིས་གཏུབ་རྡོ་རུབ་མ་བྱས་ན་བསམ་གྱིས་མི་ཁྱབ་པའི་གནས་དག་བསམ་གྱིས་ཁྱབ་པའི་དུས་ངན་སྙིགས་མ་ལས་ཀྱང་ཆེས་སྙིགས་མ་ཞིག་རིང་མིན་བསླེབ་ཀྱི་རེད་ཟེར་ནས་སེམས་ཁྲལ་དཔག་ཏུ་མེད་པ་ཞིག་བྱས་པ་རེད། ད་ལྟ་རང་རེ་ནང་བ་བའི་ཁྲོད་དུ་ཡང་གནའ་སྔ་མོའི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་སྲོལ་ཕྱེ་བའི་སྟོན་པ་སངས་རྒྱས་ཀྱི་གསུང་ལ་དྲང་ངེས་འབྱེད་ཆོག་པའི་ལུགས་སྲོལ་བཟང་པོ་དེ་རིང་དུ་ནུབ་ནས་ཀླ་ཀློ་ཕྱི་རོལ་པའི་ལྟ་ངན་ལྕགས་ཀྱི་སྒོ་མོ་ཅན་དེ་རིག་པ་ཡེ་ཤེས་ཀྱི་ཕྱོགས་སུ་རྣམ་པ་ཀུན་ཏུ་གདངས་པའི་དུས་ཤིག་ཏུ་བསླེབས་འདུག་གོ།
ཕྱོགས་གཅིག་ནས་ཀླུ་སྨྱོན་གྱིས་ལབ་པ་ལ་རྒྱུ་མཚན་བརྟན་བརྟན་ཡོད་པ་ཞིག་རེད་སྙམ་་་་་་་་་་་་་་་་་་་་་་ ཡང་ཕྱོགས་གཞན་ཞིག་ནས་ཐེག་ཆེན་གྱི་སྒྲུབ་མཐའ་ནས་གསུང་པའི་གཞི་ལམ་འབྲས་གསུམ་ལས་འབྲས་བུ་གསུངས་སྐབས་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་བྱ་བ་ཞིག་འབྲས་བུར་གསུང་ཡོད་པས་་་་་་་་་་་་་
གོང་དུ་ཚར་གཅིག་དྲི་བ་བྱེད་ཟིན་པ་ལྟར་འོ་ན་སྟོན་པ་སྤྲུལ་གཞི་ལོངས་སྐུས་སྤྲུལ་བ་ཡིན་པ་ཇི་ལྟར་འཐད་་་་་་་་་་་་་་་ གལ་ཏེ་དེ་དག་ཀྱང་སྒྲོ་བཏགས་ཡིན་ནོ་ཟེར་ན་འོ་ན་ཐེག་པ་ཆེན་པོའི་འབྲས་བུའི་རྣམ་བཞག་འཇིགས་པས་རྒྱུ་ལམ་གྱི་རིམ་པ་ལ་བསླབ་པས་འབྲས་བུ་སྐུ་བཞིའིསངས་རྒྱས་འབྱིན་མི་ནུས་པར་འགྱུར་བས་་་་་ ཐེག་ཆེན་གྱི་སྐྱབས་འགྲོ་དོན་མེད་ཡིན་ལ་་་་་་་དེར་བརྟེན་ཐེག་ཆེན་དོན་མེད་དུ་འགྱུར་བས་ཐེག་ཆེན་བཀའ་སྒྲུབ་ནམ་ཡང་མི་འཐད་པ་ཐེག་དམན་གྱི་ལུགས་ལྟར་མི་འགྱུར་རམ་སེམས་སོ་་་་་་་་་་་་་་་་
འཇིག་རྟེན་བཀོད་པ་པོའི་ལྷར་སྐྱབས་གནས་འཆའ་བ་རྣམས་ཀྱིས། སྐྱབས་ཡུལ་དེ་དག་གི་ལོ་རྒྱུས་རྣམས་མ་ཟད། ལྟ་བ་དང་གྲུབ་མཐའ་གང་ལ་ཡང་བརྟགས་དཔྱད་བྱེད་མི་ཆོག་ལ། དེ་དང་རང་རེ་ནང་པ་སངས་རྒྱས་པ་དང་མཚུངས་པའི་གོ་སྐབས་ལར་ནས་མེད།
སྐུ་ཉིད་ཀྱིས་རྣམ་དཔྱོད་ལ་ངལ་བ་མེད་ན། ནང་ཆོས་ཀྱི་ལོ་རྒྱུས་དང་། ལྟ་གྲུབ་ལ། དཔྱད་པ་ཆོག་དང་མི་ཆོག་གི་སྐད་ཆ་མེད། དཔྱད་ན་དཔྱད་རིན་ཆོག་གིན་ཡོད་པ་ཞིག་ཡིན། འོན་ཀྱང་། ནང་ཆོས་ལ་དཔྱད་སྒོ་མི་འདྲ་བ་མང་པོ་ཡོད།
ལུང་ལ་བརྟེན་ནས་དཔྱད་པ་དང་། དངོས་སྟོབས་ཀྱི་རིག་པ་ལ་བརྟེན་ནས་དཔྱད་པ། ལོ་རྒྱུས་མང་པོ་ཞིག་ནི། ལུང་ལ་བརྟེན་ནས་དཔྱད་དགོས་མ་གཏོགས་འཇིག་རྟེན་ཚུལ་མཐོང་གི་བསམ་ཡུལ་ལས་འདས་པ་ཡང་ཡོད། འཇིག་རྟེན་ཚུལ་མཐོང་གི་བསམ་ཡུལ་ལས་འདས་པ་དེ་རྣམས། འཇིག་རྟེན་ཚུལ་མཐོང་གི་བསམ་ཡུལ་བ་ཞིག་བཟོས་ན། དེ་སྔོན་གྱི་ལོ་རྒྱུས་དེའི་གནས་ཚུལ་དང་མཐུན་གྱིན་མ་རེད།
ལུང་ལ་བརྟེན་ནས་དཔྱད་དགོས་དུས། ལུང་ཁས་ལེན་དགོས། ལུང་ཁས་མ་ལོང་ན། དཔལ་ལྡན་ཟླ་བས་ཀླུ་སྒྲུབ་ཀྱི་ལུང་འདྲེན་ནས། བྱེ་སྨྲའི་ངོར་ལྡན་མིན་འདུ་བྱེད་རྫས་སུ་མ་གྲུབ་པའམ། བདེན་པར་མ་གྲུབ་པར་སྒྲུབ་པར་མི་ནུས་པ་ནང་བཞིན་རེད།
ལུང་འདི་ལ་གཟིགས་དང་། ཆོས་རྗེ་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས། འཁྲུལ་པའི་གྲུབ་མཐའ་སུན་འབྱིན་པའི། །རྣམ་གཞག་ཅུང་ཟད་བཤད་ཀྱིས་ཉོན། །མུ་སྟེགས་སྟོན་པ་དབང་ཕྱུག་སོགས། །མནན་པའི་སངས་རྒྱས་མཐོང་ནས་ནི། །དེ་བཟློག་པ་ཡི་བྲིས་སྐུ་ཞིག །མུ་སྟེགས་དབྱངས་ཅན་དགའ་བས་བྱས། །མཁས་པ་ཆེན་པོ་ཛྙཱན་ཤྲཱིས། །དེ་དང་རྩོད་པའི་རྩོད་གྲྭ་རུ། །རང་གཞན་གཉིས་ཀའི་སྡེ་པ་དང་། །རྒྱལ་པོ་སོགས་ཀྱི་དཔང་པོའི་གྲྭར། །སངས་རྒྱས་མནན་པ་རང་བཟོ་ཡིན། །དེས་ན་འཁྲུལ་པ་ཡིན་པར་བསྒྲགས། །དེས་ཀྱང་དབང་ཕྱུག་མནན་པ་ཡི། །སངས་རྒྱས་རང་བཟོ་ཡིན་ཞེས་བསྒྲེས། །དེ་ལ་མཁས་པས་འདི་སྐད་བརྩད། །སངས་རྒྱས་མནན་པ་ཁྱེད་ཀྱི་གཞུང་། །ཁུངས་མ་རྣམས་ནས་བཤད་པ་མེད། །མུ་སྟེགས་མནན་པ་ངེད་ཀྱི་རྒྱུད། །གདོད་མ་ཉིད་ནས་ཡོད་པ་ཡིན། །དེས་ན་ངེད་ཀྱི་རང་བཟོ་མིན། །དེ་ནས་སྤོབས་པ་མེད་གྱུར་ཚེ། །རྒྱལ་པོ་ཁྱོད་ཀྱི་ཡུལ་འདི་རུ། །འདི་འདྲའི་རང་བཟོ་འཕེལ་ན་ནི། །ད་དུང་རང་བཟོ་གཞན་འབྱུང་བས། །བསྟན་པ་སྤྱི་ལ་གནོད་པ་འདི། །ཁོ་རང་ལ་ཡང་ཅིས་མི་གནོད། །འདི་འདྲའི་རང་བཟོའི་ཆོས་ལུགས་ནི། །སངས་རྒྱས་པ་ལ་བྱུང་ན་ཡང་། །རྒྱལ་པོ་ཁྱོད་ཀྱིས་དགག་དགོས་སོ། །དེ་སྐད་བསྒོ་ནས་གྱང་རིས་བསུབས། །ཕྱི་ནང་གྲུབ་མཐའ་བརྩད་པ་ལའང་། །མུ་སྟེགས་གྲུབ་མཐའ་ཕམ་མཛད་ནས། །སངས་རྒྱས་བསྟན་པ་འཕེལ་ཞེས་ཐོས།
གལ་སྲིད་ཁྱེད་ཀྱིས་ཆོས་མེད་རིང་ལུགས་ཀྱི་ལྟ་གྲུབ་བཟུང་ནས། སྟོན་པ་སངས་རྒྱས་ཀྱི་ལོ་རྒྱུས་ལ་དཔྱད་པ་ཡིན་ན། ངས་དེ་དང་མཚམས་པའི་བརྟགས་དཔྱད་རེ་བྱ། གོང་དུ་ཞུས་པ་རྣམས་རང་རེ་གཉིས་ཆར་གྱིས། ལུང་ཁས་ལེན་པ་གཞི་གཞག་གིས་བརྟགས་དཔྱད་ཅུང་ཟད་བྱེད་ཁུལ་བྱས་པ་ཡིན།
ཞིབ་འཇུག་བྱེད་མཁན་རྣམས་ཀྱི་དམིག་ཡུལ་དེ། སོ་སོའི་བློ་ངོར་མཐུན་པ་ཞིག་བརྙེད་རྒྱུ་དེ་མ་རེད། དེ་དག་གི་དམིགས་ཡུལ་དེ། དངོས་བྱུང་གནས་ལུགས་དེ་བརྙེད་རྒྱུ་དེ་རེད། དེང་སོང་གི་ལོ་རྒྱུས་དཔྱད་ཞིབ་པ་རྣམས་ཀྱི་བློ་ངོར་མཐུན་པ་ཞིག་བཟོ་བའི་ཆེད་དུ། ལོ་རྒྱུས་རེ་གསར་བཟོ་བྱེད་དགོས་ན། དུས་རབས་རེ་རེ་མཚམས་ནས། གསར་བཟོ་རེ་བྱེད་མི་དགོས་པའི་ངེས་པ་མེད།
དྲྭ་གྲོགས་རྣམས་ཀྱིས་བགྲོ་གླེང་ཡག་ཐག་ཆོད་གནང་བཞིན་རེད། ངེད་ཅག་ཀློག་མཁན་རྣམས་ལ་བློ་སྒོ་འདྲ་འབྱེད་གྲབ་དང་། ཐེ་ཚོམ་འདྲ་ཤོར་གྲབ་བྱེད་ཀྱི་འདུག རིག་པའི་རལ་གྲི་ཟེར་བ་འདི་དངོས་གནས་ཀླད་རྙིང་འཁྲེག་བཟུང་བྱེད་ཅིང་། ཀླད་པ་དྲི་ང་ངེས་ཤེས་པ་ཞིག་རེད་འདུག ཀླད་གསར་བ། གསར་གཏོད་པ་རྣམས་ལ་རོག་དན་ཡོད། སྟོན་པ་སངས་རྒྱས་དེ། མཚན་རིག་རྒན་པོ་ཞིག སྒྲུབ་ཐུབ་ན་དེས་ཆོག སངས་རྒྱས་ཟེར་བ་ནི། ཇི་ཙམ་བཤད་ཀྱང་རང་རེར་མི་ཚེ་འདིར་གོ་གང་ཡང་མི་ཆོད།
༈ པདྨ་ལས་འཁྲུངས་བ་དང་གློ་གཡས་ནས་འཁྲུངས་པ་སོགས་གང་ཡིན་ཡང་རུང་ལས་སྣང་བསམ་མི་ཁྱབ་པ་རེད། ཉིས་སྟོང་དྲུག་གི་ལོར་ཉི་ཧོང་ནས་ཤེལ་གྱི་སྒམ་ཆུང་ནང་ནས་ལུ་གུ་ལག་བཟོ་མཚེ་མ་སྐྱེས་པ་དངོས་ཡོད་གནས་ཚུལ་དང་སྐབས་དེར་ཐོ་ཁྱོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་ལོ་རྒྱུས་ནང་གི་སྒྲུང་གཏམ་དུ་བརྩི་བ་པདྨ་ལས་སྐྱེས་པ་དང་། ཁམ་བུ་ལས་སྐྱེས་ཟེར་བ་ཐམས་ཅད་གཞི་མེད་པ་མ་རེད། འབྱུང་ཡང་སྲིད་པ་རེད། སྐབས་དེའི་འབྱུང་བའི་འགྱུར་བ་དང་སྲིན་འབུ་ཕྲ་མོའི་འགྱུར་བ་ལ་རྩིས་བྱེད་ཐུབ་ན་སྒྲུང་གཏམ་ཡང་དངོས་ཡོད་ལོ་རྒྱུས་སུ་འགྱུར་ཐུབ་སྲིད་པ་རེད་ཅེས་བཤད་འདུག ཡང་ཉེ་་དུས་སུ་ཨ་རིའི་འགྱུར་བ་མ་ནིང་གི་སྐྱེས་པ་ཞིག་ལ་བུ་སྐྱེས་པ་དང་། ཕོ་མོ་འདུས་མི་དགོས་པར་རྣ་བའི་ཕྲ་སྲིན་ལས་ཙི་ཙི་བཟོས་པ་སོགས་ལོ་ཉི་ཤུའི་སྔོན་མི་སྲིད་པར་དམ་བཅས་པ་དེ་དག་རེ་རེ་ནས་འཇིག་འགྲོ་བ་གཟིགས་བཞིན་པ་ལགས། པདྨ་ལས་འཁྲུངས་ཟེར་བ་ཡང་གུ་རུ་གཅིག་པོ་མ་རེད། ཨོ་རྒྱན་ཡུལ་ལ་མཁའ་འགྲོ་གྲུབ་པའི་རྒྱལ་མོ་དང་། སངྒ་ལ་རུ་འཕགས་པ་ལྷ། རྒྱ་ནག་ཡུལ་དུ་རྒྱལ་སྲས་ཨུ་ཏྲ་སོགས་མང་པོ་བྱུང་མྱོང་ཡོད་པ་རེད། བསམ་མི་ཁྱབ་པའི་ཡུལ་ཁས་མ་བླང་ན་འཇིག་རྟེན་ན་གྲགས་ཤིང་གྲུབ་པ་མང་པོ་ཞིག་འགྲེལ་བཤད་ཅི་ཡང་མེད་པའི་ཡན་གར་བར་འགྱུར་ངེས། ནང་པ་ཞིག་ལ་མཚོན་ན་ཐེག་དམན་གྱིས་སངས་རྒྱས་དགྲ་བཅོམ་པ་ལས་གཞན་གྱིས་མི་རྟོགས་པ་དེ་ཐེག་ཆེན་དང་། ཐེག་ཆེན་པའི་མདོ་སྡེ་ཕལ་པོ་ཆེའི་བསམ་མི་ཁྱབ་པའི་ལེའུ་དང་ཆོས་ཀྱི་དབྱིངས་ལ་འཇུག་པའི་ལེའུ་་སོགས་ནས་བསྟན་པའི་ཏིང་ངེ་འཛིན་གྱི་སྒོ་བསམ་མི་ཁྱབ་པ་དེ་སྔགས་སུ་ཉམས་ལེན་དང་ལག་ལེན་གནང་བཞིན་པ་དེ་མིན་ནམ་སྙམ། ནང་པའི་ཆོས་ལ་ཞིབ་འཇུག་བྱེད་པའི་ཡུལ་གྲངས་མེད་པ་བཞུགས་ཤིང་། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་ཞིབ་འཇུག་དང་ཁ་སྐོང་དགོས་པ་ཧ་ཅང་མང་པོ་ལྷག་ཡོད་པས་མཐའ་གཅིག་ཏུ་དགོས་པ་ཆུང་ལ་དགག་བྱ་ཆེ་བའི་ཉམ་ཆུང་སོ་སྐྱེས་རྣམས་ཀྱི་དད་མོས་བྱེད་ཡུལ་ལ་དཔྱད་པའི་ཟོལ་གྱིས་ཟུར་ཟས་མཚོན་འདེབས་པའང་ཡོན་ཏན་ཅན་དུ་འགྱུར་རམ་སྙམ། དད་པ་ཅན་གྱི་རྒྱུད་དཀྲུགས་པ་དང་། དགེ་བ་ཅན་གྱི་ཚོགས་བཅག་པ་སོགས་ལས་འབྲས་ལ་ཡིད་ཆེས་མཁན་ཞིག་ཡིན་ཚེ་ཐུགས་སྣང་དགོས་པ་ཞིག་མིན་ནམ་སྙམ། གྲུབ་ཐོབ་ཡིན་ཡང་བསེ་རུ་དང་ཚོགས་སྤྱོད་ཐ་དད་དུ་འབྱེད་དགོས་པ་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་ལན་གཅིག་མིན་པར་བསྔགས་པས་མཁས་པ་དང་སྤྲུལ་བའི་སྐུ་ཁྱེད་ཅག་ལ་རྒྱུས་ཆེ། རྨོངས་བློར་གང་དྲན་ཕན་སེམས་ཀྱིས་བཤད་པར་ཆོས་དབྱིངས་ཚོམ་འཁྲུགས་མེད་པར་མཁྱེན།
འདི་ནའང་དཔེ་མི་སྲིད་པ་ཞིག་འདུག རྒྱ་ནག་ཧོ་ནན་ཞིང་ཆེན་གྱི་བདག་མེད་གསོས་ཕྲུག་བུ་མོ་ལོ་གཅིག་ཅན་ཞིག་ལ་མངལ་ཆགས་འདུག
河南省漯河市召陵區傳出1歲女童懷孕的怪事!夢茹出生沒多久就遭父母棄養,漸漸長大的她,沒想到肚子卻也一天天變大,大如鼓的肚子就佔了身體二分之一,像極身懷六甲的孕婦。
經過漯河市中心醫院CT檢查後,在小夢茹肚子裡發現一個未發育成熟的胎兒。醫師表示,這是相當罕見的「孿生寄生胎」,也屬於先天性疾病,而且若沒有馬上開刀取出,小女孩恐怕會有生命危險。
「孿生寄生胎」發生機率低,一般而言,母體會排出兩個卵細胞,受精後正常將發育成兩胎兒,若兩細胞一大一小,小的發育不良將會被包入大細胞團所發育的胎兒體內,造成「胎中胎」的情形。
但是夢茹的養父母家境貧困,正積極四處籌錢讓她動手術,當地政府目前則發起愛心募捐,著手協助她能儘早接受治療。
ངས་བསམས་ན་དྲ་གྲོགས་ཁྱེད་ཅག་གི་སྣང་ངོར་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཆོས་དེ་དག་གི་ཁྱེད་ཅག་རང་གི་ལུགས་སྲོལ་ལ་སྨྲ་བསམ་བརྗོད་མེད་ཡིན་ཞེ་ན་ཤིན་ཏུ་ནས་ཀྱང་འཐད་མོད། ཁྱེད་ཅག་གིས་ཀྱང་དེ་ལྟ་བུའི་ཁྲིམས་ལུགས་དེ་གཏོར་ནས་བསམ་གྱིས་མི་ཁྱབ་པ་དེ་ལ་འདི་འདྲ་རེད་དེ་འདྲ་རེད་ཟེར་ནས་རང་གི་དམ་བཅའ་རང་གིས་བཤིགས་པ་མ་ཚོར་བའི་སྒོ་ནས་བསམ་བློ་རེ་གཏོང་ཁུལ་བྱེད་ཀྱིན་འདུག་ག བསམ་གྱིས་མི་ཁྱབ་པའི་སངས་རྒྱས་དེ་གློ་གཡས་ནས་འཁྲུངས་དང་མ་འཁྲུངས་ཀྱི་སྐད་ཆ་ཞིག་བཤད་ཕྱིན་ཆད་བསམ་གྱིས་མི་ཁྱབ་པ་དེ་བསམ་གྱིས་ཁྱབ་པའི་ཁོངས་སུ་བསླེབས་ཚར་བ་དེ་ཙམ་ཐུགས་ལ་འཆར་མི་ཐུབ་བམ། ཁྱེད་ཅག་ལ་མཚོན་ན་ཡེ་ཤུའི་དཀོན་མཆོག་དང་ཁ་ཆེའི་ཨ་ལ་བཞིན་བསམ་གྱིས་མི་ཁྱབ་པ་དེ་སྨྲ་བསམ་བརྗོད་མེད་རང་དུ་བཞག་ནས་བསྡད་ན་འགྲིག་ཐག་ཆོད་ཅིག་ཡིན་ན་ཡང་། ཁྱེད་ཅག་ཀྱང་སྡོད་མ་ཚུགས་པར་བསམ་གྱིས་མི་
ཁྱབ་པ་དེ་བསམ་བློའི་ཁྱབ་ཁོངས་སུ་བཅུག་པ་དང་སྨྲ་བསམ་བརྗོད་མེད་དེ་སྨྲ་བསམ་བརྗོད་ཡོད་དུ་བྱས་འདུག་པས། ཉེས་པ་ཆེན་པོ་དེ་ཁྱེད་ཅག་ལ་ཡོད་ཀྱི། ངས་ནི་དང་པོ་ཉིད་ནས་སངས་རྒྱས་སྐུ་འཁྲུངས་འདས་ཀྱི་སྐོར་འདི་བསམ་གྱིས་མི་ཁྱབ་པ་དང་སྨྲ་བསམ་བརྗོད་མེད་ཡིན་པར་ཁས་ལེན་བྱས་མེད་དོ། །
དྲྭ་གྲོགས་ཚོའི་བགྲོ་གླེང་ནི་རྒྱ་ཆེ་ལ་གཏིང་ཟབ་པ་གནའ་དེང་གི་རིག་པ་ཀུན་ལ་རྒྱུས་མངའ་ཆེ་བའི་མཁས་པའི་
གསུང་གི་ཉམས་དང་ལྡན་པ་ཞིག་མཐོང་ཞིང་འདི་འདྲའི་བགྲོ་གླེང་ལྷུག་པོ་གནང་བར་ཐུགས་རྗེ་ཆེ་ཞུ། ལྷག་བསམ་
རྒྱ་མཚོ་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཀླུ་བླ་ཡེ་ཤེས་རིན་པོ་ཆེས་སྟོན་པ་ཡུམ་གྱི་གློ་གཡས་ནས་བལྟམས་
པ་ལ་ཞལ་རྩེད་གནང་བ་ནི་གོང་གི་ཤེས་རབ་ཟེར་བ་དེ་ལ་མགོ་མཚུངས་ཀྱི་རིག་པ་ཚ་ཐག་ཆོད་ཅིག་དང་།
སྐྱེས་བུ་དམ་པ་རྣམས་ཀྱི་འཁྲུངས་ཚུལ་ངོ་མཚར་བ་ཡིན་པ་ཤེས་དགོས་པའི་བརྡ་ཙམ་ཞིག་ཡིན་པ་ལས་ཁོང་ལ་དེ་
ལྟ་བུའི་ལོག་ལྟ་ནི་ག་ལ་མངའ། སྤྱིར་ཡང་དགེ་ཆོས་ཀྱིས། བསམ་གྱིས་མི་ཁྱབ་པ་ཁས་མི་ལེན་ན་ཐེག་པ་ཆེན་པོ་
ཁས་མི་ལེན་པའི་གྲལ་དུ་བཞུགས་མེད་དམ། གསུངས་པ་བཞིན་ཐེག་ཆེན་ཁས་མི་ལེན་ན་གནས་ཚུལ་ཐ་དད་རེད་
གལ་ཏེ་ཁས་ལེན་ན་བསམ་གྱི་མི་ཁྱབ་པའི་གནས་མང་པོ་ཁས་ལེན་དགོས་པས་ཐེག་ཆེན་གྱི་མདོ་སྡེ་རྣམས་ནས་
ཕལ་བའི་བློ་ཡུལ་དུ་མི་ཤོང་བ་མང་པོ་གསུངས་ཡོད་པ་དེ་ཚོ་ལ་ཡིད་ཆེས་དགོས་པ་རེད། དེར་ཡིད་ཆེས་ན་གཏེར་
ཆོས་དང་པདྨའི་རྣམ་ཐར་སོགས་གཅིག་མཚུངས་བཞིན་ཁས་ལེན་ཐུབ་ཀྱི་རེད། ཀླུ་སྒྲུབ་ཀྱིས་རྒྱས་པ་འབུམ་ཀླུ་ཡུལ་
ནས་དྲངས་པ་ལ་གཏེར་མ་དང་། བྱམ་ཆོས་སྡེ་ལྔ་ལ་ཐོགས་མེད་ཀྱི་དག་སྣང་ཞེས་བརྗོད་ན་མི་ཆོག་པ་ཇི་ཞིག་ཡོད།
ཤིང་རྟ་གཉིས་ཟེར་དུས་ཧ་ལས་མདོག་བྱེད་རྒྱུ་རེད།
སངས་རྒྱས་དེ་མི་ཞིག་ཡིན་པར་བསྒྲུབས་ན་ཆོས་མེད་རིང་ལུགས་པའི་ཁོངས་སུ་འདེད་ཀི་འདུག་ག ཡ་ཡ། གནས་བརྟན་སྡེ་བའི་ལུགས་སུ་སངས་རྒྱས་ཀྱི་ཉིན་གང་གི་མཛད་པའི་ཁྲོད་དུ། སྐབས་སུ་སྐུ་ལུས་བསལ་ཅིང་ཞེས་པ་ཞིག་ཡོད་པ་དེ་ནི་སངས་རྒྱས་ཆབ་གསང་ལ་ཕེབས་པའི་དོན་ཡིན་པས། ད་འོ་ན་ཁྱེད་ཅག་གིས་སངས་རྒྱས་ཀྱིས་འགྲོ་བ་མི་སྤྱི་དང་མཚུངས་པར་བཞེས་ལག་མཆོད་དགོས་པ་མ་གཏོགས་འགྲོ་བ་མི་སྤྱི་དང་མི་མཚུངས་པར་ཆབ་གསང་ལ་ཕེབས་མི་དགོས་ཟེར་རྒྱུ་རེད་ལ། གལ་སྲིད་འདོད་ན་གོང་དུ་བརྗོད་པའི་བཀའ་བརྒྱུད་པའི་མི་བླུན་པོ་ཀརྨ་པས་སྐྱག་པ་གཏོང་མི་དགོས་ཟེར་བ་དེ་དག་ཁྱེད་ཅག་ལ་ཁྱད་པར་སྤུ་ཙམ་ཡང་ཡོད་རེ་སྐན། ངས་བསམས་ན་སངས་རྒྱས་མི་ཞིག་ཡིན་པའི་སྒྲུབ་བྱེད་ནི་སངས་རྒྱས་མི་ཞིག་མ་ཡིན་པའི་སྒྲུབ་བྱེད་ལས་ལྡབས་ཀྱིས་མང་བ་རེད་འདུག ཞིབ་ཏུ་བསམས་ན་ལོས་ཀྱང་ཡིན་ཏེ།
ཁོང་ཕ་མ་གཉིས་ཀྱི་ཁུ་ཁྲག་གི་དབུས་སུ་བཞུགས།
ཟླ་དགུ་ཞག་བཅུའི་རྗེས་སུ་ཨ་མའི་མངལ་ལས་འཁྲུངས།
མངལ་ཁྲག་བཞུར་བ་མང་དྲགས་པའམ་གཤག་བཅོས་ལམ་ལྷོངས་མ་སོང་བར་ཨ་མ་གྲོངས་པའི་རྐྱེན་གྱིས་སངས་རྒྱས་ལ་བུ་རྫི་བཞག
དེ་ནས་སངས་རྒྱས་རང་དང་ལོ་ན་མཉམ་པའི་བྱིས་པ་དག་ལ་འགྲོགས་ནས་སློབ་གྲྭར་ཕེབས།
ནར་སོན་ནས་ལུས་རྩལ་སྣ་ཚོགས་སྦྱངས།
དེ་ནས་བཙུན་མོ་བླངས་ཏེ་འདོད་པའི་རྩེ་དགའ་ལ་རོལ།
ཁོང་དང་རང་གི་དགའ་མའི་བརྩེ་དུང་གི་འབྲས་བུར་གྱུར་པའི་སྲས་འཁྲུངས།
དེ་ནས་ཡབ་དང་ལྷན་དུ་ཞིང་ཁ་ཞིག་ཏུ་ཕེབས་དུས་སྦྲུལ་ཞིག་གིས་སྦལ་བ་ཞིག་མིད་པ་གཟིགས་ནས་སྙིང་རྗེ་འཁྲུངས།
དེ་སོགས་སྐྱེ་རྒ་ན་འཆི་ལ་འཇིགས་ནས་སྲིད་པའི་ཕུན་ཚོགས་བཞག་སྟེ་ནགས་སུ་གཤེགས།
ཡིན་ན་ཡང་དགོང་མོ་དེར་རང་གི་དགའ་མའི་པང་དུ་སྲས་གཉིད་ཁུག་འདུག་པ་ལ་ཞེན་ཆགས་ཀྱིས་ལན་གསུམ་གྱི་བར་དུ་ཕྱི་མིག་གཟིགས།
དེ་ནས་ནགས་སུ་གཤེགས་ཏེ་ཧིན་རྡུའི་སློབ་དཔོན་བསྟེན་ནས་དཀའ་ཐུབ་ཀྱི་སྒྲུབ་པར་ཞུགས།
དེས་ཉོན་མོངས་མངོན་གྱུར་རེ་མགོ་གནོན་པ་མ་གཏོགས་ཉོན་མོངས་ཕྲ་རགས་ཐམས་ཅད་རྩ་ནས་སྤོང་མི་ནུས་པར་གཟིགས།
ཉིན་ཞིག་བཀྲེས་ལྟོགས་ཀྱིས་དྲན་མེད་དུ་བརྒྱལ་ཡོད་དུས་གྲོང་བའི་བུ་མོ་ཞིག་གིས་རིག་ནས་འོ་ཐུགས་ཕུལ་ཏེ་ཁོང་གི་སྐུ་སྲོག་བསྐྱབས།
དེ་ལས་ཟས་རགས་པ་སྟོབས་ཆེ་བར་གཟིགས་ནས་ཧིན་རྡུ་བའི་དཀའ་ཐུབ་བཏང་།
བ་རྫི་ཞིག་ལས་རྩྭ་ཞིག་སླངས་ཏེ་དེའི་སྟེང་དུ་སྒྲིབ་པ་གཏན་སྤངས་གནང་།
དེ་ནས་རང་གི་འཁོར་བསྡུས་ནས་ཆོས་གསུངས།
ཆོས་དེ་ཡང་སློབ་མའི་རྒྱུད་དང་མཐུན་པ་ཞིག་གསུངས།
ཁྱོད་ཚོས་ཡོད་ཟེར་བ་དེ་ངས་ཀྱང་ཡོད་པར་ཁས་ལེན་གསུངས།
ཧིན་རྡུ་བ་དང་ཁོང་ལ་མི་དགའ་བའི་རིགས་རུས་གཅིག་པ་ཚོས་རྣམ་པ་དུ་མར་རྡུང་རྡེག་བཏང་སྟེ་སྐུ་ལུས་ལས་ཁྲག་ཐོན་པ་ཉུང་ཉུང་མིན།
མཚམས་རེར་གུང་ཚིགས་མ་རག་པའི་སྐུ་ངལ་ཡང་མྱངས།
སློབ་མ་མཆོག་ཏུ་གྱུར་པ་དུ་མ་ཞིག་བྱུང་།
ཡིན་ན་ཀུན་གྱིས་ཁོང་གི་ཆོས་བརྒྱུད་འཛིན་མཁན་དུ་རེ་བ་བཅངས་པའི་མཆོག་ཟུང་གཉིས་ཁོང་མ་འདས་པའི་སྔ་རོལ་ཏུ་གཤེགས།
དེ་ལ་ཁོང་དང་སློབ་མ་ཐམས་ཅད་ཐུགས་ཕམ་བྱུང་།
སློབ་མའི་ཁྲོད་ཀྱི་བློ་གྲོས་ཕུལ་དུ་ཕྱིན་པ་འགའ་ལ་ཐེག་ཆེན་སྤྱི་དང་གསང་སྔགས་ཀྱི་ཆོས་ཕྲན་བུ་རེ་གསུངས།
སྐུ་བགྲེས་ནས་སློབ་མ་རྣམས་ཀྱིས་གྲོས་བྱས་ཏེ་ཀུན་དགའ་བོ་ཞབས་ཞུར་བཞག
སྐབས་དང་སྐབས་སུ་རྫུ་འཕྲུལ་རེ་ཡང་བསྟན།
དེ་ཡང་གཙོ་བོ་གྲུབ་མཐའ་གཞན་དང་འགྲན་བསྡུར་གནང་བའི་སྐབས་སུ་ཡིན།
རྩྭ་མཆོག་གྲོང་དུ་སྐུ་གཤེགས་སུ་ཕེབས།
ལམ་བར་ནས་སྐུ་ལུས་བསྙུང་སྟེ་ཐེངས་མང་སྐུ་ངལ་གསོས།
ཀུན་དགའ་བོས་སྐུ་ལུས་ལ་འཕུར་མཉེད་ལན་མང་ཕུལ་ཏེ་རྩྭ་མཆོག་གྲོང་དུ་ཕེབས་ཐུབ་ཙམ་བྱུང་།
མགར་བའི་བུ་ཙུནྡ་ཞུ་བ་ཞིག་གི་ལག་ནས་ཟས་ཤིག་བཞེས་པ་དེས་རྐྱེན་བྱས་ནས་སྐུ་གཟུགས་ཆེར་བསྙུང་ནས་མྱ་ངན་ལས་འདས།
སྐུ་གདུང་རས་བཟང་པོས་དཀྲིས་ཏེ་ལྕགས་ཀྱི་གཞོང་བ་ཁ་སྦྱར་ཞིག་གི་ནང་དུ་བཅུག་སྟེ་ཙན་དན་དཀར་དམར་གྱི་མེས་བསྲེགས།
རིང་བསྲེལ་གྱི་དོན་དུ་འཁྲུགས་པ་ཆེན་པོ་ཞིག་ལངས།
མཐའ་མར་ཆ་བརྒྱད་དུ་བགོས་ནས་ཁྲག་བཞུར་གྱི་དོན་རྐྱེན་མ་བྱུང་ཙམ་དུ་གྱུར།
མི་ཡུལ་དུ་དགུང་ལོ་བརྒྱད་བཅུ་དང་གྱ་གཅིག་དང་གྱ་གཉིས་བཞུགས་པའི་བཤད་ཚུལ་མི་མཐུན་པ་འགའ་བྱུང་།
སངས་རྒྱས་ནས་མི་ཡུལ་དུ་ལོ་ངོ་ཞེ་ལྔའི་རིང་ཆོས་གསུངས།
ངས་ནི་སངས་རྒྱས་ཀྱི་མཛད་པ་དག་འདི་ལྟ་བུ་ཞིག་ཏུ་མཐོང་།
ལོ་རྒྱུས་ལ་ཕྱི་མིག་ཞིག་ལྟ་དུས་འཛམ་གླིང་གང་སར་ཆོས་ལུགས་སྟོབས་ཆེ་བའི་སྐབས་ཚན་རིག་པའམ་འཇིག་རྟེན་འདི་བ་སྨྲ་བ་མང་པོ་ལ་ཆོས་ལུགས་ཀྱི་མི་སྣ་གཙོས་པའི་ཆོས་སེམས་ཅན་ཚོས་གསོད་ཐུབ་ན་གསོད་རྐྱང་དང་ཐ་ན་རྡོ་རེ་རེ་དང་དབྱུག་པ་འབུད་ཙམ་རེ་ལས་མེད་ནའང་ཞུས་ཨེ་ཐུབ་བྱེད་་་་་་་་་་་་་་་་
ཡང་གསར་བརྗེ་རེ་ལངས་དུས་མ་ཎི་ཞིག་འདོན་ནའང་ཁོས་མ་ཎི་འདོན་གྱིན་འདུག་ཟེར་ནས་རྡུང་རྡེག་བཏང་སྟེ་སྐབས་རེ་བསད་པ་སོགས་ཡོང་གིན་ཡོད་པ་འདི་འཇིག་རྟེན་གྱི་སྐྱི་གཡའ་བའི་ཡོ་ལང་ཐབས་སྡུག་ཞིག་རེད་འོན་ཀྱང་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་ཚང་མ་ལ་འདྲ་མཉམ་ཡོད་་་་་་་་་་་་་་་
ཚན་རིག་གམ་ཆོས་སམ་ལྟ་བའམ་སྒྲུབ་མཐའ་གསར་རྙིང་གང་ཡིན་རུང་རང་རང་གང་ལ་ཡིད་ཆེས་ཡོད་པ་དེར་ཡིད་ཆེས་ཆོག་པའི་ཐོབ་ཐང་ཀུན་ལ་ཡོད་འོན་ཀྱང་ཚན་རིག་དར་ཆེ་སའི་རྒྱལ་ཁབ་མང་པོར་ཆོས་ལུགས་ཉམས་འགྲོ་བ་ཚང་མས་མཁྱེན་གསལ་རེད་་་་་་་་་་་
ཡིན་ན་ཡང་མང་པོས་མ་མཁྱེན་པ་ནི་ཡི་ཤུའི་ཆོས་ལུགས་ཉམས་འགྲོ་བ་དང་དུས་མཚུངས་སུ་ནང་པའི་ཆོས་དེ་མེ་མཆེད་པ་བཞིན་དུ་ནུབ་ཕྱོགས་རྒྱལ་ཁབ་མང་པོར་ཁྱབ་བརྡལ་འགྲོ་བཞིན་པ་འདི་རེད་་་་་་་་ གཅིག་བྱས་ན་འདི་ནུབ་ཕྱོགས་པའི་ཨ་གསར་ཡིན་སྲིད་ལ་དེ་ལས་རྒྱུ་མཚན་གཏིང་ཟབ་པ་ཞིག་ཀྱང་ཡོད་སྲིད་་་་
སེམས་ཁམས་རིག་པ་བ་འགའ་ཤེས་ཀྱིས་ནང་ཆོས་དེའི་ནང་ནས་སྤྱོད་འཇུག་ཤེས་ན་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་སྟངས་ཤེས་རྒྱུར་ཕན་ཐོགས་འདུག་ཟེར་མཁན་ཡང་བྱུང་བྱས་ཙང་ང་ཚོ་གནས་ཚུལ་འདིའི་ཐོག་ནས་སྤོབས་པ་བྱེད་དགོས་ཡག་རེད་བཞག་་་་་་་་་་་་་
ཆོས་ཁས་ལེན་མཁན་ནང་ཕན་ཚུན་ད་སྨོས་ཅི་དགོས་ཏེ་ཆོས་ཁས་ལེན་མཁན་ཞིག་གི་ངོས་ནས་ཆོས་ཁས་མི་ལེན་པའི་མིའི་བསམ་བློ་ཤེས་རྒྱུ་གལ་ཆེན་པོ་རེད་ལ་ཆོས་ཁས་མི་ལེན་མཁན་ཡིན་ནའང་ཆོས་ཁས་ལེན་མཁན་མཁས་པ་ཚོའི་ག་རེ་བཤད་ཡག་ཡོད་པ་ཉན་རྒྱུ་གལ་ཆེན་པོ་རེད་སྙམ་་་་་་་་་་་་་་
ཚང་མ་ལ་བཀྲ་ཤིས་བདེ་ལེགས་་་་་་་་་་་་་་་་་་་
དེང་སང་ཚན་རིག་གི་རྩལ་ལག་ཇེ་ཟབ་ཏུ་སོང་བའི་དུས་ཚོད་ལ། གཏེར་མ་ཟེར་བ་འདི་ཁུངས་སྐྱེལ་ས་མིན་འདུག ཕ་རན་སིའི་བོད་རིག་པའི་མཁས་དབང་ཤིག་གིས་གསུངས་སྐད་ལ། གཏེར་ཡིག་དེ་ཚོའི་ཤོག་བུའི་དུས་ཚོད་དང་གཏེར་སྦས་མཁན་གྱི་དུས་ཚོད་ཁ་མི་མཐུན་པ་རེད་གསུངས་། དཔེར་ན་སློབ་དཔོན་རི་པོ་ཆེའི་གཏེར་ཡིག་རེད་ཟེར་བ་དེ་ཚོའི་ཤོག་བུའི་ཚེ་ཚད་ལ་ཞིབ་འཇུག་བྱེད་དུས། དེ་ལོ་གསུམ་བརྒྱ་ལྷག་ཕྱིན་མིན་འདུག་ཟེར། ཡིན་ནའི་གཏེར་སྟོན་པས་ཟེར་ན་དེ་སློབ་དཔོན་རིན་པོ་ཆེས་སྦས་པ་རེད་ཟེར།
ལྷག་པར་DNA Test ཟེར་བའི་ཐབས་ཤེས་དེ་བེད་སྤྱོད་གཏོང་སྐབས། གཏེར་ཡིག་དེ་ཚོ་ཚང་མ་དུས་ཚོད་ཁ་མི་མཐུན་པ་ཤ་སྟག་རེད་འདུག ད་སུ་ལ་ཡིད་ཆེས་བྱེད་དགོས་རས།
རྨུ་རྒོད་ལགས་ཁྱེད་རང་གི་གསུང་པ་བདེན་པ་རེད་་་་་་་་་་་་་་
ཡིན་ནའང་མཚན་རིག་པས་བརྟགས་དཔྱད་གཏོང་སའི་གཏེར་ཡིག་དེ་ཚོ་བྲིས་སའི་ཤོག་གུ་ལ་དཔྱད་ཡོད་ན་ཤོག་གུ་དེ་དེ་ཙམ་གྱི་རྙིང་པ་མ་ཡིན་པ་ཤེས་ཐུབ་བ་བདེན་པ་ཡིན་གྱི་རེད་་་་་་་་་་་་་་་་་་་་
དེས་གཏེར་ཡིག་དེ་དག་རྫུན་མ་ཡིན་པ་བསྒྲུབས་མི་ཐུབ་པ་ནི་གཏེར་ལ་ས་གཏེར་དང་བྲག་གཏེར་རྐྱང་པ་མ་ཡིན་པར་དགོངས་གཏེར་ཟེར་བ་ཞིག་ཀྱང་ཡོད་པ་ལ་བསམ་ན་གསལ་པོ་མཐོང་ཐུབ་་་་་་་་་་་་་་་་་་
གཏེར་ཡིག་དེ་ཚོ་ཡང་ཕར་བཤུ་ཚུར་བཤུ་བྱེད་ནས་ས་གཏེར་ཡིན་ནའང་དཔེ་རྙིང་ངོ་མ་དེ་ཚན་རིག་པའི་ཕྱག་ལ་མ་སོན་པ་ཡིན་སྲིད་པས་རིག་པའི་སྒོ་ཐམས་ཅད་ནས་བསམ་དགོས་པ་གལ་ཆེ་སྙམ་མོ་་་་་་་་་་
གོང་གི་སྤྲུལ་སྐུ་ཡེ་ཤེས་ཀྱི་གསུང་སྟངས་དེ་ཉན་ཐོས་སྡེ་བ་སྤྱིའི་་བཤད་སྲོལ་རེད། ཁོ་བོ་ཐེ་ལན་དུ་ལན་མང་འགྲོ་སྐབས་དང་འབར་མ་ལ་ལན་གཅིག་བསྐྱོད་སྐབས་རི་མོ་དང་གླེག་བམ་མང་པོའི་་ནང་ན་དེ་ལྟར་བཞུགས་པ་མཇལ་མྱོང་། འོན་ཀྱང་ཁོང་ཚོར་བཤད་སྲོལ་དེ་ག་དུས་བྱུང་། དྲང་དོན་ཡིན་ནམ་ངེས་དོན་ཡིན་དྲིས་ན་ལན་གསལ་བོར་སྨྲ་ཤེས་མཁན་མི་འདུག ནང་པའི་ཆོས་གང་ཡིན་ཡང་མང་ཆེ་བ་སྒྲས་ཟིན་ཙམ་ལས་འགྲེལ་བཤད་ཆེར་མེད་པ་དཔེར་ནསེམས་དང་སེམས་བྱུང་སོགས་ཀྱི་མཚན་ཉིད་བྱེད་ལས་སོགས་དྲིས་ཚེ་ཉེ་དུས་སུ་བསྒྱུར་བའི་སེམས་ཙམ་པའི་གཞུང་རེ་དང་མགོ་སེར་རྒད་པོ་རྣམས་ཀྱི་ཡུལ་སྐོར་ཟིན་ཐོ་སོགས་ལ་ཁུངས་བཅོལ་བའི་ས་ཚད་ལ་སླེབས་འདུག ཁོང་ཚོའི་ཡུལ་ན་དགྲ་བཅོམ་པར་ཁས་འཆེ་བའང་ཕལ་ཆེར་རང་རེའི་མཁན་སྤྲུལ་དགེ་བཤེས་ཀྱི་གྲངས་དང་་མཉམ་པ་ཡོད་ཡོང་། ཁོང་ཚོས་གདོད་མའི་ནང་ཆོས་ཡིན་པར་མཐའ་གཅིག་ཏུ་ཨུ་ཚུགས་གནང་ཞིང་དྲིལ་སྒྲག་རྒྱ་ཆེར་གནང་གི་ཡོད། རིགས་པ་ཁས་མི་ལེན་པའི་རྒྱུ་མཚན་ཡིན་ནམ་གང་ལྟར་ཡང་ནང་ཆོས་ལ་ཤ་ཞེན་དང་ལ་རྒྱ་ནི་ང་ལྟ་བུ་ལས་བརྒྱ་འགྱུར་གྱི་ལྷག་ཡོད། ཕྲན་ཚེགས་ཀྱི་གཞུང་དང་གནས་བརྟན་ནམ་ཚེ་དང་ལྡན་འི་ཚིགས་སུ་བཅད་པ་དང་པོ་ཡིག་ཐོག་ཏུ་མེད་པ་ཡོངས་གྲགས་ཀྱི་ཁས་ལེན་རེད། གཞུང་རྙིང་ཡི་གེར་འཁོད་པའི་ལོ་ཚད་ལ་གཞལ་ན་ཐེག་ཆེན་ཐོག་མར་དར་བའི་དུས་ལས་བརྒལ་མི་ཐུབ་པས་གདོད་མའི་ནང་ཆོས་ཞེས་པའི་ཐ་སྙད་ཀྱང་འགྲེལ་བ་གནང་ཐུབ་དཀའ་ཙམ་གདའ།
གཟིགས་མཁན་ཚོར། ཉེ་ཆར་ཝླར་ན་དགེ་རྒན་ཞིག་གི་བོ་མོ་ཞིག་བཙན་གཡེན་བྱས་པ་མཐོན་དུས་ཧ་སང་དགོས་པ་ཞིག་རེད་བསམ་ཀྱང་དེ་འདྲ་བ་ཡོད་པ་འདྲ། འཇམ་དབྱངས་རྒྱལ་མཚོ་ནས་གསུང་གསལ་ལ་ཞིག་ན། ཉེ་སྔོན་མ་སུ་རི་བོད་འཁྱི་ནང་བཙན་གཡེན་བྱས་ནས་དེ་ཚོར་མདོ་སྨད་དབུས་རྒྱུན་གི་གསང་བ་བྱས་པའི་གནས་ཚུར་བྱུང་གསལ་ལྟར་ན། རིགས་དེ་ཚོ་བཙན་བྱོལ་གཞུང་གི་ཙ་ཁྲིམ་གི་ངོ་བོ་ནས་ཡིན་འདྲ་མི་མང་གི་ངོ་བོ་ནས་ཡིན་ན་འདྲ་རྡུང་འདེག་དང་ཉེས་ཆད་ཐད་འདོན་བཟོ་དགོས་རྒྱུ་ལས། དུས་རབ་༡༢པས་མི་རྣམས་ལ་ངན་པ་དབང་ཡོད་དུ་མ་ཤོར་བ་གལ་ཆེ།།
ཀླུ་རིན་པོ་ཆེ། ད་ལྟའི་སྟོན་པ་འདི་མིའི་ལུས་རྟེན་དུ་སྐྱེ་བ་བཞེས་པའི་ཚུལ་སྟོན་པ་ལ་རྩོད་པ་ཡོད་མ་རེད། ཡིན་ནའང་། སྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་ཤིང་རྫོགས་ཟིན་པའི་སངས་རྒྱས་ལ། ལས་ངན་གྱི་རྣམ་སྨིན། བྲམ་ཟེའི་བུ་མོས་ངན་སྨྲས་བྱས་པ་དང། རྟ་ཆས་རུལ་བ་གསོལ་བ་དང་། སེང་དྷིང་གི་ཚེར་མ་ཟུག་པ་སོགས་ནི། དེས་འདུལ་བའི་སྐྱེ་བོ་རྣམས་ལ། ཚུལ་སྟོན་པ་མ་གཏོགས་སངས་རྒྱས་དངོས་ལ་དེ་འདྲ་ཞིག་ལར་ནས་མེད་པར་འདོད།
ཡིན་ནའང་གང་དུ་ཉིད་ཀྱི་སྨྲས་པའི་ལོ་རྒྱུས་ལས། ཡུམ་བཤའ་བཅོས་བྱས་ཟེར་བ་དང་། ཧིན་དྷུ་དང་གཞན་གྱིས་རྡུང་རྡེག་བཏང་ནས་ཁྲག་ཐོན་པ་ཡང་ཉུང་ངུ་མིན་ཟེར་བ་རང་བཟོ་རུ་འདོད།
གལ་སྲིད་ཉིད་ཀྱི་རང་བཟོ་མིན་ཞིང་། ཁུང་ལུང་ཞིག་དྲང་རྒྱུ་ཡོད་ན། འགྲིགས་ཀྱི།
བསྟན་འགྱུར་ཆེན་མོའི་དཀར་ཆག་ཨང་གྲངས་ ༦༨ དང་ ༦༩ པ་ལས། དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་པར་
གནས་ནས་ལྷ་མོ་སྒྱུ་འཕྲུལ་མས་བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པར་ཤེས་ནས་རྒྱལ་པོ་གསོལ་བ་དང་།
ཞེས་སོགས་ནས། དེར་ཤིང་རྟ་ལས་བདེ་བར་བབ་ནས་ནགས་དང་ཤིང་དྲུང་རྣམས་སུ་འཆག་ཅིང་སོང་བ་ན། སྔོན་གྱི་
རྒྱལ་བ་རྣམས་ཀྱི་ཡུམ་གྱིས་ཀྱང་བསྟེན་པའི་ཤིང་པཱ་ཀྵ་ཞེས་བྱ་བ་ལོ་མ་དང་། མེ་ཏོག་དང་། འབྲས་སུ་སྣ་ཚོགས་པས་
བརྒྱན་པའི་ས་གཞི་ལག་མཐིལ་ལྟར་མཉམ་པ་རྩཱ་སྔོན་པོ་རྨྱ་བྱ་འི་མགྲིན་པ་ལྟ་བུ་སྟུག་པོར་སྐྱེས་པ་དེར་བྱོན་པ་ན་པཱ་
ཀྵ་དེས་ཀྱང་མངོན་པར་བདུད་ནས་ཕྱག་བྱས་སོ། དེ་ནས་ལྷ་མོ་སྒྱུ་འཕྲུལ་གྱིས་ཤིང་དེའི་ཡལ་ག་
ལ་འཇུས་ཏེ་ཅུང་ཟད་བཞུགས་པའི་གློ་གཡས་ནས་ཁྱེའུ་བྱང་ཆུབ་སེམས་དཔའ་དེ་ནི་འོད་དང་འོད་ཟེར་གྱི་ཕུང་པོ་
རབ་ཏུ་དཀྲིགས་པའི་སྣང་བ་ཆེན་པོས་ཕྱོགས་བཅུའི་འཇིགས་རྟེན་གྱི་ཁམས་སུ་མུར་ཐུག་པ་མེད་པ་ཐམས་ཅད་ཀྱང་
རྒྱས་པར་འགེངས་པ་དང་བཅས་ཏེ། རྨི་ལམ་གྱི་ལྟད་མོའི་ཡ་མཚན་ཉམས་སུ་མྱོང་བ་བཞིན་དུ་གནོད་པ་མེད་པར་
བལྟམས་སོ། ཞེས་སོགས་གསུངས་ཏེ་མཛད་པ་བཅུ་གཉིས་རྒྱས་པར་བཤད་དོ། ཀླུ་སྒྲུབ་ཀྱིས། སྐར་མ་རྒྱལ་ལ་བབ་པ་ན།
།དེ་སྲས་རྩིབ་མའི་ལོགས་ནས་ནི། །ཞེས་གསུངས་སོ། ཐུབ་བསྟོད་དུ། གློ་གཡས་ནས་བལྟམས་རྒྱན་དང་ན་བཟའ་
རྫོགས། །ཞེས་སོ། དེ་ལྟར་ཡིན་མོད་ཀྱང་གལ་ཏེ་ཐེག་པ་ཆུང་ངུ་ཉན་ཐོས་ཀྱི་མདོ་སྡེ་དང་འདུལ་བ་ན་སངས་རྒྱས་མངལ་
ནས་འཁྲུངས་བར་བཤད་པའི་ཁུངས་ལུང་འདྲ་ཡོད་ན་འབྲི་རོགས།
ཡུམ་གྱི་གཞོག་གཡས་མར་བུ་ག་མེད་བཞིན་དུ་སངས་རྒྱས་འཁྲུངས་པ་དང་། མར་འཁྲུངས་མ་ཐག་ཏུ། གོམ་པ་བདུན་བདུན་བོར་རྗེས་སུ་པད་མོ་བདུན་བདུན་ཁ་བྱེ་བ་རྣམས་ལུང་ལ་བརྟེན་ནས་བསམ་གྱིས་ཁྱབ་ཀྱང་། དེ་ལྟར་ཡོང་སྲིད་པ་དེ་རང་རེའི་བློ་ཡུལ་དུ་ཤོང་ཁག་པོ་རེད།
སྤྱིར་རང་རེ་བོད་ཀྱི་ཆོས་བརྒྱུད་རྣམས་ལ་ཞན་ཆ་ཆེ་ཤོས་དེ་གང་ཞིག་མཐོང་གིན་ཡོད་ཞུས་ན། སངས་རྒྱས་ཀྱི་སྐུ་འཁྲུངས་པའི་དུས་ཚོད་ཡིན་ངེས་ཤེས་པ་ཞིག་ཤེས་ཀྱིན་མེད་པ་འདི་རེད། དེང་སོང་གཞུང་དམང་ཡོངས་ཀྱིས། གནས་གཏན་སྡེ་བའི་ལུགས་དེ་ཡིན་ཆགས་འདྲ་བྱེད་བཞིན་འདུག་སྟེ། འདི་ལྟར་ཁས་ལེན་ཀྱང་བྱས་ན། གནས་གཏན་སྡེ་བ་གཙོས་རྡོ་རྗེ་ཐེག་པ་ལ་དུས་ཀུན་བླ་མའི་ཆོས་ལུགས་ཟེར་ནང་ཆོས་མ་ཡིན་སྨྲ་བ་རྣམས་ཀྱི་ལག་ཆ་ཞིག་ཏུ་འགྱུར་གྱིན་དོགས།
ལྷས་བྱིན་གྱིས་བྱ་རྒོད་ཕུང་པོའི་རི་ཟུར་ནས་སངས་རྒྱས་ལ་སྒྱོགས་རྡོ་འཕངས་ཏེ་ཁོང་གི་སྐུ་ལུས་རྨས་པའི་གཏམ་རྒྱུད་འདི་ནང་བ་ཚོར་ཡོངས་གྲགས་ཡིན་པ་དང་། བྲམ་ཟེ་བུ་མོ་ཞིག་གིས་རང་གི་ལྟོ་བ་རས་ཀྱིས་དཀྲིས་ཏེ་གོ་ཏ་མས་ང་ལ་བཙན་གཡེམ་བྱས་སོང་ཟེར་ནས་མི་མང་ཚོགས་པའི་དབུས་སུ་སངས་རྒྱས་ལ་དམའ་འབེབ་བྱས་པ་འདི་དག་སངས་རྒྱས་ལ་རྡུང་རྡེག་མིན་ན་གང་ཡིན། སྤྱིར་ན་སངས་རྒྱས་ཨ་མའི་པད་མ་ལས་འཁྲུངས་པ་རེད། དེ་ཁས་མི་ལེན་པར་གློ་གཡས་ནས་འཁྲུངས་ཟེར་མཁན་ཚོའི་ཆེད་དུ་གློ་གཡས་གཤགས་ནས་བླངས་ཞེས་གནས་ལུགས་ཤིག་ངོ་སྤྲོད་བྱེད་ཀི་ཡོད། འདི་ནི་བརྟག་ཞིབ་ཅིག་གི་རྙེད་དོན་ཡིན། ཡིད་ཆེས་མི་ཆེས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་ཐུག
བདེན་པ་དང་སྒྲུང་གཉིས་དབྱེ་ཐུབ་ན། དེ་མཁས་པ་ཡིན། མིའི་གཟུགས་པོའི་གྲུབ་ཆའི་ནང་བུ་སྣོད་ཟེར་བ་དེ་མཚན་མའི་སྒང་ངམ་བུག་དེ་ལ་ཡོད་པ་དངོས་ཡོད་ཟེར། གློ་གཡས་པ་ནས་ཕྲུ་གུ་སྐྱེ་པ་འདི་མིའི་གཟུགས་ཁམས་ཀྱི་དངོས་ཡོད་དང་འགལ་བ་རེད། ཡོང་མི་སྲིད།
མི་སྲིད་པ་ལ་ཨུ་ཚུགས་བརྒྱབ་ནས་དད་པ་དང་དག་སྣང་རེད་ཟེར་ན། དེ་ལྐུགས་པ་དང་སྨྱོན་པ་མ་རེད་པས།
ཤ་ཀྱ་ཐུབ་པའི་ཨ་མའི་སྟུ་ནས་ཤ་ཀྱ་ཐུབ་པ་སྐྱེས་ཟེར་ན་ག་རེ་ཡོད་དམ། ཤ་ཀྱ་ཐུབ་པ་ཤི་དུས་མི་གཞན་པ་ལྟར་དང་པོ་རྒས། དེ་ནས་ན། དེ་ལས་ཤི་བ་རེད། ད་ཁོང་འཁྲུངས་དུས་སྟུའི་ནང་ནས་མ་འཁྲུངས་པར་མཆན་འོག་ནས་འཁྲུངས་དགོས་པ་འདི་ག་རེའི་ཆེད་དུ་རས།
གལ་ཏེ་ཤ་ཀྱ་ཐུབ་པ་ཤི་དུས་གནམ་ལ་འཕུར་ནས་ཤི་ན་གནས་ཚུལ་ཐ་དད་རེད། དེ་མིན་ན་ཅིའི་ཕྱིར་ཤ་ཀྱ་ཐུབ་པ་འདི་གཞན་ལ་ལྷགས་པ་ཞིག་ཡིན་པ་འགྲུབ་དགོས་རས།
ཤ་ཀྱ་ཐུབ་པ་འདི་གཞན་ལས་ལྷགས་པ་མ་ཡིན་པར་མི་སྙོམ་ཆུང་དང་སྥྱི་མཚུངས་ཀྱི་མིའི་ནུས་པ་ཞིག་ཡིན་ན། ཁྱེད་ཚོར་གང་གནོད་ཀྱི་འདུག
ཤ་ཀྱ་ཐུབ་པ་དམིགས་བསལ་རེད་ཟེར་མཁན་དེ་ཚོ་གཙོ་བོ་བདག་གཅེས་འཛིན་དང་ངར་འཛིན་གྱི་འདུ་ཤེས་ཆེ་དྲག་ནས། “འོ་ཤ་ཀྱ་ཐུབ་པ་འདི་སངས་རྒྱས་རེད། དེ་གཞན་ལས་མཆོག་ཏུ་འགྱུར། འདི་མིའི་ནང་ནས་མཆོག་ཏུ་འགྱུར། ང་དེའི་སློབ་མ་ཡིན།”ཅེས་ཞར་ལ་རང་མཆོག་ཏུ་འཛིན་པའི་འདུ་ཤེས་བཟོ་བཞིན་འདུག
ཤ་ཀྱ་ཐུབ་པའི་རྗེས་འཛིན་པ་མང་པོ་ཞིག་སོ་སོའི་ལུང་པ་ཤོར་ནས་སྤྲང་པོར་འགྱུར་འདུག་པ་དེ་ཚོ་ཤ་ཀྱ་ཐུབ་པ་མཆན་འོག་ནས་འཁྲུངས་ནས་ཕན་སོང་ངམ།
འོ་རེད་རེད། ད་ཧ་གོ་སོང་། སོ་སོའི་ལུང་པ་ཤོར་བ་དེར་ཤཀྱ་ཐུབ་པ་དང་། ཤཀྱ་ཐུབ་པ་སངས་རྒྱས་རེད་ཟེར་མཁན་ཚོས་མ་ཕན་པ་བདེན་ན། ཤཀྱ་ཐུབ་པ་སངས་རྒྱས་མ་རེད་ཟེར་མཁན་ཚོས་ཕན་ག་རེ་ཐོག་ཡོད་པ་རེད། དེ་ཚོ་ལ་སྙིང་རྗེ་རྩ་བར་གྱུར་བའི་ནང་ཆོས་ཀྱིས་རྐང་ལག་བསྡམས་ཡོད་ཀྱི་མ་རེད། ཁོ་ཤོར་ང་ཤོར་གྱིས་རང་ཡུལ་རང་ལག་ཏུ་བླངས་ན་ཆོག་པ་ལ། དེ་མ་བླངས་པར་རང་ཡུལ་ཤཀྱ་ཐུབ་པས་འཕྲོག་སོང་བ་ནང་བཞིན་དེ་ལ་སྡང་སྡིག་དང་། དེར་དད་པ་བྱེད་མཁན་ལ་བླུན་པོ་དག་ཅེས་ཀ་རེ་བྱས་ནས་མཐོང་ཆུང་བྱེད་དགོས་པ་རེད།
སྤྱིར་བཏང་བོད་ལ་མ་གྲགས་པའི་སྟོན་པའི་རྣམ་ཐར་ཡོད་སྲིད་པ་རེད། འདི་དག་ལ་རྣམ་ཐར་གྱི་མིང་སོགས་ཁུངས་བཀོད་ནས་འདི་འདྲ་ཅིག་ན་འདི་འདྲ་གསུངས་འདུག ཅེས་གསལ་ཁ་བཀོད་ན་ཕན་གྱི་རེད་བསམ།
ཆོས་གྲོགས་ལྷན་རྒྱས་སུ་ཞུ་རྒྱུ།
མཚམས་མཚམས་སུ་བསམ་གྱི་མི་ཁྱབ་པའི་ཆོས་སངས་རྒྱས་ཤཱཀྱ་ཐུབ་པ་དང་སློབ་དཔོན་པདྨ་འབྱུང་གནས་འཁྲུངས་ཚུལ་སོགས་ཡང་དག་ཡིན་པ་དད་པ་དག་སྣང་གི་སྒོ་ནས་ཁས་ལེན་ན་སྐྱོན་མེད་པར་མཐོང་། དེ་དག་ཕར་ཞོག་དེང་སང་ལག་ཁྱེར་ཁ་པར་དང་དྲྭ་རྒྱ་འདི་དག་གི་ནུས་པ་ལ་བསམ་རྣོ་གཏོང་དུས་ངས་ནི་བསམ་རྣོ་ཡག་པོ་ཞིག་འཁོར་ཐུབ་ཀྱི་མི་འདུག ངས་ནི་འདི་དག་ལ་ཅི་ཡང་མ་གྲུབ་པ་ལ་ཅི་ཡང་འཆར་དུ་རུང་བ་ཞེས་དམིགས་བསལ་བྱེད་ཀྱི་ཡོད།
དེང་སང་ང་བོད་པ་ཡིན་ཟེར་དུས་འཛམ་གླིང་འདིར་བོད་པར་མཐོང་ཡོད་པ་འདི་སྟོན་པ་བཀའ་དྲིན་ཅན་གྱི་དྲིན་ཡིན། ང་ཚོའི་ཕ་ཡུལ་འདི་སྟོན་པས་འཕྲོག་པ་མ་རེད་། སྟོན་པའི་བཀའ་དྲིན་གྱིས་བོད་པ་འདི་རྒྱ་གར་གྱིས་དགེ་ཕྲུག་གི་འདུ་ཤེས་ཀྱི་ཐོག་ནས་བསྐྱབས་སྐྱོལ་བྱས་ནས་འདུག་ཆོག་པ་དང་། དེ་བཞིན་སྟོན་པ་ནས་བརྒྱུད་པའི་བོད་ཀྱི་ནང་ཆོས་འདི་འཛམས་གླིང་ལ་ཁྱབ་ནས་འཛམས་གླིང་མི་མངས་ཀྱིས་བོད་པར་བརྒྱབ་སྐྱོལ་ཐོབ་པ་སོགས་སངས་རྒྱས་ནི་ང་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ཕན་ཐོག་ཡོད་།
སྐྱག་དབྱངས་ཁྱོད་ལ་ཚངས་དབྱངས་ཟེར་ན་ལན་པོ་མི་འདུག་་་་་་་་་་
ཀས་བླུན་པོ་མུ་ཅོར་སྨྲ་ས་དེ་འདི་མ་རེད་་་་་་་་་་་ ཤཀྱ་ཐུབ་བ་ཁྱོད་རང་དང་གཅིག་པ་གཅིག་རྐྱང་རེད་མ་ཟེར་ན་ཁྱོད་སྐྱིད་པོ་མི་འདུག་ན་སྡུག་གྱོང་རེད་སྡུག་གྱོང་སྐམ་པོ་དེ་ངར་འཛིན་རེད་ལ་བདག་འཛིན་ཡང་རེད་་་་་་་ ལར་ནས་སྐྱག་དབྱངས་ཁྱོད་འདྲ་བའི་མུ་ཅོར་སྨྲ་བ་མང་པོའི་འདོད་པ་བཞིན་དུ་སངས་རྒྱས་ཞེས་པ་རྫུན་རེད་ཆོས་མི་མགོ་བསྐོར་བཏང་ཡག་གི་ཆ་རྐྱེན་རེད་ཟེར་ནས་སྐད་ལོག་ལུང་པ་གང་རྒྱབ་ཡོད་ན་དེས་བོད་དོན་ལ་ཕན་གྱི་རེད་པས་་་་་་་་་་
ལྷག་བསམ་སྐྱག་དབྱངས་ཟེར་བའི་མི་འདི་ཚོའི་གྲལ་སོ་སོ་ལ་འགྲོ་ས་སྡོད་ས་ཐ་ན་ལས་ཀ་ཡང་འདི་ཡིན་ཟེར་བ་གཅིག་རྐྱང་བསྟན་རྒྱུ་མེད་ལ་སྤྱི་ཚོགས་ཤིག་ལ་ཆ་མཚོན་ན་གད་རྙིགས་རང་རེད་ལྟ་བ་ཞིག་བཤད་བཅུག་ན་དེ་ཡང་གད་རྙིགས་རེད་ཕན་ཨ་ཎ་ཞར་ཀྱོག་ཅིག་ཀྱང་ཐོགས་རྒྱུ་མེད་པར་ ཕུ་དཀྲོག་མདའ་དཀྲོག་ བཟོ་བསམ་པའི་ཞེ་གནག་ལོད་ལ་གཅིག་གཟིགས་དང་་་་་་་་་ འདི་ཚོར་འཇམ་ལས་རྩུམ་འཕྲོད་པ་ཡོད་ཙང་ཐ་ན་སྐད་ཆ་ཡང་ཚ་ཐག་ཆོད་ཅིག་མ་བཤད་རྣ་བའི་རྒྱབ་ཀྱི་ལྷག་པ་ལ་རྩིས་རྐྱང་རེད་་་་་་་་་་་་་་་་་་ སེམས་ཆུང་མ་བྱེད་རོགས་་་་་་་་་་་་
ཡང་དྲི་བ་གཅིག་ཡོད་པ་ནི། ང་ཚོ་བོད་པ་ཚང་ལ་ནང་ཆོས་དེ་དང་། ཁྱད་པར་དུ་ཐེག་ཆེན་པའི་ཆོས་དེ་མེད་ན། ང་ཚོ་ལ་ཅི་ཞིག་ངོམ་རྒྱུ་ཡོད། ང་ཚོའི་ཆབ་སྲིད་དེ་ཡང་ནང་ཆོས་འདི་ལ་རྟེན་ནས་སྒྲུབ་པ་ལས་རང་སྐྱ་འཕེར་བའི་ཆབ་སྲིད་ཞིག་སྒྲུབ་འེ་ཐུབ།
རིན་ཆེན།
ང་ཚོས་དེ་རིང་འདིར་མདོ་དང་སྔགས་ཀྱི་སློབ་དཔོན་ཆེན་པོ་གཉིས་ཀྱི་རྣམ་ཐར་སྐོར་ལ་བསྒྲོ་གླེང་བྱེད་ཀྱི་ཡོད་པ་ལས་རང་གི་འགྲོ་ས་དང་འདུག་ས་དེ་བཞིན་བྱ་བ་ཅི་བྱེད་ཀྱི་ཡོད་མེད་བཤད་ཀྱི་མེད་། དེ་ཁྱེད་ལ་བཤད་ན་རང་གཞན་སུ་ལའང་ཕན་པའི་དགོས་པ་ཆེན་པོ་མཐོང་མ་སོང་། ཁྱེད་ཀྱི་རྩོམ་དེ་དག་མཁྱེན་ལྡན་རྣམས་ཀྱིས་གཟིགས་ན་བོད་པའི་གད་སྙིགས་སུ་རེད་གསལ་ཐག་ཆོད་རེད་།
ལྷག་བསམ་ལགས་་་་་་་་་་་་་་་་་
སྤྱི་ཚོགས་ཀྱི་གད་རྙིགས་དེ་ཁྱེད་རང་ལ་གཏན་ནས་ཞུས་མེད་་་་་་་ དེ་ཁྱེད་རང་གི་གོ་ནོར་ཐེབས་པ་རེད་ངས་ཟེར་ན་ཚངས་དབྱངས་ཟེར་བ་དེར་ཁྱེད་རང་གིས་བཀའ་མོལ་འཇམ་པོ་གནང་མི་དགོས་ཟེར་བ་ཡིན་་་་་་ ཡི་གེ་བྲིས་སྟངས་ནོར་ཡོད་ན་དགོངས་དག་་་་་་་་་་་་་་
སྐྱར་དུ་ཀློག་རོགས་གནང་་་་་་་་་་
ལྷག་བསམ་ལགས་་་་་་་་་་་་་་་
སྐྱག་དབྱངས་ཟེར་བའི་མི་འདི་ཚོའི་གྲལ་སོ་སོ་ལ་འགྲོ་ས་སྡོད་ས་ཐ་ན་ལས་ཀ་ཡང་འདི་ཡིན་ཟེར་བ་གཅིག་རྐྱང་བསྟན་རྒྱུ་མེད་ལ་སྤྱི་ཚོགས་ཤིག་ལ་ཆ་མཚོན་ན་གད་རྙིགས་རང་རེད་ལྟ་བ་ཞིག་བཤད་བཅུག་ན་དེ་ཡང་གད་རྙིགས་རེད་ཕན་ཨ་ཎ་ཞར་ཀྱོག་ཅིག་ཀྱང་ཐོགས་རྒྱུ་མེད་པར་ ཕུ་དཀྲོག་མདའ་དཀྲོག་ བཟོ་བསམ་པའི་ཞེ་གནག་ལོད་ལ་གཅིག་གཟིགས་དང་་་་་་་་་ འདི་ཚོར་འཇམ་ལས་རྩུམ་འཕྲོད་པ་ཡོད་ཙང་ཐ་ན་སྐད་ཆ་ཡང་ཚ་ཐག་ཆོད་ཅིག་མ་བཤད་རྣ་བའི་རྒྱབ་ཀྱི་ལྷག་པ་ལ་རྩིས་རྐྱང་རེད་་་་་་་་་་་་་་་་་་ སེམས་ཆུང་མ་བྱེད་རོགས་་་་་་་་་་་་
ལྷག་བསམ་ལ་དེ་འདྲ་ཤོད་མཁན་སུ་ཡོད་པ་རེད། ཁོང་ངོ་ནས་མི་ཡག་པོ་རེད། རིན་ཆེན་འདིས་གོ་ལོག་པ་རེད། རིན་ཆེན་གྱི་མིག་གསལ་པོ་ཡོད་པ་མ་རེད། ཁོང་གི་བྱིས་པས་ཁོང་ལ་ཀློག་རོགས་བྱས་ཁོ་རང་གིས་ཉན་པ་རེད། དེ་ནས་ཁོ་རང་གིས་ཁོ་ལོག་གོ་པ་རེད། དེ་ནས་ཡང་འབྲི་ལོག་བྱས་པ་རེད། ཧཧཧཧཧཧཧཧ
ཚང་མ་གོང་འཁོད་རྩོམ་ཡིག་གི་དཔྱད་བརྗོད་སྒང་ལ་ཕེབས་རོགས།
དེང་སོང་མཁན་བླུན་མང་པོ་ཞིག་གིས། མཚན་རིག་གིས་ནང་ཆོས་གོ་རྟོགས་ལ་ཕན་པ་ཡོད་པར་རློམས་ཀྱིན་འདུག་རུང་། མཚན་རིག་གིས་ཐར་བ་དོན་གཉེར་ལ་དགོས་པའི་གནད་དོན་ནང་དོན་རིག་པའི་ནང་ནས་གསལ་བཤད་མ་བྱས་པ་ཞིག་གི་ནང་ཆོས་ལ་གོ་རྟོགས་གསར་བ་ཞིག་སྤྲད་ཐུབ་ཀྱི་ཡོད་མེད་མི་ཤེས་རུང་། མཚན་རིག་གིས་ཕན་ཐོག་ངེས་ཅན་དེ། སངས་རྒྱས་ཀྱི་སྐུ་འཁྲུངས་འདས་ཀྱི་དུས་རབ་དེ་བརྟགས་དཔྱད་བྱས་ན་ཕན་ཐོག་རྒྱུ་རེད་བསམ་གྱི་ཡོད།
མཚན་རིག་པས་རང་རང་སོ་སོའི་མགོ་བོ་མ་གས་བར་བཙལ་ཀྱང་། བདག་ཅག་གི་སྟོན་པ་ཡུམ་སྒྱུ་འཕྲུལ་ལྷ་མོའི་གཞོག་གཡས་པའི་རྩིབ་བར་ནས་འཁྲུངས་བ་བསམ་གྱིས་ཁྱབ་ཐུབ་ཀྱི་མ་རེད། མཚན་རིག་པས་ཤེས་མི་ཐུབ་པའི་རྒྱུ་མཚན་གྱིས་ལོ་རྒྱུས་དེ་བདེན་པ་མ་རེད་ཟེར་ན། ལོ་རྒྱུས་དེ་ཙམ་མ་ཟད། ཐུན་མོང་གི་ཡོན་ཏན་མངོན་པར་ཤེས་པ་ལྔ་ནས་བཟུང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཆོས་བར་ཐམས་ཅད་ཀྱང་། ལྷ་སྒྲུང་དུ་འགྱུར་ལ། སྐྱེ་བ་སྔ་ཕྱི་སོགས་མདོར་ན། ཤིན་ལྐོག་རྣམས་འགྲེལ་བཤད་བྱེད་པ་ལ། རྒྱང་འཕེན་པའི་བཤད་སྒྲོས་དེ་བསྐྱར་ཟློས་བྱེད་དགོས་པ་ལ་ཐུག་འདུག་གོ
མཚན་རིག་པ་སྐྱེ་བ་སྔ་ཕྱི་ཡོད་མེད་གང་དུ་དེ་སྔོན་ཤེས་ཡོད་མ་རེད་ཟེར་ནས། ཡོད་དང་མེད་གང་ཡང་ཁས་མི་ལེན་པ་དེ་རྣམས་ཀྱིས་ཆོས་ལུགས་ཁག་ནས་བཤད་པའི་བསམ་གྱི་མི་ཁྱབ་པའི་དོན་དེ་རྣམས་ལ་འགྲེལ་བཤད་རྒྱག་ཐུབ་ཀྱི་མེད་ན། ཆོས་མེད་རིང་ལུགས་པའི་རིག་པ་སྨྲ་བ་རྣམས་ཀྱིས་དེ་ལས་དཔོག་མི་ཐུབ་པ་སྨོས་མེད་རེད།
བདག་ཅག་གི་སྟོན་པ་མིའི་གཟུགས་བཟུང་པ་རེད་ཡིན་ནའང་། སྐུ་བལྟམས་ཚུལ། སྐུ་གཟུགས་ཀྱི་ཚད། སྐུའི་འོད། གྱད་ཀྱི་སྟོབས་སོགས་མི་གཞན་དང་མ་འདྲ་བ་ཞིག་གི་ཚུལ་སྟོན་པ་རེད། དེ་དག་ནི། ད་ལྟར་མཇལ་རྒྱུ་ཡོད་པའི་ལོ་རྒྱུས་རྣམས་ལས་གསལ།
སངས་རྒྱས་ཀྱི་སྐུའི་ཆེ་ཚད་དང་། གྱད་ཀྱི་སྟོབས་དང་། སྐུའི་འོད། སྐུ་བལྟམས་ཚུལ་རྣམས། གང་ནས་ཉིད་ཀྱི་དཔྱད་པ་གནང་པ་ནང་བཞིན་བྱས་ན། བསྐལ་བར་འབད་ཀྱང་། དུས་ཚོད་གྲོན་དུ་འགྱུར་བ་མ་གཏོགས་ཕན་པར་མ་མཐོང་།
མཆན་༨༦་པ། གཏེར་ཡིག་ཡིག་གི་ཤོག་བུའི་ས་བོན་DNA Test ལ་དཔྱད་པ་འདིར་ཡིད་བརྟན་ཆེར་མི་འདུག གཏེར་ཤོག་གི་འབྱུང་ཁུངས། དེའི་བརྒྱུད་རིམ། གཏེར་ནས་བླང་པ་ཡིན་ནམ་གཏེར་སྟོན་ནམ་སློབ་མའི་ཕྱག་བྲིས་ཡིན་གསལ་ཁ་མི་འདུག གལ་སྲིད་གསལ་བ་ཡིན་ཡང་ཧ་ལས་རྒྱུ་མེད། གཏེར་གྱི་གོ་དོན་ནི་ཆོས་ཀྱི་རྒྱུན་འཛད་པ་མེད་པའི་དོན་ཡིན་པ་ལས་ཡི་གེ་རྙིང་པ་ཡིན་པའི་དོན་མིན། ཡི་གེ་འང་མེ་ལོང་ལ་པྲ་ཕབ་པ་དང་། མི་ལ་ལྷ་ཕབ་པ་ལྟར་འབྱུང་ཚུལ་བཤད་པ་རྒྱ་ཆེ། དཔེར་ན་གནམ་ཆོས་མི་འགྱུར་རྡོ་རྗེ་ལ་གཏེར་ཡིགེ་ཤར་ཚེ་བྲག་རིའི་ངོས་ལ་བསྟིམ་པ་དེང་སང་ཡང་མཇལ་ཐུབ་པ་དང་། ཆོས་ཉིད་གླིང་པའི་གཏེར་ཡིག་གཟན་དཀར་གྱི་ངོས་ལ་བསྟིམ་པ་པར་བཏབ་པ་ལྟར་ཤར་བ་དང། འཇམ་དབྱངས་མཁྱེན་བརྩེས་མེ་ལོང་ལ་བསྟིམ་པའི་གནས་ཚུལ་བཞིན་ནོ། །
གོང་དུ་མཆན་བུ་ ༨༦༽ པར། རྨུ་རྒོད་ཟེར་བ་ཞིག་གིས་གཏེར་མའི་ཁུངས་སྐྱེལ་མི་ཐུབ་ཚུལ་བྲིས་པ་དེ་གཏེར་སྟོན་སུའི་ཤོག་
སེར་ཡིན་དང་དཔང་པོ་སུ་ཡོད་ཞིབ་ཆ་ཞིག་བྲིས་ཤོག ང་ཚོའི་དངོས་གནས་བརྟག་དཔྱད་ཅིག་བྱེད་ཆོག དེ་ལྟར་མིན་ན་གཏེར་
མ་ལ་ཁུངས་མེད་ཚུལ་བཤད་ན་འགྲི་གི་མེད། ཤོག་སེར་དག་མ་ཞིག་མགོ་སེར་དེ་ཚོའི་ལག་ལ་ཐོན་དོན་མེད་པས་ཤོག་སེར་གྱི་
འདྲ་བཤུས་ལ་ཤོག་སེར་དུ་འཁྲུལ་བ་ལྟ་བུ་ཞིག་ཡིན་སྲིད། ངས་གོ་ཚོད་ལ་ཀརྨ་པ་ངོས་འཛིན་བྱས་པའི་ཡི་གེ་དེ་རིག་པའི་
རྡོ་རྗེའི་ཕྱག་བྲིས་ཡིན་དང་སིཏུས་རྫུན་བཟོ་བྱས་པ་ཡིན་ད་དུང་ཚན་རིག་པས་ཐག་གཆོད་མ་ཐུབ་པར་ལུས་ཡོད་རེད་ཟེར་
བ་དེ་ལ་བལྟས་ན་ང་ཡིད་ཆེས་ཀྱི་མི་འདུག དེ་འདྲའི་ཧ་ལས་པ་ཞིག་ཡོད་ན་ཡི་གེ་དེ་སིཏུས་རྫུན་བཟོ་ཡིན་ནམ་རིག་པའི་
རྡོ་རྗེའི་ཕྱག་བྲིས་གང་ཡིན་ཐག་བཅད་བཞག་ན་སིཏུ་ཞྭ་དམར་གཉིས་འཁྲུག་པ་རྒྱག་དགོས་དོན་མི་འདུག བཀའ་བརྒྱུད་
པས་ཞབས་འདྲེན་ཞུ་དགོས་དོན་མི་འདུག
གོང་དུ་མཆན་ ༩༣ པར། ཀླུ་སྤྲུལ་ཚང་གི་གསུང་དེ་ལ་ཉིད་ཀྱིས་མི་མཁྱེན་ག་ལ་ཡིན་ཀྱང་སྤྱིར་ལྷས་བྱིན་
དང་དྲུག་སྡེ་སོགས་ནི་སྟོན་པ་ཉིད་ཀྱིས་སྤྲུལ་བ་ཡིན་པར་ཐེག་ཆེན་གྱི་མདོ་སྡེ་དག་ན་ཡོད་པར་གསུངས།
བྲམ་ཟེ་བུ་མོའི་སྐུར་འདེབས་བྱས་པ་དེ་མ་འོངས་པ་ན་སྟོན་པའི་རྗེས་འཇུག་འགའ་ཞིག་ལ་སྐུར་འདེབས་
བྱུང་བའི་ཚེ་དེ་འདྲ་བ་ནི་སྟོན་པ་སངས་རྒྱས་ལའང་བྱུང་མྱོང་ན་སྙིགས་མའི་སེམས་ཅན་ངེད་ཅག་ལ་
ཅིའི་ཕྱིར་མི་ཡོང་སྙམ་དུ་སེམས་ཤུགས་མི་ཆགས་པའི་ཆེད་ལྟ་བུར་གསུངས། སྤྱིར་མདོ་སྡེ་རྣམས་སུ་དྲི་
བ་དྲིས་ལན་གྱི་ཚུལ་དུ་གཏན་ལ་ཕབ་ཡོད་པས་ང་ཚོ་ལས་བརྒྱ་འགྱུར་གྱི་ཤེས་རབ་ཆེ་བ་ཤ་རིའི་བུ་
དང་རབ་འབྱོར། བྱང་སེམས་བློ་གྲོས་ཆེན་པོ་སོགས་ཀྱིས་ཡང་ནས་ཡང་དུ་དྲིས་ཤིང་གཏན་ཕབ་ཡོད་དོ།
ཡང་གོང་དུ་མཆན ༩༤ པར་ཚངས་དབྱངས་ཀྱིས། ཤཀྱ་ཐུབ་པའི་ཨ་མའི་སྟུ་ནས་ཤ་ཀྱ་ཐུབ་
པ་སྐྱེས་ཟེར་ན་ག་རེ་ཡོད་དམ། ཞེས་བྲིས་འདུག སྟོན་པ་ཤཱཀྱ་ཐུབ་པ་མངལ་ནས་འཁྲུངས་
བར་བཤད་ན་ལོ་རྒྱུས་དང་མ་མཐུན་པ་རེད་ཟེར་གྱི་རེད། དེ་རིང་ང་ཚོའི་གཙོ་བོ་སྟོན་པ་
མངལ་ནས་འཁྲུངས་པ་ཡིན་ནམ་གློ་གཡས་ནས་འཁྲུངས་པ་ཡིན་དཔྱོད་པའི་སྐབས་ཡིན་
པ་ལས་དེ་གཉིས་གང་བཟང་བ་ཡིན་དང་གང་ངན་པ་ཡིན་ཤོད་ཀྱི་མེད། བོད་ཡིག་ཐོག་མེད་
པའི་སངས་རྒྱས་བཀའ་གཞན་པ་ན་སྟོན་པ་མངལ་སྒོ་ནས་འཁྲུངས་བར་གསུངས་ཟེར་བ་འདྲ་
སྟོན་རྒྱུ་ཡོན་ན་གསར་བ་རེད་ལ་དཔྱད་གཞི་རེད། དཔེར་ན་སྐུ་སྲས་དགྲ་གཅན་འཛིན་ལོ་
དྲུག་དུ་མའི་མངལ་དུ་གཞུགས་པ་རང་རེ་ལ་ཡོངས་སུ་གྲགས་ཀྱང་གནས་བརྟན་སྡེ་པའི་
ལུགས་ལ་སྤྱི་མཚུངས་ལྟར་གསུངས་ཡོད་པར་མཁས་དབང་དགེ་ཆོས་ཀྱིས་བཤད་འདུག
དེ་བཞིན་སངས་རྒྱས་གླིང་པའི་གཏེར་བྱོན་ཐང་ཡིག་ཏུ་ཡང་དེ་ལྟར་གསུངས་ཏེ་སྟོན་པ་
རབ་དུ་བྱུང་དུས་སྲས་འཁྲུངས་ཟིན་པར་གསུངས་པ་ཞལ་མཐུན་པར་བྱུང་ལྟ་བུ་ཡོད།
སྤྱིར་ཉིད་ཀྱིས་བཏབ་པའི་མཆན་བུ་ ༩༤ འདིས་སྐུ་ཉིད་ཀྱི་མཁྱེན་རྒྱ་དང་མི་གཤིས། ལྟ་བ།
ལོ་རྒྱུས་དཔྱད་པ་ཅི་ཙམ་ཡོད་མེད་ཚང་མ་དཔག་ཐུབ་པའི་གཏན་ཚིག་ཅིག་བསྟན་འདུག
ཡང་གོང་གི་མཆན་༨༦་པར་གཏེར་མའི་སྐོར་བཤད་པ་དེ་ཙམ་གྱིས་གཏེར་མའི་དོན་ཁོང་དུ་
མི་ནུས་སྤྱིར་ཚད་མ་བཞིར་གསུངས་པ་ཡང་ཤེས་དགོས། ཚན་རིག་པ་ལ་ཐ་སྙད་ཚུར་མཐོང་
ཚད་མ་གཅིག་པུ་ལས་ཐ་སྙད་དག་གཟིགས་ཚད་མ་མེད། གོང་གི་མཆན་འདེབས་མཁན་
མང་ཆེ་བས་ཐ་སྙད་དག་གཟིགས་ཚད་མ་ལ་བློ་ཁ་ཙམ་ཡང་ཕྱོགས་མ་མྱོང་བ་འདྲ་ཞིག་འདུག
ཐ་སྙད་ཚུར་མཐོང་ཚད་མ་གཅིག་པུས་ཐེག་ཆེན་མདོ་སྔགས་གཉིས་ནས་བཤད་པའི་གནད་
དོན་མང་པོ་ཞིག་རྩ་བ་ཉིད་ནས་རྟོགས་ཐུབ་ཀྱི་མ་རེད། དག་པ་གཟིགས་པའི་ཚད་མ་འདི་
རྒྱས་པར་མི་ཕམ་རིན་པོ་ཆེའི་དོན་རྣམ་ངེས་སུ་གསལ་ཡོད།
གོང་དུ་མཆན་བུ་ ༨༦༽ པར། རྨུ་རྒོད་ཟེར་བ་ཞིག་གིས་གཏེར་མའི་ཁུངས་སྐྱེལ་མི་ཐུབ་ཚུལ་བྲིས་པ་དེ་གཏེར་སྟོན་སུའི་ཤོག་
སེར་ཡིན་དང་དཔང་པོ་སུ་ཡོད་ཞིབ་ཆ་ཞིག་བྲིས་ཤོག ང་ཚོའི་དངོས་གནས་བརྟག་དཔྱད་ཅིག་བྱེད་ཆོག དེ་ལྟར་མིན་ན་གཏེར་
མ་ལ་ཁུངས་མེད་ཚུལ་བཤད་ན་འགྲི་གི་མེད། ཤོག་སེར་དག་མ་ཞིག་མགོ་སེར་དེ་ཚོའི་ལག་ལ་ཐོན་དོན་མེད་པས་ཤོག་སེར་གྱི་
འདྲ་བཤུས་ལ་ཤོག་སེར་དུ་འཁྲུལ་བ་ལྟ་བུ་ཞིག་ཡིན་སྲིད། ངས་གོ་ཚོད་ལ་ཀརྨ་པ་ངོས་འཛིན་བྱས་པའི་ཡི་གེ་དེ་རིག་པའི་
རྡོ་རྗེའི་ཕྱག་བྲིས་ཡིན་དང་སིཏུས་རྫུན་བཟོ་བྱས་པ་ཡིན་ད་དུང་ཚན་རིག་པས་ཐག་གཆོད་མ་ཐུབ་པར་ལུས་ཡོད་རེད་ཟེར་
བ་དེ་ལ་བལྟས་ན་ང་ཡིད་ཆེས་ཀྱི་མི་འདུག དེ་འདྲའི་ཧ་ལས་པ་ཞིག་ཡོད་ན་ཡི་གེ་དེ་སིཏུས་རྫུན་བཟོ་ཡིན་ནམ་རིག་པའི་
རྡོ་རྗེའི་ཕྱག་བྲིས་གང་ཡིན་ཐག་བཅད་བཞག་ན་སིཏུ་ཞྭ་དམར་གཉིས་འཁྲུག་པ་རྒྱག་དགོས་དོན་མི་འདུག བཀའ་བརྒྱུད་
པས་ཞབས་འདྲེན་ཞུ་དགོས་དོན་མི་འདུག
བདག་ཅག་གི་སྟོན་པ་མངལ་སྐྱེས་ཀྱི་ཚུལ་སྟོན་པ་ལ་རྩོད་པ་མེད། ཡབ་ཡུམ་གྱི་སྲས་སུ་ཟླ་བ་བཅུར་མངལ་དུ་བཞུགས་ནས་བལྟམས་པའི་ཕྱིར། མར་འཁྲུངས་ས་དེ། སྔོན་མེད་ཀྱི་དཔྱད་པ་ཟེར་ན་འདྲ། རྟོག་བཟོས་དེ་སེམས་ལ་མ་བབ་ནས། རྒྱུ་མཚན་རྣམས་ཞུས་པ་ཡིན།
ལར་གཏེར་ཡིག་ལ། འདྲ་མིན་སྣ་ཚོགས་ཡོད་ཚོད་འདུག གཏེར་སྟོན་བརྫུན་མས་ལུང་པ་གང་པ་ཡང་ཕེབས་འདུག
སངས་རྒྱས་གཉིས་པ་རང་གི་སྤྲུལ་བ་གཏེར་སྟོན་ཡང་མི་ཉུང་བ་ཞིག་ཕེབས་ཡོད་ཚོད་འདུག མཚན་རིག་པ་དེས། གཏེར་རྫུན་གྱི་ཡིག་རྙིང་ཞིག་རེག་ཤས་ཆེ། གཏེར་ལ་འདྲ་མིན་མང་པོ་ཞིག་འདུག་པས། ཤོར་སེར་གྱི་ནང་བྲིས་ནས་གཏེར་དུ་སྦས་པ་གཏོན་པ་ཡིན་ན། ཤོག་གུ་དེ་བྲིས་པའི་ཡི་གེ་ནག་ཆུང་དེ་ལས་དུས་ཡུན་རིང་དགོས་པ་ནི། རང་རེའི་མཐོང་ཚུལ་འདི་ཚད་མར་བྱེད་སྐབས་སུ་གྲུབ།
རིག་པའི་རལ་གྲིས། བདག་ཅག་གི་སྟོན་པ་མངལ་སྐྱེས་ཀྱི་ཚུལ་སྟོན་པ་ལ་རྩོད་པ་མེད། ཅེས་པ་དེ་ང་ལ་ཟེར་བ་ཡིན་ན་
ངས་མཆན་ ༡༡༠ སྟོན་པ་མངལ་སྒོ་ནས་འཁྲུངས་བར་གསུངས་ཟེར་བ་འདྲ་སྟོན་རྒྱུ་ཡོན་ན།
། ཞེས་བྲིས་ཡོད་པས། མངལ་སྐྱེས་དང་མངལ་སྒོ་ནས་འཁྲུངས་བའི་དོན་ཐ་དད་ཡིན་ནོ།
གོང་དུ་མཆན་བུ་ ༨༦༽ པར། རྨུ་རྒོད་ཟེར་བ་ཞིག་གིས་གཏེར་མའི་ཁུངས་སྐྱེལ་མི་ཐུབ་ཚུལ་བྲིས་པ་དེ་གཏེར་སྟོན་སུའི་ཤོག་
སེར་ཡིན་དང་དཔང་པོ་སུ་ཡོད་ཞིབ་ཆ་ཞིག་བྲིས་ཤོག ང་ཚོའི་དངོས་གནས་བརྟག་དཔྱད་ཅིག་བྱེད་ཆོག དེ་ལྟར་མིན་ན་གཏེར་
མ་ལ་ཁུངས་མེད་ཚུལ་བཤད་ན་འགྲི་གི་མེད། ཤོག་སེར་དག་མ་ཞིག་མགོ་སེར་དེ་ཚོའི་ལག་ལ་ཐོན་དོན་མེད་པས་ཤོག་སེར་གྱི་
འདྲ་བཤུས་ལ་ཤོག་སེར་དུ་འཁྲུལ་བ་ལྟ་བུ་ཞིག་ཡིན་སྲིད། ངས་གོ་ཚོད་ལ་ཀརྨ་པ་ངོས་འཛིན་བྱས་པའི་ཡི་གེ་དེ་རིག་པའི་
རྡོ་རྗེའི་ཕྱག་བྲིས་ཡིན་དང་སིཏུས་རྫུན་བཟོ་བྱས་པ་ཡིན་ད་དུང་ཚན་རིག་པས་ཐག་གཆོད་མ་ཐུབ་པར་ལུས་ཡོད་རེད་ཟེར་
བ་དེ་ལ་བལྟས་ན་ང་ཡིད་ཆེས་ཀྱི་མི་འདུག
ངའི་མཆན་བུ་ལ་དག་མཆན་མྱུར་དུ་རྒྱོབ་ག་རེ་རས། སྟོན་ཤཱཀྱ་ཐུབ་པ་ལ་སྐུར་འདེབས་ག་ཚོད་བྱས་ཀྱང་ཐེ་ཚོམ་ཙམ་ཡང་
མི་འདུག་ ཨོ་རྒྱན་རིན་པོ་ཆེ་ལ་དེ་ག་ནང་བཞིན་རེད་ཀརྨ་པ་ལ་ག་རེ་ཧ་ལས་ཡ་ཡོད་རས། སྐྱག་པ་ཟིག་གི
གཞོན་ནུ་ཟླ་མེད་ལགས། ངོ་དགའ་སྤྲེལ་ལད་ཞུ་དགོས་ལར་ནས་མ་མཆིས་ཞིང་། ལུང་རིག་གི་རྩལ་མགྲན་སྐབས། སུ་གང་ཞིག་དྲ་རྒྱ་འདིའི་ཐོག་ནས་རོག་པར་དགོས་ཀྱི་མེད། འོན་ཀྱང་རང་རེ་ལྟ་བ་མཐུན་པོ་ཞིག་དང་། ཁྱེད་ཀྱིས་ཁས་ལེན་པ་དེ་ངས་ཀྱང་ཁས་ལེན་པ་དང་། ངས་ཟེར་བ་དེ་ལ་ཁྱེད་ཀྱིས་མོས་མཐུན་ཡོད་པ་འདྲ་ཞིག་མཐོང་སོང་ཕལ་ཆེར་ཀླད་རྙིང་གི་ཤུགས་རྐྱེན་ཐེབ་པ་གཅིག་མཚུངས་ཡིན་པར་འདྲ།
མུ་མཐུད་དྲྭ་རྒྱ་འདིའི་ཐོག་ཏུ་མཇལ་བའི་རེ་འདུན་ཡོད།
གོང་གི་ལྷག་བསམ་དང་ལྷག་བསམ་རྒྱ་མཚོ་གཉིས་ཐ་དད་རེད། གུས་པ་ལྷག་བསམ་རྒྱ་མཚོན་ལ་དྲྭ་བའི་སྟེང་ན་མིང་གཞན་མེད། བུར་འོས་ཀྱི་དྲྭ་གྲོགས་རྣམས། ཁྱོད་ཅག་ནི་བོད་རིགས་པའི་གསར་སྐྱེས་མཁས་དབང་དང་། གཞོན་པའི་མིག་ལྟོས། རེ་བའི་ལམ་ཆེན་དུ་འཁྲིད་མཁན་རེད། རྒྱལ་ཁབ་ཞིག་དང་མི་རིགས་ཤིག་གི་མདུན་ལམ་ཁྱོད་ཅག་གི་ལག་ཏུ་ཡོད། ཞིབ་འཇུག་གནང་པ་ནི་གསལ་བོར་ཤེས་པའི་ཆེད་རེད། དགའ་བསུ་ཡོད། དེ་དང་ཆབ་ཅིག་དུས་ཚོད་དམ་འཛིན་གནང་ཞིང་མཐུན་སྒྲིལ་དང་སྤྱི་དོན་མི་བརྗེད་པ་དང་། བགྲོ་གླེང་གིས་སྒེར་གྱི་སྙན་གྲགས་རྙེད་བཀུར་མི་གཉེར་པར་ཕན་པ་ཆེ་ཆུང་ལ་དཔྱད་དེ་གང་ནུས་ཀྱིས་སྤྱི་ཕན་འབྱུང་ཐབས་ལ་དགོངས་པ་ཆེ་བཞེས་གནང་གལ་ཆེ་སྙམ། ཐུགས་རྗེ་ཆེ། བླུན་རྒན་གྱིས།
རིན་ཆེན་ལགས།
ཐུགས་རྗེ་ཆེ། ཁྱེད་རང་གིས་རྩོམ་འབྲི་སྟངས་དང་། གཞན་ལ་སྡིག་སྨོད་བྱེད་སྟངས་འདིས། ཤ་ཀྱ་ཐུབ་པའི་ཆོས་དེ་ག་ཚོད་མི་རྣམས་ལ་ཕན་གྱི་ཡོད་མེད་གསལ་པོ་འདུག ཕལ་ཆེར་ཤ་ཀྱ་ཐུབ་པའི་ཆོས་དེ་ཚོའི་ནང་རང་གི་ལྟ་བ་དང་མ་མཐུན་ན་གཞན་ལ་སྨད་པ་དང་སྡིག་པ་བྱེའོ། གསུངས་ཡོད་ས་རེད། ཁྱེད་ཤ་ཀྱ་ཐུབ་པའི་རྗེས་བྲངས་པ་ཡིན་ན། ང་དེ་བས་ཤ་ཀྱ་ཐུབ་པའི་ཆོས་དང་ཐག་རིང་སྡོད་ཀྱི་ཡིན། ང་ནི་ནམ་ཡང་ཁྱེད་ལྟ་བུའི་གཞན་གྱི་ལྟ་བ་ལ་རྩི་འཇོག་མེད་པའི་མི་མཉམ་དུ་འགྲལ་གཅིག་ལ་མི་སྡོད་ལ་ཤ་ཀྱ་ཐུབ་པ་གསོན་པོར་བཞུགས་ཡོད་ན། ངས་ཁོང་ལ་འདི་ལྟར་སྨྲ། “ཤ་ཀྱ་ཐུབ་པ་ལགས། ཁྱེད་ཀྱི་རྗེས་བྲངས་པ་འདི་ཚོ་འདི་ལྟ་བུའི་མི་གཤིས་ཀ་རྩུབ་པོ། རྒྱུ་མཚན་ཤོད་ས་མེད་མཁན། ཨུ་ཚུགས་ཚ་པོ། གཞན་ལ་གུས་ཞབས་མེད་མཁན་འདི་ཚོར། ཅིའི་ཕྱིར་ཁྱོད་ཀྱི་ཆོས་འདིས་རྟུལ་མི་ཐུབ་པ་ཡིན་ནམ།”ཟེར།
སྤྱིར་འདིའི་རིགས་ལ་དཔྱད་པ་གཏོང་སྐབས་ཚད་མའི་རྣམ་གྲངས་ཁ་ཤས་ཤེས་དགོས་པ་གལ་ཆེ། རྒྱུ་མཚན་གང་གི་ཕྱིར་ན། གཞལ་བྱའི་གནས་མ་འདྲ་བ་ཁ་ཤས་ཡོད་པའི་རྒྱུ་མཚན་གྱིས་སོ། ཡོད་ཚད་ཐམས་ཅད་ཚན་རིག་པའི་འཕྲུལ་ཆ་ནང་དུ་ཤར་གི་མ་རེད། འོན་ཀྱང་འདི་ནས་ངས་བདེན་པ་ལྟ་བུ་བདར་ནས་བཤད་ན་ངས་ཚན་རིག་མི་ཤེས་ཟེར་གི་ཡོད། འོན་ཀྱང་ང་ལ་ཡང་སློབ་འབྲིང་གི་ལག་ཁྱེར་ཡོད་ནི་རེད། འདི་ན་ལག་ཁྱེར་གཅིག་ལ་མེད་མཁན་དེ་ཚོས་ཚན་རིག་ཚན་རིག་ཟེར་ནས་ཞེ་བོ་ཅིག་ཤེས་མདོག་སྟོན་གྱི་འདུག ཚོད་བཤད་དང་ཤེས་ནས་བཤད་པ་གཉིད་ག་དུས་ཡིན་ན་ཡང་ལོག་ཀ་རེད། འདི་དག་ལ་ད་དུང་ཁ་ཤས་ཀྱིས་ཚིག་ངན་ཀྱང་སྨྲས་ཀྱི་འདུག ང་ཚོའི་ཁ་ནང་ལ་ཚིག་ངན་དེ་འདྲ་མ་ཡོང་བ་མ་རེད་ལ། ང་ཚོས་ཚོད་དཔག་བྱེད་མ་ཤེས་པ་ཡང་མ་རེད།
དེ་ནས་སྔོན་མ་ཡིན་ན་ང་ཡང་དཔྱད་པ་མེད་པར་གཏེར་ཆོས་ཟེར་ན་རྗུན་མ་ཡིན་མིན་ལ་དོགས་པ་ཡང་སྐྱེས་མ་མྱོང་། རྒྱུ་མཚན་ནི་ང་རང་སྐྱེས་ས་དེ་རྙིང་མའི་ཁྱིམ་བརྒྱུད་རེད། གཏེར་ཆོས་མང་པོ་ཉར་ཡོད་པ་རེད། འོན་ཀྱང་གཏེར་ཆོས་དེ་ཚོ་ཁྱིམ་ཚང་གི་ཞབས་རིམ་ལྟ་བུར་ལོ་རེ་ཀློག་པ་མ་གཏོགས་སློབ་གཉེར་བྱེད་པའི་ལུགས་སྲོལ་མི་འདུག འོན་ཀྱང་ང་ཚོ་ས་ཆ་ནས་ཁྱིམ་སྔགས་དེ་ཚོས་རྫོགས་ཆེན་མཁན་པོ་གཞན་དགའ་ཟེར་མཁན་ཅིག་གི་ཕར་ཕྱིན་དང་དབུ་མ་དེ་ཚོ་ཀློག་ནས་སློབ་གཉེར་བྱེད་ཀྱི་འདུག ད་རུང་ཀློང་ཆེན་མདུན་ཀློག་མཁན་ཡང་ཁྱིམ་སྔགས་ཁ་ཤས་འདུག ལྟ་བ་སྐོར་ལ་ལྟ་བ་མཁའ་ལྡིང་གཤོག་རླབས་ཟེར་བ་ཅིག་གི་སྟེང་ནས་ངོ་སྤྲོད་གི་འདུག ལྟ་བ་འདི་ངོ་སྤྲོད་པ་ལ་སྔོན་འགྲོ་ཆོས་དྲུག་གམ་སྔོན་འགྲོ་ཆོས་ལྔ་ཟེར་བ་ཅིག་བསྒྲུབ་དགོས་གི་འདུག
འོན་ཀྱང་འདི་ནས་ཁ་སྔོན་གཏེར་ཆོས་མང་པོ་ཅིག་ལུང་དྲང་གི་འདུག དེ་ནས་གཏེར་ཆོས་དེ་དག་ལ་ཅུང་ཟད་དོགས་པ་སྐྱེས་སོང་། ད་ཡིན་ན་གཏེར་ཆོས་ལ་ཡང་རྫུན་མ་དང་དག་མ་གཉིས་ཡོད་པ་འདྲ་འདུག འོན་ཀྱང་ངས་བསམ་ན་བོད་ལ་གྲགས་པའི་སྟོན་པའི་རྣམ་ཐར་དེ་ཚོ་དངོས་མ་དང་རྫུན་མ་གཉིས་རེད་རྩ་ནས་མི་འདོད། དེ་སྔ་བོད་ལ་གྲགས་པའི་སྟོན་པའི་རྣམ་ཐར་དེ་ཚུར་བསྡུས་ན་ཕྱོགས་གཉིས་རེད། དེ་ཡང་ཐེག་ཆེན་པའི་ལུགས་དང་། ཐེག་དམན་པའི་ལུགས་གཉིས་རེད། དེ་མིན་བོད་ལ་མ་གྲགས་པའི་སྟོན་པའི་རྣམ་ཐར་ཡང་ཡོད་སྲིད་པ་རེད། བྱས་ཙང་ངས་བསམ་ན་བོད་ལ་མ་གྲགས་པ་གཞན་ནས་གསུང་པ་དེ་ཚོ་འདིར་འབྲི་ཐུབ་ན་དེ་བོད་ཀྱི་རིག་གཞུང་ལ་ཆར་བ་ཆུ་གྲོགས་རེད་བསམ། དེ་མིན་འདི་ཚོ་ལ་ཁུངས་མེད་ལུང་མེད་ཅིག་བཤད་བསྡད། དེའི་སྒང་ལ་ཕན་ཚུན་ཚིག་རྩུབ་འདྲ་བཤད་བསྡད་ན་དེ་ནི་ཆོད་ཁོ་རང་མཐོང་གི་མི་འདུག དེ་ལས་བཞད་གད་དང་ག་ཞ་འདྲ་བཤད་བསྡད་ན་སྐྱིད་ཤོས་རེད།
ཡིག་ནོར། ཀློང་ཆེན་མཛོད་བདུན་ལ་བཅོས་རྒྱུ། ཀློང་ཆེན་མཛོད་བདུན་ལ་སྔོན་མ་ཡིན་ན་ང་ཚོ་ལུང་པ་ནས་ཚོང་པ་དེ་ཚོས་༼ཀློང་ཆེན་མཛོ་བདུན༽ཟེར་གྱི་འདུག ཁོ་ཚོས་བླུ་ཡོན་གཏོང་མཁན་ལག་ནས་མཛོ་བདུན་ལེན་གྱི་རེད། འོན་ཀྱང་དེང་སང་མཛོ་གཅིག་གི་རིན་ཡང་གནས་ཀྱི་མི་འདུག་ཟེར་གི་འདུག གོང་ཁེ་པོ་རེད་ཟེར།
ཐེངས་ཤིག་རང་གི་དགའ་བོ་རྙིང་པ་ཨར་མོའི་ནང་དུ་ལོ་གསར་གཏོང་བར་ཕྱིན། མི་ཚང་གི་ཆབ་ཁང་ནང་དུ་སྐྱག་པ་གཏོང་དུས་དེབ་བཀླག་རྒྱུ་སྨྱུག་སླེལ་ཞིག་གི་ནང་དུ་སྤུངས་བཞག་འདུག ངས་སྐྱག་པ་གཏོང་གིན་གཏོང་གིན་དེབ་དེ་དག་བསྔོགས་པའི་སྐབས་སུ་དེབ་མཐུག་པོ་ལག་ཏུ་ཟིན་སོང་། དེབ་དེ་ཡར་བཀླགས་མར་བཀླགས་བྱེད་དུས་ཤཀྱ་ཐུབ་པའི་ལོ་རྒྱུས་ཤིག་དང་འཕྲད་སོང་། དེའི་ནང་དུ་སངས་རྒྱས་ཤཀྱ་ཐུབ་པ་ནི་ནད་ཕོག་པའི་ཕག་ཤ་ཟས་ནས་ཚེ་འདི་ནས་ཕྱིན་པ་རེད་ཟེར། དེ་ཡིན་རྒྱུ་ཨེ་རེད།
གཞོན་ནུ་ལགས་ནི་གཞོན་ནུ་རྒྱུད་དྲང་ཞིག་གོ གཏེར་ཆོས་ནི་རྒྱ་ཆེ་ལ་གཏིང་དེ་བས་ཟབ་བོ།
སྔོན་མ་གཏེར་ལུང་དྲངས་ནས་གཏེར་ཆོས་ལ་ཐེ་ཚོམ་སྐྱེས་པའི་གཏེར་ཆོས་དེ་གང་ཡིན་
ཁྱེད་ཀྱིས་གསུང་དགོས་སོ།
གཏེར་གྱི་རྣམ་བཞག་ནི་ཤེས་སླ་བ་མ་ཡིན་ནོ། རྡོ་གྲུབ་བསྟན་ཉིའི་གཏེར་གྱི་རྣམ་བཤད་དང་མི་
ཕམ་པའི་གཏེར་སྟོན་བརྟག་པ་ཆུ་དྭངས་ནོར་བུ་གཉིས་ལ་གཟིགས་ན་ཅུང་ཟད་རེ་ཤེས་པར་ནུས་སོ། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་གཏེར་ཆེན་བརྒྱ་རྩའི་རྣམ་ཐར་དུ་ཡོད་པའི་
གཏེར་ཆེན་དེ་ཚོ་ཡོངས་གྲགས་གཏེར་སྟོན་ཚད་ལྡན་ཤ་སྟག་ཡིན་ནོ། གཏེར་སྟོན་དེ་དག་གི་
གཏེར་ཆོས་གལ་ཆེ་བ་རྣམས་རིན་ཆེན་གཏེར་མཛོད་དུ་ཡོད་དོ། གཏེར་ཆོས་གཅིག་ལ་བར་དོའི་
ཐོས་གྲོལ་ནི་འགྲོ་དོན་ཆེའོ། དེང་སང་ཚན་རིག་པས་ཀྱང་ཁས་བླངས་ཏེ་སྐད་གྲགས་ཆེའོ་ཞེས་
ཟེར་རོ། གཏེར་སྟོན་དང་གཏེར་རྫུན་མཉན་དུ་ཡོང་བར་གསུངས་སྲོལ་ཡང་འདུག་གོ ནམ་
མཁའི་གློག་མ་སྤྲིན་ལ་སོགས་པ་གནོད་སྦྱིན་རྫུ་འཕྲུལ་ཅན་རྣམས་ཀྱི་སྤྲུལ་པའི་གཏེར་
སྟོན་རྫུན་མ་ཡང་མང་པོ་ཡོད་དོ། མཆོག་གི་སྤྲུལ་སྐུ་གསུམ་དང་གླིང་པ་བཅུ་གསུམ་ལྟ་བུ་
རྩོད་མེད་ཡོངས་གྲགས་ཀྱི་གཏེར་སྟོན་ཡིན་ནོ། གཏེར་ཆེན་བརྒྱ་རྩ་དང་གཏེར་ཕྲན་སྟོང་རྩ་ལ་
སོགས་པ་མང་པོ་བྱོན་དང་འབྱོན་པར་འགྱུར་རོ། གཏེར་གྱི་དགོས་པ་ནི་བསམ་གྱིས་མི་ཁྱབ་བོ།
གཏེར་རིགས་བཅོ་བརྒྱད་ལ་སོགས་པའི་དབྱེ་བ་ཡང་མཐའ་ཡས་སོ། ཨོ་རྒྱན་རིན་པོ་ཆེས་བོད་
ཡུལ་རྫོགས་གཏེར་གྱིས་བཀང་ནས་ཡོད་དོ། ཞེས་གསུངས་སོ།
ངའི་མཆན་བུ་འདི་ལ་སླར་བསྡུའི་ཚིག་ཕྲད་མང་པོ་བྲིས་ཡོད་དོ། དེ་ཡང་སུམ་ཅུ་པ་ལས།
རྗེའཇུག་ཡི་གེ་བཅུ་པོ་ནི། །མང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །
སླར་བསླུ་བར་ནི་ཤེས་པར་བྱ། །ཞེས་བྱ་བ་བྲིས་པས་སོ། དེང་སང་ནི་སླར་བསྡུ་མེད་ཀྱང་
ཆོག་པ་འདྲ་ཞིག་མཐོང་ངོ་། དེ་ལྟར་ནི་རྩ་ཚིག་དེ་ཡང་བསུབ་པར་བྱའོ།
ཀླད་པ་རྙིང་པ་ཡིན་པར་འདོད་ན་ནི་དེར་ཟད་དོ། །
མཁན་ཆེན་གཞན་དགས་གཞུང་ཆེན་བཅུ་གསུམ་གྱི་འགྲེལ་པ་བརྩམས་ཡོད། ཁོང་གིས་རྫ་དཔལ་སྤྲུལ་གྱི་སློབ་མའི་མཆོག་གྱུར་ཨོ་རྒྱན་བསྟན་འཛིན་ནོར་བུའི་སྐུ་མདུན་ནས་སློབ་གཉེར་གནང་དུས་ཉིན་གང་སློབ་གཉེར་གནང་བས་མི་ཚད་མཚན་མོར་ཟླ་འོད་འོག་ནས་སློབ་གཉེར་གནང་། སྐབས་རེར་ཟླ་འོད་རི་རྩེར་ལྷུང་དུས་ཁོང་ཡང་ཟླ་འོད་ཀྱི་རྗེས་བསྙེགས་ནས་རི་རྩེར་འགོས་ནས་སློབ་གཉེར་གནང་འདུག རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་སོགས་ཀྱིས་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་ཞིག་ཡིན་པར་གསུངས་ཤིང་། ཁོང་སྐུ་ན་ཆུང་དུས་ཨ་ཕའི་ཐུ་འོག་ཏུ་ཉལ་ནས་ཡོད་དུས་རྨི་ལམ་ནང་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་མཁའ་འགྲོའི་ཚོགས་འཁོར་གྱི་གྲལ་དུ་ཕེབས་ནས་མི་རོ་ཞིག་ཚོགས་ལ་རོལ་བ་དང་། ཞོགས་པར་ཁོང་གི་མལ་སའི་ནང་དུ་མིའི་ལག་པ་ཤ་དང་སྦྲགས་པ་ཞིག་ཡོད་ཚུལ་ཡང་འདུག གང་ལྟར་རྟོགས་པ་མཐོན་པོ་ཞིག་རེད། ཁོང་གི་སྐུ་པར་དེང་སང་མཇལ་རྒྱུ་འདུག
ཀུན་མཁྱེན་ཀློང་ཆེན་པས་ཀྱང་དེ་བཞིན་ཁོང་གི་བླ་མ་རིག་འཛིན་ཀུམརཛའི་དྲུང་དུ་སློབ་གཉེར་དང་གསུང་ཆོས་ཞུ་དུས། ཁོང་ལ་བལ་གྱིས་བཏགས་པའི་སྒྱེ་མོ་ཞིག་ཡོད་པ་དེ་འདུག་དུས་སྟན་དུ་བཏིངས། ཉལ་དུས་དེའི་ནང་དུ་འཛུལ་ནས་ཁ་བསྡམས་ནས་ཉལ། ཁོང་གིས་དུས་རྒྱུན་གོན་པ་ལྷན་པའི་སྟེང་དུ་ལྷན་པ་གཡོགས་ཡོད་པ་ཞིག་གྱོན་ཡོད་པས། ཁོང་དགོན་དཀྱིལ་དུ་བསླེབས་ཙམ་ཉིད་ནས་གླིང་བར་གྱི་ཁྱི་མང་ཁོང་གི་སྟེང་དུ་རུབ་བརྒྱབ་ཡོང་གི་ཡོད་འདུག རྗེ་བླ་མ་ཙོང་ཁ་པ་ཆེན་པོས་འོལ་ཁ་ཆོས་ལུང་དུ་སྒྲིབ་སྦྱོང་གནང་དུས་ཕྱག་ངར་བརྡོལ་ནས་ཁྲག་ཐོན་ན་ཡང་ད་དུང་རྡོའི་མཎཌལ་ཕུལ་བ་སོགས་ལ་བསམས་ན་སྐྱིད་ཉལ་གྱིས་ཆོས་རྣམ་དག་ཅིག་མི་ཡོང་ཁོ་ཐག་རེད། ལོས་ཡིན། རང་རེའི་སྟོན་པ་མཆོག་གིས་ཀྱང་སྒོམ་སྒྲུབ་གནང་དུས་སྐུ་གཟུགས་ཀེང་
རུས་སུ་གྱུར་ཏེ་ཤངས་བུག་ནས་དབུགས་གཏོང་བ་མ་གཏོགས་མི་གྲོངས་ཟིན་པ་ཞིག་དང་གཉིས་སུ་མེད་
པས། མགདྷའི་བྱིས་པ་ཕྱུགས་རྫི་ཚོས་ཁོང་གི་ཤངས་ཀྱི་ནང་དུ་རྩྭ་ཐུར་དང་རྒྱུགས་པས་དཀྲུགས་ནས་མི་ཤི་བོ་འདིའི་ལུས་པོ་འགྱེལ་རྒྱུ་མེད་པ་འདི་ཅི་ཡིན་ནམ་ཞེས་རྩེད་སྤྱད་བྱས་པ་རེད།
ཀློང་ཆེན་པ་ད་དུང་ཁམས་པའི་བླ་རྒན་བདུན་གྱིས་སྔ་རྗེས་སུ་གྲྭ་ཤག་གཅིག་ནས་གཅིག་ལ་སྤྱུགས་འདུག སྐབས་འདིར་ངའི་གྲོགས་པོ་ཞིག་གིས་བླ་བྲང་ནས་སློབ་གཉེར་བྱེད་དུས་སུ་ཁོང་ལ་ཡང་བླ་རྒན་སྐོར་ཞིག་གིས་མི་ལེ་ལོ་ཅན་ཁང་པ་གཙང་མ་བཟོ་གི་མི་འདུག་ཟེར་ནས་འདུག་ཏུ་མ་བཅུག་པར་ལན་མང་སྤྱུགས་པ་དེ་ཡང་སེམས་ལ་དྲན་ཡོང་། བླ་རྒན་ཚོར་ཡང་ཅི་ཁག་ཁང་པ་དེ་ནི་རང་གི་ཞེན་ཆགས་སྐྱེ་སའི་དངོས་པོ་ཡོད་ན་མེད་ན་དེ་རེད། གྲྭ་རྐྱང་ཚོར་ཡང་ཅི་ཁག་དཔེ་ཆ་རེ་ཨེ་ཤེས་བསམས་ནས་ས་ཐག་རིང་ལ་ཡོང་བ་མ་གཏོགས་ཁང་བ་བདག་གཉེར་བྱེད་དུ་ཡོང་བ་མ་རེད།
ཡ་ཡ་ལགས་སོ་དེ་འདྲ་ཡིན་ན་ཁྱེད་ཀྱིས་བཀོད་པའི་སྟོན་པའི་ཉིན་གཅིག་གི་མཛད་པ་དེ་དང་ཡང་ཅུང་ཟད་ཉེ་ཡི་འདུག
དད་པ་རེ་ཡང་སྐྱེ་ས་རེད། གཞན་བོད་ཀྱི་བླ་མ་ལ་ལ་ཞིག་ནི་ནང་པ་ཡིན་མིན་ཡང་དོགས་པ་ཡོང་གི་འདུག
ཡེ་ཤེས་ཟེར་ན་ཀླུ་སྤྲུལ་ཚང་རེད་པས། ལོ་རྒྱུས་ཆོས་འབྱུང་ལ་ཆགས་ཐོགས་མེད་པ་འདྲ་ཞིག་འདུག་སྐྱབས་སུ་མཆི།
ཁོང་ཡིན་ན་དེ་འདྲ་ཞིག་ཡིན་རྒྱུ་རེད། དེང་སང་རྙིང་མའི་སྤྲུལ་སྐུ་འདི་ཚོ་ལ་སྟུ་སྒོར་མོ་གཉིས་ཀ་མ་གཏོགས་བསམ་
གྱི་ཅི་ཡང་མི་འདུག རྡོ་གྲུབ་བསྟན་པའི་ཉི་མས། སྟུ་དགའ་རྙེད་ཚོལ་ཞེས་བཀའ་བཀྱོན་གནང་བ་ཡང་དོན་ལ་གནས་
པ་ཞིག་རེད། ལོ་རྒྱུས་ཆོས་འབྱུང་ཟེར་དུས་ཁོང་ཚོ་མགོ་ན་ཡི་རེད།
བོད་ཀྱི་ཆོས་བརྒྱུད་གང་ཡིན་ལ་མ་ལྟོས་པར་སྐྱེས་བུ་དམ་པ་ཞིག་གི་རྣམ་ཐར་ཡིན་ཕྱིན་འདི་མ་བཀླགས་བྱ་བ་ཞིག་མེད་པའི་ཚོད་དུ་ཡོད། རྣམ་ཐར་རེ་རེ་བཀླགས་ན་ཤེས་ནས་སྐྱེས་པའི་དད་པ་རེ་ཡོང་གི་འདུག འདི་ནི་ངའི་དགེ་ཕྱོགས་ཀྱི་བླ་མ་ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་མཛད་པ་འཕྲིན་ལས་ལ་ཁ་མིག་ཡར་ལྟ་ཞིག་བྱས་པའི་ཁུལ་དུ་གདའ། ཁོང་ཚང་སྤྱིར་ན་དགེ་ལུགས་པའི་བླ་མ་ཞིག་ཡིན་ན་ཡང་ཁོང་གི་ཕྱག་དཔེ་ལྷ་ཁང་ཆེན་པོ་ཞིག་ཡོད་པའི་ནང་དུ་རྙིང་བཀའ་ས་དགེའི་བླ་མའི་གསུང་འབུམ་ཞིག་ལ་བོད་ནང་ནས་རག་ཐུབ་པ་ཞིག་ཡིན་ཕྱིན་དེར་མི་བཞུགས་པ་ཞིག་ཕལ་ཆེར་མེད་པའི་ཚོད་དུ་བཞུགས། ངས་ལོ་ན་ཆུང་དུས་ནས་ཁོང་གི་ཕྱག་དཔེ་ལྷ་ཁང་དེའི་དཀོར་གཉེར་ལ་གྲོགས་འབྲེལ་ཡག་པོ་ཞིག་བཙུགས་ཏེ་ཁོམ་པ་ནམ་ཡོད་ལ་དེར་སོང་ནས་དཔེ་ཆ་རེ་བླངས་ཡོང་ནས་རང་གི་གྲྭ་ཤག་ཐེབས་ཆག་ཞིག་རལ་དུ་གྱུར་ནས་འགྱེལ་ལ་ཁད་པ་དེའི་ནང་དུ་ཀློག་གི་ཡོད། ད་དུང་ངའི་ཕ་རྒན་དེ་གྲྭ་ལོག་ཤེས་རིག་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པས་མར་མི་དྭགས་གསུམ་དང་རྗེ་ཡབ་སྲས་སོགས་བོད་ཀྱི་བླ་མའི་རྣམ་ཐར་ཞིག་ཚོང་ཁང་ནས་མཐོང་ཕྱིན་ཆད་ལག་གི་མེད་གསོག་མུག་གསོག་བྱས་པའི་སྒོར་རྡོག་ཚོས་དཔེ་ཆ་རེ་མ་ཉོས་ན་འདུག་མི་ཐུབ་པ་ཞིག་ཡིན་པས། གྲྭ་སར་མ་འཛུལ་གོང་ནས་ཁོང་གི་སྐུ་དྲིན་གྱིས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དམ་པའི་རྣམ་ཐར་མང་པོ་ཞིག་ནོར་རྫི་ལུག་རྫིའི་ཞོར་དུ་བཀླགས་པ་ཡིན།
ཀུ་བཀྲའི་ཆོས་འབྱུང་དང་བདུད་འཇོམ་ཆོས་འབྱུང་སོགས་ལས་གཏེར་སྟོན་དག་གི་རྣམ་ཐར་བཀླགས་པ་ཡིན། དུས་རབས་བཅུ་དགུ་བའི་ནང་དུ་བྱོན་པའི་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པ་ཁོང་གི་རྣམ་ཐར་དེ་ཧ་ཅང་ཞིབ་མོ་ཞིག་བྲིས་འདུག ཐ་ན་ཁོང་རྨི་ལམ་ནང་དུ་ནམ་མཁའ་ནས་རྒྱ་གར་བརྒྱུད་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཕེབ་སྐབས་རྒྱ་གར་ཡུལ་གྱི་བཀོད་པ་དག་དེང་སང་གི་གནམ་གྲུ་ལས་མཐོང་བ་ལྟར་གཟིགས་ཚུལ་ཞིག་ཀྱང་བྲིས་འདུག་པས་ཡིད་དབང་འཕྲོག་པོ་ཞིག་བྱུང་། ངས་ཁོང་གི་གཏེར་པོད་སུམ་ཅུ་བརྒལ་བ་ཞིག་ལ་པར་སྐྲུན་ཞུ་དག་ཀྱང་བྱེད་མྱོང་། གཏེར་སྟོན་འདི་ལ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སམ་པད་མ་གར་དབང་མཆོག་གིས་གཏེར་ཡིག་ཤོག་སེར་ལས་འབེབ་རོགས་སོགས་མཐུན་འགྱུར་འགྲན་ཟླ་མེད་པ་ཞིག་གནང་འདུག་ལ། གཏེར་སྟོན་འདི་སྐུ་ཚེ་རིང་བོར་མ་བཞུགས་པར་ཕངས་སེམས་བླ་ན་མེད་པ་ཞིག་ཀྱང་དེ་དུས་བྱུང་།
དེང་སོང་མཁས་བླུན་མང་པོ་ཞིག་གིས་བརྟགས་དཔྱད་ཙམ་ཡང་མེད་པར། མི་ཕམ་ཚང་། ཙོང་ཁ་བ་ཚང་། གོ་རམས་ཚང་ཟེར་འབྲོག་བླ་རྒན་པོ་ཁ་ཤས་ཀྱི་བཤད་སྒྲོས་དེ་ཡག་ཡག་འདྲ་བྱས་ནས་ “ཚང་” ཞེས་པ་འདི་བེད་སྤྱོད་རྒྱ་ཆེར་བྱེད་ཀྱི་འདུག་སྟེ། དམ་པ་གོང་མ་དེ་རྣམས་ནི། ཁྱིམ་ལས་ཁྱིམ་མེད་པ་ལ་རབ་ཏུ་བྱུང་པ་ཤ་སྟག་ཡིན། དེ་དག་ལ་ཚང་ཟེར་དུད་ཚང་ཞིག་ཡོད་པ་མི་ཤེས། ཕལ་ཆེར་མཐོང་རྒྱ་ཆུང་བ་ཡིན་འགྲོ།
ཚང་ཟེར་བའི་ཚིག་འདི། མི་ཚང་དང་། དུད་ཚང་ཟེར་བའི་བསྡུས་ཚིག་ཤིག་ཡིན་པར་འདྲ། འདི་འདྲའི་ཚིག་འདི་བེད་སྤྱོད་བྱེད་སྐབས་འབྲོག་སྡེ་རྣམས་ཀྱི་རྣ་བར་སྙན་པོར་ཡོད་ཤས་ཆེ།
དེ་ལས་འཕྱི་བའི་གཏེར་སྟོན་དུ་བགྲང་རུང་ཙམ་དུ་བཞུགས་པའི་རེབ་ཀོང་བདུད་འཇོམ་ཚང་གི་རྣམ་ཐར་དུ་ཁོང་གིས་སྐུ་ཚེ་གང་བོར་རྫས་གཏེར་གཅིག་གཉིས་ལས་བཞེས་མ་ཐུབ་ན་ཡང་རྨི་ལམ་ནང་དུ་གཏེར་བཞེས་པ་དག་ཡི་གེར་བཀོད་པར་བལྟས་ན་ཧ་ཅང་ཞིབ་མོ་མངོན་སུམ་ལྟ་བུར་འདུག ཁོང་དང་པོར་གྲྭ་པ་གནང་དེ་ནས་སྔགས་པ་གནང་འདུག
ཨ་མདོ་ནས་བླ་མ་མང་ཆེ་བར་ཚང་ཟེར་བ་འདི་གུས་ཞབས་དང་ཞེ་ས་རུ་བེད་སྤྱོད་བྱེད། དཔེར་ན་ཨ་ལགས་ཡོངས་འཛིན་ཚང་། སྐུ་ཞོགས་རྒྱ་ཡག་ཚང་། སྐུ་ཞོགས་ཀིརྟི་ཚང་། སྐུ་ཞོགས་ཨ་རྒྱ་ཚང་། ཨ་ལགས་ཚང་། སྤྲུལ་སྐུ་ཚང་ཞེས་ཞེ་སའི་དོད་དུ་འབོད་ཀིན་འདུག
ཚང་ཞེས་པ་ཚང་མ་མི་ཚང་དང་སྡེ་ཚང་ལ་གོ་ག་ལ་དགོས། ཨ་མདོའི་སྐད་དུ་ཆ་ཚང་ཞིག་ཡོད་པའམ་འཛོམས་པ་དང་ཡང་ན་མི་ཚང་བ་ལ་ཡང་གོ་བ་དཔེར་ན། ཁོང་ལ་ཡོན་ཏན་ཚང་། མི་དེ་ལ་རྩ་མི་ཚང་ཟེར་བ་ལྟ་བུ། གང་ལྟར་ཨ་མདོ་བའི་སྣང་ངོར་ཁོང་རིན་པོ་ཆེ་ཞེས་པ་དང་ཁོང་ཚང་ཞེས་པ་གཉིས་གོ་ས་མཉམ་པའི་ཐ་སྙད་གཉིས་རེད།
ཡེ་ཤེས་ལགས། ཁྱེད་ཀྱི་གསུང་ན་མཁན་པོ་གཞན་དགའ་མི་ཤ་ཟ་མཁན་རེད། དེར་བརྟེན་རྟོགས་པ་མཐོན་པོ་རེད་གསུངས། ད་འདི་ངོ་མ་སྐྲག་དགོས་པ་ཞིག་མ་རེད་དམ། སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ནང་མི་ཤ་ཟ་དགོས་ཀྱི་ཨེ་ཡོད།
“ཁོང་སྐུ་ན་ཆུང་དུས་ཨ་ཕའི་ཐུ་འོག་ཏུ་ཉལ་ནས་ཡོད་དུས་རྨི་ལམ་ནང་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་མཁའ་འགྲོའི་ཚོགས་འཁོར་གྱི་གྲལ་དུ་ཕེབས་ནས་མི་རོ་ཞིག་ཚོགས་ལ་རོལ་བ་དང་། ཞོགས་པར་ཁོང་གི་མལ་སའི་ནང་དུ་མིའི་ལག་པ་ཤ་དང་སྦྲགས་པ་ཞིག་ཡོད་ཚུལ་ཡང་འདུག གང་ལྟར་རྟོགས་པ་མཐོན་པོ་ཞིག་རེད། ཁོང་གི་སྐུ་པར་དེང་སང་མཇལ་རྒྱུ་འདུག”
བོད་ཀྱི་ལུང་ཁུག་རྣམས་སུ། སོ་སོའི་ཁ་སྐད་ཀྱིས་ཁྱབ་སར་ཞེ་སར་འགྲོ་བ་ལ། ལུང་ཁུག་གཞན་དུ། ཞེ་ས་གཏན་ནས་མིན་པ། རབ་རྒྱས་ཚང་། དོན་འགྲུབ་ཚང་། པུ་སུ་ཚང་ཟེར་པ་ལྟ་བུ་དང་། སྔོ་ཉིད་ཚང་ནི་མི་རབས་ནས་མི་རབས་བར་རྐུན་ཇག་དང་ཕྱི་བ་གསོད་ཅིང་འཚོ་བ་སྤྱད་ཅིང་ཡོད་རེད་ཟེར་བ་ལྟ་བུ་རེད། འདི་ལྟ་བུའི་ལུང་ཚན་གྱི་སྐད་ལ་ཞེན་ཆགས་བྱས་ཅིང་། བོད་སྤྱི་ལ་ཁྱབ་པའི་ཡིག་སྐད་ཀྱི་ནང་དུ་བསྲེས་ན་དགེ་མཚན་ཅི་ཙམ་ཡོད་པར་མ་འཚལ།
མཁའ་འགྲོའི་ཚོགས་འཁོར་གྱི་དུས་སུ་ཤ་རིགས་སྣ་ཚོགས་བེད་སྤྱོད་གཏོང་གི་རེད། མཁའ་འགྲོ་ཟེར་ན་འགྲོ་བ་མིའི་རིགས་དེ་འདྲ་རང་ད་མ་རེད། དེའི་ནང་ན་མི་དང་མི་མ་ཡིན་སྣ་ཚོགས་ཤིག་ཡོད་པ་རེད། སྔོན་གྱི་གསང་སྔགས་པའི་ལུགས་ལ་དུར་ཁྲོད་དུ་དབྱུགས་བཞག་པའི་མི་ཤ་ཚོགས་འཁོར་དུ་སྤྱོད་པ་དེ་ལ་ཡ་མཚན་ཞེ་དྲགས་བྱེད་རྒྱུ་ཡོད་པ་མ་རེད། དིལ་དམར་དགེ་བཤེས་ཚང་གིས་བརྩམས་པའི་སྨན་ཡིག་གྲགས་ཅན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁ་གསལ་གོ་བདེ་ཤེལ་གོང་ཤེལ་ཕྲེང་ལ་གཟིགས་དང་མི་ལུས་ཀྱི་སྟེང་ན་སྨན་མིན་པ་ཅི་ཡང་ཡོད་ནི་མ་རེད། ཤ་ད་ཡིན་ད་ཡིན། ཁྱི་སྐྱག་ཕག་སྐྱག ཕོ་མོའི་རྨོངས་སྤུ། ཐ་ན་ཕོ་མོས་ཆགས་པ་སྤྱོད་དུས་བྷ་ག་དང་ལིང་ག་སྦྱར་བའི་བར་ནས་འཛགས་པའི་གཤེར་ཁུ་དེ་ཡང་སྨན་དུ་འགྲོ་གི་འདུག མི་ཤ་གཅིག་པོ་མ་རེད་ཁྱི་ཤ་རྟ་ཤ་གླང་ཤ་གཅིན་སྐྱག་སོགས་ས་སྟེང་གི་དངོས་པོ་ཞིག་ལ་འདི་བཀོལ་འདི་མི་བཀོལ་ཟེར་བ་ཞིག་ཡོད་ནི་མ་རེད། གསོ་རིག་གི་གཞུང་དང་གསང་སྔགས་ཀྱི་གཞུང་དུ་མི་ཤ་ལ་ཤ་ཆེན་ཟེར་གི་རེད། སྔོན་མར་ད་ལྟའི་ཁྲིམས་ལུགས་འདི་འདྲ་ཡོད་ནི་མ་རེད་ལ། མཁའ་འགྲོ་མ་ཚོས་འགྲོ་བ་མིའི་ཁྲིམས་ལུགས་བརྩི་དང་མི་བརྩི་ཡང་མི་ཤེས། བོད་ཀྱིས་མི་ཤ་ཟ་བའི་བྱ་རྒོད་དག་མཁའ་འགྲོ་མར་ངོས་འཛིན་ཡང་བྱེད་ནི་རེད། དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་དུ། ཤ་ལྔ་བདུད་རྩི་ལྔ་དངོས་སུ་ལག་ལེན་བྱེད་མཁན་ཡང་མཐོང་སྟེ་གྲུབ་ཆེན་ཡིན་ནམ་སྨྱོན་པ་ཡིན་མ་ཤེས་སོ། །ཞེས་པ་འདིས་འདི་ལག་ལེན་བྱེད་མཁན་དང་འདི་ལ་བརྟག་དཔྱད་བྱེད་མཁན་གཉིས་ཀ་ཚད་ཅིག་ལ་ཐོན་དགོས་པ་བསྟན་འདུག་སྙམ། འདི་ཚོ་མང་དུ་བཤད་ན་གསང་སྔགས་ཀྱི་སྐོར་ནས་ཅང་མི་ཤེས་ཚོར་གོ་བ་ལོག་པར་འགྲོ་རྒྱུ་མང་བས་འདིར་མཚམས་འཇོག་བྱེད།
ཨ་ལགས་ཚང་། ཟེར་བ་འདི་ནི་ཆོས་བྱེད་པའི་གོ་གནས་ཅིག་ལ་གོ་བ་ཡིན། དེ་ཡང་ཨ་ལགས་ནི་ཁ་ཆེའི་སྐད་ཀྱི་ཨྰ་ལ་སྟེ་དཀོན་མཆོག་ཟེར་བ་དེ་ལོས་ཡིན་སྙམ། ད་དུང་འདི་ལ་བོད་སྐད་ཀྱི་སྣོན་མ་བརྒྱབ་ཏེ། ང་ཚོ་བོད་ཀྱི་སྤྲུལ་སྐུ་འདི་ལ་ཨྰ་ལ་ཡི་གོ་དོན་ཚང་ཅེས་པ་ལོས་ཡིན་སྙམ། དེ་ནས་ཚང་ཟེར་བ་འདི་ནི་མི་ཚང་ཅེས་པའི་དོན་ལ་མི་གོ་བར་ཡོན་ཏན་ནམ་གོ་དོན་ཚང་བ་ལ་གོ་དགོས་སྙམ།
དེ་ཡང་ཨ་ལགས་ཚང་ཅེས་པའི་ཚིག་འདི་ཨ་མདོ་ལ་སྤྲུལ་སྐུའི་ལམ་ལུགས་མ་དར་བའི་སྔོན་ལ་མེད་པ་འདྲ། གང་ཡིན་ཟེར་ན་སྤྲུལ་སྐུ་དག་ལ་མ་གཏོགས་མིང་འདི་བེད་སྤྱོད་གཏོང་གི་མི་འདུག སྤྲུལ་སྐུ་ཁ་ཤས་ཨ་མདོ་ལ་ཕེབས་རྗེས་ཁོ་ཚོས་སྤྲུལ་སྐུའི་དོན་ཅིག་འགྲེལ་བཤད་བྱས། དེ་ནས་ཁ་ཐུག་ལ་མིང་གསར་བ་ཅིག་མ་རེག སྤྲུལ་སྐུ་སྟེ་ཆོས་གཞུང་ནས་བཤད་པའི་སྐུ་བཞི་ཡ་གྱལ་གྱི་སྤྲུལ་སྐུ་དེ་མིན་པར་སེམས་ནས་ཐག་བཅད། དེ་ནས་འ་ལས་ད་ཡིན་ན་འདི་ནི་ཁ་ཆེ་ཆོས་ལུགས་ཀྱིས་བཤད་པའི་ཨྰ་ལ་ཟེར་བ་དེས་གོ་དོན་ཚང་གི་འདུག་བསམ་ནས། ཨྰ་ལ་ཚང་ཟེར་བ་རེད་བསམ། འོན་ཀྱང་ཕྱིས་སུ་ཡི་གེ་འབྲི་སྟངས་ལ་ཁ་ཤས་ཀྱིས་བཅོས་ནས། ཨ་ལགས་ཚང་ཟེར་བ་རེད་བསམ། འདི་ནི་རྣམ་རྟོག་ལ་ཤར་བ་རང་ཡིན། རྒྱུ་མཚན་ཕྱོགས་རེ་བ་ནི། མིང་འདི་གཞན་ལ་བེད་སྤྱོད་མ་བཏང་བ་དང་། དེ་ནས་མིང་འདི་དར་བའི་སྐབས་སུ་ཨ་མདོ་ལ་ཁ་ཆེའི་ཁེངས་བསྡད་ཡོད་པ། འདི་དག་ལ་གཏུགས་པ་ཡིན། བསམ་ཚུལ་ཡོད་ན་ཆར་ལྟར་འབེབས་པར་ཤོག
དེ་ནས་ཚང་ཟེར་བ་འདི་སྤྲུལ་སྐུ་སུ་ཞིག་ཡིན་ན་ཡང་སྐུ་ཕྲེང་དང་པོ་ལ་ཚང་མི་ཟེར་བར་སྐུ་ཕྲེང་གཉིས་པ་ནས་ཚང་ཟེར་རྒྱུ་རེད། སྐུ་ཕྲེང་དང་པོ་དེ་ནི་རྟེན་ལ་ལག་རྗེ་ཆེ་པ་འམ། ཡང་ན་ཡོན་ཏན་གྱི་ཕྱུག་པ་ཅིག་ཡིན་ཡིན་པ་རེད། འོན་ཀྱང་སྐུ་ཕྲེང་གཉིས་པ་ནས་ཚང་ཟེར་རྒྱུ་རེད། དེ་ཡང་སྐུ་ཕྲེང་དང་པོའི་རྟགས་མཚན་དེ་ཚང་ཅེས་ཐུགས་ཐག་གཅོད་ཀྱི་རེད། གཅིག་བྱས་ན་རིན་པོ་ཆེ་ཟེར་བ་ལས་ཚང་ཟེར་ན་ལོ་རྒྱུས་དབྱེ་ཞིབ་ལ་ཕན་ན་ཡང་ཐང་།
ཀས་སྐྱག་དབྱངས་་་་་་་་་་
ཁྱོད་སྙིང་མེད་ཀྱི་ལྡར་མ་ཞིག་ཡིན་ན་དང་པོ་ནས་ཁ་ཁ་རོག་སྡད་ན་ཁ་མཆུ་མེད་ཟེར་བ་ལྟར་ཁ་རྐུབ་ལྟར་བཙུམ་ནས་བསྡད་ན་ཡག་གི་རེད་་་་་་་་་་་་་
ང་ཚོ་ཤཀྱ་ཐུབ་པའི་རྗེས་འཇུག་ཡིན་ཟེར་སྡུག་གྱོང་སྐམ་ཁུར་རྐྱང་བྱེད་མཁན་དེ་ཚོའི་གྲལ་མ་རེད་ད་ལྡར་མ་སྙིང་མེད་ཁྱོད་ལ་བཟོད་ཐུབ་པའི་བློ་ཁོག་ཤིག་ཙམ་ཡང་མེད་ན་བཤད་ཕོད་པའི་ཁ་ཕོ་དེ་ཡང་ཉུང་ན་ཡག་གི་རེད་་་་
ཁྱོད་ཀྱིས་འདི་འདྲ་བཤད་ཡོད་པ་བརྗེད་ཚར་འདུག་གམ་ཡང་སྐྱར་ཚར་གཅིག་ཀློག་ལ་ནོར་ཡོད་ན་དགོངས་དག་ཞུས་ན་ཞུ་ས་མེད་པ་མ་རེད་་་་་ ཧ་གོ་ཨེ་ཐལ་་་་་་་་་་་་་་་་
ཁྱོད་རས་བཤད་པའི་ཚིག་འདི་ཚོ་ཁྱོད་རང་ཀློད་དང་དྲན་བསྐུལ་ཐེབས་པའི་ཆེད་དུ་ཡིན་ད་་་་་་་་་
“ཤ་ཀྱ་ཐུབ་པའི་ཨ་མའི་སྟུ་ནས་ཤ་ཀྱ་ཐུབ་པ་སྐྱེས་ཟེར་ན་ག་རེ་ཡོད་དམ། ཤ་ཀྱ་ཐུབ་པ་ཤི་དུས་མི་གཞན་པ་ལྟར་དང་པོ་རྒས། དེ་ནས་ན། དེ་ལས་ཤི་བ་རེད། ད་ཁོང་འཁྲུངས་དུས་སྟུའི་ནང་ནས་མ་འཁྲུངས་པར་མཆན་འོག་ནས་འཁྲུངས་དགོས་པ་འདི་ག་རེའི་ཆེད་དུ་རས།”
ད་དུང་ “ཤ་ཀྱ་ཐུབ་པའི་རྗེས་འཛིན་པ་མང་པོ་ཞིག་སོ་སོའི་ལུང་པ་ཤོར་ནས་སྤྲང་པོར་འགྱུར་འདུག་པ་དེ་ཚོ་ཤ་ཀྱ་ཐུབ་པ་མཆན་འོག་ནས་འཁྲུངས་ནས་ཕན་སོང་ངམ།”
ད་ལྟོས་དང་གུས་ཞབས་མེད་པ་དེ་སུ་རེད་འདུག་ཧ་གོ་ཨེ་སོང་་་་་་་་་་་་་་་་་་
སྐྱག་དབྱངས་ཁྱོད་ཀྱིས་ད་དུང་ཧམ་པ་བཤད་ནས་ “མི་གཤིས་ཀ་རྩུབ་པོ། རྒྱུ་མཚན་ཤོད་ས་མེད་མཁན། ཨུ་ཚུགས་ཚ་པོ། གཞན་ལ་གུས་ཞབས་མེད་མཁན་།” ལབ་ག་བྱེད་ རྫུན་རྐུབ་དམར་ལྗེན་དུ་ཐོན་ཨེ་སོང་་་་་་
རྒྱུ་མཚན་ཡོད་ན་སྐད་ཆ་གང་ཡང་བཤད་ཆོག་པ་བདེན་ནའང་མི་འདི་འདྲ་མང་པོའི་སྙིང་མགོ་ཏིང་རློག་པའི་སྐད་ཆ་གོང་གི་དེ་ཚོ་དང་པོ་སོ་སོས་སྡོད་མ་ཚུགས་པར་བཤད་དུས་དེ་ལ་ལན་མེ་འབར་རྒྱུ་རེ་རྒྱབ་པའི་དུས་སུ་ཞེད་ནས་འདར་སིག་སིག་ཞི་མི་ནང་བཞིན་སྐད་ཀྱང་ཆུང་དུ་འདྲ་ཅིག་བྱས་ནས་སྙོམས་ཆུང་ཡིན་ལུགས་ཚུལ་མཐུན་ཡིན་མདོག་མདོག་བྱེད་ཀ་བྱས་་་་་་་་་་་ ཧ ཧ ཧ ཧ གཡོ་ཅན་ཁྱོད་ལ་ང་བགད་མོ་གཏིང་ནས་འཆོར་་་་་་་་་་་་་་
རིན་ཆེན་ལགས། ཁྱེད་ཀྱིས་ཡིད་ནོར་ལ་དགོངས་དག་ཞུ་པ་རྗེས་སུ་ཡི་རང་ཡོད། ངས་གོ་བ་ནོར་བ་ལའང་དགོངས་དག་ཞུ་རྒྱུ་ཡིན། རྗེས་ནས་མཇལ་ཡོང་།
ད་འདིར་སྟོན་པ་སངས་རྒྱས་ཤཀྱ་ཐུབ་དེ་ཉིད་ཐེག་པ་ཆེན་པོ་ལྟར་ན་མི་མ་རེད། ཁོང་སངས་རྒྱས་རེད། མི་ཡིན་ན་འགྲོ་བ་རིགས་དྲུག་པོ་གང་རུང་ཡིན་དགོས། འགྲོ་བ་རིགས་དྲུག་པོ་གང་རུང་ཡིན་ན་འཁོར་བ་བ་ཡིན་དགོས། སེམས་ཅན་དང་སངས་རྒྱས་ལ་རང་རྒྱུད་ཀྱི་སྒྲུབ་པ་སྤང་མ་སྤང་སྒོ་ནས་འཇོག་དགོས། དེ་ཡང་སྒྲུབ་དང་བཅས་པ་སེམས་ཅན་སྟེ།། སྒྲུབ་སྤངས་སངས་རྒྱས་འཕགས་པའོ།། གསུངས་པ་ལྟར་རེད།། སྟོན་པའི་མཛད་པ་བཅུ་གཉིས་པོ་སངས་རྒྱས་ཀྱི་མཛད་པ་རེད།
འོན་ཀྱང་ཐེག་དམན་པ་ལྟར་ན་མཛད་པ་བཅུ་གཉིས་ཚང་མ་སངས་རྒྱས་ཀྱི་མཛད་པ་མ་རེད། དང་པོ་ནས་དཀའ་སྤྱོད་ཀྱི་མཛད་པ་བར་དུ་སེམས་ཅན་གྱི་མཛད་པ་དང་། དེ་ནས་ལྷག་མ་རྣམས་སངས་རྒྱས་ཀྱི་མཛད་པ་འཇོག་དགོས་པར་གསུངས།།
དུ་བ་ལས་ནི་མེར་ཤེས་དང་།། ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། རིགས་ནི་ཚད་མ་དག་ལས་ཤེས།། འདིས་བསྟན་པའི་འབྲས་རྟགས་བཀོད་ན། སྐྱེས་བུ་ཕ་རོལ་བོ་ཆོས་ཅན། བྱང་སེམས་རིགས་ཅན་ཡིན་ཏེ། ཐེག་ཆེན་གྱི་ཆོས་བཤད་པ་ན་མིག་ནས་མཆི་མ་ཤོར་བ་དང་ལུས་ནས་བ་སྤུ་ལྡང་བ་ལ་སོགས་པའི་རྟགས་མཚན་ཁྱད་པར་ཅན་དང་ལྡན་པའི་ཕྱིར། འདོད་ཅེས་པ་ལ། ཁ་ཅིག་ན་རེ། འོ་ན་ཚངས་དབྱངས་ཆོས་ཅན། བྱང་ཆུབ་སེམས་དཔའི་རིག་ཅན་ཡིན་པར་ཐལ། ཐེག་ཆེན་གྱི་ཆོས་བཤད་པ་ན་མིག་ནས་མཆི་མ་ཤོར་བ་དང་ལུས་ནས་བ་སྤུ་ལངས་བ་ལ་སོགས་པའི་རྟགས་མཚན་ཁྱད་པར་ཅན་དང་ལྡན་པའི་ཕྱིར་ཅེས་བཀོད་པ་ན། རིན་ཆེན་ན་རེ། མ་ཁྱབ་ཏེ། དེ་ནི་སྤྱིར་བཏང་ངེས་པའི་གང་ཟག་ལ་བཤད་པ་ཡིན་གྱི་གཡོ་ཅན་གྱི་ལུས་ངག་གི་སྤྱོད་པ་མ་ངེས་པའི་ཕྱིར་ཏེ། ཆོས་ཀྱི་ཕྱོགས་ནས་ཁེ་སང་རེག་གི་བསམ་ན་ཆོས་ཕྱོགས་ལ་མཆི་མ་འདོན་གྱི་རེད། ཁ་ཆེ་ཕྱོགས་ནས་ཁེ་སང་རེག་རྒྱུ་རེད་བསམ་ན་ཁ་ཆེ་ཕྱོགས་ལ་མཆི་མ་འདོན་རྒྱུ་རེད། ཐ་ན་བུ་མོ་ཅིག་ལ་མགོ་སྐོར་དེ་རྒྱོ་དགོས་ན་ཡང་བུ་མོ་དེ་ལ་ལྟོས་ཏེ་མཆི་མ་འདོན་རྒྱུ་རེད་འདུག་ན་སྟོན་པ་ཤཀྱ་ཐུབ་པ་རྗེས་འབྲངས་དང་བཅས་པར་དམོད་པ་ཧ་ལས་དགོས་པ་མི་འདུག་ལ་ཆ་འཇོག་ཀྱང་མི་འདུག་ཟེར་ན་འདི་ནི་དཔྱད་གཞི་ཆེ་བ་ལ་གཞུང་ལུགས་ཀྱི་གཏིང་ཡང་ཟབ་པས་དཔྱད་པར་འཚལ།
ད་འདི་ཚོས་ཁ་བརླ་གི་མེད་ཁུ་ན་ཁྱོའི་སྐེ། སངས་རྒྱས་མི་མིན་ཟེར། སངས་རྒྱས་ཀྱི་ཕ་མ་གཉིས་མྱི་རེད། སངས་རྒྱས་ལ་འོ་མ་ལྡུད་པའི་མ་མ་མྱི་རེད། སངས་རྒྱས་དང་མཉམ་དུ་བརྩེས་པའི་བྱིས་པ་དེ་ཚོ་ཡང་མྱི་རེད། སངས་རྒྱས་ལ་ཀ་ཁ་བསླབས་པའི་དགེ་རྒན་དེ་ཚོ་ཡང་མྱི་རེད། སངས་རྒྱས་ཀྱི་བཟའ་ཟླ་དང་བྱིས་པ་ཡང་མྱི་རེད། སངས་རྒྱས་ལ་ངེས་འབྱུང་སྤྲད་པའི་མི་དེ་ཚོ་ཡང་མྱི་རེད། སངས་རྒྱས་ལ་འོ་ཐུག་ཕུལ་བའི་བུ་མོ་དེ་ཚོ་ཡང་མྱི་རེད། སངས་རྒྱས་ལ་ཡོ་ག་བསླབས་པའི་དགེ་རྒན་དེ་དག་ཀྱང་མྱི་རེད། སངས་རྒྱས་ལ་ཆོས་ཞུས་པའི་མྱི་དེ་ཚོ་ཡང་མྱི་རེད། སངས་རྒྱས་ལ་གསོལ་ཚིགས་དྲངས་པའི་ཁྱིམ་བདག་དད་པ་ཅན་དེ་དག་ཀྱང་མྱི་རེད། སངས་རྒྱས་ལ་ཞབས་ཞུ་ཞུས་པའི་ཀུན་དགའ་བོ་ཡང་མྱི་རེད། སངས་རྒྱས་ལ་གནོད་པ་བསྐྱལ་བའི་ལྷས་བྱིན་ཡང་མྱི་རེད། སངས་རྒྱས་ཀྱི་སྐུ་གདུང་མེ་ལ་བསྲེགས་མཁན་དེ་དག་ཀྱང་མྱི་རེད། འདི་འདྲ་ཙམ་ཡང་མི་ཤེས་པར་ཅིག་གི་ལུགས་མུག་གི་ལུགས་ཟེར་ནས་སངས་རྒྱས་མི་གྲལ་ནས་འཕུད་མཁན་འདི་ཚོས་དཔེ་ཆ་ལྟ་དུས་དཔེ་མགོ་ཐུར་ར་བསྐོར་ནས་བལྟས་ནི་ཡིན་ས་མ་རེད་ན་ཁྱོའི་ཤ འདི་ཚོས་ཐེག་ཆེན་ན་ཁ་གཡར་ནས་སངས་རྒྱས་མི་གྲལ་ནས་ཀྱང་འཕུད་རྩིས་རེད། དམ་པའི་ཆོས་སྤོང་གི་ལས་ཟེར་བ་ཞིག་གོ་མྱོང་ར། སངས་རྒྱས་མྱི་འཕུད་ཀྱི་ལས་ཟེར་བ་ཞིག་གོ་མྱོང་། ཡིན་ན་ར་དེ་རིང་གོ་སོང་། ཤུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
འོ་ན་དགེ་ལུགས་པ་ཚོར་མཚོན་ན་རྗེ་ཙོང་ཁ་པ་མྱི་ཨེ་ཡིན། རྙིང་མ་བར་མཚོན་ན་གུ་རུ་རིན་པོ་ཆེ་མྱི་ཨེ་ཡིན། བཀའ་བརྒྱུད་པར་ཀརྨ་པ་མྱི་ཨེ་ཡིན། ས་སྐྱ་པར་བི་རུ་པ་མྱི་ཨེ་ཡིན། ཨ་རོ་ཡུམ་དུམ་ཅིག་གིས་མགོ་ཐུར་ར་གང་ནས་འཕངས་མི་ཤེས་པ་ཞིག་གིས་རྒྱག་ནི་མ་རེད་ན། ཉིག་ཡོར་ན་བོད་པ་མང་ག ཡུམ་དུམ་པ་ཨ་རིའི་སྨན་ཁང་ཟིག་གི་ནང་ང་ཅིག་འགྲོ་དགོས་དུས་ཁྱོའི་སྒོར་རྡོག་དེ་ཚོས་ཡར་ར་འཛུལ་སྤྱད་ཅིག་ལ་ཡང་འདང་གི་མ་རེད། གཙོ་བོ་རང་གིས་འདང་རྒྱོབས།
ངས་ནི། མྱི་ཡིན་ན་སྒྲིབ་པ་དང་བཅས་པ་ཡིན་པས་མ་ཁྱབ། སངས་རྒྱས་ཤྰཀྱ་ཐུབ་པ་ཆོས་ཅན། ཞེས་དང་།
སངས་རྒྱས་ཤྰཀྱ་ཐུབ་པ་ཆོས་ཅན། མྱི་ཡིན་པར་ཐལ། ཕ་མ་གཉིས་ཀ་མྱི་ཡིན་པའི་ཕྱིར། ཞེས་དམ་བཅའ་བ་ཡིན་པས། རིགས་པའི་སྒྲུབ་བྱེད་ཡོད་ན་ཁུར་ཞོགས། ལུང་འདྲེན་ཡོད་ཚད་ལ་འདོད་ཟེར་བའི་སྙིང་ཆུང་སྡར་མའི་རིགས་དེ་ང་མིན།
མཆན་རྟགས། ༡༢༦་པ། ཀུན་མཁྱེན་ཀློང་ཆེན་པ་སྒྱེ་ནང་དུ་ཉལ་ནས་སློབ་གཉེར་གནང་དུས་བསམ་ཡས་སུ་ས་སྐྱའི་མཁན་པོ་བསམ་རིན་(ཐུབ་བསྟན་བསམ་འགྲུབ་རིན་ཆེན)གྱི་སྐུ་མདུན་དུ་སློབ་གཉེར་གནང་སྐབས་ཡིན་པ་འདྲ། བླ་མ་ཀུ་མ་ར་ཛའི་དྲུང་དུ་བཞུགས་སྐབས་མ་རེད། ཡང་མཆན་༡༢༧། ཁམས་པའི་བླ་རྒན་བདུན་གྱིས་སྔ་རྗེས་སུ་གྲྭ་ཤག་གཅིག་ནས་གཅིག་ལ་སྤྱུགས་འདུག་ཟེར་བ་འདི་གཟིགས་ནོར་ཨེ་ཡིན་སྙམ། སྙིང་ཐིག་བླ་མ་བརྒྱུད་པའི་ལོ་རྒྱུས་སོགས་སུ། གསང་ཕུར་བཞུགས་སྐབས་ཁམས་ཀྱི་གྲྭ་བ་འགའ་་ཞིག་གིས་གནས་ཁང་གཅིག་ནས་གཅིག་དུ་ལན་བདུན་ཕུད་ཚུལ་གསུངས་ཡོད་སྙམ།
རིན་ཆེན་ལགས།
ཁྱེད་ཤ་ཀྱ་ཐུབ་པ་ཁོང་གི་ཨ་མའི་སྟུ་ལས་སྐྱེས་པ་ཁས་ལེན་ནམ། འདི་ལ་ལན་གཅིག་རྒྱོབ་དང་།
གཞོན་ནུ་སངས་རྒྱས་མི་ཡིན་གྱི་རེད་ད་མི་མ་ཡིན་ན་དགེ་སློང་ཡང་མ་ཡིན་པར་འགྱུར་ཏེ་གང་ལ་དགེ་སློང་གི་སྡོམ་པ་ནམ་ཡང་མི་སྐྱེ་བས་ཕྱིར་ཏེ་གླིང་གསུམ་གྱི་སྐྱེས་པའམ་བུད་མེད་གང་ཡང་མ་ཡིན་པས་ཕྱིར་་་་་་་
ཁྱབ་པ་ཡོད་པར་ཐལ་རྗེ་བདག་ཉིད་ཆེན་པོའི་འདུལ་སྡོམ་ལས། གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །མ་ནིང་མཚན་གཉིས་སོགས་ལ་མིན། །གསུངས་པ་ཀླུ་སྨྱོན་གྱིས་ཁ་སང་དྲངས་པ་དང་འགལ་འགྲོའོ་་་་་་་་་་་་
མདོར་ན་སངས་རྒྱས་ཤཀྱ་ཐུབ་པ་མི་ཡིན་པ་དང་དགེ་སློང་སོགས་ཡིན་ཡང་སེམས་ཅན་མ་ཡིན་ནོ་ཟེར་ན་སྐྱོན་ཆེར་མི་འདུག་སྙམ་མོ་་་་་་་་་་་་་་་་་་
ཁ་ཅིག་ན་རེ་སངས་རྒྱས་མི་ཡིན་པར་ཐལ་་་་་་་་་་་་་་
སངས་རྒྱས་ཀྱི་ཕ་མ་གཉིས་མྱི་ཡིན་པ་ནས་ཐ་མར་སངས་རྒྱས་ཀྱི་སྐུ་གདུང་མེ་ལ་བསྲེགས་མཁན་དེ་དག་གི་བར་དུ་ཐམས་ཅད་མི་ཡིན་པས་ཕྱིར་ཟེར་་་་་་་་་་་
འོ་ན་ཁྱོད་ཀྱང་ཁྱོད་ཡིན་པ་ལས་ལོག་པ་ཡིན་པར་ཐལ་་་་་་་་་་་་་་
ཁྱོད་ཀྱི་ཕ་མ་གཉིས་མྱི་ཡིན་པ་ནས་ཐ་མར་ཁྱོད་ཀྱི་སྐུ་གདུང་མེ་ལ་བསྲེགས་མཁན་དེ་དག་གི་བར་དུ་ཐམས་ཅད་ཁྱོད་ཡིན་པ་ལས་ལོག་པ་ཡིན་པས་ཕྱིར་་་་་་་་་་་་་་་་་་
སངས་རྒྱས་མི་ཡིན་པ་རང་ལུགས་ལའང་འདོད་མོད་འོན་ཀྱང་འཁོར་གསུམ་དངོས་འགལ་གྱི་ཁུར་བུ་ལྗིད་ཏིག་གེ་བ་འདི་རྟགས་ཁྱབ་གཉིས་ཤིན་ཏུ་མི་ལེགས་པས་ནོངས་སོ་་་་་་་་་་་་་་་་
ཁྱོད་ཀྱི་ཕ་མ་གཉིས་ཁྱོད་ཡིན་པ་ལས་ལོག་པ་ཡིནཔ་ནས་ཐ་མར་ཁྱོད་ཀྱི་སྐུ་གདུང་མེ་ལ་བསྲེགས་མཁན་དེ་དག་གི་བར་དུ་ཐམས་ཅད་ཁྱོད་ཡིན་པ་ལས་ལོག་པ་ཡིན་པས་ཕྱིར་་་་་་་་་་་་་་་་་་ འདི་གོང་གི་དག་མཆན་ཡིན་་
རང་གི་ལུགས་ནི་སངས་རྒྱས་མི་ཡིན་པར་ཐལ་དགེ་སློང་ཡིནཔས་ཕྱིར་རོ་་་་་་་་་་་་་་་་་
སངས་རྒྱས་མི་མ་ཡིན་ཏེ། ལྷ་ཡི་ལྷ་ཡིན་པའི་ཕྱིར། མི་ལས་འདས་པ་ཡིན་པའི་ཕྱིར་། གདོས་བཅས་ཀྱི་ཆ་ཁྲག་མེད་པའི་ཕྱིར། སེམས་མེད་པའི་ཕྱིར། སྤྲུལ་བ་ཡིན་པའི་ཕྱིར།
སངས་རྒྱས་ཤཀྱ་ཐུབ་པ་ཆོས་ཅན་ཟེར་བ་ཡིན། ཆོས་སྐུ་དང་ལོངས་སྐུ་ཡང་སངས་རྒྱས་ཡིན་ཀྱང་སྤྲུལ་བ་མིན།
གུ་རུ་མཚོ་སྐྱེས་རྡོ་རྗེ་ཉིད། ཨོ་རྒྱན་དྷ་ན་ཀོ་ཤིའི་མཚོ་གླིང་མེ་ཏོག་ཨུ་དམ་ཝ་རའི་སྟེང་དུ་བརྫུས་ཏེ་སྐྱེས་པ་འདི་ཡང་། རྟོག་གེ་བས་ནང་ཡང་བསམ་པའི་ཡུལ་མིན་ལ་བློའི་ཡུལ་དུ་མིན་ནོ། དམྱལ་བ་ལ་སོགས་པ་ཡང་དེ་དང་མཚུངས། གཉིད་ཀྱིས་ནོན་པའི་མིས་སད་པའི་མཐོང་ཚུལ་དཔོག་མི་ཐུབ་པ་བཞིན་ནོ།
མཆན་རྟགས༡༣༨། ཨ་ལགས་ཀྱི་དོན་ནི་སོག་སྐད་ཡིན་པ་འདྲ། སོག་པོའི་་མཁས་པ་བྷ་ཡེར་གྱིས་བཤད་པ་ལྟར་ན། ཨ་ལགས་ནི་རྩ་ཆེན་པོ་སྟེ་བོད་སྐད་དུ་རིན་པོ་ཆེ་ཟེར་བ་དང་གོ་དོན་མཚུངས་ཟེར། དེ་བཞིན་སོག་སྐད་དུ་རིན་གོང་ཆེ་བ་དང་རྩ་ཆེན་རྩེ་གྲས་ཀྱི་གོས་ཆེན་དང་དངོས་པོ་ལ་ཨ་ལགས་ཞེས་འབོད་པ་རིམ་བཞིན་ཅ་ལག་དེ་དང་དེའི་དམིགས་བསལ་གྱི་མིང་དུ་གྱུར་བ་རེད་ཟེར། དཔྱད་པར་འཚལ།
ཡ་ཡ། ད་འདི་ན་མང་པོ་ཅིག་གསུངས་པ་ལ་རྣོ་མེད་པ། གཏད་སོ་མེད་རྐྱང་རེད་འདུག ཀླུ་ན་རེ། དེ་ནས་སངས་རྒྱས་ཆོས་ཅན། མྱི་ཡིན་པར་ཐལ། ཕ་མ་གཉིས་མྱི་ཡིན་པའི་ཕྱིར་ཟེར། ན་རིན་ཆེན་ན་རེ། འོ་ན་སངས་རྒྱས་ཆོས་ཅན། ཁྱིམ་པ་ཡིན་པར་ཐལ། ཕ་མ་གཉིས་ཁྱིམ་པ་ཡིན་པའི་ཕྱིར་ཅེས་རིག་པ་མགོ་འཚུངས་འགོད་པ་ལ། ཀླུ་ན་རེད། ངས་བཀོད་ན་རིགས་པ་ཡང་དག་ཡིན་མ་གཏོགས། རིགས་པ་དེ་ཁྱོད་ཀྱིས་ང་ལ་བཀོད་ན་རིག་པ་ཡང་དག་མིན་ཟེར་བ་ལ། ཆོས་འཕེལ་ན་རེ། སངས་རྒྱས་ཤཀྱ་ཐུབ་པ་ཆོས་ཅན། མི་མ་ཡིན་པར་ཐལ། མཆོག་གི་སྤྲུལ་སྐུ་ཡིན་པའི་ཕྱིར། ཅེས་པ་ལ། ཅེས་པ་ལ་ཀླུ་ན་རེ། དགེ་ལུགས་པའི་བླ་མ་ཙོང་ཁ་པ་སོགས་ཆོས་ཅན། མི་མ་ཡིན་པར་ཐལ། སངས་རྒྱས་དང་མཆོག་གི་སྤྲུལ་སྐུ་སོགས་ཡིན་པའི་ཕྱིར་ཟེར་ན། གཞོན་ནུ་ན་རེ། དེ་དག་སངས་རྒྱས་དང་མཆོག་གི་སྤྲུལ་སྐུ་སོགས་ཡིན་པ་རྟགས་མ་གྲུབ། བསྟན་པ་གཅིག་གི་དབང་དུ་བྱས་བའི་མཆོག་སྤྲུལ་གཅིག་ལས་འཇིག་རྟེན་འདིར་མི་འབྱུང་ཅེས་གསུངས་པའི་ཕྱིར།
ཡང་རིན་ཆེན་ན་རེ། སངས་རྒྱས་མི་ཡིན་པར་ཐལ། དགེ་སློང་རྣམ་དག་ཡིན་པའི་ཕྱིར། ཟེར་ན་གཞོན་ནུ་ལ་འདུལ་བའི་ལུགས་ལ་ལན་རྒྱག་རྒྱུ་མ་ཆུད་པར་མཛུ་གུ་ཁ་ནང་དུ་བཅུག་ནས་ཡུན་རིང་བསྡད་རྗེས་རིགས་པ་ཅིག་རེག་པ་ནི། དར་ཆོག་གི་དབང་དུ་བྱས་ན་དགེ་སློང་ལ་མི་ཡིན་པས་ཁྱབ་ཀྱང་། སྔོན་ཆོག་དང་། ཡེ་ཤེས་ཁོང་དུ་ཆུད་པའི་སྒོ་ནས་བསྙེན་པར་རྫོགས་པ་ལ་མ་ཁྱབ་ཅེས་ལན་འདེབས་མོད། ད་དུང་འདི་ལ་དཔྱད་དགོས། འོན་ཀྱང་གོང་དུ་ངས་ཐེག་ཆེན་གྱི་ལུགས་ལྟར་ན་མཛད་པ་བཅུ་གཉིས་པོ་སངས་རྒྱས་ཡིན་པར་ཁས་ལེན་གྱི། ཐེག་དམན་ལྟར་ན་མཛད་པ་བཅུ་གཉིས་པོ་ཐམས་ཅད་སངས་རྒྱས་སུ་ཁས་མ་བླངས་པས་རིན་ཆེན་རིལ་མའི་རིགས་པ་འདི་ཡང་ར་མའི་རིལ་མ་ལྟར་ཕྱི་ཚུལ་ནས་རིལ་རིལ་སྙིང་རྗེ་པོར་སྣང་ན་ཡང་། ནང་དོན་རྩྭ་དང་བཙོ་རེད་ཟེར།
མཐའ་སྡོམ་སངས་རྒྱས་ཟེར་ན་གོ་དོན་ག་རེ་རེད། འདི་ནི་། ཉོན་མོངས་གཉིད་ལས་སངས་ཕྱིར་དང་།། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར།། གསུངས་པ་ལྟར་ཉོན་མོངས་ཀྱིས་མཚོན་པའི་སྒྲུབ་པ་མ་ལུས་པར་སངས་ཤིང་། བདེན་གཉིས་ཀྱིས་ཤེས་བྱ་ལ་བློ་རྒྱས་པའི་ཕྱིར། སངས་རྒྱས་པ་ཡིན་པས། མིའི་འགྲོ་བ་མ་ཡིན་ལ། འཁོར་བ་བ་ཡང་མ་ཡིན་ནོ། འགྲོ་བ་ཡིན་ན་སྲིད་པའི་འཁོར་ལོ་ཆ་ལྔ་འམ་དྲུག་གི་ནང་དུ་ཡིན་དགོས་པ་ལ། སངས་རྒྱས་ཤཀྱ་ཐུབ་པ་ནི་དེ་ལས་འདས་དེ། དེ་ལས་སྒྲོལ་བའི་གང་ཟག་ཡིན་པས་སོ།།
ཁ་ཆེ་བྱེ་བྲག་སྨྲ་བ་གཞིར་བཞག་བྱས་ན། སྟོན་པ་ཤཀྱ་ཐུབ་པ་མི་ཡིན་ཏེ། དགེ་སློང་ཡིན་པའི་ཕྱིར་ཞེས་པ་འདི་སྒྲུབ་བྱེད་རྣམ་དག་ལགས།
དབུ་མ་ཐལ་འགྱུར་པ་གཞི་བཞག་ན། སྟོན་པ་ཤཀྱ་ཐུབ་པ་མི་མ་ཡིན་ཏེ། སྤྲུལ་པ་ཡིན་པའི་ཕྱིར་ཞེས་པ་འདི་ཡང་སྒྲུབ་བྱེད་རྣམ་དག་ཡིན་པ་འདྲ།
སངས་རྒྱས་ཀྱི་སྤྲུལ་བ་དེ་ཚོགས་གཉིས་རྫོགས་པའི་སངས་རྒྱས་རང་བརྒྱུད་པ་དེ་ཡིན་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་དེ་ཡང་སྒྱུ་མ་མཁན་དུ་ཐལ་བ་ལ། ལན་བཟློག་པར་མི་ནུས།
དྲྭ་གྲོགས་ཚོ་སངས་རྒྱས་མི་ཡིན་མིན་ལ་རྩོད་པ་མེད་སངས་རྒྱས་མི་ཡིན་པ་ཐེག་པ་ཆེ་ཆུང་སུའི་ལུགས་ལ་ཡང་ཁས་ལེན་པ་
གཞིར་བཞག་ཡིན། འོན་ཀྱང་རྣམ་མཁྱེན་གྱི་ཡོན་ཏན་མི་ལས་ལྷག་ཀྱང་དེས་མི་མིན་པར་འགྱུར། མི་འཇོག་བྱེད་ལ་སྨྲ་ཤེས་
དོན་གོ་མིའི་རིགས་སུ་གནས་པ་མིའི་མཚན་ཉིད། ཅེས་ཟེར་དགོས་པ་རེད་དེར་བརྟེན་སངས་རྒྱས་ལ་མིའི་མཚན་ཉིད་ཚང་
ཡོད། དེ་ནི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་མཚན་དཔེས་བརྒྱན་པའི་གཟུགས་སྐུ་དེ་ལ་གོ་བ་ལེན་གྱི་ཡོད་པ་རེད།
སངས་རྒྱས་ཀྱི་ཆོས་སྐུ་ནི་མི་མ་རེད་ལ་དེ་ནི་སྨྲ་བསམ་བརྗོད་མེད་རེད།
ད་ཁྱོད་ཚོས་སངས་རྒྱས་མི་མིན་པའི་ལུང་ཐ་ཐོར་རེ་འདྲེན་པའི་སྟ་གོན་བྱེད་ཀི་ཡོད་པ་འདྲ། ལུང་ཁས་ལེན་ན་ང་ལ་ཡང་ལུང་ད་ཡོད། ཕུང་བོ་གསུམ་པ་ཞེས་བྱ་བའི་མདོ་ལས། “མི་”མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ཞེས་དང་། ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་མཛད་བཅུའི་བསྟོད་པ་ལས། གང་ཚེ་”རྐང་གཉིས་”གཙོ་བོ་ཁྱོད་བལྟམས་ཚེ། །ཞེས་ཀྱང་གསུངས་པའི་ཕྱིར།
ཐལ་འགྱུར་འགོད་པ་ལ། སངས་རྒྱས་ཤྰཀྱ་ཐུབ་པ་ཆོས་ཅན། ཁྱོད་སེམས་ཅན་ཡིན་པར་ཐལ། ཁྱོད་ལ་སེམས་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ལ་རྣམ་ཤེས་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ལ་རྣམ་མཁྱེན་ཡོད་པའི་ཕྱིར། རང་ལུགས་ལ་རྣམ་མཁྱེན་ཡིན་ན་རྣམ་ཤེས་ཡིན་པས་ཁྱབ་ཀྱང་རྣམ་ཤེས་ཡིན་ན་རྣམ་མཁྱེན་ཡིན་པས་མ་ཁྱབ་པར་འདོད་དོ།།
གཞོན་ནུ་ལགས། སྲིད་པའི་འཁོར་ལོའི་ནང་དུ་བྲིས་ཚད་སྲིད་པ་བ་ཡིན་དགོས་ན། སྲིད་པའི་འཁོར་ལོའི་ནང་དུ་བྲིས་པའི་རིགས་དྲུག་གི་ཐུབ་པ་དྲུག་ཆོས་ཅན། དེར་ཐལ། དེའི་ཕྱིར། བླ་རྒན་གྱི་ལག་གི་གཏོར་མ་རྫི་སྤྱད་ཀྱི་རྩམ་པ་ཡང་ཤམ་ཐབས་ཀྱི་སྟེང་དུ་འཐོར་སོང་ངམ།
ཁ་ཆེ་བྱེ་བྲག་སྨྲ་བ་གཞིར་བཞག་བྱས་ན། སངས་རྒྱས་ཀྱི་སྤྲུལ་བ་དེ་ཚོགས་གཉིས་རྫོགས་པའི་སངས་རྒྱས་རང་བརྒྱུད་པ་དེ་ཡིན་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་དེ་ཡང་སྒྱུ་མ་མཁན་དུ་ཐལ་བ་ལ། ལན་བཟློག་པར་མི་ནུས།
གཞོན་ནུ་ལ་འདི་འདྲི་བར་བྱ་སྟེ་་་་་་་་་་་་་
མི་ཡིན་ན་མིའི་འགྲོ་བ་ཡིན་དགོས་པའི་སྒྲུབ་བྱེད་ཅི་ཡོད་་་་་་་་་་་་་་་་
ཀླུ་རིན་པོ་ཆེས་ཞལ་ནས། རང་ལུགས་ལ་རྣམ་མཁྱེན་ཡིན་ན་རྣམ་ཤེས་ཡིན་པས་ཁྱབ་ཀྱང་
རྣམ་ཤེས་ཡིན་ན་རྣམ་མཁྱེན་ཡིན་པས་མ་ཁྱབ་པར་འདོད་དོ།། ཞེས་གསུངས་པ་དེ་སུའི་ལུགས་གསུངས་
ནི་རེད་ལགས། རྣམ་མཁྱེན་ཡིན་ན་ཡེས་ཤེས་ཡིན་དགོས་པ་ནི་སྨྲོས་མ་དགོས་པ་རེད། དེ་ལྟར་ན་མདོ་ལས།
རྣམ་ཤེས་ནི་མི་རྟག་པའོ། ཡེ་ཤེས་ནི་རྟག་པའོ། ཞེས་སོགས་གསུངས་པས་མཚོན་ཁྱད་པར་མང་པོ་
ཡོད་པས་འདི་གཉིས་དོན་གཅིག་ཏུ་འདོད་ཀྱི་ཨེ་ཡིན་ནམ།
བརྟོན་པ་རྣམ་བཞི་གོ་ལོག་གོ རྣམ་མཁྱེན་ཡེ་ཤེས་ཆོས་ཅན། རྣམ་ཤེས་མ་ཡིན་པ་ཐལ། ཡེ་ཤེས་ལ་བརྟོན་ཟེར་ས་ཡིན་པའི་ཕྱིར།
ཆོས་འཕེལ་ལགས། སྟོན་པ་བཞི་ནི་ས་སྟོན་རེད། ཁྱེད་རིག་པ་དེ་དོན་གནས་པ་རེད།
ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ལ། སངས་རྒྱས་ཤཀྱ་ཐུབ་པ་ཆོས་ཅན་སྤྲུལ་བ་མ་ཡིན་ཏེ། ཚོགས་གཉིས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་རང་བརྒྱུད་པ་དེ་ཡིན་པའི་ཕྱིར།
གསེར་ཆོས་ལགས། འདིའི་སྐབས་ཀྱི་རྟོན་པ་རྣམ་བཞིའི་རྟོན་དེ་ར་རྟོན་རེད། རྒྱུ་མཚན་ནི་འདིའི་སྐབས་ཀྱི་རྟོན་ཞེས་པའི་གོ་དོན་ནི་ཡིད་ཆེས་ཞེས་པའི་དོན་རེད། ང་ཚོས་སྐབས་དེ་ལ་ཡིད་རྟོན་མི་འདུག་ཅེས་བྲིས་ཡོད་པ་མཐོང་ཐུབ་པ་ཡིན།
ང་ཚོས་ཤེས་དགོས་པ་ཞིག་ལ་སངས་རྒྱས་ཀྱི་རྣམ་མཁྱེན་ཞེས་པ་དེ་ནི་སངས་རྒྱས་ཀྱི་རྣམ་ཤེས་ཞེས་པའི་ཞེ་ས་རེད། ཤེས་དང་མཁྱེན་ཞེ་ས་སྦྱར་དང་མ་སྦྱར་བའི་ཐ་སྙད་དོན་གཅིག་པ་གཉིས་ཡིན་པ་ནི་བོད་ཡིག་གི་ཤེས་ཚད་ཏོག་ཙམ་ཡོད་པ་ཞིག་གིས་ལོས་ཤེས། དབུས་གཙང་ན་ཞེ་ས་སྦྱོར་བ་མང་བས་ཡི་གེ་མི་ཤེས་པའི་གྲོང་གསེབ་ཀྱི་ལུག་རྫི་ཚོས་ཀྱང་ཤེས་དང་མཁྱེན་གཉིས་དོན་གཅིག་ཡིན་པ་ལོས་ཤེས། རྟོན་པ་རྣམ་བཞིའི་གྲས་ཀྱི་རྣམ་ཤེས་ལ་མི་རྟོན་ཞེས་པ་ནི་སྒྲིབ་པ་དང་བཅས་པའི་རྣམ་ཤེས་ལ་མི་རྟོན་ཞེས་པའི་དོན་ཡིན་གྱི་རྣམ་ཤེས་ཐམས་ཅད་ལ་མི་རྟོན་ཞེས་པའི་དོན་ག་ལ་ཡིན། དེ་ཡིན་ན་ཡེ་ཤེས་ཡོད་ཚད་ལ་རྟོན་དགོས་པའི་གནས་ཤིག་གང་ན་ཡོད་དེ། ཉན་རང་དགྲ་བཅོམ་པའི་ཡེ་ཤེས་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་མཚོན་ན་ཆོས་དཀོན་མཆོག་ཏུ་མི་རུང་བའི་ཡེ་ཤེས་ཤིག་ཡིན་པའི་ཕྱིར་ཏེ། དེ་ཐེག་ཆེན་གྱི་ཆོས་དཀོན་མཆོག་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཐེག་ཆེན་སེམས་བསྐྱེད་ཀྱིས་མ་ཟིན་པའི་ཡེ་ཤེས་ཉི་ཚེ་བ་ཞིག་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་ལ་དེའི་ཕྱིར། ད་ནི་ཟླ་མེད་སོགས་ཀྱི་ཁ་ལ་སྨྲ་བཅད་རྒྱ་ཡང་བྱིན་པ་ཡིན་ནོ། །ཡིན་སྲིད་དེ། དེ་རིང་ཉི་མ་ཡང་ཞེ་དྲགས་ཡག་རྒྱུ་མི་འདུག
རྣམ་མཁྱེན་དེ་རྣམ་ཤེས་ཀྱི་ཞེ་ས་དང་། ཕྱི་གསོད་ཚང་། ཞེས་ཞེ་ས་ཆེ་ཤོས་ཡིན་པ་སོགས་གསར་གཏོད་མང་ཀི
གདུལ་བྱ་ཐུན་མོང་གི་དབང་དུ་བྱས་ན་སངས་རྒྱས་མི་ཡིན་ཏེ། ཁོང་གིས་སྨྲ་ཤེས་པ་དང་། དོན་གོ་བ་དང་། མིའི་རིགས་སུ་གནས་པའི་ཕྱིར་རོ། དེས་དབང་དུ་ན་སངས་རྒྱས་མི་ཡིན་མིན་ལ་དོགས་པ་མེད་། ཐེག་ཆེན་ཐུན་མིན་དང་ཁྱད་པར་དུ་གསང་སྔགས་ཀྱི་དབང་དུ་བྱས་ན་སངས་རྒྱས་ནི་ཆོས་ཉིད་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་འཕོ་འགྱུར་མེད་པའི་བདག་ཉིད་དུ་ཁས་ལེན་པར་མངོན། སངས་རྒྱས་ཀྱི་རྣམ་མཁྱེན་ཡང་ཡེ་ཤེས་ལས་རྣམ་ཤེས་སུ་ཁས་མི་ལེན། རྣམ་ཤེས་སུ་ཁས་ལེན་ན་དེ་མི་རྟག་པར་འགྱུར་ཞིང་དེ་ལྟར་ན་རྗོ་རྗེ་སྐུ་ལ་མི་རྟག་པར་ལྟ་བའི་སྐྱོན་ཡོད་པར་མདོ་ལས་གསུངས་པའི་ཕྱིར་རོ།
མི་ཡིན་ན་སྒྲིབ་པ་དང་བཅས་པ་ཡིན་དགོས་པའི་ཁུངས་སྐྱེལ་ཅི་ཞིག་ཡོད། མི་རྟག་པ་ཡིན་ན་སྐྱོན་དང་བཅས་པ་ཡིན་པའི་ཁུངས་སྐྱེལ་ཡང་ཅི་ཞིག་ཡོད།
རིན་ཆེན་གྱི་དྲི་བ་གཏིང་ཟབ་པོ་ཅིག་བཀོད་ཡོད་མདོག་མདོག་བྱེད་ཀྱི་འདུག་པས་དང་པོ་ལན་འདེབས་དགོས་རྒྱུ་རེད། འདི་ནི་སྤྱི་བྱེ་བྲག་གི་འབྲེལ་བའམ་དབྱེ་གཞི་དང་དབྱེ་བའི་འབྲེལ་བའི་སྟེང་ནས་བསམ་བློ་གཏོང་དགོས། དེ་ཡང་འགྲོ་བ་ནི་སྤྱི་འམ་དབྱེ་གཞི་ཡིན་ལ། ལྷ་དང་། མི། ལྷ་མ་ཡིན། དུད་འགྲོ ཡི་དྭགས། དམྱལ་བ་རྣམས་དེའི་དབྱེ་བ་འམ་བྱེ་བྲག་ཡིན་པས། དབྱེ་བ་གང་ཞིག་ལ་དབྱེ་གཞི་དེ་ཡིན་པས་མ་ཁྱབ་པ་འེ་ཡོད་ན། ཞར་ལ་འགྲོ་བའི་དོན་ནི། ཞེ་སྡང་གིས་འགྲོ་བ། འདུན་པས་འགྲོ་བ། གཏི་མུག་གིས་འགྲོ་བ། འདོད་ཆགས་ཀྱིས་འགྲོ་བ་འདི་འདྲ་ཅིག་ཡིན་དགོས་ཀ
ཀླུ་རིན་པོ་ཆེ་ནས་མིང་ཚིག་གཅིག་འབྲོག་པའི་ལུག་གི་རྒྱུ་མ་གཏུབ་གཏུབ་བྱས་ཏེ། མི་མཆོག་གི་མཆོག་གཏུབ་ནས་ཕར་ལ་གཡུག ཡང་རྐང་གཉིས་གཙོ་ལས་གཙོ་གཡུག་ནས་རྐང་གཉིས་ཁུར་དེ་ཡོང་ནས་འདིར་བསྒྲིགས་པ་ལ་རྡོ་ཆག་བཙན་སྒྲིག་ཟེར་བ་དེ་རེད། དེ་མིན་ཤཀྱ་ཐུབ་པ་ཆོས་ཅན། སེམས་ཅན་ཡིན་པར་ཐལ། སེམས་ཡོད་པའི་ཕྱིར་ཟེར། འདི་ཡིན་འགོད་ཀྱི་ཐལ་འགྱུར་རེད་དམ ཡོད་འགོད་ཀྱི་ཐལ་འགྱུར་རེད། ཐལ་འགྱུར་འདི་འདྲ་བཀོད་ན་ཆོས་ཅན་ནུས་མེད་ཟེར་བ་དེར་འགྲོ་གི་རེད། འོན་ཀྱང་ཆོས་ནུས་མེད་ཀྱི་དབང་དུ་མ་བཏང་བར་ལན་བརྒྱབ་ན་ཡང་། འདི་ལ་མ་ཁྱབ་ཀྱི་ལན་འདེབས་རིགས། དེ་ཡང་སེམས་ཅན་དང་སངས་རྒྱས་ཀྱི་འབྱེད་ཆོས་མི་འདྲ་བ་རེ་འེ་ཡོད། སེམས་ཅན་དང་སངས་རྒྱས་ཀྱི་འབྱེད་ཆོས་ནི་གཞུང་ལུགས་ལས་སྒྲུབ་པ་སྤངས་མ་སྤངས་སྒོ་ནས་འཇོག་བཞིན་མོད། འོན་ཀྱང་དེ་ཁས་མི་ལེན་ན་རང་གིས་འབྱེད་ཆོས་ཅིག་འཇོག་དགོས་ཀ ད་ངས་གཞི་བདག་མཁའ་འགྲོའི་སྤྱི་གཏོར་ཅིག་བཞེངས་དགོས་ཀི རྗེས་ནས་ཡོང་།
ཀླུ་རིན་པོ་ཆེ་ལ་ཕུལ་བ། ཀླུ་རིན་པོ་ཆེ་ལ་རྣམ་ཤེས་མེད་པར་ཐལ། རྣམ་མཁྱེན་མེད་པའི་ཕྱིར། ཁྱབ་བ་ཁས་བླངས་ཏེ། རྣམ་ཤེས་དང་རྣམ་མཁྱེན་ནི་ཞེ་ས་ཡིན་མིན་ཙམ་ལས་དོན་ལ་གཅིག་ཡིན་པའི་ཕྱིར། ཧཧཧ འདོད་ན་ཀླུ་རིན་པོ་ཆེའི་དགེ་སྡུག་འཇོག་སའི་ཀུན་གཞི་རྣམ་ཤེས་མེད་པར་ཐལ། རྣམ་མཁྱེན་མེད་པའི་ཕྱིར། འདོད་ན་སྐུ་གོང་མ་ནས་འདིར་འོང་བའི་རྒྱུན་དེ་ཡང་མེད་པར་ཐལ་བ་དང་། འདི་ནས་ཕྱི་མར་འགྲོ་བའི་རྒྱུན་དེ་ཡང་མེད་པར་ཐལ་བ་སོགས་རྫོགས་རྒྱུ་མེད་པ་ཡོང་ན་ཡང་། འོ་ད་གཡུག་ཞོག
རྣམ་མཁྱེན་ཡེ་ཤེས་རྟག་པ་ཡིན་ཟེར་རོ། རྣམ་མཁྱེན་ཡེ་ཤེས་ཆོས་ཅན། དངོས་པོ་མ་ཡིན་པ་ཐལ། རྟག་པ་ཡིན་པའི་ཕྱིར། ལན་བཟློག་མེད་ཀྱི་འཁོར་གསུམ ༡། དེ་ཆོས་ཅན། ཚད་མ་མ་ཡིན་པ་ཐལ། རྟག་པ་ཡིན་པའི་ཕྱིར། འཁོར་གསུམ་༢ རྒྱུན་མཐའི་ཡེ་ཤེས་ཆོས་ཅན། ཁྱོད་ལ་རིག་པའི་རྒྱུན་ཕྱི་མ་མེད་པ་ཐལ། ཁྱོད་ཀྱིས་སྐྱེས་པའི་རིག་པ་སྐད་གཅིག་ཕྱི་མ་མེད་པའི་ཕྱིར། མི་སྨྲ་བའི་བརྟུལ་ཞུགས་ཟེར་པ་ངོས་ཟིན་ངེས་སོ
གོང་གི་དོན་གཅིག་ཟེར་བ་ནི་ཚིག་རང་རྐང་གི་གོ་དོན་དང་སྦྱར་ནས་བཤད་པ་ཡིན། རྣམ་ཤེས་ཡིན་ན་རྣམ་མཁྱེན་ཡིན་མི་དགོས་པ་ངའི་རང་ལུགས་ཡིན་ཞེས་གོང་དུ་བརྗོད་ཟིན། ཁྱོས་ད་དུང་ཨུ་ཚུགས་བྱེད་ན། ངས་ཁྱོད་ཀྱི་རྒྱུད་ན་ཡོད་པའི་སྒྲིབ་པ་དང་བཅས་པའི་རྣམ་མཁྱེན་ཞིག་དང་། སངས་རྒྱས་ཤྰཀྱ་ཐུབ་པའི་རྒྱུད་ན་ཡོད་པའི་སྒྲིབ་པ་སྤངས་པའི་རྣམ་མཁྱེན་གཉིས་ཡོད་ཅེས་དམ་བཅའ་བ་ཡིན་པས། ལུང་རིགས་ཀྱི་གནོད་བྱེད་ཡོད་ན་ཁུར་ཤོག
འཛམ་གླིང་འདིས་ཐོག་ཏུ་ཡོད་པའི་སྒྲོན་མེ་ཆེ་ཤོས་ཉི་མ་དེ་ཆོས་ཅན། མུན་པ་འཐུག་ཤོས་ཀྱི་སྨག་རུམ་དུ་ཉལ་ནས་ཡོད་པ་ཐལ། སྒྲིབ་པ་མ་ལུས་པ་སྤོང་བའི་གཉེན་པོ་མཐར་ཐུག་པ་དེ། མ་རིག་པའི་མུན་པ་སྟུག་པོའི་སྦུག་དུ་ཡེབ་ནས་ཡོད་པའི་ཕྱིར། ཀླུ་རིན་པོ་ཆེ། རྩོམ་ཉོབ་འདྲ་སྤེལ་ནས་བཞུགས་ན་མཚམས། རྩོད་པའི་གྲྭར་ཞུགས་དྲན་ན། ཡང་བསྐྱར་གྲྭ་སར་འགྲིམ་རན་འདུག་གོ
གོང་གི་གཞོན་ནུའི་ཐལ་འགྱུར། སངས་རྒྱས་ཆོས་ཅན། མི་སྐྱ་ཡིན་པར་ཐལ། ཕ་མ་གཉིས་ཀ་མི་སྐྱ་ཡིན་པའི་ཕྱིར། ཞེས་པ་འདིས་ངའི་ཐལ་འགྱུར། སངས་རྒྱས་ཤྰཀྱ་ཐུབ་པ་ཆོས་ཅན། མི་ཡིན་པར་ཐལ། ཕ་མ་གཉིས་ཀ་མི་ཡིན་པའི་ཕྱིར། ཞེས་པ་དེ་བཤིག་པར་འདོད་པ་ནི། དོན་ངོ་མར་འཇིག་རྟེན་གྲགས་པའི་ཀུན་རྫོབ་བརླག་པར་འདོད་པ་ཁོ་ན་ཡིན་ཏེ། ཕ་མ་གཉིས་ཀ་མི་ཡིན་ན་སེམས་ཅན་དེ་མི་ཡིན་པར་འཇིག་རྟེན་ཡོངས་གྲགས་ཀྱིས་ཁས་ལེན་པའི་ཕྱིར། ཡིན་ན་ཡང་ཕ་མ་གཉིས་ཀ་མི་སྐྱ་ཡིན་ན་མི་དེ་མི་སྐྱ་ཡིན་དགོས་པར་འཇིག་རྟེན་ཡོངས་གྲགས་ཀྱིས་ཁས་མི་ལེན་པའི་ཕྱིར། མི་འདི་ཚོས་སྐབས་རེར་ཟླ་བ་གྲགས་པས་གང་བཤད་ཁས་ལེན་པ་འདྲ་བོ། ཡང་སྐབས་རེར་འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་པ་འདི་ཡང་ཁས་མི་ལེན་པ་འདྲ་བོ་ཞིག་རེད། བོད་མྱི་སྐོར་ཞིག་གིས་འདི་ལྟ་བུའི་རྟོག་གེའི་རིགས་པ་འདམ་ཉོག་ལ་ཕུར་བ་བཏབ་པ་འདྲ་བ་ཤ་སྟག་ལ་སྦྱོང་བཞིན་སྡོད་པས། སྔོན་གྱི་མཁས་གྲུབ་གང་མང་ཞིག་གིས་རྟོག་གེའི་རྩོད་རིགས་ལ་ཐུགས་གཏིང་ནས་ཆད་པའི་གསུང་སྐད་ཤོར་བ་རེད། མི་ཞིག་ཡིན་ན་ངེས་པར་དུ་སྐྱོན་དང་བཅས་པ་ཞིག་ཡིན་པར་འདོད་པ་འདི་ནི་མིའི་རིན་ཐང་ཁས་མི་ལེན་པའི་གྲུབ་མཐའ་འཇིགས་སུ་རུང་བ་ཞིག་ཡིན་པ་ཤེས་ན་ལེགས།
ཡ་ཡང་ཅུང་ཟད་ཁོམ་གི ཀླུ་སྨྱོན་ལ་རྟགས་གསལ་གཏོང་རྒྱུ། གྲྭ་སྒྲིག་བྱོས་འ ཡང་ཀླུ་སྨྱོན་ན་རེ། སངས་རྒྱས་ཀྱི་རྣམ་ཤེས་དང་སངས་རྒྱས་ཀྱི་རྣམ་མཁྱེན་དོན་གཅིག་ཟེར་ན། སངས་རྒྱས་ཤཀྱ་ཐུབ་པའི་མིག་གི་རྣམ་པར་ཤེས་པ་ཆོས་ཅན། རྣམ་མཁྱེན་ཡིན་པར་ཐལ། རྣམ་ཤེས་ཡིན་པའི་ཕྱིར། འདོད་ན་རྣལ་འབྱོར་མངོན་སུམ་ཡིན་པར་ཐལ་ལོ། ཡང་ཁོང་གི་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་བའི་ཚོར་བ་དང་། འདུ་ཤེས་སོགས་སེབས་བྱུང་རེ་རེ་ནས་ཆོས་ཅན་རྣམ་ཤེས་ཡིན་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན་གཙོ་སེམས་ཡིན་པར་ཐལ། རྣམ་ཤེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ་། སེམས་བྱུང་ཡིན་པའི་ཕྱིར། གཞུང་ལུགས་རྣམས་ལས་སེསམ་ནི་གཙོ་བོ་འམ་རྒྱལ་བོ་ལྟ་བུ་དང་། སེམས་བྱུང་རྣམས་ནི་འཁོར་རམ་བློན་པོ་ལྟ་བུར་གསུངས་པའི་ཕྱིར། ཡང་སེམས་དང་། ཡིད་དང་རྣམ་པར་ཤེས་པ་རྣམ་དོན་གཅིག ཟེར་བ་དེ་དྲན་པར་བྱས་ལ་ལན་ཐོབ་འ
རིགས་པའི་་སྲང་ལ་གཞལ་བ་ན། །
མཁས་པའི་ལྗིད་ཚད་ས་ལེར་མངོན། །
རྩོད་འཆད་ངག་ལ་མ་ངེས་ཀྱང་།།
ཡི་གེ་ལམ་ནས་རང་གཟུགས་སྟོན། །
རྩེད་མོར་ཐལ།
ཡ་ཡ་ད་ཡང་འདུག་གི་མི་འཇུག་གི ངའི་ལས་འདི་གྲྭ་ས་རྒྱ་མཚོ་ལྟ་བུ་ནས་རྟགས་གསལ་རེ་གཏོང་བསམས་ན་ཡང་ཚ་བ་དང་ལྟོགས་སྐོམ་གསུམ་གྱིས་འདུག་གི་མ་བཅུག ད་ས་མཐའ་གནམ་མཐའ་ཞིག་ནས་མ་ཎི་ཆ་རེ་བགྲང་ནས་འདུག་བསམས་ན་ཡང་མྱི་འདི་ཚོས་ཅིག་ཆོས་ཅན་ཅིག་ཡིན་པར་ཐལ་ཅིག་ཡིན་པའི་ཕྱིར་ཡིན་ན་ཅིག་ཟེར་ནས་འདུག་གི་མི་འཇུག་གི ཟླ་མེད་ལགས་ཀྱིས་དབུགས་ཁོག་ཏུ་ཆུག་ལ་རྐུབ་དམ་དུ་སྡོམ་བཞིན་ཉོན་ཅིག་ཨ། སངས་རྒྱས་ཀྱི་མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་རྣམ་མཁྱེན་ཡིན་པར་ཐལ། ཁྱོད་ལ་རྣམ་མཁྱེན་གྱི་མཚན་ཉིད་ཚང་བའི་ཕྱིར། དེར་ཐལ། ཁྱོད་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་རྟོགས་ནུས་པའི་ཕྱིར། དེར་ཐལ། ཁྱོད་ཟག་ཟད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར།
རིག་པའི་རལ་གྲིས། རྣམ་མཁྱེན་ཡེ་ཤེས་རྟག་པ་ ཡིན་ཟེར་རོ། རྣམ་མཁྱེན་ཡེ་ཤེས་ཆོས་ཅན།
དངོས་པོ་མ་ཡིན་པ་ཐལ། རྟག་པ་ཡིན་པའི་ཕྱིར། ལན་བཟློག་མེད་ཀྱི་འཁོར་གསུམ ༡། ཟེར་བ་ལ་ལན་བརྗོད་པ།
རྣམ་མཁྱེན་དངོས་པོ་མ་ཡིན་པ་ནི་འདོད་དེ་དངོས་དངོས་མེད་ཀྱི་མཐའ་ལས་འདས་པའི་ཡེ་ཤེས་ཡིན་པའི་
ཕྱིར། དེ་ཡང་ཀླུ་སྒྲབ་ཀྱིས། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་ཆོས་ཅན། ཚད་མ་མ་ཡིན་པ་ཐལ། རྟག་པ་ཡིན་པའི་ཕྱིར། འཁོར་གསུམ་༢ ཟེར་བའི་ལན་ལ། ཚད་མ་རྟག་པ་དང་དངོས་པོ་གཞི་མཐུན་ཁས་མི་ལེན་པ་དེ་མདོ་སྡེ་པ་དང་སེམས་ཙམ་པའི་
ལུགས་ཡིན། གྲུབ་མཐའ་གོང་འོག་གི་ལུགས་མ་འདྲེས་པར་ཤེས་པར་གྱིས་ཤིག ཡང་ཁོ་ན་རེ།
རྒྱུན་མཐའི་ཡེ་ཤེས་ཆོས་ཅན། ཁྱོད་ལ་རིག་པའི་རྒྱུན་ཕྱི་མ་མེད་པ་ཐལ། ཁྱོད་ཀྱིས་སྐྱེས་པའི་རིག་པ་སྐད་གཅིག་ཕྱི་མ་མེད་པའི་ཕྱིར། ཟེར་བ་ལ་ཡང་འདོད་ལན་འདེབས་ཏེ། དེའི་སྐབས་སུ་འདུས་བྱས་ཀྱི་རྒྱུན་ཆད་པར་འདོད་དོ་འོ་ན་སངས་རྒྱས་ལ་རྣམ་མཁྱེན་མེད་དམ་ཞེ་ན་དེ་ནི་མ་ཡིན་ཏེ། སྨྲ་བ་སམ་བརྗོད་མེད་
ཤེས་རབ་ཕ་རོལ་ཕྱིན། །ཅེས་གསུངས་པ་བཞིན་སོ་སོ་རང་རིག་པའི་ཡེ་ཤེས་ཡོད་པར་འདོད་དོ།
ལར་ཁྱོད་ཀྱི་ཐལ་བ་དེ་དག་སངས་རྒྱས་ལ་འཕེན་པ་འདྲ་སྟེ་རྣམ་མཁྱེན་རྟག་པར་གསུངས་པ་པོ་ནི་སངས་རྒྱས་ཡིན་པའི་ཕྱིར་རོ།
རྣམ་མཁྱེན་ཀྱིས་གདུལ་བྱའི་རྒྱུད་སྨིན་པའི་དོན་བྱེད་མི་ནུས་པ་ཐལ། སྤྱིར་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། རྣམ་མཁྱེན་ཡེ་ཤེས་ཆོས་ཅན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་བྱ་བ་མི་བྱེད་པ་ཐལ། བྱ་བྱེད་ཀྱིས་སྟོང་པའི་ཕྱིར།
དངོས་མེད་ཆོས་ཅན་འདུས་བྱས་ཡིན་པ་ཐལ། དངོས་དང་དངོས་མེད་འདུས་བྱས་ཡིན་གསུངས་པའི་ཕྱིར། གལ་སྲིད་ཉིད་རིག་པ་སྨྲ་བ་ཞིག་ཡིན་ན། ཉིད་ལ་ཐལ་འགྱུར་འདིའི་ལན་མེད། མིན་ན། ལན་རྫོགས་རྒྱུ་མེད།
ཉན་ཐོས་སྡེ་བས། ལྷག་མེད་མྱ་ངན་འདའ་བའི་ཚེར། འདུས་བྱས་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆད་པ་འདོད་པ་དེ་ཆད་ལྟ་མ་ཡིན་པ་ཐལ། ས་བཅུའི་རྒྱུན་མཐར་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆད་པ་འདོད་པ་དེ་ཆད་ལྟ་མ་ཡིན་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར།
མི་ཡོད་ལ་སེམས་ཡོད་ཀྱིས་ཁྱབ་པར་སྨྲས་པ་ལ། ཤེས་བྱ་ཆོས་སེམས་ཅན་ཡིན་པ་ཐལ། ཤེས་བྱ་ལ་མི་ཡོད་པའི་ཕྱིར།
མིག་ཆོས་ཅན་སེམས་ཅན་ཡིན་པ་ཐལ། སེམས་ཡོད་པའི་ཕྱིར་ཏེ། མིག་ཤེས་ཡོད་པ་ཕྱིར།
རིག་རལ་གྱིས་གྲུབ་མཐའ་གོང་འོག་བསྲེས་པའི་ཐལ་བ་དེ་དག་ལ་སྙིང་པོ་ཅི་ཡང་མི་འདུག
རིག་པའི་དྲོད་ཚད་ཉུལ་བ་འདྲ་ཡིན་སྲིད། རྩོད་པ་འདི་དངོས་པོར་སྨྲ་བ་རྣམས་ཀྱིས་ཐེག་ཆེན་ལརྩོད་ཚུལ་ཞིག་རེད། རྣམ་མཁྱེན་གྱི་དོན་བྱེད་ཚུལ་ནི་སྤྱོར་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །དཔེར་ན་ནམ་
མཁའ་ལྡིང་གི་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་
པ་ཞི་བྱེད་བཞིན། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པར། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། །བྱང་ཆུབ་
སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །སེམས་མེད་པ་ལ་མཆོད་བྱས་པས། །
ཇི་ལྟར་འབྲས་བུ་ལྡན་པར་འགྱུར། །གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། ཞེས་གསུངས་པ་བཞིན། འདུས་བྱས་ཀྱི་རྣམ་པར་རྟོག་པ་མེད་ཀྱང་སངས་རྒྱས་ཀྱི་སྨོན་ལམ་དང་འདུལ་
བྱའི་བསོད་ནམས་ནང་འཛོམ་པའི་ཚེ་འཕྲིན་ལས་འགོག་མེད་དུ་འཇུག་པ་ཡིན་པས་ཉེས་པ་ཅི་ཡང་མེད་དོ།
ཡང་རིག་རལ་ན་རེ། རྣམ་མཁྱེན་ཀྱིས་གདུལ་ བྱའི་རྒྱུད་སྨིན་པའི་དོན་བྱེད་མི་ནུས་པ་ཐལ།
སྤྱིར་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། ཟེར་བ་ནི་དོན་བྱེད་ནུས་པ་ཟེར་དུས་རྟོག་གེ་ལ་གྲགས་པའི་
དངོས་པོ་གཅིག་པུ་ལ་བསམ་ནས་སྨྲ་བ་ལས་ཐེག་པ་ཆེན་པོའི་མདོ་སྡེའི་དགོངས་པ་ཟབ་མོ་ལ་བློ་ཁ་ཆེར་ཕྱོགས་པའི་རྟགས་སོ། དེ་ཡང་གདུལ་བྱའི་དོན་བྱེད་ཚུ་གཅིག་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་
གྱིས་གྲུབ། །ཅེས་གསུངས་པས་སངས་རྒྱས་ཀྱི་ཡེ་ཤེས་ནི་འདུས་མ་བྱས་ཡིན་པ་དང་། གཞན་དོན་ལ་
འཇུག་པ་རྩོལ་མེད་ལྷུན་གྲུབ་ཏུ་མངའ་བ་ཡིན་པར་བཤད་འདུག་པ་བཞིན་ནོ།
ཡང་རིག་རལ་ན་རེ།
རྣམ་མཁྱེན་ཡེ་ཤེས་ཆོས་ཅན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་བྱ་བ་མི་བྱེད་པ་ཐལ། བྱ་བྱེད་ཀྱིས་སྟོང་པའི་ཕྱིར། ཟེར་བ་ནི། ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་དག་ལ་ཅོ་འདྲི་བ་ཡིན་ནམ། སངས་རྒྱས་ལ་བྱ་གྲུབ་ཡེ་ཤེས་མངའ་བས་བྱ་བ་མི་བྱེད་པ་ཡང་མ་ཡིན་ལ། འཇིག་རྟེན་གྱི་བྱ་བ་ནང་བཞིན་དོན་བྱེད་
དགོས་པ་ཡང་མ་ཡིན་ནོ།
དེས་ན་ཉམ་ཐོས་ལྟར་ཆད་ལྟར་འགྱུར་བ་མ་ཡིན་ཏེ་ངེད་ལ་ཡེ་ཤེས་ཡོད་པའི་ཕྱིར་རོ།
མང་པོ་འབྲི་བ་ལ་དུས་ཚོད་མི་འདུག་པས་རེ་ཞིག་དེ་ཙམ་མོ།
རིག་རལ་དྲིན་ཆེན་པོ། མཁས་བ་བརྒྱ་ལ་རྩོད་པས་ཕམ།། བླུན་པོ་གཅིག་གིས་ང་རང་ཕམ་ཟེར་བ་ནང་བཞིན་རེད། གསེར་ཆོས་ནི་གསར་བ་རང་རེད། ངས་ཁ་སྔོན་ནས་ཁོ་ལ་ཁ་ཡ་བྱས་མེད། རྒྱུ་མཚན་གང་གི་ཕྱིར་ན། འདིའི་རིགས་པ་ནི་ཁས་མི་ལེན། རིགས་པ་ཁོང་གིས་ཀྱང་མི་ཤེས། ལུང་ནི་ཁས་མི་ལེན། ཁོ་རང་གིས་མདུན་ཅོག་སྟེང་ནས་དཔེ་ཆ་མཐོང་ཚད་བྲིས་ཡོང་གི་རེད། སྒྲུབ་བྱེད་དུ་འགྲོ་མི་འགྲོ་ལ་རྩ་ནས་བལྟ་གི་མ་རེད། དཔེར་ན་རྒྱ་ནག་ཧྭ་ཤང་གིས་ཀ་མ་ལ་ཤི་ལ་ལ་ཅི་ཡང་མེད་པའི་ལྟ་བ་ནི་ཡང་དག་ཡིན་ཚུལ་ཀྱི་ལུང་བདུན་ཅུ་ཁ་ཤས་དྲང་བ་ལྟར་རྫོགས་རྒྱ་རྩ་ནས་ཡོད་པ་མ་རེད། འོན་ཀྱང་སྡུག་ཀ་ཞིག་ལ་འདིའི་ཁོ་རང་གིས་ཅིག་ཤེས་ཡོད་ས་རེད་དྲན་ནས་ང་རྒྱལ་བྱེད་ཀྱི་ཡོད་པ་འདི་ཁོ་རང་གིས་ཤེས་བྱ་སྦྱང་བའི་གེགས་ཆེན་པོ་རེད། ཁ་དཔེ་ལ་ང་རྒྱལ་གྱི་ལྒང་བུ་ལ། ཡོན་ཏན་གྱི་ཆུ་ཐིག་མི་འགོ་ཟེར་བ་ལྟར་རེད།
ངས་བསམ་ན་འདིའི་དགེ་རྒན་གཅིག་ཀྱང་རྟེན་མ་མྱོང་བ་འདྲ་འདུག དགེ་རྒན་གཅིག་ལ་རྟེན་མ་མྱོང་མཁན་དེ་ཚོ་འདི་འདྲ་ཅིག་ཡིན།
ཡེ་ཤེས་ནས་གོང་དུ་རིགས་པ་བཀོད་པ་དེ་ནི་ཕལ་ཆེར་རིགས་པ་རྣམ་དག་འདྲ་ཅིག་རེད། ཁས་ལེན་གྱི་ཡིན། འདི་སེ་ར་བྱེས་བའི་རྗེ་བཙུན་པས་འདི་འདྲ་ཅིག་བཀོད་ནས་སངས་རྒྱས་རྒྱུད་ཀྱི་མིག་ཤེས་སོགས་སྒོ་ལྔའི་ཤེས་པ་རྣམ་མཁྱེན་དུ་སྒྲུབ་པ་རེད། རྗེས་སུ་ཁོང་དགོངས་ལོ་མཐོན་པོར་ཕེབས་སྐབས་ཕྱག་དཔེ་ལ་གཟིགས་མ་དགོས་པར་ལག་པས་རེག་ནས་དཔེ་ཆ་ཀློག་པའི་རྣམ་ཐར་ཅིག་འདུག དེ་ཡང་ཁོང་གིས་ཁོང་གིས་གསུངས་གསལ་ལ་ངས་ལུས་ཤེས་ཀྱིས་རེག་ནས་དཔེ་ཆ་ཀློག་འགྲོ་བ་འདི་ནི་སངས་རྒྱས་ཀྱི་སྒོ་ལྔའི་ཤེས་པ་རྣམ་མཁྱེན་དུ་སྒྲུབ་པ་དེས་བསོད་ནམས་ཀྱི་སྟོབས་ཀྱི་ཡིན་གསུངས་པ་རེད་ཟེར་ནས་བཤད་རྒྱུན་ཅིག་འདུག
རིག་རལ་འདི་རིགས་པ་རྣོན་པོ་ཅན་ཞིག་དང་རྟོག་གེ་པའི་ཉམས་ཀྱིས་གང་ཡང་ཁས་མི་ལེན་མཁན་ཞིག་རེད།
གཞོན་ནུ་ཟླ་མེད་ཟེར་བ་འདི་ཁོ་རང་གི་གྲུབ་མཐའ་དང་མི་མཐུན་པ་གཅིག་ཀྱང་ཁས་མི་ལེན་ཞིང་ཁྱད་པར་
ཐེག་པ་ཆེན་པོའི་མདོ་སྡེ་དག་གི་དགོངས་པ་ལ་བློ་ཁ་རྩ་བ་ནས་མ་ཕྱོགས་པ་འདྲ།
རང་གི་བློར་མ་བབ་དུས་སངས་རྒྱས་ཡིན་ཀྱང་དགག་པ་རྒྱག་རྐྱང་བྱེད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པ་
ཐོབ་འདོད་རྨི་ལམ་དུ་ཡང་དྲན་རྒྱུ་མེད་པའི་ནང་པའི་དགེ་སྦྱོང་ཞིག་ཡིན་བཟོ་འདུག སྙིང་པོ་བསྟན་པའི་
མདོ་བཅུ་སོགས་རྒྱལ་བའི་བཀའ་རྣམས་ནི་སྣང་མེད་དུ་བཞག་ནས་རང་རང་གི་འཁོར་ཡུག་རེ་ན་སྣང་བ་དགའ་
ཡ་ལེ་སྡོད་མཁན་དེ་རེད་འདུག ལར་འདི་འདྲའི་རིགས་ལ་མཁས་དབང་དགེ་ཆོས་ལྟ་བུའི་རིགས་པ་སྨྲ་བས་
ཀྱང་མཐར་སྲོག་འདོར་དགོས་བྱུང་བ་མ་གཏོགས་ཐབས་གཞན་མ་རྙེད་པ་རེད།
གཞོན་ནུ་ཟླ་མེད་ཀྱིས། ཁོ་རང་གིས་མདུན་ཅོག་སྟེང་ནས་དཔེ་ཆ་མཐོང་ཚད་བྲིས་ཡོང་གི་རེད། ཟེར་བ་ལ་བལྟས་ན་ངེས་དོན་གྱི་མདོ་སྡེ་ཟབ་མོ་དག་གི་ལུང་དྲང་མི་ཡོང་བའི་སྔོན་འགོག་ཡིན་སྲིད།
ཐེག་པ་ཆེན་པོ་ལ་སེམས་མི་འགའ་བའི་རིགས་སུ་འདུག་པས་མདོ་རྒྱུད་ཐམས་ཅད་
དྲང་དོན་འགྲེལ་མཁན་དེ་རེད་འདུག
འོ་ཡ་གསེར་ཆོས་ལགས། ཐེག་པ་ཆེན་པོ་རྒྱུད་བླ་མ་དང་མདོ་སྡེའི་རྒྱན་གྱི་སྐབས་སུ་གསུངས་པ་གོང་དུ་ཁྱེད་རང་གིས་ལུང་དྲང་པ་དེ་ཚོ་ལ་བོད་ལ་འགྲེལ་ལུགས་གཉིས་བྱུང་བ་རེད། གཅིག་ནི་སོ་སོ་སྐྱེས་པོའི་སྐབས་སུ་རང་ཉིད་ཀྱི་རྒྱུད་ལ་སངས་རྒྱས་རང་ཆས་སུ་ཡོད་པར་རྟག་པ་བརྟན་པ་ཐེར་ཟུག་པ་འདི་རེད། གཅིག་ནི་སངས་རྒྱས་རང་ཆས་སུ་ཡོད་པ་མི་ཟེར་བར། རིགས་རང་ཆས་སུ་གནས་སྐབས་དྲི་མས་སྦག་ནས་ཡོད་པ། གང་ལ་དམིགས་ནས་བསྒོམས་ན་སྒྲིབ་པ་ཟད་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་པ་ཅིག་ལ་འདོད། ལུགས་གཉིས་ཀ་ལྟར་ན་ཡང་ཁམས་བདེ་བར་གཤེགས་པའི་སྙིང་བོ་བསྟན་པ་ལ་ནི་རྩོད་པ་མེད། དེ་ཡང་རྒྱུད་བླའི་ཚིག་གིས་གསལ་བར་གསུངས་པས་ཕྱོགས་གཉིས་ཀ་ནས་དེ་ལས་ཕར་འདར་མེད་པས་སོ རྒྱུད་བླ་ལས། ཡང་དག་མཐའ་ནི་འདུ་བྱས་ཀྱི།། རྣམ་པ་ཐམས་ཅད་དབེན་པ་སྟེ།། ཉོན་མོངས་ལས་དང་རྣམ་སྨིན་དོན།། སྤྲིན་ལ་སོགས་པ་བཞིན་དུ་བརྗོད།། ཅེས་ཡང་དག་མཐའ་ལ་གསལ་བར་གསུངས་འདུག་ན་ཡང་། ཁྱོད་ཀྱིས་དེས་རྣམ་མཁྱེན་ཅིག་སོ་སོ་སྐྱེས་པོའི་རྒྱུད་ལ་ཡོད་པའི་སྒྲུབ་བྱེད་དུ་ཨུ་ཚུགས་རྒྱབ་འདུག་ཀ དེ་ནི་འབྲེལ་བ་གང་གི་ལུགས་དང་མི་མཐུན་གི་ཟེར་གི་ཡོད།
ཡང་ང་ཚོས་སྒྲུབ་བྱེད་བཀོད་པ་ཚང་མ་རྟོག་གེའི་རིགས་པ་རེད་ཟེར་ནས་དམོད་པ་དང་། རང་གིས་སྒྲུབ་བྱེད་འདྲ་བོ་མང་པོ་ཅིག་བཀོད་པ་རྟོག་གི་མིན་པའི་བཟོ་སྟོན་འདོད་པ་འདི་ནི་ལྟག་ཆོད་ཀྱི་རིགས་པ་ཟེར་བ་དེ་རེད། དབུ་མ་ཐལ་འགྱུར་བས་ཀྱང་གཞན་གྲགས་ཀྱི་རྟོག་གེ་རིགས་པས་གཞན་རྒྱུད་ལ་སྒྲུབ་བྱ་སྒྲུབ་ཐུབ་པར་འདོད་ཀྱི་ཡོད་པ་རེད། དེ་ཡང་གཅིག་དུ་བྲལ་གྱི་རིགས་པ། མཐའ་བཞི་སྐྱེ་འགོག མུ་བཞི་སྐྱེ་འགོག རྡོ་རྗེ་ཟེགས་མའི་གཏན་ཚིགས། རིགས་པའི་རྒྱལ་བོ་རྟེན་འབྲེལ་གྱི་གཏན་ཚིགས་འདི་ཚང་མ་ཀླུ་སྒྲུབ་ཡབ་སྲས་ཀྱིས་གསུངས་གི་ཡོད་པ་རེད། ཉིད་ཀྱིས་རང་ཉིད་ཐེག་ཆེན་པ་ཡིན་མདོགས་ཀྱིས། དེ་ཚོ་སྤང་ཅི་ཐུབ་བྱེད་པ་ནི་ཕལ་ཆེར་དགྲ་བཅོམ་པའི་གོ་འཕངས་ཐོབ་ཚར་བ་མིན་ན་ནོར་འཁྲུལ་རེད། དགྲ་བཅོམ་པ་ཐོབ་ཚར་ན་ལྐོག་གྱུར་གྱི་ཆོས་མཇལ་བ་ལ་རྟོག་གེ་གཏན་ཚིགས་ལ་རྟེན་མི་དགོས་པ་འདྲ་འདུག ད་དེ་ཙམ་ཡིན། ཡི་གེ་འདི་དག་ཡག་པོ་ཀློག་ནས་ལན་རྒྱོབ། མགོ་ཙམ་ཀློག་ནས་ལན་མ་རྒྱགས། མགོ་ཙམ་ཀློག་ནས་ལན་རྒྱབ་ན་དེ་ནས་ང་ཚོས་ཡང་ཡ་བྱས་ཀྱི་མ་རེད། ཧཧཧཧ
རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ།། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།། མཁྱེན་དང་བརྩེ་དང་ནུས་པར་ལྡན།། དོན་གཉིས་ལྡན་པའི་རྫོགས་སངས་ཉིད།། ཅེས་གསུངས་པ་འདི་སངས་རྒྱས་ཀྱི་སྐུ་བཞི་དང་མཁྱེན་བརྩེ་ནུས་པ་འཕྲིན་ལས་བཅས་སྟོན་པའི་མདོར་བསྟན་གྱི་གཞུང་རེད།
རྒྱས་བཤད་ལས་དང་པོ་འདུས་མ་བྱས་པའི་དོན་ལ། ཐོག་མ་དབུས་མཐའ་མེད་་ཡི།། རང་བཞིན་ཡིན་ཕྱིར་འདུས་མ་བྱས།། གསུངས་པའི་གཞུང་སྦྱོར་བཀོད་ན། སྐུ་བཞི་བདག་ཉིད་ཅན་གྱི་སངས་རྒྱས་རྒྱུད་ཀྱི་ངོ་བོ་ཉིད་སྐུ་ཆོས་ཅན། འདུས་མ་བྱས་ཡིན་ཏེ། ཐོག་མ་དབུས་དང་མཐའ་མ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར།
གཉིས་པ་ལྷུན་གྱིས་གྲུབ་པའི་དོན་ལ། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར།། ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད།། ཡང་སྐུ་བཞི་བདག་ཉིད་ཅན་གྱི་སངས་རྒྱས་ཆོས་ཅན། གདུལ་བྱའི་རྒྱུད་ལ་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་ཆད་དུ་འཇུག་པ་ཡིན་ཏེ། ཞི་བ་རྣམ་མཁྱེན་ཡེ་ཤེས་ཆོས་སྐུ་བསྙེས་པའི་ཕྱིར།
གསུམ་པ་རྟོགས་མིན་པའི་དོན་ལ། སོ་སོ་རང་གིས་རྟོགས་བྱའི་ཕྱིར།། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།། སྐུ་བཞི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཅན། གཞན་གྱིས་བྱིན་གྱིས་བརླབས་པ་ལྟ་བུ་འམ་གཞན་ཉན་རང་གིས་ལོངས་སུ་སྤྱོད་པ་དང་རྟོགས་པ་མ་ཡིན་དེ། སོ་སོ་རང་གིས་ཚོགས་གཉིས་ཀྱིས་སྟོབས་ཀྱིས་རྟོགས་པ་བརྙེས་དགོས་པ་ཡིན་པའི་ཕྱིར།
བཞི་བ་མཁྱེན་པའི་དོན་ལ། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན།། ཡང་དེ་ལྟ་བུའི་སངས་རྒྱས་ཆོས་ཅན། ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་ཕུན་སུམ་ཚོགས་པ་མངའ་བ་ཡིན་ཏེ། གོང་དུ་བཤད་པ་ལྟར་གྱི་སྐུ་རྣམ་པ་གསུམ་གྱི་རྟོགས་པ་བརྙེས་པའི་ཕྱིར།
ལྔ་བ་བརྩེ་བའི་དོན་ལ། ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ།། དེ་ལྟ་བུའི་སངས་རྒྱས་ཆོས་ཅན། ཐུགས་བརྩེ་བ་ཆེན་པོ་མངའ་བ་ཡིན་ཏེ། གདུལ་བྱ་རིགས་ཅན་གསུམ་ལ་ཞི་བར་གཤེགས་པའི་ལམ་སྟོན་པའི་ཕྱིར།
དྲུག་པ་ནུས་པར་ལྡན་པའི་དོན་ལ། ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས།། སྡུག་བསྔལ་ཉོན་མོངས་སྤོངས་ཕྱིར་རོ།། དེ་ལྟ་བུའི་སངས་རྒྱས་ཆོས་ཅན། ནུས་པ་དང་ལྡན་པ་ཡིན་དེ། རང་ཉིད་ལ་ཞི་བར་གཤེགས་པའི་ལམ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཡེ་ཤེས་ལྡན་ཞིང་། གཞན་ཁམས་གསུམ་འཁོར་བ་ལས་སྒྲོལ་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ།
འ་རོགས་གསར་ཆོས། རྒྱུད་བླ་མའི་ཚིག་གི་དོན་འགྲེལ་ན་འདི་ལྟར་འགྲེལ་དགོས་ནི་རེད། དོན་ཚན་དྲུག་པོ་དེ་མ་འདྲེས་པར་སྐུ་གསུམ་མམ་སྐུ་བཞི་ཡེ་ཤེས་འཕྲིན་ལས་བཅས་ལ་སྦྱར་ནས་འགྲེལ་དགོས་ནི་རེད། དེ་མིན་མདོར་བསྟན་ཙམ་ཁས་ནས་ཚོད་ཚོད་བཤད་ན་དོན་ཐོག་ལ་འཁྱོལ་ནི་མ་རེད།
གསེར་ཆོས་ལགས
ད་ཡིན་ན་སྙིང་བོའི་མདོ་བཅུ་ཁས་ཤོག མ་གཏོགས་རྒྱུད་བླ་མ་དེས་ཁྱེད་རང་གི་རྒྱབ་རྩ་བྱེད་མི་ཐུབ་གི རྒྱུད་བླ་མ་བཤད་དགོས་ན་དང་པོ་རྡོ་རྗེ་གནས་བདུན་པོ་རྒྱུ་འབྲས་སུ་བློ་ཡུལ་ལ་ཤར་དགོས། དེ་མིན་རྡོ་རྗེ་གནས་བདུན་ནང་ཕན་ཚན་འཁྲུགས་འགྲོ་གི་འདུག་ག་ཁྱེད་རང་། ལྷག་པར་དུ་དེའི་ནང་གི་དང་པོ་དང་བཞི་བ་ག་དུས་ཡིན་ན་ཡང་ཁྱེད་རང་འཁྲུག་འགྲོ་གི་འདུག་ག
གཞོན་ནུས་ང་ཚོས་ཅི་ཞིག་ཤོད་ཀྱིན་ཡོད་པ་ཤེས་མི་འདུག ང་ཚོས་རྣམ་མཁྱེན་རྟག་པ་ཡིན་མིན་དང་རྟག་པ་ལ་བྱ་བ་འཐད་
མི་འཐད་ཀྱི་ཐོག་རྩོད་པ་རྒྱག་གི་འདུག དེ་རིང་འདི་ན་རྒྱུད་བླ་ནས་བཤད་པའི་བདེ་གཤེགས་སྙིང་པོ་དྲང་དོན་ངེས་དོན་གང་
ཡིན་དང་རྒྱུད་བླ་ནས་བཤད་པའི་བདེ་གཤེགས་སྙིང་པོ་གཞན་སྟོང་པས་བཤད་པ་བཞིན་ད་ལྟ་ནས་སོ་སོའི་སྐྱེ་བོའི་རྒྱུད་
ན་ཡོད་མེད་སོགས་སྐབས་འདིར་གླེང་གི་མི་འདུག ངས་འདུས་མ་བྱས་ཤིང་སོགས་དྲང་བ་ནི་རྣམ་མཁྱེན་འདུས་
མ་བྱས་ཡིན་པའི་སྒྲུབ་བྱེད་དུ་དྲང་པ་ཡིན། དེས་ཕན་ཐོག་ཅི་ཞིག་ཡོད་ཟེར་ན། རིག་རལ་གྱིས་རྣམ་མཁྱེན་རྟག་པ་ཡིན་ན་བྱ་
བ་བྱེད་པ་མི་འཐད་པ་དང་གཞན་གྱི་དོན་བྱེད་པ་མི་འཐད་པར་ཐལ་བའི་སྐྱོན་འཕང་བ་རེད། ངས་དེ་ལ་ལན་དུ་
རྣམ་མཁྱེན་འདུས་མ་བྱས་ཡིན་པ་རྒྱུད་བླའི་ལུང་གིས་སྒྲུབ་ཀྱི་ཡོད། སྐབས་འདིར་སངས་རྒྱས་ཀྱི་རྒྱུད་ཀྱི་རྣམ་
མཁྱེན་དེ་རྟག་པ་ཡིན་མིན་སྐབས་འདིའི་རྩོད་གཞི་ཡིན་པ་ལས། མ་དག་པའི་སེམས་ཅན་གྱི་རྒྱུད་ལ་
གཞིའི་བདེ་གཤེགས་སྙིང་པོ་ཡོད་མེད་ཀྱིས་ཕན་གནོད་གང་ཡང་མེད་པས་དེའི་སྐོར་བཤད་ཀྱི་མིན།
ལུང་འདིའི་དོན་ཡང་སྐབས་འདིར་དཀོན་མཆོག་གསུམ་གྱི་ནང་ཚན་སངས་རྒྱས་དཀོན་མཆོག་བཤད་
པའི་སྐབས་འདུས་མ་བྱས་སུ་བཤད་པ་དང་འདུས་མ་བྱས་དང་རྟག་པ་དོན་གཅིག་ཏུ་འདོད་དགོས་པས་ངས་རྣམ་མཁྱེན་
རྟག་པ་ཡིན་པའི་སྒྲུབ་བྱེད་དུ་བཀོད་པ་ཡིན། སྤྱིར་སྐབས་འདིར་རྟག་པ་ཞེས་པ་དེ་ཡང་རྟག་མི་རྟག་གཉིས་ཀྱི་མཐའ་
ལས་འདས་པའི་རྟག་པ་ཆེན་པོ་ཡིན་པ་སྨྲོས་མ་དགོས་པ་རེད། མི་སློབ་ལམ་གྱི་རྣམ་མཁྱེན་དེ་མི་རྟག་ཡིན་པ་དང་
འདུས་བྱས་ཡིན་པ་དང་། སངས་རྒྱས་ལ་སེམས་ཡོད་པར་ལུགས་གཅིག་དང་། རྣམ་མཁྱེན་ནི་རྟག་མི་རྟག་གཉིས་ཀའི་
མཐའ་ལས་འདས་པའི་རྟག་པ་ཆེན་པོ། འདུས་མ་བྱས་པ་དང་། སངས་རྒྱས་ལ་སེམས་མེད་ཀྱང་ཡེས་ཤེས་ཡོད་པར་
འདོད་པའི་ཁྱད་པར་སོགས་རང་རེ་མི་མཐུན་སའི་གྲུབ་མཐའི་གནད་འགག་ཅིག་ཡིན་གྱི་རེད། འོན་ཀྱང་དྲྭ་ཐོག་ནས་
ལུང་རིག་གི་བགྲོ་གླེང་མང་པོ་བྱས་པས་ཕན་ཐོག་ཅི་ཡང་མི་འདུག དེ་བས་ཁ་སང་ཆོས་འཕེལ་གྱིས་བཤད་པ་བཞིན་
ང་ཚོས་ཆབ་སྲིད་ཀྱི་སྐོར་ལ་དོ་སྣང་བྱས་ན་ཡག་ཤོས་རེད།
ཡང་གསེར་ཆོས་ཡིན་ན་འདིས་རྟོན་པ་རྣམ་བཞི་ས་སྟོན་རེད་ཟེར། ཧཧཧཧཧ མདོ་སྡེ་རྒྱུན་ཡག་པོ་ཀློག་པའི་རྟགས་འདི་འེ་རེད། དང་པོ་རྟོན་པ་རྣམ་བཞི་གྲངས་ཀ་རྒྱོབས་དང་། འདི་ལྟར་ཧོབ་རྒྱག་རྐྱང་བྱས་བསྡད་ན་དེ་ནས་མི་ཚང་མས་ཁྱོད་ལ་ཨ་ཀྲོ་མོ་ཀྲོ་ཟེར་རྒྱུ་རེད། འོན་ཀྱང་ཡེ་ཤེས་འདི་བརྩེ་བ་ཆེ་དྲག་ནས་ཁྱོད་ལ་གསལ་བྱེད་བྱས་འདུག་མ་གཏོགས། ང་ཡིན་ན་ཁྱོད་ཀྱི་གདོང་པར་བལྟས་ནས་གད་མོ་འཚེར་ཙམ་བྱས་ནས་བསྡད་ཡོད། རྗེས་མ་དཔེ་ཆ་ཀློག་དུས་ཞིབ་ཚགས་མོ་ཀློག
གཞོན་ནུས་གོང་གི་མཆན་རྟགས། 112 པའི་ནང་དུ་ང་རང་སྐྱེས་ས་དེ་རྙིང་མའི་ཁྱིམ་བརྒྱུད་རེད།
གཏེར་ཆོས་མང་པོ་ཉར་ཡོད་པ་རེད། ཅེས་བྲིས་འདུག་ངས་ད་རུང་ཁྱེད་ཀྱི་གྲུབ་མཐའ་གང་ཡིན་
ཡང་ཐག་ཆོད་མེད་ཀྱང་གོང་གི་ལུང་འགྲེལ་སྟངས་ལས་དཔག་པ་ཡིན།
འ་གསེར་ཆོས། ངས་ཁྱོད་ལ་ཞིབ་ཚགས་མོ་ཀློག་ཟེར་བ་འདི་རེད། ངས་གོང་དུ་རྒྱུད་བླའི་འདུས་མ་བྱས་ཀྱི་དོན་དེ་ངོ་བོ་ཉིད་སྐུ་དང་སྦྱར་བ་དེས་ཁྱོད་ལ་ལན་རྒྱབ་ཡོད་ན་ཡང་། ཡང་བསྐྱར་ཁྱོད་ཀྱིས་རྣམ་མཁྱེན་ལ་སྦྱར་འགྲོ་བ་འདི་ནོངས་པ་རེད། ཁྱོད་ཀྱིས༼ངས་འདུས་མ་བྱས་ཤིང་སོགས་དྲང་བ་ནི་རྣམ་མཁྱེན་འདུས་མ་བྱས་ཡིན་པའི་སྒྲུབ་བྱེད་དུ་དྲང་པ་ཡིན།༽ ཟེར། འདི་རྣམ་མཁྱེན་ལ་སྦྱར་ན་སྐུ་གསུམ་ནང་གི་ཡེ་ཤེས་ཆོས་སྐུ་ལ་སྦྱར་དགོས་པ་རེད། འདི་ཡེ་ཤེས་ཆོས་སྐུ་ལ་སྦྱར་ན་ངོ་བོ་ཉིད་སྐུའི་གཞུང་གང་ཡིན། ད་གཡུག་ཞོག ཁྱོད་ལ་ཐང་ཆད་གི
ཡང་གཞོན་ནུས། རྒྱུད་བླ་མའི་ཚིག་གི་དོན་འགྲེལ་ན་འདི་ལྟར་འགྲེལ་དགོས་ནི་རེད། དོན་ཚན་དྲུག་པོ་དེ་མ་འདྲེས་པར་སྐུ་གསུམ་མམ་སྐུ་བཞི་ཡེ་ཤེས་འཕྲིན་ལས་བཅས་ལ་
སྦྱར་ནས་འགྲེལ་དགོས་ནི་རེད། དེ་མིན་མདོར་བསྟན་ཙམ་ཁས་ནས་ཚོད་ཚོད་
བཤད་ན་དོན་ཐོག་ལ་འཁྱོལ་ནི་མ་རེད། ཅེས་བྲིས་འདུག་ཀྱང་། དོན་གཉིས་
ཡོན་ཏན་བརྒྱད་ལྡན་སངས་རྒྱས་དཀོན་མཆོག་ཅེས་ཡོངས་སུ་གྲགས་པ་བཞིན།
ཡོན་ཏན་དེ་ལྡན་གྱི་སངས་རྒྱས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་
གཅིག་ལ་ལྡོག་ཆས་དབྱེ་བ་མ་གཏོགས་ཐ་དད་པ་ཅི་ཡང་མེད་པས་ཁྱེད་ཀྱི་ཞེ་འདོད་ལ་
རྣམ་མཁྱེན་འདུས་བྱས་སུ་སྒྲུབ་པར་འདོད་ན་ནི་ཕན་ཐོག་གང་ཡང་མེད།
རྣམ་མཁྱེན་ངོ་བོ་གཅིག་ལ་རྟོགས་པ་ཡེ་ཤེས་ཆོས་སྐུ སྤངས་པ་ངོ་བོ་ཉིད་སྐུ་
གཉིས་སུ་ཡོད་ཀྱང་དེ་གཉིས་སོ་སོར་ཕྱེས་ཏེ། འདུས་མ་བྱས་པར་བཤད་པ་དེ་དེ་བོ་
ངོ་ཉིད་སྐུའི་སྐལ་བ་རུ་བཞག རྣམ་མཁྱེན་འདུས་བྱས་སུ་བཤད་པ་ལྟ་བུ་ནམ་ཡང་
མི་འཐད་དེ། དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་མ་གཏོགས་མེད་པའི་
ཕྱིར་རོ།
གཞོན་ནུས་འདུས་མ་བྱས་སུ་གསུངས་པ་དེ་ངོ་བོ་ཉིད་སྐུ་གཅིག་པུ་ལ་སྦྱར་ནས་
རྣམ་མཁྱེན་འདུས་བྱས་སུ་འདོད་པ་ཡིན་པར་གསལ་ཡང་དེ་འདྲ་ནམ་ཡང་མི་འཐད་དེ་
དཔེར་ན། བྱས་པ་དང་མི་རྟག་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡོད་ཀྱང་དེས་
བྱས་པའི་ཆ་དང་མི་རྟག་པའི་ཆ་སོ་སོར་ཕྱེས་ཏེ། བྱས་པ་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཆ་རེད།
མི་རྟག་པ་འཇིག་པའི་ཆ་རེད་ཅེས་འདོད་ན་བྱས་འཇིག་གཉིས་སོ་སོར་ཕྱེས་ཟིན་
པས་བྱས་པའི་ཀ་བ་བྱས་པའི་ཆ་དེ་རྟག་པ་ཡིན་པར་འགྱུར་རོ། དེ་གཉིས་ངོ་གཅིག་པས་
མི་སྐྱོན་ནོ་སྙམ་ན་གོང་དུ་མཚུངས་སོ།
ཡེ་ཤེས་རྟག་པ་ཡིན་ཚུལ། བློ་གྲོས་མི་ཟད་པའི་མདོ་ལས། རྣམ་ཤེས་ནི་མི་རྟག་པའོ། ཡེ་ཤེས་
ནི་མི་རྟག་པའོ།ཞེས་དང་། ཕལ་པོ་ཆེ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་
ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ།
།ཞེས་དང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། སྲིང་མོ་དག་འདི་ལྡ་སྡེ། དཔེར།
ནམ་མཁའ་གང་ལ་མེ་འབར་ཡང་ནམ་མཁའ་ནི་མེ་དེས་ཚིག་པར་མི་ནུས་སོ། སྲིང་མོ་
དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་།
རང་བཞིན་འདོ་གསལ་བ་དེ་ནི་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་
མོངས་པར་བྱེད་མི་ནུས་སོ། ཞེས་སོགས་གསུངས་པའི་ལུང་འདི་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་
རྟག་པ་ཡིན་པའི་སྒྲུབ་བྱེད་དུ་འཇམ་མགོན་མི་ཕམ་པས་དྲང་འདུག་གོ
དེ་བཞིན་རིགས་པས་ཀྱང་རྒྱ་ཆེར་བསྒྲུབས་ཏེ་ཤིན་ཏུ་གསལ་བར་གསུངས་སོ།
དངོས་གནས་ཡག་པོ་འདུག གཉིས་ཆར་ལ་ཡག་པོ་འདུག ཐུགས་རྗེ་ཆེ་སོ་སོའི་རྣམ་དཔྱོད་རྩལ་གཏོན་མཛད་ནས། དོན་དང་མཐུན་མིན་གང་ཡིན་ནའང་། དཔྱད་པ་གནང་ཕོད་པ་འདི་ཡག་པོ་རེད།
སངས་རྒྱས་ལ་དོན་རིག་མངོན་སུམ་ཡོད། དེ་རྣམ་མཁྱེན་ཡིན་ཟེར་བ་དེ། དབུ་མ་ཐལ་འགྱུར་པས་ཀྱང་ཁས་ལེན་ཟེར་ཡིན་པར་འདྲ། སངས་རྒྱས་ཀྱི་མིག་ཤེས་དེ་ཆོས་ཅན། གཟུགས་འཛིན་མངོན་སུམ་མ་ཡིན་པ་ཐལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན་སྒྲ་འཛིན་དབང་མངོན་ཡང་ཡིན་པར་ཐལ། དེས་གཟུགས་དང་སྒྲ་གཉིས་ཆར་མཁྱེན་པ་ལ་ཁྱད་པར་མེད། གཟུགས་འཛིན་པའི་མངོན་སུམ་ཡང་ཡིན་པའི་ཕྱིར། འདོད་ན། སྒྲ་འཛིན་མིག་གི་མངོན་སུམ་ཡོད་པ་ཐལ་ལོ།
སངས་རྒྱས་ཀྱི་རྒྱུད་ཀྱི་ཤེས་པ་ཆོས་ཅན་། ཁྱོད་ཡིན་ན་དོན་རིག་མངོན་སུམ་མ་ཡིན་པས་ཁྱབ་པ་ཐལ། ཁྱོད་ཡིན་ན་རྣལ་འབྱོར་མངོན་སུམ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། དོན་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་གཞི་མཐུན་དུ་ཡོད་པ་ཐལ་ལོ། རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་ཡིན་ན། བདག་རྐྱེན་དབང་པོ་གཟུགས་ཅན་པ་དང་། ཡིད་དབང་གང་རུང་བརྟེན་པ་མ་ཡིན་པས་ཁྱབ་པ་ཐལ། ཁྱོད་ཡིན་ན་བདག་རྐྱེན་ཏིང་ངེ་འཛིན་པ་བརྟེན་ནས་སྐྱེས་པའི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར།
སངས་རྒྱས་ཡེ་ཤེས་རྟག་པ་ཡིན་དགོས་ཏེ། ངེས་དོན་ཀྱི་མདོ་ལས་དེ་རྟག་པ་ཡིན་པ་གསུང་པའི་ཕྱིར་ཟེར་རོ། ཡང་སངས་རྒྱས་ཀྱི་ཡེ་ཤེས་དེ་རྟག་པ་མ་ཡིན་ཏེ། རྟག་མི་རྟག་གཉིས་ཀྱི་མཐའ་ལས་འདས་པའི་རྟག་པ་ཡིན་པའི་ཟེར་། རང་གིས་སྒྲུབ་བྱ་གང་ཞིག་སྒྲུབ་ཀྱི་ཡོད་པ་ཡང་། དྲན་པ་རྣལ་དུ་མ་གནས་ནས་བརྗེད་ཟིན་འདུག
སངས་རྒྱས་ཡེ་ཤེས་ཆོས་ཅན་བདག་ཡིན་པ་ཐལ། བདག་ཡོད་མེད་གཉིས་ཀྱི་མཐའ་ལས་འདས་པའི་བདག་དམ་པ་དེ་ཡིན་པའི་ཕྱིར།
སངས་རྒྱས་ཡེ་ཤེས་ཆོས་ཅན་གཙང་བ་ཡིན་པ་ཐལ། གཙང་མི་གཙང་གཉིས་ཀྱི་མཐའ་ལས་འདས་པའི་གཙང་བ་དམ་པ་དེ་ཡིན་པའི་ཟེར་། འདོད་ན། རྟག་དང་མི་རྟག་དང་། གཙང་དང་མི་གཙང་ཞི་བ་མྱོང་འདས་འདི་ལ་གང་ཞིག་ཡོད་དེ་མེད་གསུང་པའི་ལུང་དང་འགལ། ལུང་འདི་དང་འགལ་བ་བསྒྲིགས་པ་དེ། གསེར་ཆོས་ཀྱིས་གོང་གི་སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པའི་མྱང་འདས་ངོ་བོ་ཉིད་སྐུ་སྟོན་པའི་ལུང་རྣམས། རྣམ་མཁྱེན་ལ་སྦྱར་ནས་དྲངས་འདུག་པས། ལུང་འདི་ཡང་རྣམ་མཁྱེན་སྟོན་བྱེད་དུ་ཁྱེད་ལྟར་ན་འགྱུར་ཟེར་སྨྲས་པ་ཡིན་པས་ཤེས་མཛོད།
རིག་རལ་གྱིས། སངས་རྒྱས་ཡེ་ཤེས་རྟག་པ་ཡིན་དགོས་ཏེ། ངེས་དོན་ཀྱི་མདོ་ལས་དེ་རྟག་པ་ཡིན་པ་གསུང་པའི་ཕྱིར་ཟེར་རོ། ཡང་སངས་རྒྱས་ཀྱི་ཡེ་ཤེས་དེ་རྟག་པ་མ་ཡིན་ཏེ། རྟག་མི་རྟག་གཉིས་ཀྱི་མཐའ་ལས་འདས་པའི་རྟག་པ་ཡིན་པའི་ཟེར་། ཞེས་བྲིས་འདུག ངས་དེ་འདྲ་བའི་བཏན་ཚིག་ཞིག་བཀོད་མེད་དེ་མིག་གིས་བལྟས་ན་ཤེས་སོ། སངས་རྒྱས་ཀྱི་ཡེ་ཤེས་གཙང་བདེ་རྟག་བདག་གི་མཐའ་ལས་འདས་པ་ལ་གཙང་བདེ་རྟག་བདག་
གི་ཐ་སྙད་ཙམ་བཏགས་ཡོད་ཀྱང་དེ་ལ་སྒྲ་མཐུན་དོན་འཕགས་ཀྱི་ཁྱད་པར་ཡོད་པ་རེད། སྐབས་འདིར་
སངས་རྒྱས་ཀྱི་ཡེ་ཤེས་རྟག་པར་གསུངས་པ་པོ་སངས་རྒྱས་རེད། མཐའ་ལས་འདས་པའི་རྟག་པ་ཆེན་པོར
གསུངས་པ་པོ་ཡང་རྒྱས་ཡིན་པས་སངས་རྒྱས་ལ་སྐྱོན་བརྗོད་བྱེད་པ་འདྲ་ཞིག་འདུགདེ་ལ་སྐབས་འདིར་
ཡེ་ཤེས་རྟག་པ་ཡིན་ཚུལ་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཞེས་དང་། ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། །རྟག་པ་སྐྱབས་མེད་རྣམས་ཀྱིས་ནི། །སྐྱབས་ལ་སོགས་
པ་འཐད་ཕྱིར་རོ། །ཞེས་དང་། ཆོས་ཀྱི་སྐུ་ཡི་རྟག་པ་ཉིད། །ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །
རྟོགས་གནས་མི་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིའི་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །བསམ་མེད་བརྗོད་དུ་མེད་ཕྱིར་ཏེ། །བརྗོད་མེད་དོན་དམ་ཡིན་
ཕྱིར་རོ། །ཞེས་སོགས་དང་། སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་ཅིང་གཟུགས་མེད་རྟག་པ་ཉིད། །ས་གཞི་
འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །ཞེས་དང་། ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། །དེ་བཞིན་དུ་འབད་མེད་པར།།སྐྱེ་མེད་འགག་མེད་
ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག །ཅེས་སོགས་མང་དུ་
གསུངས་པ་བཞིན་སངས་རྒྱས་ཀྱི་ཡེ་ཤེས་ནི་རྟག་པར་བཤད་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། རྟག་པ་ཡིན་ཀྱང་གཞན་དོན་ཕྲིན་ལས་འགོག་མེད་དུ་འཇུག་ཚུལ་ཡང་རྒྱུད་བླའི་ཕྲིན་ལས་ཀྱི་སྐབས་སུ་དཔེའི་
རྣམ་གྲངས་མི་འདྲ་དུ་མའི་སྒོས་ནས་རྒྱས་པར་བསྟན་པ་བཞིན་ཤེས་བྱ་བ་ཡིན་མོད། ཐེག་ཆེན་པོ་ཤིན་ཏུ་ཟབ་
པའི་དགོངས་པ་ནི་བསོད་ནམས་མ་བསགས་རྣམས་ཀྱིས་རྟོགས་པར་དཀའ་སྟེ། མདོ་སྡེ་རྒྱན་ལས། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། ཞེས་སོགས་
གསུངས་པ་བཞིན་ནོ།
ཡང་རིག་རལ་གྱིས། གསེར་ཆོས་ཀྱིས་གོང་གི་སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པའི་མྱང་འདས་ངོ་བོ་ཉིད་
སྐུ་སྟོན་པའི་ལུང་རྣམས། རྣམ་མཁྱེན་ལ་སྦྱར་ནས་དྲངས་འདུག་པས། ཞེས་ཟེར་བ་ལ། སངས་རྒྱས་ནི་སྐུ་བཞི་ཡེ་ཤེ་ལྔ་ཡི་བདག་ཉིད་ཅན་གྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་གྱི།
ངོ་བོ་ཉིད་སྐུ་ལོགས་སུ་དགར་བ་ནི་རང་གི་དམ་བཅའ་དང་འགྲིག་ཐབས་བྱེད་པ་ཙམ་ལས་དགོས་པ་
མ་མཐོང་ངོ་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་ལ་སྒྲུབ་གཉིས་བག་ཆགས་དང་བཅས་
པ་སྤངས་པའི་ལྡོག་ཆ་ནས་སྤངས་པ་ངོ་བོ་ཉིད་སྐུ། ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་ཡོན་ཏན་
ལྡན་པའི་ལྡོག་ཆ་ནས་རྟོགས་པ་ཡེ་ཤེས་ཆོས་སྐུ། ངེས་པ་ལྔན་ལོངས་སྐུ། སེམས་ཅན་གྱི་ཁམས་ལ་མཛད་པ་སྣ་ཚོགས་སྟོན་པ་སྤྲུལ་སྐུར་འཇོག་པ་ཡིན་ནོ།
གྲོགས་པོ་ཚོ་ང་ལ་གཅིག་གིས་སྐར་མ་རྀ་ཥི་ཤར་ཡོད་རེད་ཟེར། རྒྱུ་སྐར་འདིས་འོད་ཟེར་ཕོད་
ཚད་ཀྱི་ཆུ་ཚང་མ་སྨན་ཆུ་རེད་ཡིན་པས་་གཟུགས་པོ་ཁྲུས་བྱས་ན་ཕན་ཐོག་ཡོད་པ་རེད་ཟེར་བས་
ང་ཡང་ཁྲུས་རྒྱག་གི་ཡིན།
གོང་གི་རིགས་རལ་གྱི་རྩོད་པ་འདི་ལ་ཀླུ་སྨྱོན་གྱིས་ལན་འདེབས་དགོས་ནི་རེད། རྒྱུ་མཚན་ངས་སེ་ར་རྗེ་བཙུན་པའི་ཡིག་ཆར་བསྟུན་ནས་ཀླུ་སྨྱོན་ལ་བདེན་ཁ་བྱིན་པས་རྩོད་པ་འདི་བྱུང་པ་རེད། ཡ་ཀླུ་སྨྱོན་ད་མ་ཤེས་མ་ཐོས་ཟེར་ས་མེད་པར་གོང་གི་འདི་ལ་ལན་ཐོབ། ང་ནི་དེ་རིང་འདི་ན་ཚོགས་འདུ་ལྟ་བུ་ཅིག་ཡོད་ཚོད་འདུག་དེར་འགྲོ་དགོས། དགོང་ཟླ་བར་དུ་ཁྱེད་རང་གིས་ལན་མ་བཏབ་ན་ང་རང་གིས་ལན་རྒྱག་ཐག་ཆོད་ཡིན་ད།
ཡ་ཡ་གསེར་ཆོས། ངོ་བོ་ཉིད་སྐུ་རྟག་པར་སྒྲུབ་ན་ཡེ་ཤེས་ཆོས་སྐུ་རྟག་པ་གྲུབ་འགྲོ་བ་དེ་གཉིས་ངོ་བོ་གཅིག་ཡིན་པའི་རྒྱུ་མཚན་ལ་ཐུག་ཡོད་ན། ཁྱེད་རང་གི་སེམས་ཆོས་ཅན། རྟག་པ་ཡིན་པར་ཐལ། དེའི་སྟེང་གི་ཁམས་བདེ་བར་གཤེགས་པའི་སྙིང་བོ། དེ་རྟག་པ་གང་ཞིག དེ་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར། འཁོར་གསུམ་ལ་ལན་མེད་དོ།
རིག་རལ།
དོན་རིག་མངོན་སུམ་དབྱེ་གཞི། དེའི་དབྱེ་བ་ལ། མིག་གི་དང་། རྣ་ཡི་དང་། སྣ་ཡི་དང་། ལྕེ་ཡི་དང་། ལུས་ཀྱི་དང་། ཡིད་ཀྱི་དང་། རྣལ་འབྱོར་དང་། ཡིད་དཔྱོད་མངོན་སུམ་བཅས་ཐལ་འགྱུར་བའི་ལུགས་ལ་འདོད། འདིའི་རང་རིག་མི་འདོད། དེས་ན་དབྱེ་བ་དེ་ལ་དབྱེ་གཞི་དེ་ཡིན་པས་ཁྱབ་པར་ཐལ་ཟེར་ན། ངས་ཅི་ཞིག་ཟེར་རྒྱུ་རེད།
དེ་ནས་གཟུགས་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཆོས་ཅན། སྒྲ་མངོན་སུམ་ཏུ་རྟོགས་པའི་རྣམ་མཁྱེན་ཡིན་པར་ཐལ། སྒྲ་རྟོགས་མངོན་སུམ་དུ་རྟོག་པ་གང་ཞིག རྣམ་མཁྱེན་ཡིན་པའི་ཕྱིར་ན། མ་ཁྱབ། རྣམ་མཁྱེན་ཡིན་ན་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅན་མངོན་སུམ་དུ་རྟོགས་པས་ཁྱབ། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་སྙེད་པ་རྟོགས། འོན་ཀྱང་ཇི་སྙེད་པ་རྟོགས་པའི་རྣམ་མཁྱེན་མིན། ཡ་ད་རྟགས་གསལ་གཏོང་གི་ཡིན་པས་ཡང་ན་ཁ་ནང་ལ་མཛུ་གུ་རྒྱུས་ནས་བསྡད་ཀྱི་ཡིན།
འོ་ཡ་ད་ཡིན་ན་གོང་གི་ཡིད་དཔྱོད་ནོར་བ་འདྲ། དེའི་ཚབ་ལ་བཅད་ཤེས་བཞག་ཞོག
ད་ནང་ཞོགས་པ་ནས་འདི་ཀླུ་སྨྱོན་ལ་རེད་ཟེར་ནས་བཤད་ཡོད། ཀླུ་སྨྱོན་གྱིས་ལན་བརྒྱབ་མི་འདུག ཀླུ་སྨྱོན་ལགས། དགོངས་པ་མ་ཚོམས། ངས་ཁྱེད་རང་གི་ཚབ་བྱས་ནས་རིག་རལ་ལ་ལན་བརྒྱབ་ཡོད་དོ། ཁོ་ཡང་བསྐྱར་ངར་ཡོང་ན་ད་ཁྱེད་རང་ཡིན་ད།
གསེར་ཆོས་འདི་ལ་དྲི་བ་མང་ཙམ་འདུག ༡ དུད་འགྲོའི་གླང་མགོ་སོགས་ཀྱི་རྒྱུད་ལ་ཟག་མེད་ཀྱི་སེམས་ཡོད་པ་རེད་དམ་མ་རེད། ༢ ཟག་བཅས་ཀྱི་སེམས་སྟེང་གི་སྟོང་ཉིད་ཁམས་བདེ་བར་གཤེགས་པའི་སྙིང་བོ་རེད་དམ་མ་རེད། ༣ རྣམ་མཁྱེན་སྐད་ཅིག་དང་པོ་ལ་ཉེར་ལེན་ཡོད་པ་རེད་དམ་མ་རེད། ༤ རྒྱུན་མཐའ་བའི་རྒྱུད་ཀྱི་སེམས་དེ་སངས་རྒྱས་ས་ལ་འགྲོ་གི་རེད་དམ་མ་རེད། ལན་གསལ་བོ་རྒྱབ་ཞོག་འ
རྟགས་བསལ་གཏོང་པའི་སྔོན་དུ་དྲི་བ་ཁ་ཤས་ཞིག་དྲིས་དགོས་སོང་། དབུ་མ་ཐལ་འགྱུར་པའི་ལུགས་ལ། དོན་རིག་མངོན་སུམ་བརྒྱད་དུ་དབྱེ་བ་དེ། ཁྱོད་རང་གིས་གསར་གཏོད་བྱས་ནས་དབྱེ་བ་ཡིན་ནམ། དབུ་མ་རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས། འཕགས་པ་ལྷའི་དབུ་མ་རྣམས་དང་། སངས་རྒྱས་སྐྱོངས། དཔལ་ལྡན་ཟླ་བ་གྲགས་པ་རྣམས་ཀྱིས་རྣམ་བཞག་མཛད་པ་ཞིག་ཁུངས་ལུང་དང་བཅས་ནས་སྨྲས་པ་ཡིན། དང་པོ་ལྟར་ནའང་། དོན་རིག་མངོན་གསུམ་གྱི་མཚན་ཉིད་དང་གོ་དོན་འཇོག་དགོས། སྔར་མེད་ཀྱི་གྲུབ་མཐའ་གསར་བཟོ་འདི་ལྟ་བུས་བསྟན་པ་ལ་གནོད་ཚབ་ཤིན་ཏུ་ཆེ་བས། ཐལ་བ་རྡུལ་དུ་རླག་པར་བྱའོ། ཧ་ཧ་ཧ་ཧ་ཧ
ཕྱི་མར་ལྟར་ན། གང་ནས་གསུངས་པའི་ཁུངས་ལུང་ཡག་པོ་ཞིག་དྲངས་གནང་མཛད་རོགས། བོད་ཀྱི་བླ་མ་ཞིག་གིས་གསུང་འདུག་ཟེར་ན། བླ་མ་དེ་ལའང་ཁྱེད་ལ་ཕུལ་རྒྱུའི་དྲི་བ་དེ་མ་འབུལ་ཐབས་མེད་རེད།
དོན་རིག་མངོན་སུམ་ལ་གྲུབ་མཐའ་འོག་མས་དེ་ལྟར་འདོད་པ་ལས་རང་རིག་མ་གཏོགས་མ་བཀག་པས་སོ། ལར་ཡར་ཁས་ཤོག མས་ཁས་ཤོག་ཟེར་དུས། དེ་ནས་རྩོད་པ་རྫོགས་པ་རེད ཧཧཧ ངས་ལན་གཅིག་བརྒྱབ་ནས་རྫོགས་སོང་ན་ད། སྡེ་ཚན་ཆེན་མོ་རྫོགས་པ་དང་།། ལེའུ་མཚམས་སུ་བཞི་ཤད་དགོས།། ཟེར་བ་དེ་རེད ཡ་ཡ་ཡ
གཞོན་ནུ་ཟླ་མེད་ཀྱིས་མཆན་རྟགས་ ༢༠༤ པར། ཁྱེད་རང་གི་སེམས་ཆོས་ཅན། རྟག་པ་ཡིན་པར་ཐལ།
དེའི་སྟེང་གི་ཁམས་བདེ་བར་གཤེགས་པའི་སྙིང་བོ། དེ་རྟག་པ་གང་ཞིག དེ་གཉིས་
ངོ་བོ་གཅིག་ཡིན་པའི་ཕྱིར། འཁོར་གསུམ་ལ་ལན་མེད་དོ། ཟེར་བ་འདི་ལ་གནས་སྣང་
མ་ཕྱེ་བའི་རྩོད་པ་ཞེས་རྙིང་མའི་ཕྱོགས་ལ་ཡོངས་སུ་གྲགས་ཡོད། སྣང་ཚུལ་ལ་ངའི་སེམས་དང་
བདེ་གཤེགས་སྙིང་པོ་ངོ་བོ་གཅིག་ཏུ་ནམ་ཡང་ཁས་མི་ལེན་ཏེ།རྒྱུད་བླ་ལས།
རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི།
།ཞེས་པ་གསུངས་པ་བཞིན་གློ་བུར་བའི་དྲི་མ་དང་བདེ་གཤེགས་སྙིང་པོ་ངོ་བོ་ཐ་དད་དུ་ཁས་ལེན།
གནས་ཚུལ་ལ་ངའི་སེམས་ཀྱང་བདེ་གཤེགས་སྙིང་པོ་དང་ངོ་བོ་གཅིག་པ་ཉིད་དུ་འདོད་དེ།
དེ་ཉིད་ལས། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན།
།ཞེས་གསུངས་པ་བཞིན་སེམས་ཉིད་བདེ་གཤེགས་སྙིང་པོ་དང་དེའི་སྟེང་གི་ཡོན་
ཏན་འདུས་མ་བྱས་སུ་ཁས་ལེན་པ་ཡིན། མདོར་ན་སྣང་ཚུལ་ལ་ངོ་བོ་གཅིག་པ་ཡིན་པར་
རྟགས་མ་གྲུབ་སྟེ། ཉི་མ་སྤྲིན་གཉིས་སོ་སོར་འདོད་པ་བཞིན་ནོ།
གནས་ཚུལ་ལ་ཁྱབ་མེད་ཀྱི་ལན་འདེབས་སོ།
ཧ་ཧ་ཧ་་་་་་་་་་་ཞལ་འཚེམ་དགོས་ཀྱི་མི་འདུག རྟགས་བསལ་ཁ་ཤས་ཀྱིས་རིག་པ་སྨྲ་བ་རིག་པ་ཁས་ལེན་མཁན་རྣམས་མི་སྨྲ་བའི་བརྟུལ་ཞུགས་བཟུང་དགོས་ཀྱི་འདུག གྲུབ་མཐའ་འོག་མ་ལ། དོན་རིག་མངོན་སུམ་བརྒྱད་བཞག་པའི་རྣམ་བཞག་དེ། རྒྱ་གར་མཁས་པའི་གཞུང་ལ་མེད་པར་མ་ཟད། ཡོངས་གྲགས་ཀྱི་ཚད་ལྡན་མཁས་པ། ཆོས་རྗེ་ས་སྐྱ་པན་ཆེན་དང་། ཚད་མ་སྨྲ་བ་དེའི་རྗེས་འབྲངས་རྗེ་ཡབ་སྲས་གསུམ་སོགས་གང་གི་གཞུང་དུ་མེད་པ་དེ་འདྲ་ལ་རང་བཟོ་ཟེར་བ་རེད། རྫོགས་སོང་ན་རྫོགས་པའི་གྲས་ལ་བཞག་ཆོག
༡༽ གཞོན་ནུ་ཟླ་མེད་ཀྱིས་མཆན་རྟགས་ ༢༠༨ པར། གསེར་ཆོས་འདི་ལ་དྲི་བ་མང་ ཙམ་འདུག ༡ དུད་འགྲོའི་གླང་མགོ་སོགས་ཀྱི་རྒྱུད་ལ་ཟག་མེད་ཀྱི་སེམས་ཡོད་པ་རེད་དམ་མ་རེད། ཅེས་ཟེར།དེ་ལ་སྐབས་
འདིར་བོད་ཀྱི་མཁས་པ་རྣམས་ལ་བཞེད་པ་མི་མཐུན་པ་མང་པོ་ཡོད་པ་རེད། དེ་ཡང་རྒྱུད་བླ་མ་ལས།
རྣམ་བཞག་བཅུ་ཡིས་གཏན་ལ་དབབ། དཔེ་དགུའི་མཚོན་ཏེ་བསྟན། གཏན་ཚིག་གསུམ་གྱི་ཡོད་པར་བསྒྲུབ་
པའི་གཞི་བདེ་གཤེགས་སྙིང་པོ་དེ་ད་ལྟ་ནས་དུད་འགྲོ་གླང་མགོའི་རྒྱུད་ལ་ཡོད་པར་འདོད་ཅིང་བྲལ་བྲས་
ཆོས་སྐུའི་ཡོན་ཏན་རྣམས་ཀྱང་རང་ཆས་སུ་ཡོད་པར་འདོད་པ་རང་ལུགས་ཡིན།
༢༽ ཡང་ཁོང་གིས། ༢ ཟག་བཅས་ཀྱི་སེམས་སྟེང་གི་སྟོང་ཉིད་ཁམས་བདེ་བར་གཤེགས་པའི་སྙིང་བོ་
རེད་དམ་མ་ རེད། ཅེས་ཟེར།དེ་ལ་ཁྱེད་ཅག་ལུགས་ནི། ལྟ་གྲུབ་ཤན་འབྱེད་ལས། སྟོང་རྐྱང་རིགས་སུ་འདོད་དང་བསྟུན། །ཞེས་པ་བཞིན་སྟོང་རྐྱང་མེད་དགག་ལ་འདོད་པ་ཡིན་པར་གསལ་ཡང་། ང་ཚོ་གཞི་རྩའི་བདེ་
གཤེགས་སྙིང་པོ་ངོས་འཛིན་ལུགས་རྦད་དེ་མ་འདྲ་བ་རེད།
༣༽ ཡང་ཁོང་གིས། ༣ རྣམ་མཁྱེན་སྐད་ཅིག་དང་པོ་ལ་ཉེར་ལེན་ཡོད་པ་རེད་དམ་མ་རེད། ཅེས་ཟེར།
དེ་ཡང་རྣམ་མཁྱེན་ལ་སྐད་ཅིག་གི་དཔྱད་པ་རྒྱག་པ་ནི་རྣམ་མཁྱེན་འདུས་བྱས་སུ་འདོད་པ་གཞིར་བཞག་
གི་སྐད་ཆ་རེད་ལ་ངས་ནི་རྣམ་མཁྱེན་འདུས་མ་བྱས་སུ་ཁས་བླངས་ཡོད་པས་སྐད་ཅིག་དཔྱད་པ་མེད།
༤༽ ཡང་ཁོང་གིས། ༤ རྒྱུན་མཐའ་བའི་རྒྱུད་ཀྱི་སེམས་དེ་སངས་རྒྱས་ས་ལ་འགྲོ་གི་རེད་དམ་མ་རེད།
ཅེས་ཟེར། འདི་ལ་རྒྱུན་མཐའ་ནི་ས་བཅུའི་རྒྱུན་མཐའ་ལ་ཟེར་བ་འདྲ་བས་འདི་ནི་སློབ་ལམ་གྱིས་བསྡུས་
པའི་ཕྱིར་སངས་རྒྱས་དངོས་མ་ཡིན་ནོ།འདི་ནི་ལན་མདོར་བསྡུས་པ་ཙམ་སྟེ་རྒྱས་པར་འབྲི་བ་ལ་དུས་ཚོད་
ཀྱང་མི་འདུག་ལ་དགོས་པ་ཡང་དེ་ཙམ་མི་སྣང་བས་རྒྱས་པར་མ་བྲིས་སོ།
བདེ་གཤེགས་སྙིང་པོ་འདིའི་སྐོར་ལ་མཁས་པ་སྔ་མ་དག་གིས་དཔྱད་རྩོམ་ཡང་མང་པོ་འདུག་ལ་དགག་བཞག་ཀྱང་ཤིན་ཏུ་ཆེ།དེ་བཞིན་གྲུབ་མཐའི་བཞེད་མཚམས་ཀྱང་ཆེ་ཤོས་ཞིག་ཡིན་ཕྱིར་ཁོ་བོ་ལྟ་བུས་དཔོག་པར་དཀའོ། །
ཝ་ཡེ་གྲོགས་པོ་རྣམས་པ་ཚོ་ཐུགས་རྗེའི་གཟིགས་ང་ལ་རོགས་ཞིག་བྱས་དང་།
ངའི་འཕྲིན་ཡིག་ཞིག་ཁ་བརྡ་ནང་ལ་བསྐུར་དགོས་འདུག་པས། ངའི་གང་འདྲ་བྱེད་དགོས་མིན། མིན་ཤེས་འདུག་པས། ང་ལ་ལམ་སྟོན་ཞིག་བྱས་དང་། ངའི་ཁ་བྱང་འདི་ཡིན། jamsang_2009@yahoo.com ཁྱེད་རྣམས་ཀྱིས་འདིའི་ཐོག་ལ་འབྲེལ་བ་བྱེད་རོགས། ཐུགས་རྗེའི་གཟིགས།
ལགས་ནམ་མཁའ་དགྲ་འདུལ་ཁ་བརྡ་ལ་འཕྲིན་ཡིག་སྐུར་ན།ཁ་བརྡ་ལ་འབྲེལ་བ་བྱེད་
ས་ཟེར་བ་ཞིག་ཡོད་པ་དེ་ལ་བསྣུན་དང་ཁ་བརྡ་བདག་གཉེར་བ་མི་བཞིའི་མྱུར་འཕྲིན་
ཁ་བྱང་ཡོད་རེད། དེའི་ཐོག་སྐུར་དགོས་པ་རེད། ཡིག་གཟུགས་སྨོན་ལམ་གསུམ་པ་ཡིན་
ཤར་རྒྱག་འགྲ་གི་འདུག་གཞན་ག་རེ་ཡིན་ན་ཤེས་མ་སོང་།
འོག་གི་མྱུར་འཕྲིན་ཁ་བྱང་འདི་དག་ལ་འབྲེལ་བྱོས།
ནམ་མཁའ་
amchod92@googlemail.com
རྡོར་དབང་།
dwangchuk2002@yahoo.com
ལུང་རིགས།
Minaktsang@yahoo.com
རབ་གསལ།
grabsal@aol.com
Info @khabdha.org
གསེར་ཆོས་ལ།
ངས་དྲི་བ་དུད་འགྲོའི་གླང་མགོ་སོགས་ཀྱི་རྒྱུད་ལ་ཟག་མེད་ཀྱི་སེམས་ཡོད་པ་རེད་དམ་མ་རེད། ཅེས་དེའི་རྒྱུད་ཀྱི་སེམས་ཡོད་མེད་སྐད་ཆ་དྲིས་སྐབས། ལན་ལ། གཞི་བདེ་གཤེགས་སྙིང་པོ་དེ་ད་ལྟ་ནས་དུད་འགྲོ་གླང་མགོའི་རྒྱུད་ལ་ཡོད་པར་འདོད་ཅིང་བྲལ་བྲས་ཆོས་སྐུའི་ཡོན་ཏན་རྣམས་ཀྱང་རང་ཆས་སུ་ཡོད་པར་འདོད་པ་རང་ལུགས་ཡིན། ཅེས་བདེ་གཤེགས་སྙིང་བོ་ཡོད་པའི་རྒྱུ་མཚན་བཤད་འདུག དེས་ན་བདེ་གཤེགས་སྙིང་བོ་ཡོད་ན་ཟག་མེད་སེམས་ཡོད་དགོས་པའི་རྒྱུ་མཚན་དེ་གཉིས་ངོ་བོ་གཅིག་པའི་རྒྱུ་མཚན་གྱིས་མིན་ན་དེ་གཉིས་ལ་འབྲེལ་བ་མེད་པས། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ལ། གལ་ཏེ་དེ་གཉིས་ངོ་བོ་གཅིག་ཡིན་ན། གོང་གི་ངའི་རྩོད་པ་ལ་སྣང་གནས་མ་ཕྱེ་བའི་རྩོད་པ་རེད་ཟེར་བ་དང་འགལ།
རྩོད་པ་རྩོད་པའི་སྐབས་སུ་གནས་ཚུལ་ལ་ངོ་བོ་གཅིག་ཡིན་ན་ཡང་སྣང་ཚུལ་ལ་ངོ་བོ་གཅིག་མ་ཡིན་པས་ངའི་རྟགས་གསལ་དེར་འདོད་ལན་འདེབས་ཐུབ་མི་འདུག དེ་ནས་ངོ་བོ་གཅིག་ཡིན་ན་སྣང་ཚུལ་ལ་ངོ་བོ་གཅིག་ཡིན་དགོས་པར་ཐལ། གནས་ཚུལ་ལ་ངོ་བོ་གཅིག་པས་ངོ་བོ་གཅིག་པའི་གོ་མི་ཆོད་པའི་ཕྱིར་ཏེ། ངའ་སེམས་རྟགས་པ་ཡིན་པར་འདོད་ཟེར་མི་ཐུབ་པའི་ཕྱིར། འདོད་ན། རྣམ་མཁྱེན་དང་དེའི་ངོ་བོ་ཉིད་སྐུ་གཉིས་ཆོས་ཅན། ངོ་བོ་གཅིག་མ་ཡིན་པར་ཐལ། སྣང་ཚུལ་ལ་ངོ་བོ་གཅིག་མ་ཡིན་པའི་ཕྱིར་ཏེ། ང་ཚོའི་སེམས་དང་སེམས་སྟེང་གི་ཁམས་བདེ་པར་གཤེགས་པའི་སྙིང་བོ་གཉིས་སྣང་ཚུལ་ལ་ངོ་བོ་གཅིག་མ་ཡིན་པ་གང་ཞིག རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན། གོང་དུ་རྒྱུད་བླ་མས་ཡེ་ཤེས་ཆོས་སྐུ་བསྟན་ན་ངོ་བོ་ཉིད་སྐུ་བསྟན་དགོས་པའི་རྒྱུ་མཚན་བཀོད་པ་དང་འགལ།
ལར་གོང་གི་རྩོད་ལན་སྐབས་སུ་སྣང་ཚུལ་ལ་སེམས་དང་དེའི་བདེ་གཤེགས་སྙིང་བོ་ཐ་དད་ཡིན་པའི་རྒྱུ་མཚན་ལ་གློ་བུར་བའི་དྲི་མ་དང་བདེ་གཤེགས་སྙིང་པོ་ངོ་བོ་ཐ་དད་དུ་ཁས་ལེན། ཟེར་འདུག འོ་ན་ང་ཚོ་སོ་སྐྱེ་ཐ་མལ་བའི་སེམས་ཡིན་ན་གློ་བུར་གྱི་དྲི་མ་ཡིན་དགོས་པར་ཐལ། གློ་བུར་བའི་དྲི་མ་དང་བདེ་གཤེགས་སྙིང་བོ་ངོ་བོ་ཐ་དད་པས་ང་ཚོའི་སེམས་དང་དེའི་བདེ་གཤེགས་སྙིང་བོ་ཐ་དད་སྒྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར།
ཡང་རྒྱུན་མཐའ་བའི་སེམས་སངས་རྒྱས་ས་ལ་མི་འགྲོ་བའི་རྒྱུ་མཚན་ལ་སློབ་ལམ་གྱིས་བསྡུས་པའི་ཕྱིར་སངས་རྒྱས་དངོས་མ་ཡིན་ནོ། ཟེར། ཨ་རིའི་མི་དངོས་མ་ཡིན་ན་ཨ་རི་ལ་མི་འགྲོ་བའི་ཁྱབ་པར་ཐལ། སངས་རྒྱས་དངོས་མ་ཡིན་ན་སངས་རྒྱས་ས་ལ་མི་འགྲོ་བ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། གསེར་ཆོས་ཆོས་ཅན། ས་ལམ་གྱི་བགྲོད་པ་མཐར་ཕྱིན་པ་མེད་པར་ཐལ། སངས་རྒྱས་དངོས་མ་ཡིན་པའི་ཕྱིར། འ་ཁཁ་རྟེན་འབྲེལ་ལོག་པ་འདི་འདྲའི་ཁས་ལེན་འདུག ང་ཚོའི་ཉིན་རེ་བཞིན་དུ་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཅེས་སེམས་སྐྱེད་པ་འགྲུབ་རྒྱུ་རྩ་ནས་མེད་པར་ཡང་ཐལ་ལོ།
མཐར་རྣམ་མཁྱེན་ནི་རྟག་པ་ཡིན་པས་སྐད་ཅིག་གིས་དཔྱད་པ་རྒྱག་རྒྱུ་མེད་ཟེར། སངས་རྒྱུད་ཤཀྱ་ཐུབ་པའི་ཐུགས་བརྒྱུད་ཀྱི་བསྡུས་པའི་ཆོས་ཡིན་ན་རྟག་པ་ཡིན་པས་ཁྱབ་པར་ཐལ། རྣམ་མཁྱེན་རྟག་པ་ཡིན་པ་གང་ཞིག མི་རྟག་པ་གཞན་བཞག་ཏུ་མེད་པའི་ཕྱིར། འདི་ལ་རྟགས་གསལ་རྫོགས་རྒྱུ་མེད་པ་ཡོད་ཀྱང་། ཁྱེད་རང་རྣམ་རྟོག་ངན་པ་ལངས་སྲིད་པས་གནས་སྐབས་འཇོག་རྒྱུ་ཡིན། གཞན་དག་ལ་ད་དུང་མུ་མཐུད་རྩོད་འདོད། ཁྱད་པར་དུ་ཟག་བཅས་ཟག་མེད། ཁམས་བདེ་གཤེགས་སྙིང་བོ། རྒྱུན་མཐའི་སེམས་བཅས་ལ།
ད་ཕན་ཆོད་གཞོན་ནུ་ཟླ་མེད་མཉམ་དུ་ཆོས་མི་རྩོད་ཡ་ཀླུ་སྤྲུལ་ཚང་ལ་སྐུར་ཡོད་པའི་དྲྭ་
རྒྱ་ཁ་བྱང་དེ་ལ་གཅིག་བལྟས་ཡིན་དཔེ་རྩོག་པ་ཞིག་འདུག ཁ་ནས་ཆོས་རྩོད་དུས་གྲྭ་པ་
ཞིག་ཡིན་སྣང་ཤར་བསྡད་དེ་འདྲའི་རྩོག་པ་ལ་བལྟ་ཡི་ཡོད་ས་རེད།
འོ་ཡ་གསེར་ཆོས་ཡིན་ན་འདིའི་བཤད་སྟངས་ལ་ལྟོས་དང་། ཁ་ཆེའི་གླུ་གཞས་དང་ཞབས་བྲོ་དེ་ཚོ་གཙོག་པ་འེ་རེད། དེ་འདྲ་བཤད་ཀྱི་འེ་ཡོད་ན། ཁྱེད་རང་བལྟ་ནོར་འཐེབས་པ་མ་རེད་པ། ཡང་བསྐྱར་ཞིབ་མོ་ཅིག་བལྟས། དེ་ནས་ཤོད། དེ་མིན་གོང་གི་ཆོས་ཀྱི་ཕྱོགས་ལ་བཤད་ཀྱི་མེད་ན་ད་རྫོགས་སོང་ཅེས་ལབ་ན་ངས་ཁྱོད་ལ་གུ་ཡང་ལོས་གཏོང་།
http://www.youtube.com/watch?v=76Gbr88_VKg&feature=related
ཁྱེད་ཀྱི་ཟག་མེད་ཀྱི་སེམས་ཟེར་བ་དེ་ལ་བདེ་གཤེགས་སྙིན་པོ་ཟེར་གྱི་ཡོད་པ་མ་ཡིན་ནམ།
དེར་བརྟེན་ང་ཚོས་བདེ་གཤེགས་སྙིང་པོ་ངོས་འཛིན་ལུགས་མ་འདྲ་བ་རེད། གཞོན་ནུས།
ཡང་རྒྱུན་མཐའ་བའི་སེམས་སངས་རྒྱས་ས་ལ་མི་འགྲོ་བའི་རྒྱུ་མཚན། ཟེར་བའི་སྐབས་
འདིར་ངས་གོ་བ་ནོར་བ་བདྲ།ས་བཅུའི་རྒྱུན་མཐའི་སེམས་དེ་སངས་རྒྱས་ཀྱི་སར་ཅིའི་ཕྱིར་
འགྲོ་སྟེ་མི་འགྲོ་བར་འདོད། དེ་ཡང་ལམ་བདེན་འདུས་བྱས་སུ་འདོད་པ་དག་གི་ལུགས་ལ།
མདོ་སྡེ་རྒྱན་ལས། དོན་ཤེས་པས་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིགས།
།ཞེས་དང་། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་པ་བཞིན་སློབ་
ལམ་ལམ་བདེན་སྤང་བྱ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་སར་མེད་པར་འདོད་དོ།
ས་བཅུའི་རྒྱུན་མཐའི་སེམས་ཆོས་ཅན་ཁྱོད་སངས་རྒྱས་ཀྱི་སར་མི་འགྲོ་བར་ཐལ།
ཁྱོད་སྤང་བྱ་ཡིན་པའི་ཕྱིར་དང་དོར་བྱ་ཡིན་ཕྱིར་ཏེ། དཔེ་ན་ཆུ་བརྒལ་ཟིན་གཟིངས་
དང་དང་གཅིག་པ་ཡིན་ཕྱིར། ཐ་མལ་པའི་སེམས་དང་བདེ་གཤེགས་སྙིང་པོ་གཉིས་པོ་
ཆོས་ཅན་སྣང་ཚུལ་ལ་ངོ་བོ་གཅིག་མ་ཡིན་པར་ཐལ། སེམས་འདུས་བྱས་ཡིན་པ་
གང་ཞིག་བདེ་གཤེགས་སྙིང་པོ་འདུས་མ་བྱས་ཡིན་པའི་ཕྱིར། དེ་གཉིས་ཆོས་ཅན་གནས་
ཚུལ་ངོ་བོ་གཅིག་ཡིན་པར་ཐལ། གནས་ཚུལ་སེམས་ལས་ལོགས་སུ་སངས་རྒྱས་མེད་
པའི་ཕྱིར། ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ཆོས་ཅན་དེ་དང་མི་
མཚུངས་པར་ཐལ། དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པའི་ཕྱིར།
སངས་རྒྱས་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ཆོས་ཅན་
ངོ་བོ་གཅིག་ཡིན་པར་ཐལ། སྤང་བ་དང་རྟོགས་པའི་ཡོན་ཏན་གྱི་ལྡོག་ཆ་ཡིན་
པའི་ཕྱིར། དཔེར་ན་བྱས་པ་དང་མི་རྟག་པ་བཞིན་ནོ།
གུས་པས་སིནྡྷི་རྒྱ་མཚརོ་རོལ་བའི་མཚོ་གླིང་དུཿམེ་ཏོག་པདྨ་འབར་བའི་སྡོང་བོ་ལཿཞེས་གསོལ་འདེབས་ལེའུ་བདུན་མར་འབྱུང་བ་དེར་ཉེ་དུས་དམིགས་བསལ་གྱི་གོ་བ་ཞིག་རྙེད་དེ། དེ་ཡང་། སྟག་ཚང་རས་པ་དཔལ་འབྱོར་རྒྱ་མཚོའི་ཨོ་རྒྱན་གྱི་ལམ་ཡིག་མཇལ་སྐབས། དེར་ཁོང་ནས་ཨོ་རྒྱན་གྱི་མཚོ་དྷ་ན་ཀོ་ཥ་ཨ་རབ་ཀྱི་རྒྱ་མཚོར་བཞེད་པ་འདྲ་ཞིག་མཐོང་ཞིང་།ཛྷ དེ་ནི་ཏག་ཏག་ཧིན་དྷི་ཆུ་བོ་པ་ཀི་སི་ཐན་བརྒྱུད་ཨ་རབ་ཀྱི་མཚོར་འགྲིལ་གྱི་ཡོད་ལ་དེར་སིནྡྷི་རྒྱ་མཚོར་རོལ་བ་ཞེས་བསྙད་པར་ངེས་ལ། ད་དུང་བཀའ་ཐང་དུ་ཨོ་རྒྱན་རྒྱལ་པོ་རྒྱ་མཚོ་ཆེན་པོར་གྲུ་ཆེན་བཅས་ནས་འགྲུལ་བཞུད་གནང་བའི་ཚུར་ལམ་རྒྱ་མཚོ་རང་ནས་ཨོ་རྒྱན་ཆེན་པོ་མཛྷཇལ་ཚུལ་རྒྱས་པར་འབྱུང་བའང་འདི་ཁོ་ན་ལ་འགྲིག་པར་མཐོང་བས་དྲ་གྲོགས་རྣམ་པས་དཔྱད་པར་ཞུ་བ་དང་།
དེ་མིན་ཨོ་རྒྱན་གྱི་གསུང་རྩོད་མེད་བསྟན་འགྱུར་དུ་བཞུགས་པ་དགེ་ཚུལ་སློང་གི་ལོ་དྲི་བ་དང།
རྣམ་འཇོམ་འགྲེལ་བ་སོགས་དུ་མ་ཡོད
གཞན་མཚན་བརྗོད་འགྲེལ་པ།
གསང་སྙིང་འགྲེལ་པ་བཀའ་མཆིམས་ཕུ་མར་གྲགས་པ།
ལོ་རྒྱུས་ཡོངས་ལ་རྩོད་མེད་སྦ་བཞེད་དུཌྷའང་གསལ་བ་མན་ངག་ལྟ་བའི་ཕྲེང་བ།
འདི་ལ་རོང་ཟོམ་གྱིས་འགྲེལ་པ་མཛད་ཡོད།ད་དུང་བེ་རོ་དང་མཉམ་དུ་འགྱུར་བའི་བསྒྱུར་རྩོམ་ཡང་མང་པོ་ཡོད་པ་བཀའ་བསྟན་དཀར་ཆག་དང་། རྙིང་རྒྱུད་དཀར་ཆག་སོགས་སུ་གསལ་ལོ།
ས་པན་གྱིས་བསྒྱུར་བའི་ཕུར་པའི་རྩ་བའི་རྒྱུད་ཀྱི་དུམབུའི་མཇུག་ཏུའང་ཨོ་རྒྱན་ཅེན་པོའི་ཕྱག་དཔེ་དངོས་ལས་བཤུས་པའི་འགྱུར་བྱང་ཡོད།
ཐུགས་ཕན་ཕྲན་བུ་སོས་པར་སྨོན།
ད་དུང་གསང་སྔགས་བཀའ་ཡི་ཐ་རམ། ཟུར་སྣོན
རྫ་ཆུ་ཁའི་ཚེ་རིང་བཀྲ་ཤིས་ལགས་བཀའ་དྲིན་ཆེ། དངོས་གནས་ཡག་པོ་ཞིག་འདུག་མཁས་
ཟེར་བ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད།
གུ་རུ་པདྨའི་གསུང་བཀའ་མའི་ནང་དུ་ཐོར་བུ་དུ་མ་ཡོད། ལོ་རྒྱུས་སུ་གྲགས་ཆེ་བ་གོང་གསལ་མན་ངག་ལྟ་ཕྲེང་དང་། རིམ་པ་གཉིས་ཀྱི་སྤྱི་ཆིངས་བསམ་གཏན་སྒྲོན་མའམ་མ་མོ་གསང་བ་ལས་ཀྱི་ཐིག་ལེ། གསང་སྔགས་ལམ་རིམ་བཅས་རེད། གཞན་ཡང་། ཡང་དག་གསང་འགྲེལ་ཆེན་མོ། བཀའ་བརྒྱད་རྫོང་ཕྲེང་། ཕུར་བ་འབུམ་ནག་སོགས་གཞུང་ཆེན་པོ་རྣམས་དང་། ས་སྐྱའི་གུར་མགོན་བེ་བུམ་དུ་བཞུགས་པའི་ཆོ་ག་ཁ་ཤས། མགོན་པོ་མ་ནིང་ཁམས་ལུགས་མ། གསར་རྙིང་ཡོངས་ལ་གྲགས་ཆེ་བའི་རྣམ་སྲས་སེར་ཆེན་སྤྲིན་གསེབ་མ་སོགས་ཆོ་ག་དང་གཞུང་ཐོར་བུ་མང་པོ་བཞུགས་ལགས་པ་ལགས་སོ། །འདི་ཡང་གནས་སྐབས་སུ་དྲན་ཚོད་མཁས་དབང་རྣམས་ལ་བསྙེལ་གསོས་སུ།
རྩོམ་ཡིག་འདི་དག་ཀློག་སྐབས་སུ་ཡི་གེ་འདྲ་མིན་སྣ་ཚོགས་བྲིས་འདུག་པ་ཕལ་ཆེར་ཨ་མདོའི་ཁ་སྐད་
ཡིན་ནམ་གང་ལྟར་ཡང་བོད་སྤྱི་པའི་སྤྱི་ནོར་བཀའ་བསྟན་བཅོས་གཙོས་པའི་བོད་ཀྱི་བརྡ་སྤྲོད་སྤྱིའི་ལམ་
ལུགས་དང་མཐུན་པར་འབྲི་བ་ནི་སྨྱུག་ཐོག་པ་དག་གི་འགན་ཆེ་ཤོས་ཤིག་ཡིན་པར་ཤེས་པར་གྱིས།
གཞན་དུ་འབྲུག་པ་དང་ཨ་མདོའི་སྐད་འདི་ཐེངས་རེ་བལྟས་ན་བོད་སྐད་དང་མཐུན་པ་འདྲ་བོ་ཐེངས་
རེ་བལྟས་ན་བོད་ཀྱི་བརྡ་དག་དང་རྩ་བ་ཉིད་ནས་རྒྱབ་འགལ་དུ་གྱུར་པའི་ཡི་གེ་འདྲ་མིན་མང་དུ་འཕེལ་
ན་བོད་ཀྱི་སྤྱི་སྐད་ལ་གནོད་པའི་རྐྱེན་དུ་འགྱུར་ངེས་པས་ཅིས་ཀྱང་གཟོབ་མཛོད།
ངས་བཙལ་བའི་དྲ་གནས་དེ་རྙེད་བྱུང་། ཡིན་ནའང་་་་་་་་་་་་
སློབ་དཔོན་རིན་པོ་ཆེས་བོད་ལ་གསང་སྔགས་ཀྱི་ཆོས་སྐོར་མང་དུ་གསུངས་པ་དང་། ཆོས་སྣ་ཚོགས་བསྒྱུར་ཟེར་བ་གོ་མྱོང་བས། སངས་རྒྱས་སྐུ་དངོས་སུ་བྱོན་པ་ཁོང་གིས་སྐད་རིགས་གང་ཞིག་གི་ཐོག་ནས་བོད་ལ་ཆོས་གསུངས་པ་ཡིན་མ། ཁོང་གིས་བོད་སྐད་ཐོག་ཆོས་གསུངས་པ་ཡིན་ནམ་ཡང་ན་སྐད་རིགས་གཞན་ཞིག་རེད། རྒྱ་གར་སྐད་དུ་ཆོས་གསུངས་པ་ཡིན་ན་སྐབས་དེར་ལོ་ཙྪ་བ་སུ་ཡིན་ནམ། འདིའི་སྐོར་གསལ་པོ་མཁྱེན་མཁན་ཡོད་ན་ལན་འདེབས་ཤིག་གནང་རོགས། བཀའ་དྲིན་ཆེ།