ངའི་རྩོམ་འབྲི་དུས་ཀྱི་ཐོག་མའི་ཀུན་སློང་། Posted on 2013-03-052013-03-05 By ཡེ་ཤེས་ 11 Comments on ངའི་རྩོམ་འབྲི་དུས་ཀྱི་ཐོག་མའི་ཀུན་སློང་། ཀླུ་སྨྱོན། རྩོམ་འབྲི་ན་མི་སེམས་འགུག་ལེ་ཕྲིས། ། ཡང་མིན་ན་མི་སེམས་འཁྲུག་ལེ་ཕྲིས། ། རྩོམ་ཟེར་ཡང་གྲག་མེད་འགུལ་མེད་ཅིག ། བྲིས་ཚར་ན་གསང་སྤྱོད་ནང་དུ་འཕོངས། ། སྙན་ངག
འོད་ཟེར་གྱིས་དགའ་རྟགས་རེག་པ་དང་ཀླུ་སྨྱོན་གྱིས་གསུང་འབྱོན་པ་གཉིས་ནི་ཇི་འདྲའི་དགའ་པ་ལ།དེ་མིན་དེ་རིང་མ་གཏོགས་ཡེ་ཤེས་མཚོ་རྒྱལ་གུ་རུ་རིན་པོ་ཆེས་ཁྲི་སྲོང་གི་ལག་ནས་འཕྲོག་སོང་བ་ཡིན་པ་མ་ཤེས།སྐྱོ་བ་ལ།
ཅོག་རོང་ལགས། ཀླུ་སྨྱོན་གྱིས་ཁ་བརྡའི་ཐོག་ཁ་མ་གྲགས་པར་བསྡད་མྱོང་མེད། འོད་ཟེར་གྱིས་རྟགས་མ་རེག་པ་དང་ཀླུ་སྨྱོན་གྱིས་ཁ་གྲགས་པ་དུས་མཉམ་མ་རེད། དེ་རིང་ཁྱེད་ཀྱིས་ཤེས་པའི་ཡེ་ཤེས་མཚོ་རྒྱལ་ཁྲི་སོང་གི་ལག་ནས་པད་འབྱུང་གིས་འཕྲོག་པའི་ལོ་རྒྱུས་ཅིག་གསུངས་དང་། ག་འདྲ་རེ།
ད་བར་ངས་གཏེར་ཆོས་དང་གཏེར་སྟོན་གྱི་སྐོར་ལ་ལྟོ་ཡི་དོན་དུ་ཀློག་དང་ཞིབ་འཇུག་བྱེད་མུས་ཡིན་པ་དང་། དབྱིན་ཡིག་ནང་ནས་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གུ་རུའི་དགའ་རོགས་ཡིན་སྲོལ་ལབ་འདུག དག་སྣང་ཚང་མ་དུས་དེ་ནས་བཟུང་མེད་པར་གྱུར་ཏོ།
རྩོམ་ཟེར་ན་ཚིག་དོན་བདེ་གསུམ་དགོས།། ཁ་རྒོད་པོ་ཞིག་ལ་མིང་དེ་མེད། ཚིག་ནོར་མེད་ཞིག་ལ་དེ་བས་མེད། དོན་ལོག་པ་ཞིག་ལ་ག་པ་ག།
རྩོམ་ཟེར་ན་ཉ་མོ་འཁྱུག་འཁྱུག་དགོས།། དེ་མིན་ན་བོང་བུ་རྒྱུག་རྒྱུག་དགོས།། རྩོམ་ལོག་ན་སྤྱི་ཚོགས་ཕུང་དཀྲུག་རེད།། ད་མི་འབྲི་ཧོར་གཙང་འཇིགས་མེད་བཞིན།།
རྩོམ་འབྲི་ན་བསམ་པ་དཀར་པོས་ཕྲིས། ། ཚིག་བཟང་ངན་གཉིས་ལ་ཁྱད་པར་མེད། ། གཏམ་ཡག་གཙོག་གཉིས་ལ་བཟོད་པ་དགོས། ། མི་ཆེ་ཆུང་གཉིས་ཀའི་སྙིང་ལ་རྒྱོབས། །ཧཧཧཧཧཧཧཧཧཧཧཧ
རྩོམ་འབྲི་ཟེར་དུས་དོན་དག་ཤོད་དགོས་པ་རེད། དོན་དག་ཤོད་པ་ལ་སློབ་སྦྱོང་བྱེད་དགོས་པ་རེད། སློབ་སྦྱོང་མ་བྱས་པར་ཚོར་བ་ཤ་སྟག་འབྲི་བ་དེ་ཚོ་ནི་གད་སྙིགས་རང་རེད།
མི་སེམས་འགུག་ནུས་པའི་རྩོམ་ཞིག་ངོ་མ་འབྲི་ཐུབ་ས་མ་རེད། མི་སེམས་དཀྲུགས་པའི་རྩོམ་ཞིག་ནི་འབྲི་བ་ལས་སླ་མོ་འདུག་སྟེ་འདོད་པ་མེད།
རྩོམས་འབྲི་བ་ལ་སྦྱོར་དངོས་རྗེས་གསུམ་འདས་མ་འོངས་ད་ལྟའི་གནས་སྟངས་ལ་བསམ་བློ་གཏོང་དགོས། རྩོམ་གྱི་དགོས་པ་ཕར་ངོས་ལ་གོ་བརྡ་སྤྲོད་དགོས་བོད་པའི་རྩོམས་ཀྱིས་ཕར་ངོས་ལ་གོ་བརྡ་འཕྲོད་ཐུབ་ཀྱི་མེད་དེར་བརྟེན་བོད་མི་ཕལ་ཆེ་བས་སྐྱབས་སུ་མ ི་ཟེར་བ་མ་གཏོགས་སྐྱབས་ཡུལ་རེ་རེ་ནས་འཇོག་མི་ཐུབ་ཐ་ན་ཤཀྱ་ཐུབ་པའི་ཡབ་ཡུམ་ཙམ་གྱི་མཚན་ཀྱང་ཤོད་རྒྱུ་མེད། ཧིན་དྷུ་བའི་རྩོམས་དེ་ཚོས་ཕར་ངོས་ལ་གོ་བརྡ་སྤྲོད་ཐུབ་པར་མ་ཟད་ཕར་ཕྱོགས་ཀྱི་ཡིད་དབང་འགུག་ནུས་ཀྱི་ཡོད། ཁོང་རང་ཚོའི་ཆོས་ལུགས་ཀྱི་ལོ་རྒྱུས་སྒྲུང་དེ་རིགས་མི་དམངས་ཡིག་རྨོངས་ཡན་ཆད་ལ་ཤོད་རྒྱུ་ཡོད་དེ་ཚོ་ནི་རྩོམས་པ་པོའི་རྩོམས་ཀྱིས་བྱས་འབྲས་རེད།
ང་རང་དགའ་བའི་མི་ཞིག་ཡིན་ན་བསྟོད་པ་འབུལ་རྐྱང་། དཔེར་ན། ཨ་ཨ་ཨ། ངོ་མ་ཀླུ་སྨྱོན་འདི་སྙན་ངག་གི་རྒྱལ་པོ་ལྟ་བུ་རེད། ལྟ་བུ། ང་རང་མི་དགའ་བའི་མི་ཡིན་ན་སྐྱོན་འཚང་འབྲུ་རྐྱང་། དཔེར་ན། ཁྱོད་སྔོན་མ་ཤུགས་ལྡན་བསྟེན་མཁན་འདི་ཚོ་མཉམ་དུ་འགྲོ་བ་མ་ཡིན་ནམ། འདྲེ་གསོལ་མཁན་འདི་ཚོ། ལྟ་བུ། ང་རང་སྣང་བ་མི་འགྲོ་བའི་མི་ཞིག་ཡིན་ན་རྙོག་འདྲ་བཤད་རྐྱང་། ཁོ་རེ། ཁྱོད་ཀྱི་ཅི་ཤེས། ལྟས་ངན་ཁྱོད་སྔོན་ལ་བོད་ཡིག་སྦྱོང་དུ་སོང་། དེ་མིན་ཁ་བཙུམས་ཤིག ང་རང་ལས་མཐོ་བ་ཞིག་ཡིན་ན་ཕྲག་དོག་གིས་མ་བཟོད་པར་རྐང་པ་ནས་འདྲུད་རྐྱང་། ཁོ་སྔོན་མ་རྒྱ་མིའི་ཕོགས་ལེན་མཁན་རེད། རྒྱལ་བ་རིན་པོ་ཆེ་ག་ཚོད་དགག་པ་བརྒྱབ་པ་མིན་ནམ། བལྟས་ངན། ལྟ་བུ། ངའི་དངོས་ཡོད་འདི་ལྟར་ཡིན། ང་རང་དང་སྙོམས་པ་ཞིག་ཡིན་ན་ཁོའི་སྔོན་ལ་ཤོར་རྐྱང་། ཁྱོད་ཀྱི་ལྟ་བ་འདི་གང་ཡང་མ་རེད། ངས་སྔོན་མ་འདི་ལས་ཞིབ་ཕྲ་བ་དང་གཏིང་ཟབ་པ་མང་པོ་བཤད་འཚར། ཁྱོད་ངའི་ལན་མོ་མ་བྱེད་ཨང་། ལྟ་བུ། ང་རང་ལས་དམའ་བ་ཞིག་ཡིན་ན་ཁོའི་མཉའ་ནས་གནོན་རྐྱང་། ཁྱོད་ཅི་ཟེར། ཁྱོད་ཚོ་གདན་སར་དཔེ་ཆ་ཤོ་ལོ་ཀ་གཅིག་བལྟ་མ་མྱོང་བར་ལྟ་བ་རྩོད་པར་མ་བྱེད། གང་ཡང་མ་ཤེས་པ། ལྟ་བུ། དོན་ངོ་མར་ངས་རྩོམ་དེ་རྣམས་རྩ་བ་ནས་ཀློག་གི་མེད། རྩོམ་བཀླགས་ན་མཆན་འབྲི་ཤེས་ཀྱི་མིན་འདུག ཁྱེད་ཚོ་ཇི་འདྲ་རས།
འོད་ཟེར་གྱིས་དགའ་རྟགས་རེག་པ་དང་ཀླུ་སྨྱོན་གྱིས་གསུང་འབྱོན་པ་གཉིས་ནི་ཇི་འདྲའི་དགའ་པ་ལ།དེ་མིན་དེ་རིང་མ་གཏོགས་ཡེ་ཤེས་མཚོ་རྒྱལ་གུ་རུ་རིན་པོ་ཆེས་ཁྲི་སྲོང་གི་ལག་ནས་འཕྲོག་སོང་བ་ཡིན་པ་མ་ཤེས།སྐྱོ་བ་ལ།
ཅོག་རོང་ལགས། ཀླུ་སྨྱོན་གྱིས་ཁ་བརྡའི་ཐོག་ཁ་མ་གྲགས་པར་བསྡད་མྱོང་མེད། འོད་ཟེར་གྱིས་རྟགས་མ་རེག་པ་དང་ཀླུ་སྨྱོན་གྱིས་ཁ་གྲགས་པ་དུས་མཉམ་མ་རེད། དེ་རིང་ཁྱེད་ཀྱིས་ཤེས་པའི་ཡེ་ཤེས་མཚོ་རྒྱལ་ཁྲི་སོང་གི་ལག་ནས་པད་འབྱུང་གིས་འཕྲོག་པའི་ལོ་རྒྱུས་ཅིག་གསུངས་དང་། ག་འདྲ་རེ།
ད་བར་ངས་གཏེར་ཆོས་དང་གཏེར་སྟོན་གྱི་སྐོར་ལ་ལྟོ་ཡི་དོན་དུ་ཀློག་དང་ཞིབ་འཇུག་བྱེད་མུས་ཡིན་པ་དང་། དབྱིན་ཡིག་ནང་ནས་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གུ་རུའི་དགའ་རོགས་ཡིན་སྲོལ་ལབ་འདུག དག་སྣང་ཚང་མ་དུས་དེ་ནས་བཟུང་མེད་པར་གྱུར་ཏོ།
རྩོམ་ཟེར་ན་ཚིག་དོན་བདེ་གསུམ་དགོས།། ཁ་རྒོད་པོ་ཞིག་ལ་མིང་དེ་མེད།
ཚིག་ནོར་མེད་ཞིག་ལ་དེ་བས་མེད། དོན་ལོག་པ་ཞིག་ལ་ག་པ་ག།
རྩོམ་ཟེར་ན་ཉ་མོ་འཁྱུག་འཁྱུག་དགོས།།
དེ་མིན་ན་བོང་བུ་རྒྱུག་རྒྱུག་དགོས།།
རྩོམ་ལོག་ན་སྤྱི་ཚོགས་ཕུང་དཀྲུག་རེད།།
ད་མི་འབྲི་ཧོར་གཙང་འཇིགས་མེད་བཞིན།།
རྩོམ་འབྲི་ན་བསམ་པ་དཀར་པོས་ཕྲིས། །
ཚིག་བཟང་ངན་གཉིས་ལ་ཁྱད་པར་མེད། །
གཏམ་ཡག་གཙོག་གཉིས་ལ་བཟོད་པ་དགོས། །
མི་ཆེ་ཆུང་གཉིས་ཀའི་སྙིང་ལ་རྒྱོབས། །ཧཧཧཧཧཧཧཧཧཧཧཧ
རྩོམ་འབྲི་ཟེར་དུས་དོན་དག་ཤོད་དགོས་པ་རེད། དོན་དག་ཤོད་པ་ལ་སློབ་སྦྱོང་བྱེད་དགོས་པ་རེད། སློབ་སྦྱོང་མ་བྱས་པར་ཚོར་བ་ཤ་སྟག་འབྲི་བ་དེ་ཚོ་ནི་གད་སྙིགས་རང་རེད།
མི་སེམས་འགུག་ནུས་པའི་རྩོམ་ཞིག་ངོ་མ་འབྲི་ཐུབ་ས་མ་རེད། མི་སེམས་དཀྲུགས་པའི་རྩོམ་ཞིག་ནི་འབྲི་བ་ལས་སླ་མོ་འདུག་སྟེ་འདོད་པ་མེད།
རྩོམས་འབྲི་བ་ལ་སྦྱོར་དངོས་རྗེས་གསུམ་འདས་མ་འོངས་ད་ལྟའི་གནས་སྟངས་ལ་བསམ་བློ་གཏོང་དགོས། རྩོམ་གྱི་དགོས་པ་ཕར་ངོས་ལ་གོ་བརྡ་སྤྲོད་དགོས་བོད་པའི་རྩོམས་ཀྱིས་ཕར་ངོས་ལ་གོ་བརྡ་འཕྲོད་ཐུབ་ཀྱི་མེད་དེར་བརྟེན་བོད་མི་ཕལ་ཆེ་བས་སྐྱབས་སུ་མ ི་ཟེར་བ་མ་གཏོགས་སྐྱབས་ཡུལ་རེ་རེ་ནས་འཇོག་མི་ཐུབ་ཐ་ན་ཤཀྱ་ཐུབ་པའི་ཡབ་ཡུམ་ཙམ་གྱི་མཚན་ཀྱང་ཤོད་རྒྱུ་མེད། ཧིན་དྷུ་བའི་རྩོམས་དེ་ཚོས་ཕར་ངོས་ལ་གོ་བརྡ་སྤྲོད་ཐུབ་པར་མ་ཟད་ཕར་ཕྱོགས་ཀྱི་ཡིད་དབང་འགུག་ནུས་ཀྱི་ཡོད། ཁོང་རང་ཚོའི་ཆོས་ལུགས་ཀྱི་ལོ་རྒྱུས་སྒྲུང་དེ་རིགས་མི་དམངས་ཡིག་རྨོངས་ཡན་ཆད་ལ་ཤོད་རྒྱུ་ཡོད་དེ་ཚོ་ནི་རྩོམས་པ་པོའི་རྩོམས་ཀྱིས་བྱས་འབྲས་རེད།
ཨ་ལགས་ཚང་ལེགས་སོ་ཞུ་རྒྱུ་ཡིན།
ང་རང་དགའ་བའི་མི་ཞིག་ཡིན་ན་བསྟོད་པ་འབུལ་རྐྱང་། དཔེར་ན། ཨ་ཨ་ཨ། ངོ་མ་ཀླུ་སྨྱོན་འདི་སྙན་ངག་གི་རྒྱལ་པོ་ལྟ་བུ་རེད། ལྟ་བུ།
ང་རང་མི་དགའ་བའི་མི་ཡིན་ན་སྐྱོན་འཚང་འབྲུ་རྐྱང་། དཔེར་ན། ཁྱོད་སྔོན་མ་ཤུགས་ལྡན་བསྟེན་མཁན་འདི་ཚོ་མཉམ་དུ་འགྲོ་བ་མ་ཡིན་ནམ། འདྲེ་གསོལ་མཁན་འདི་ཚོ། ལྟ་བུ།
ང་རང་སྣང་བ་མི་འགྲོ་བའི་མི་ཞིག་ཡིན་ན་རྙོག་འདྲ་བཤད་རྐྱང་། ཁོ་རེ། ཁྱོད་ཀྱི་ཅི་ཤེས། ལྟས་ངན་ཁྱོད་སྔོན་ལ་བོད་ཡིག་སྦྱོང་དུ་སོང་། དེ་མིན་ཁ་བཙུམས་ཤིག
ང་རང་ལས་མཐོ་བ་ཞིག་ཡིན་ན་ཕྲག་དོག་གིས་མ་བཟོད་པར་རྐང་པ་ནས་འདྲུད་རྐྱང་། ཁོ་སྔོན་མ་རྒྱ་མིའི་ཕོགས་ལེན་མཁན་རེད། རྒྱལ་བ་རིན་པོ་ཆེ་ག་ཚོད་དགག་པ་བརྒྱབ་པ་མིན་ནམ། བལྟས་ངན། ལྟ་བུ།
ངའི་དངོས་ཡོད་འདི་ལྟར་ཡིན།
ང་རང་དང་སྙོམས་པ་ཞིག་ཡིན་ན་ཁོའི་སྔོན་ལ་ཤོར་རྐྱང་། ཁྱོད་ཀྱི་ལྟ་བ་འདི་གང་ཡང་མ་རེད། ངས་སྔོན་མ་འདི་ལས་ཞིབ་ཕྲ་བ་དང་གཏིང་ཟབ་པ་མང་པོ་བཤད་འཚར། ཁྱོད་ངའི་ལན་མོ་མ་བྱེད་ཨང་། ལྟ་བུ།
ང་རང་ལས་དམའ་བ་ཞིག་ཡིན་ན་ཁོའི་མཉའ་ནས་གནོན་རྐྱང་། ཁྱོད་ཅི་ཟེར། ཁྱོད་ཚོ་གདན་སར་དཔེ་ཆ་ཤོ་ལོ་ཀ་གཅིག་བལྟ་མ་མྱོང་བར་ལྟ་བ་རྩོད་པར་མ་བྱེད། གང་ཡང་མ་ཤེས་པ། ལྟ་བུ།
དོན་ངོ་མར་ངས་རྩོམ་དེ་རྣམས་རྩ་བ་ནས་ཀློག་གི་མེད། རྩོམ་བཀླགས་ན་མཆན་འབྲི་ཤེས་ཀྱི་མིན་འདུག ཁྱེད་ཚོ་ཇི་འདྲ་རས།