རྒྱུན་སྲོལ་ལྟར་ངེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་འདི་ལོར་ཡང་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་གོ་སྒྲིག་ཞུ་བཞིན་ཡོད་ལ། གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་རྡ་སར་ཞོགས་པའི་གཞུང་འབྲེལ་མཛད་སྒོ་གྲུབ་མཚམས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཨའི་ཇིའི་པིའི་(AGP)ཉེ་འགྲམ་ཉེན་རྟོག་པའི་ཐང་ཆེན་(NEAR POLICE GROUND)བར་རྔམ་སྟོན་ཁྲོམ་སྐོར་བྱ་གཏན་འཁེལ་བ་དང་། དེ་འབྲེལ་གྱི་ས་གནས་སྐོར་སྲུང་བའི་ཆོག་མཆན་སོགས་ཀྱི་ལས་དོན་རྣམས་ཡོངས་སུ་གྲུབ་ཡོད།
ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནི། ཕྱི་ལོ་༡༩༥༩ རྒྱལ་ས་ལྷ་སར་བོད་མི་ཁྲི་ཚོ་མང་པོས་གཅེས་སྲོག་འབེན་ལ་བཙུགས་ནས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གནང་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ཞིག་ཡིན་པ་མ་ཟད། འདི་ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་མི་ལོ་བརྒྱ་ཧྲིལ་པོ་འཁོར་བའི་ལོ་དུས་ཁྱད་པར་བ་དང་། ཡང་ལོ་ཤས་གོང་ནས་བོད་ཕྱི་ནང་གཉིས་སུ་རྒྱ་གཞུང་གི་ལོག་སྤྱོད་དབང་སྒྱུར་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་བསྟུད་མར་བྱུང་ཞིང་། ད་ལོ་གྲངས་ཚད་བརྒྱ་ཁར་བུད་པའི་ཛ་དྲག་གནས་སྟངས་འོག་ལྷགས་པ། དེ་བཞིན་ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་ཁ་ཐུག་འདིར། རྒྱ་ནག་གཞུང་གིས་ཚོགས་ཆེན་གཉིས་ཟེར་བ་འཚོགས་ནས་འགོ་འཁྲིད་གསར་རྙིང་འཕོ་འགྱུར་འགྲོ་བཞིན་པའི་དུས་ཚོད་ལའང་འཁེལ་ཡོད། དེར་བརྟེན་ངེད་ཚོགས་པ་ཁག་ལྔས་འདི་ལོའི་གསུམ་བཅུའི་དུས་དྲན་རྔམ་བརྗིད་ལྡན་པ་ཞིག་གོ་སྒྲིག་བྱ་གཏན་འཁེལ་བ་དང་། དེ་འབྲེལ་གྱི་ལས་རིམ་ཁག་ནི།
ཉིན་མོ་འདིར་རྒྱལ་སྤྱིའི་ཐོག་བོད་རིགས་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་སུམ་ཅུ་ལྷག་གི་ནང་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པ་དང་། བཞུགས་སྒར་རྡ་སར་མཚོན་ན་ཞོགས་པར་གཙུག་ལག་ཁང་ནས་མཛད་སྒོ་གྲུབ་མཚམས་མང་ཚོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་དེ་མུར་འགོ་འཛུགས་རྒྱུ་དང་། ཁྲོམ་སྐོར་གྱི་མཐའ་མའི་ས་ཚིགས་ནི་ཀཱ་ཅ་རིའི་ཉེན་རྟོག་ཐང་ཆེན་དུ་འཛོམས་དགོས་ཤིང་། དེར་ཆེད་དུ་སྡིངས་ཆ་བརྒྱབས་ནས་གནད་ཡོད་མི་སྣའི་གཏམ་བཤད་ཀྱི་རིམ་པ་དང་། མིང་རྟགས་བསྡུ་རུབ། གཞས་མ་གཏམ་འཁྲབ་སྟོན། ཚོགས་པ་ཁག་ཐུན་མོང་གིས་བསྒྲགས་གཏམ་སྤེལ་རྒྱུ་བཅས་ལས་རིམ་བང་བསྒྲིགས་ཡོད། ཉིན་དེར་གྲྭ་བཙུན་དང་། སྒྲིག་ཁོངས་སློབ་མ་སོགས་ཕྱི་ནང་མི་རིགས་ཚང་མས་མགོ་རས་ནག་པོ་དཀྲིས་རྒྱུ་དང་། འདི་ནས་གཅིག་གྱུར་ཐོག་གོ་སྒྲིག་བྱས་པའི་འཕྲེད་དར་སོགས་བསྣམས་ནས་ལས་འགུལ་ནང་མཉམ་ཞུགས་གནང་དགོས་ཤིང་། ཡང་ཁྲོམ་སྐོར་ནང་འཛུལ་ཞུགས་བྱ་མཁན་རྣམས་ཀྱིས་སྦག་སྦག་དང་རླངས་འཁོར་སོགས་བཏང་ནས་འཚུབ་སློང་མི་ཆོག་ཁར། བར་ལམ་འུར་འགོ་སློང་བཞིན་པ་ལྟར་ཉིན་དེར་སྤྱི་སྒེར་སུ་རུང་གིས་རྒྱ་དམར་གཞུང་གི་རྒྱལ་དར་འཕྱར་ཏེ་འདི་གའི་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་བྱུང་ཚེ། དེར་སྤྱི་ཚོགས་ནང་གླེང་རྙོག་གང་ཡོང་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་འགན་བློས་བཟོད་ཐབས་མེད་པ་ནན་བརྗོད་དང་། བོད་ནང་སྲོག་འབེན་ལ་བཙུགས་ནས་རྒྱ་དར་མར་འཕབ་བཞིན་པའི་སྐབས་སུ། བཙན་བྱོལ་ནང་རང་རིགས་སྤྱི་སྒེར་སུ་རུང་གིས་རྒྱ་གཞུང་གི་དར་དམར་མགོ་ལ་འཕྱར་ནས་བོད་དོན་སྒྲུབ་རྒྱུའི་སྐད་ཆ་དང་བྱ་སྤྱོད་དེའི་རིགས་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ་ཡིན།
ཡང་གསུམ་བཅུའི་དུས་དྲན་གྱི་སྐབས་དེར། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་ཆེན་གཉིས་ཟེར་བ་འཚོག་བཞིན་པའི་ཐོག་ཆེད་མངགས་བཅར་བའི་ཕྱི་ནང་གི་གསར་འགོད་པ་ཁག་གིས་གོ་སྐབས་དེ་བཟུང་ནས། བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་བརྡ་འདེད་འདྲི་ཞིབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། ཁྱད་པར་དུ་བོད་ཕྱི་ནང་གཉིས་སུ་ཆབ་སྲིད་ཀྱི་ཚོར་ཤུགས་རྣོ་བའི་སྐབས་སུ། གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ལས་དོན་མཐའ་དག་ལ་བབ་གཟིགས་གང་གཟབ་གནང་རྒྱུར་ང་ཚོས་རེ་སྐུལ་ཞུ་བཞིན་ཡོད།
མཐའ་དོན། བོད་ཀྱི་འཐབ་རྩོད་ལ་བོད་མི་རང་ཉིད་ཀྱིས་འགན་འཁྱེར་དགོས་པའི་འགན་འཁྲིའི་བསམ་བློ་ཡོད་དགོས་པ་དང་། འཐབ་རྩོད་ཀྱི་རིན་ཐང་ཤེས་པའི་ཐོག་ནས། གསུམ་བཅུའི་དུས་དྲན་ཉིན་ཡུལ་ཕྱོགས་གང་དུ་གནས་འཆའ་བའི་བོད་མི་ཡིན་ནོ་ཅོག་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་དགོས་པ་ནི། ང་ཚོའི་ཐུན་མོང་སྟོབས་ཤུགས་ཀྱི་རྨང་གཞི་དང་། འཐབ་རྩོད་གསོན་གནས་ཀྱི་དགོས་མཁོ་གཙོ་བོ་དེ་ཡིན་པར་བརྟེན། ངེད་ཅག་གི་གལ་ཆེའི་བརྡ་སྦྱོར་འདི་བཞིན་བརྒྱུད་ལམ་ཁག་གིས་དུས་ཐོག་དྲིལ་བསྒྲགས་གནང་རྒྱུ་དང་། མང་ཚོགས་ནང་གཅིག་ལག་གཉིས་བརྒྱུད་ཀྱིས་ཁྱབ་སྤེལ་ཐུབ་པ་གནང་རྒྱུའི་རེ་སྐུལ་དང་བཅས།
བོད་ཀྱི་གཞོན་ནུ་ལྷན་ཚོགས།
བོད་ཀྱི་བུད་མེད་ལྷན་ཚོགས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས། ཕྱི་ལོ༢༠༡༣ཟླ༣ ཚེས ༥ ཉིན་རྡ་རམ་ས་ནས།
བོད་ནང་གི་བོད་མིར་ཁྱེས་ཚོས་ལམ་སྟོན་དགོས་པ་མ་རེད་་་་་གདོང་འབག་མཐུག་དྲགས་པ་རེད་་་་་གླིང་ཚ་མི་སྒེར་ལ་འཇིགས་བསྐུལ་དགོས་དོན་གང་ཡིན་ནམ་་་་ཁྱེད་ཚོའི་དམིག་ཡུལ་ངོ་མ་གང་ཡིན་ནམ་་་་་
སྤྱིར་བཏང་ཚོགས་པ་འདི་ཚོས་སྐབས་རེ་ལས་འགུལ་སྤེལ་གྱིན་ཡོད་ལ། དེ་བཞིན་རྐང་རྗེས་ལག་བསྲིབས་བཏང་བར་ཉུང་ཉུང་ག་ལ་ཡིན། སྤུན་ཟླ་ཚོ་འདས་དོན་ལ་ཕྱིར་མིག་རེ་གཟིགས་དང་ཞེར་མེར་ལངས་དགོས་པའི་བྱ་ངན་ག་རེ་སྤེལ་ཡོད་པ་བློ་ལ་འཁོར་ཐུབས་ངེས་ཡིན། དེ་སྔར་༸རྒྱལ་བའི་ལྷ་དགོངས་དཀྲུགས་མཁན་་ཡང་ཚོགས་པ་འདི་ཚོའི་ཁོངས་མི་ཡིན་ལ་་་་ད་དུང་མི་སྒེར་ལ་འཇིགས་བསྐུལ་འདི་ནི་བཙན་བྱོའི་འཁོར་ཡུག་དཀྲུགས་འདོད་ཀྱིས་བསམ་སྦྱོར་ཞིག་ལས་མ་འདས། སུམ་ཅུའི་དུས་དྲན་ནི་བཙན་བྱོལ་བོད་མིའི་གཞུང་འབྲེལ་དུས་དྲན་གལ་ཆེར་ཞིག་ཡིན་པས་་་དེ་རིང་གཞུང་འབྲེལ་མིན་པའི་ཚོགས་སྡེའི་འདྲེ་ལག་ཅིའི་ཕྱིར་བརྐྱངས་ཡོང་གི་ཡོད་པ་རེད། ཚོགས་པ་འདི་ཚོའི་བྱ་སྤྱོད་འདི་འདྲ་སྤེལ་བར་བརྟེན་ནས་ལྷོར་ཕྱོགས་གདན་སའི་དགེ་འདུན་པ་དག་གཞུང་འབྲེལ་ལས་འགུལ་ལས་ཞུགས་མི་ཆོག་པའི་དགག་བྱ་བཟོ་དགོས་པའི་རྒྱུ་མཚན་འདི་འདྲ་ལ་ཐུགས་ཡོད་པ་མི་མང་ངོས་ནས་ངོ་འཛིན་ཐུབ་དགོས་པ་རེད།
ཚོགས་པ་ལྔ་ཡིས་འདི་ལྟར་ལས་འགུལ་སྤེལ་བཞིན་པ་ཧ་ཅང་ཡག་པོ་རེད་ལ་དེ་མཚུངས་རྒྱ་དམར་གྱི་དར་དམར་འཁྱེར་མཁན་གྱི་ཡིན་མདོག་བྱེད་མཁན་རིགས་ལ་གོ་བརྡ་བཏང་བ་ཡང་ཧ་ཅང་ཡག་པོ་འདུག ད་བར་དུ་རྒྱ་དམར་གྱི་རྒྱལ་དར་འཁྱེར་གི་ཡིན་ཟེར་མཁན་གྱི་ལྟ་ལོག་དེ་འདྲ་མེད་རུང་། ན་ནིང་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་བོད་པའི་སྤྱི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་གཏོང་མཁན་དེ་བྱུང་བ་ནས་བཟུང་རང་བཙན་རྩོད་མཁན་དང་དབུ་མའི་ལམ་གྱི་རྗེས་འཇུག་པ་གཉིས་ཀྱི་བར་ལ་ཁྱི་དང་ར་ཡི་ངང་ཚུལ་སླེབས་པ་མ་ཟད་། ལས་འགུལ་ཁང་དེས་ད་བར་དུ་སྤྱི་ཚོགས་ཕུང་དཀྲུགས་ཀྱི་ལས་རྐྱང་བྱས་བ་དེར་ཧ་ཅང་བློ་ཕམ་ཡོད་པ་མ་ཟད་དེ་༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ལ་ཡིག་ངག་གཉིས་ཐོག་ནས་ཞུ་གི་ཡིན། བོད་རྒྱལ་ལོ།
གསུམ་ཅུའི་དུས་དྲན་སྐབས་དར་ཆ་དམར་པོ་དེ་སུས་འཁུར་ན་ཡང་ངོས་ལེན་རྩ་བ་ནས་མེད། ཚེ་རྡོར་ཕར་བཞོག་༧གོང་ས་མཆོག་གིས་བསྣམས་ན་ཡང་ངོས་ལེན་མེད། དར་ཆ་དམར་པོ་འཕྱར་མཁན་་སུ་ཡིན་ཀྱང་རྒྱ་ནག་གུང་ཁྲན་དང་གཅིག་པར་ལྟ་རྒྱུ་ཡིན།
ཨ་ལ་ལ། ཚོགས་པ་བཙུགས་གོ་ཆོད་འདུག། འགྲིག་ཤག། གོ་ཆོད་ཤག། བཙན་པོའི་གདུང་བརྒྱུད་འདི་འདྲ་དགོས།
ཕྱི་དགྲ་ནང་དགྲ་ལ་ཕག་པ་དཀར་ནག་གི་ཁྱད་མེད། ད་དུང་གནའ་མི་བོད་དཔེར་ཕྱི་ཆར་པའི་ཆར་ཐག་ལས་ནང་ཐིག་པའི་ཐིག་ཐག་སྡུག་ཟེར།
ཚང་མས་ཐུགས་གཟབ་གནང་དགོས་རྒྱུ་ཞིག་ལ། ད་ལོའི་སུམ་ཅུའི་དུས་དྲན་ཉིན་སྔར་ལས་ལྷག་པའི་ཕུ་ནུ་ཚོ་མཐུན་འབྲེལ་རྡོག་རྩ་ཆིག་སྒྲིལ་གནང་དགོས་པ་ནི་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་ཞལ་ཆེམས་ཡིན་མོད། དེས་ན་རྒྱ་ཆེའི་བོད་མི་དམངས་རྣམས་སྐབས་འཚོལ་བ་འགའ་ཞིག་གི་གཡོ་འོག་ཏུ་མ་ཚུད་པ་བྱ་དགོས།
ལྷག་དོན་འདི་ལྟ་བུའི་གཉེན་འཕྲང་དུ་གནས་སྐབས་ཁྱོད་དབུ་མ་དང་ང་རང་བཙན་སོགས་ཁ་ལ་ཁྱེར་ཏེ་རྒྱ་ནག་པོ་ལ་དགོས་པའི་ཕུ་ནུ་ནང་ཁུལ་གྱི་སྡུག་རྩོད་དེ་མ་བརྒྱག་ན་ཡག་པོ་འདུག་དྲན། འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོས་དུར་ཁུངས་ནས་ང་ཚོར་གཟིགས་ཡོད་ངེས་རེད་ལ། བོད་གཞིས་ལུས་སྤུན་ཟླ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལ་ཞེན་ལ་ཆེད་གསོད་མ་གནང་རོགས་ཞུ།
བོད་ནང་ནས་མཐུན་སྒྲིལ་སྟོབས་ཤུགས་ཇེ་ཆེ་རེད། ཕྱི་སྡོད་བོད་མིའི་རང་བཙན་དང་དབུ་མའི་རྩོད་པ་ཇེ་ཆེ་དང་ཇེ་སྡུག་རེད།
ཧ་ཧ། གླིང་ཚ་བྱ་བྱེད་མང་ན་འདི་འདྲ་རེད། གང་ལྟར་མང་མོས་ལ་འགྲོ་རྒྱུ་རེད། དེ་ནི་དམངས་གཙོའི་ཁྲིམས་ཀྱི་ཁྱབ་ཁོངས་ནང་ཡོད་པ་རེད། མང་མོས་མེད་ན་སོ་སོ་བདེན་པ་ཡོད་ཀྱང་རང་སྣང་གང་དྲན་བྱེད་ས་མེད་པ་དེ་དམངས་གཙོ་ང་ཡིན་ཟེར་མཁན་གྱི་རྒྱལ་ཁབ་ཚང་མའི་ནང་འདུག།
་་་་ བོད་ནང་སྲོག་འབེན་ལ་བཙུགས་ནས་རྒྱ་དར་མར་འཕབ་བཞིན་པའི་སྐབས་སུ། བཙན་བྱོལ་ནང་རང་རིགས་སྤྱི་སྒེར་སུ་རུང་གིས་རྒྱ་གཞུང་གི་དར་དམར་མགོ་ལ་འཕྱར་ནས་བོད་དོན་སྒྲུབ་རྒྱུའི་སྐད་ཆ་དང་བྱ་སྤྱོད་དེའི་རིགས་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ་ཡིན། ་་་་་་་་་
བོད་ཀྱི་གཞོན་ནུ་ལྷན་ཚོགས།
བོད་ཀྱི་བུད་མེད་ལྷན་ཚོགས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས། ཕྱི་ལོ༢༠༡༣ཟླ༣ ཚེས ༥ ཉིན་རྡ་རམ་ས་ནས། ་་་་་ཟེར།
ཚོགས་པ་ཁག་གིས་ཁ་གསལ་གཏིང་གསལ་གནང་པར་བཀའ་དྲིན་ཆེ། གླིང་ཚ་འདི་སྒེར་ཚོགས་ཚང་མ་ལ་གོ་ཤེས་མེད་པའི་གཡག་རྭ་གུག་འཁྱོག་ཞིག་མིན་པར་སྨོན།
དགྲ་ལ་ཕོག་ཐུག་མི་འབྱུང་བར་གཟབ་པའི་སྐྱེས་བུ་འདི་ཚོའི་སེམས་ཁམས་ན་བོད་འདི་དམྱལ་ཡུལ་ལ་རྫོངས་པ་ལས་སྐྱོབས་པའི་ཆོད་སེམས་མེད་པ་གསལ་བོ་ཡིན།
སྐྲགས་དགོས་དོན་མེད་གླིང་ཚ། རྡ་ས་ནས་མར་ཐོན་སྐབས་དར་དམར་མ་ཕྱར། ཉིན་ཤས་སོང་རྗེས་དར་དམར་ཕྱི་ལ་བཏོན་ན་འགྲིག་གི་རེད་པྭ། ལོ་སྔོན་མ་ནང་བཞིན། མ་གཞི་ཁྱེད་རང་སྤྱང་པོ་ཡོད་པྭ།
བོད་ཀྱི་གཞོན་ནུ་ལྷན་ཚོགས།
བོད་ཀྱི་བུད་མེད་ལྷན་ཚོགས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་གནང་སྟངས་དེ་ཡག་པོ་འདུག ལང་ཕྱོགས་བརྟན་པོ་དང་ཁ་གསལ་བཟོ་རྒྱུ་གལ་ཆེ།
གནའ་དུས་ནས་བཟུང་དམག་འཁྲུག་གི་སྐབས་སུ་དགྲ་བོའི་དར་ཆ་གང་ཐུབ་ཅི་ཐུབ་ཀྱིས་མར་ཕབ་ཐབས་བྱེད་པ་དང་། སུས་རང་གི་མིག་མདུན་ན་དགྲ་བོའི་དར་ཆ་གྱེན་དུ་བསྒྲེང་ཡོད་པ་མཐོང་ཚེ་དེ་མ་ཉིད་དུ་རང་ནུས་གང་ཡོད་ཀྱིས་ས་ལ་གཡུག་རྩིས་བྱེད་ཀི་རེད། རྒྱལ་ཕམ་གི་དོན་དག་རྣམས་དམག་འཁྲུག་གི་རྗེས་སུ་ཐག་གཅོད་བྱེད་ཀི་རེད།
དེང་སྐབས་ཀྱི་ང་ཚོའི་ཞི་བའི་འཐབ་རྩོད་དེ་ཡང་གནའ་བོའི་དྲག་པོའི་འཐབ་འཛིང་གི་རྒྱུན་མཐུད་ནས་བསླེབས་པ་ཅིག་ཡིན་ཙང་ལག་དམར་དགྲ་བོའི་དར་ཆ་མཐོང་ན་དགའ་བོ་མི་བྱེད་པ་འགྲོ་བ་མི་ཡི་ཆོས་ཉིད་ཡིན། ཚོགས་པ་ལྔ་ལ་ཁག་མེད།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱི་ལང་ཕྱོགས་འདེར་རྒྱབ་སྐྱོར་ཡོད རང་གི་གནས་བབས་ལས་བོད་ནང་གི་བོད་མིའི་ལང་ཕྱོགས་་ལ་བལྟ་བ་གལ་ཆེེ་རང་ལུས་མེར་བསྲེགས་གཏོང་་ཁན་ཚོའི་ཁ་ཕྱོགས་ཡང་དེ་ལྟར་རེད་ ང་ཚོས་ཐབས་བརྩོད་བྱེད་དུ་དེ་ཚོ་ལ་ལྟ་ཡི་ཡོད་རེད། སྐྱག་པ་བཟོ་ཞེས་པའི་ཚི་ངན་བེད་སྤྱོད་བྱས་ནས་འབྲ་བུ་གང་ཡང་མེད། ལ་ལ་ཡི་རང་ཉིད་ཀྱི་ལས་འགུལ་གང་ཡང་ནང་མ་བཞུག་པ་མ་ཚད་གཞན་ལར་བཀག་འགོག་བྱེས་ཀྱི་ཡོད་དེ་ཧ་ཅང་གི་སེམས་ཕམ་དགོས་པ་ཞིག་རེད།།། ེ
ཚོགས་པ་དེ་ཚོར་དུས་རྒྱུན་དུ་རྒྱབ་སྐྱོར་ཡོད། ཁྱེད་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་མཉམ་ཞུགས་བྱེད་བཞིན་ཡོད།
དུས་བབ་ནང་ལ་གཟིགས་དང་དར་དམར་ལ་དགའ་ཞེན་བླ་མེད་ཡོད་པའི་མི་འགའ་རེས་ཚོགས་པ་ལྔ་རྒྱལ་སྤྱིའི་ཁྲིམས་ལ་བཏུག་རྩིས་འདུག་ལ། ད་དུང་ཚོགས་པ་ལྔའི་བྱེད་སྟངས་འདི་ཡིག་རིགས་འདྲ་མིན་ནང་རྒྱལ་སྤྱིའི་སྟེང་བཀྲམས་དགོས་ཤེས་ངར་ངར་ཤོར་ཤོར་རེད་འདུག ངོ་མ་ཕྱི་དགྲ་ལྕགས་ཀྱི་མཛེར་མས་མིག་བཅར་བ་ལས་ནང་དགྲ་ཁང་རྒན་ཐིག་པས་ཡིད་བཤལ་ན་སྡུག་ཅེས་པ་དེ་ཅིས་མ་བདེན།
ན་ནིང་ད་ལོའི་དབར་འདིར་བོད་རང་བཙན་དང་དབུ་མའི་བར་ལ་མངོན་གསལ་དོད་པོས་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་དེ་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདི་ཡིན་པ་མ་ཟད་འདིའི་ནང་གི་ལས་བྱེད་དེ་ཚོས་མངོན་ལྐོག་རྒྱབ་གསུམ་ནས་༧རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་བོད་པའི་སྤྱི་ཚོགས་ཁྲོད་དུ་ནང་འཁྲུགས་བསླངས་ཡོད། ཚོགས་པ་འདི་ངེས་པར་དུ་སྒོ་རྒྱག་འཇུག་དགོས། གནད་དོན་འདིའི་སྐོར་༧སྐུ་སྒེར་ལ་ཡང་སྙན་སེང་ཞུས་ན་ཡག་པོ་ཡོད་པ་མ་ཟད་ཟམ་གདོང་རིན་པོ་ཆེ་སོགས་དབུ་མའི་ལམ་ལ་ཡིད་ཆེས་ལྷད་མེད་ཡོད་མཁན་སོགས་ལ་ཡང་དངོས་ཡོད་གནས་ཚུལ་ལ་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདིས་སྤྱི་ཚོགས་ཕུང་དཀྲུགས་ཀྱི་ལས་ཀ་ག་རེ་བྱེད་བཞིན་པ་དག་ཞུ་དགོས།
བོད་དོན་ཆེད་དུ་སྔར་ལས་ལྷག་པའི་ལས་འགུལ་གང་ཡང་སྤེལ་རོགས་གནང་། བོད་མི་མང་ཚོ་བོད་ཀྱི་བདེན་དོན་ཁོ་ནའི་ཆེད་དུ་ལྟ་གྲུབ་ལ་ཁྱད་པར་མེད་པར་བོད་དོན་དང་འབྲེལ་བ་ཡོད་ན་དུས་ནམ་ཡང་འཛུལ་ཞུགས་བྱེད་ངེས་རེད། ལྟ་གྲུབ་ཀྱི་རྙོགས་གླེང་དེ་དག་གང་ཟག་སྒེར་གྱི་བསམ་བློ་དཀའ་ངལ་ཙམ་རེད། རང་བཙན་ཟེར་ནའང་རེད། རང་སྐྱོང་ཟེར་ནའང་རེད། བོད་མི་མང་ལ་བདེན་དོན་དགོས་རྒྱུ་གཙོ་བོ་རེད། དེ་གཉིས་ཐབས་ལམ་ཞིག་ཏུ་བརྩིས་ཤིང་། འདུལ་བྱའི་ཁམས་དང་མོས་པའི་བསམ་བློའི་བཞེས་ལག་ཅིག་རང་རེད།
གི་ཧི་ཧི་ཧི་ཧི། དུས་སུ་བབ་པའི་ཆར། སྐབས་སུ་བབ་པའི་གཏམ་ཟེར་བ་དེ་ཚོགས་པ་ལྔས་བཤད་སོང་ཐུགས་རྗེ་ཆེ། བོད་རྒྱལ་ལོ། ཚོགས་པ་ལྔ་རྒྱལ་ལོ། ༧གོང་ས་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག
དངོས་གནས་རྒྱ་དམར་གྱི་དར་ཆ་ཁྱེར་མཁན་ཡོད་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན་དར་དམར་དེར་ཙ་བ་ནས་མུ་མཐུན་མེད་ལ་མཐོང་བ་ཙམ་གྱི་རྔམས་སྐྲག་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྟེང་དུ་དྲག་གནོན་བྱེད་བཞིན་པའི་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་ལྟར་བྱེད་པའི་སྐབས་དེར་སྤུན་ཟླ་ཚོ་ཐུགས་བསམ་བཞེས་དགོས་ བོད་རྒྱལ་ལོ།
ངའི་གསུན་བཅུའི་དུས་དྲན་ཐེངས་ལྔ་བཞི་པའི་འབོད་ཚིག་འདི་ཡིན།
Pig of Chinese communist get out from Tibet.
we love Democratic
we love freedom
we want Independence.
གོང་གི་ཚོགས་པ་ལྔ་པོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱབ་སྐྱོར་ཡོད།
ང་ཡང་ལམ་དབུ་མར་མོས་པ་ཡོད་མཁན་ཞིག་ཡིན། འོན་ཀྱང་རྒྱ་ཡི་དར་དམར་འཁྱེར་བ་ལ་ངོས་ལེན་ནམ་ཡང་མེད། རྒྱ་ཡི་དར་འཁྱེར་བའི་དུས་ནི་ནམ་ཞིག་ང་ཚོ་ལ་རང་སྐྱོང་གི་དབང་ཆ་དོན་དང་ལྡན་པ་ཐོབ་ཚེ་དེ་དུས་འཕྱར་ཆོག ད་ལྟ་ང་ཚོ་ནི་རྒྱ་ཡི་བཤད་སྲོལ་ལྟར་ན་༼亡国奴༽རྒྱལ་ཁབ་ཤོར་བའི་བྲན་གཡོག་ཡིན་པ་ལས་རྒྱ་འོག་གི་རང་དབང་ཡོད་པའི་སྤྱི་འབངས་ཤིག་མིན། དེས་ན་དར་དམར་འཕྱར་བའི་རྒྱུ་མཚན་དང་དགོས་པ་གང་ཡང་མེད།
གོང་གི་ཚོགས་པ་ལྔ་པོ་ལ་ཐུགས་རྗེ་ཆེ་ཞུ།
༄།གོང་གསལ་ཚོགས་པ་ལྔ་པོོས་ཁ་གསལ་སྡིང་གསལ་བྱེད་པ་དེ་བཀའ་དྲིན་ཆེ།།
ཧ ཧ ཧ བོད་པ་ཚང་ཟེར་འདི་དངོས་ནས་ཁྱད་མཚར་བའི་ཁྱུ་ཚོགས་ཤིག་རེད་ཨང་། རྩོད་རྒྱུ་མེད་ལ་རྒན་མོའི་ཆབ་ཏོ་རྩོད་ཟེར་བ་ཅི་མ་བདེན། ད་ག་རེ་བྱས་སོང་། སུ་ཞིག་གིས་གང་ཞིག་ནས་རྒྱ་དར་འཕྱར་ཏེ་གནམ་ས་སྒུལ་བའི་ལས་དོན་ཞིག་སྒྲུབ་ཐུབ་མྱོང་མེད་ལ། སུ་ཞིག་གིས་ནམ་ཞིག་ལ་རྒྱ་དར་མ་འཕྱར་བར་ལས་དན་རླབས་ཆེན་ཞིག་སྒྲུབ་པའང་གོ་མྱོང་མེད། ཡང་སྙིང་རྒྱ་དར་འཕྱར་བའི་གང་ལ་གནོད་སོང་བ་དང་མ་འཕྱར་བར་སུ་ལ་ཕན་སོང་ངམ། ཡང་ན་རྒྱ་དར་དགུང་དུ་འཕྱོར་ལ་འབྲས་བུ་ཅི་འབྱུང་ལྟོས་རྗེས་བཟང་ངན་གྱི་སྐད་ཆ་ཤོད་དང་དོན་ལ་གནས།མིན་ན་རྒྱ་དར་རྡུལ་དུ་བརློག་ལ་འབྲས་བུ་ཅི་འབྱུང་ལྟོས་རྗེས་བཟང་ངན་གྱི་སྐད་ཆ་ཤོད་དང་དོན་ལ་གནས། དེ་དུས་རྩོད་རྒྱུ་ཡོད་རྩོད་དང་དོན་དག་ཅིག་གསལ་བཤད་བྱེད་ཐུབ་ཀྱང་སྲིད། མིག་སྔར་མི་བུ་སྤྱིར་བཏང་བ་ཚེ་རྡོར་ཟེར་བ་རྡར་སའི་མི་སྐོར་ཞིག་གི་མ་གཏོགས་སུ་ཡིན་མི་ཤེས་པ་ཞིག་གིས་རྒྱ་དར་འཕྱར་བར་བཙན་བྱོལ་སྤྱི་ཚོགས་དེ་འདྲ་ས་གཡོ་གནམ་གཡོ་དྱེད་དགོས་ཨེ་ཡོད་དམ། ཞིབ་དུ་སོམས་དང་། གོར་མོ་རྡོ་བཞིན་ལྗིད་ཏིག་ཏིག་ཅིག་དགོས་པ་ལས། རྩ་སྐྱ་རླུང་འཁྱེར་བཞིན་ཡང་མོ་གཏད་སོ་མེད་པ་འདི་འདྲ་ག་རེ་བྱས་སོང་།
གསུམ་བཅུ་དུས་དྲན་ཟེར་བ་དེ་ཚོགས་པ་ཞིག་གིས་བཀོད་སྒྲིག་བྱེད་དགོས་པ་ཞིག་ཡིན་རྒྱུ་མ་རེད། འདི་ལོ་རེ་བཞིན་བོད་རིགས་ཡོད་ས་ཚང་མ་ན་ཅིག་བྱེད་ཀྱིན་འདུག རང་དབང་དང་བླང་གིས་ཅིག་བྱེད་ཀྱིན་ཡོད་པ་འདི་རིགས་ལ་ཚོགས་པའི་མིང་སྤྱད་དེ་ཅིག་བྱེད་ཁུལ་བྱས་ན་འཚམ་པོ་ཞིག་མ་རེད་འདོད། བཀོད་སྒྲིག་བྱེད་ན་ཉིན་མོ་གཞན་དག་ལ་བྱས་ན་ལོས་ཆོག
གོང་གི་རྫི་བོའི་བཤད་པ་ངོ་མའི་བདེན་པ་རེད་ཡ་ང་ཚོའི་མི་འགའ་རེ་ངོ་མའི་ཁོམས་དྲག་པའི་བཟོ་འདྲ་ཞིག་འདུག་དངོས་ནས་བྱས་ན་ནང་ཁུལ་གྱི་མི་མཐུན་པའི་རིགས་ཆེན་པོ་ཆུང་ཆུང་དང་ཆུང་བ་མེད་པར་བཟོ་འེ་ཐུབ་ལྟ་དགོས་བ་ལས་འདི་འདྲའི་འུར་ཟིང་ཞིག་བྱེད་སྡད་ན་ཁེ་འཐོབ་མཁན་དང་ཞེ་དགའ་མཁན་ཕ་རོལ་རྒྱ་དམར་གཞུང་ཡིན་པ་ལས་ང་ཚོ་ལ་འཐོབ་རྒྱུ་གྱོང་ལས་མེད་དོ།། ངོ་མ་ཀླད་མེད་རེད་ཡ།
སུམ་པའི་ཚེས་བཅུ་ནི་བོད་མི་རིགས་རེ་རེས་ཀྱི་སེམས་ཁོང་རུས་སྙིང་ནས་བརྗེད་མི་རུང་བའི་ཡིད་སྐྱོ་བའི་དུས་དྲན་ཆེད་གག་ཞིག་རེད། ཕྱོགས་ཀུན་ལ་དོར་བའི་བོད་མི་ཡོངས་ཀྱི་ཡིད་སྐྱོ་བའི་དུས་དྲན་དེ་ལ་རྗེས་དྲན་སྲུང་རྕིས་བཞུ་གི་ཡོད་མོས།
ལྷག་པར་དུ་བཙན་བྱོར་གཞུང་གཙོ་བོ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སློབ་གྲྭ་ཁག། དགོན་སྡེ་ཁག། མདོར་ན་བོད་མི་ཞིག་ཡིན་ཚེ་དུས་དྲན་དེ་གལ་ཆེན་པོ་རྕི་ནས་སྲུང་བརྩི་ཞུ་བཞིན་ཡོད། མ་ཟད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གཙོ་བའི་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གི་བོད་མི་རྣམས་སྐྱབས་འབྱོར་ཞུ་ཆོག་པའི་ཆོག་ཆེན་རོགས་རམ་དང་མཉམ་དུ་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར། བརྩི་སྲུང། ཁྱབ་བསྒྲགས། དར་སྤེལ། དོ་སྣང། སེམས་འཁུར། རོགས་སྐྱོར། གདུང་སེམས་མཉམ་སྐྱེ། ལམ་སྟོད། སོགས་མདོར་ན་བོད་མིའི་བདེན་པའི་དྲང་བདེན་ལ་བརྩི་འཇོག་དང་དུས་དྲན་ལ་སྲུང་རྩི་གནང་དང
གནང་བཞིན་ཡོད་པ་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ། འོན་ཀྱང། སྔར་ནས་འབྲེལ་བ་དམ་ཟབ་ཡོད་པའི་འུ་ཚོའི་ཁྱིམ་ཚེས་རྒྱལ་ཁབ་བལ་པོའི་གཞུང་ནས་ཡང་དེ་བཞིན་སྐྱབས་འབྱོར་རོགས་རམ་གང་ཟབ་གནང་ཡོད་པ་བོད་མི་ཀུན་གྱི་མཁྱེན་གསལ་རེད། ཡི་ན་ཡང་སྤྱི་ལོ་༢༠༠༨ནས་བཟུང་རྒྱ་དམར་གྱིས་དཔལ་འབྱོར་རོགས་རམ་ལ་རྟེན་ནས་བལ་ཡུལ་གཞུང་གིས་བལ་ཡུལ་དུ་ཞུག་པའི་བོད་མིའི་ཆབ་སྲིད་ཐོབ་ཐང་ལ་བརྩི་འཇོག་མི་གནང་བ་རྒྱ་དམར་གྱི་གང་བཤད་ལ་ཉན་ནས་བོད་མི་རྣམས་ཀྱི་ཆབ་སྲིད་ཐོབ་ཐང་ལ་བརྕིས་མེད་རྡོག་ཐོ་རྒྱག་བཞིན་ཡོད། འདས་པའི་ལོ་གཉིས་གོང་ལ་བལ་ཡུལ་དུ་ཞུགས་པའི་བོད་པའི་ཚོགས་པ་ཁག་ནས་བོད་དོན་ཆེད་ལས་འགུལ་སྣང་མང་སྤེལ་བ་དང་ཁྱབ་བསྒྲགས་སྦྱར་ཡིག་ལ་སོགས་པ་གང་སར་སྦྱང་ཀྱང་དོ་སྣང་དང་ནན་སྲུང་དེ་ཙམ་གནང་གིས་མེད། འོན་ཀྱང་ཉེ་བའི་ཆར་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ་ལྟ་ཅི་། ཁྱབ་བསྒྲགས་སྦྱར་ཡིག་སྦྱར་བ་སོགས་ལ་ཡང་དམ་བསྒྲག་ནན་པོ་བྱེད་འགོ་བཙུགས་ཡོད
བོད་མའི་དུས་དྲན་ལ་སོགས་པའི་སྐབས་ལ་ཡང་བལ་ཡུལ་གཞུང་ནས་སློབ་གྲྭ་ཁག། དགོན་པ་ཁག། ཚོགས་པ་དག་ལ་དམག་མའི་ལྟ་སྲུང་དམ་བསྒྲགས་འོག་ལས་འགུལ་འདྲ་མིན་སྤེལ་མི་ཆོག་པའི་ནན་སྲུང་བྱེད། ལྷག་དོན་། ལོ་གསར་ཚེས་གསུམ་ཉིན་གྱི་མཆོད་རྟེན་བྱ་རུ་ཁ་ཤོར་དོན་རྐྱེན་དེ་ནས་བཟུང་ཉིན་ལྟར་བལ་དམག་ནས་ལྟ་སྲུང་ནན་པོ་བྱེད་སྒོ་བཙུགས་སོང། མ་ཟད། ཚེས་གསུམ་དོན་རྐྱེན་དེ་དང་དོགས་ཡོད་མི་བཞི་འཛིན་བཟུང་གི་གང་དུ་ཡོད་མིན་ཆ་མེ་དུ་འགྱུར་འདུག། གང་ལྟར་བལ་ཡུལ་དུ་གནས་སྡོད་བྱེད་པའི་བོད་མི་རྣམས་ལ་བོད་དོན་དང་འབྲེལ་བའི་ལས་འགུལ་སོགས་སྤེལ་ན་དྲག་པའི་དམ་བསྒྲགས་བྱེད་དང་བྱེད་མོས་རེད། བོད་གཞུང་གཙོ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་དང་བོད་མི་མི་རེས་ནས་བལ་ཡུལ་དུ་ཡོད་པའི་བོད་མའི་སྟེང་བལ་ཡུལ་གཞུང་ནས་འཛིན་པའི་གནས་སྟངས་ལ་བསམ་གཞིག་ཞིག་གནང་དགོས་པ་ཆགས་བསམ།
བཀུར་འོས་ཚོགས་པ་ལྔའི་ཚོགས་མི་ལྷན་རྒྱས་ལ
ཆེད་ཞུ
ཁྱེད་ཅག་གིས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་མི་དམངས་ཀྱི་སྣེ་ཁྲིད་དེ་ལས་འགུལ་སྣ་མང་ཞིག་སྤེལ་དང་སྤེལ་མུས་ལ་རྗེས་སུ་ཡི་རངས་བསྔགས་བརྗོད་ཡོད་ལ་འབྱུང་འགྱུར་ཡང་དེ་བཞིན་ཡོང་བའི་རེ་བ་ཡོད། འོན་ཀྱང་ད་ལོའི་སུམ་དུས་ཉིན་དགྲ་བོ་རྒྱ་དམར་གྱི་དར་དམར་འཕྱར་ནས་རྙོག་གླེང་བྱུང་ན་འགན་མི་ཁུར་ཟེར་བ་འདི་འོས་བ་ཞིག་མཐོང་མ་སོང་། སྐད་ཆ་འདི་སུ་ཞིག་ལ་བཤད་པ་ཁ་གསལ་ཡིན་ལ་སྤྱིར་དར་དམར་འཕྱར་ནས་ལས་འགུལ་སྤེལ་ན་ཁྱེད་ཚོ་མ་ཟད་ང་རང་ཐེ་བའི་གཞིས་བྱེས་བོད་རིགས་ཕལ་ཆེ་བར་མོས་མཐུན་ཡོད་མི་སྲིད་མོད། མི་བུ་སྒེར་བ་ཞིག་དང་དེ་ཡང་རང་རེའི་བོད་མི་དཀྱུས་མ་ཞིག་དེ་ལས་ཀྱང་ནུས་པ་དང་འཇུག་འབྲས་ཅི་ཙམ་ཡོད་མེད་ལ་མ་ལྟས་བར་རང་ཅག་ཁ་བ་རི་བ་ཡོངས་ཀྱི་ཆེད་དུ་རང་གི་ཡོད་ཚད་བློས་གཏོང་གནང་མཁན་ཞིག་ལ་འདི་འདྲའི་གནོན་ཤུགས་ཞིག་སྤྲད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད་སྙམ་མོ།། གླིང་ཚ་ཚེ་རྡོར་ལགས་ནས་ཀྱང་ཁོང་གི་ལས་འགུལ་འདི་བོད་མི་ཡོངས་ཀྱི་ཆེད་དུ་ཡིན་པས་དར་དམར་འཕྱར་མིན་སོགས་ད་རེ་ལས་འགུལ་འདི་ཡང་མང་ཚོགས་ཀྱི་དགོངས་པར་ལྟ་དགོས་འདུག་ཟེར་ནས་དྲ་ལམ་དང་མང་ཚོགས་བསྡུ་སྐོང་སོགས་ཀྱི་ལམ་ནས་དགོངས་ཚུལ་དྲིས་བ་དང་དར་དམར་འཕྱར་བར་མི་དམངས་ཕལ་ཆེ་བར་མོས་མཐུན་མེད་པ་ཡིན་པས་ཁོང་གིས་ཀྱང་དར་དེ་མི་འཕྱར་རྒྱུ་ཐག་བཅད་ཡོད་ཟིན་ཚོད་རེད་མོད། སྐབས་འདི་འདྲ་ཞིག་ལ་ཁོའི་དར་དམར་མ་འཕྱར་བ་ང་ཚོས་གནོན་ཤུགས་སྤྲད་པས་རེད་ཞེས་པའི་ཚིག་སྐམ་ཞིག་དགོས་བ་མིན་ན་གཞན་ཅང་མ་མཐོང་ངོ།། གལཏེ་ཚེ་རྡོར་ནས་དར་དམར་འཕྱར་བས་རང་རེའི་ནང་ཁུལ་ལ་རྙོག་གླེང་ཞིག་བྱུང་བ་ཡིན་ན་དེ་དགྲ་བོ་རྒྱ་དམར་ལ་དགོས་རྒྱུ་ཞིག་ཡིན་པ་མ་གཏོག་ང་ཚོ་ལ་དུས་ནམ་ཡང་མི་དགོས་བ་ཞིག་ཡིན་པ་ཤེས་གསལ་ཡིན་པས་རྒྱུ་མཚན་དེས་སྒོ་ནས་ཁྱོད་ཚོའི་སྐད་ཆ་དེ་རན་པོ་ཞིག་ཏུ་མ་མཐོང་ངོ།།
ཚོགས་པ་ཁག་ཐུན་མོང་གིས་བསྒྲགས་གཏམ་འདིར་མོས་མཐུན་ཡོད། བོད་ནང་སྲོག་འབེན་ལ་བཙུགས་ནས་རྒྱ་དར་མར་འཕབ་བཞིན་པའི་སྐབས་སུ། བཙན་བྱོལ་ནང་རང་རིགས་སྤྱི་སྒེར་སུ་རུང་གིས་རྒྱ་གཞུང་གི་དར་དམར་མགོ་ལ་འཕྱར་ནས་བོད་དོན་སྒྲུབ་རྒྱུའི་སྐད་ཆ་དང་བྱ་སྤྱོད་དེའི་རིགས་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ་ཡིན་ཟེར་་་་་དེ་བདེན་པ་རེད། ང་དགུ་ལོ་ནས་ད་ལྟ་བར་དུ་ང་ཚོའི་དཔའ་བོ་དཔའ་མོ་འབུམ་ཁྲག་མོང་པོའི་ཚེ་སྲོག་དར་དམར་འདིས་འོག་ཏུ་ཤོར་བར་ཤེས་བཞིན་དུ་དར་དམར་དངས་དུ་ལན་ན་འབུམ་ཁྲག་མོང་པོའི་རྣམ་ཤེས་སྣང་མེད་བྱས་པ་མ་ཡིན་ནམ། གཞན་ཞིག་ན་ ཕྱི་ནང་གི་ལོ་རྒྱུས་གང་དུ་བལྟས་ཀྱང་མི་རིགས་ཀྱི་ཆེད་དུ་ཞི་དྲག་་གི་ཐབ་རྩོད་གང་ཡིན་ཡང་ཕ་རོལ་པོའི་མཚོན་རྟགས་དེ་ཁྱེར་ནས་རྩོད་རབ་གཏན་ནས་མེད། གལ་ཏེ་ཁྱེར་ནས་འགྲོ་དགོས་ན་མི་རིགས་ཀྱི་ཆེད་ཐབ་རྩོད་དང་ལས་འགུལ་ག་གེ་མོ་ཞིག་ཡིན་གཤད་སྟབས་མེད། གང་ཡིན་ཞེ་ན་ སྐུལ་སློང་དང་ དམིགས་ཡུལ་ ལས་འགུལ་གྱི་ངོ་བོ་ཅས་མི་མོང་ནས་གསལ་རྟོགས་མེད། །