ཀླུ་སྨྱོན།
གཏམ་རྒྱུད་གསེར་ཐང་ལས་བྱུང་བའི་སྟོན་པའི་ཉིན་གཅིག་གི་འགྲོ་བ་མི་ཞིག་གི་རྣམ་པའི་མཛད་པ་ནི་འདི་ལྟར།
དེ་བཞིན་གཤེགས་པའི་ནར་མའི་ཀུན་ཏུ་སྤྱོད་པ་ནི། ནངས་སྔ་བར་བཞེངས་ཏེ་ཚེམས་ཤིང་གསོལ་ཅིང་ཁྲུས་མཛད། དེ་ནས་ཡུན་ཐུང་ངུ་ཞིག་ལ་ནང་དུ་ཡང་དག་པར་འཇོག་ལ་བཞུགས། དེ་ནས་གསོ་ཚགས་མཛད་དེ་བསོད་སྙོམས་སུ་གཤེགས་ཤིང་། ཁྱིམ་དེ་ཉིད་དུ་ཆོས་སྟོན། སླར་བྱོན་ཏེ་ཁྱམས་སུ་བཞུགས་ནས་དགེ་སློང་རེ་རེ་བཞིན་བསོད་སྙོམས་རྙེད་མ་རྙེད་སོགས་ལ་གཟིགས་རྟོག་མཛད། དེ་ནས་བཀད་སའི་ཁང་པར་བྱོན་ཏེ་བསླབ་པ་འཆའ་བ་སོགས་མཛད། དེ་ནས་ཚ་བ་སྟོབས་ཆེ་ན་ཡུན་ཐུང་ངུ་ཞིག་ལ་གློ་ས་ལ་ཕབ་སྟེ་གཟིམ། ཕྱི་དྲོ་མཇལ་དུ་འོངས་པ་རྣམས་ལ་བློ་དང་འཚམ་པའི་ཆོས་སྟོན། ཉི་མ་རྒས་པ་ན་སྐབས་སུ་སྐུ་ལུས་བསལ་ཅིང་། དེ་ནས་སློབ་མ་རྣམས་ལ་ཐེ་ཚོམ་བྱུང་བ་དག་གཅོད་ཅིང་། མཚན་གྱི་མེལ་ཚེ་དང་པོ་འདའ། དེ་ལས་བཞེངས་ཏེ་ཕྱི་རོལ་གྱི་འཆག་ས་ལ་བྱོན་ཏེ་འཆག་པར་མཛད། ཐུན་གཉིས་པ་འདའ། ཐུན་གསུམ་པ་ལ་ཞབས་བཀྲུས་ཏེ་གཟིམ།
ངའི་སེམས་ལ་རང་དབང་མེད་པར་བཅོས་མིན་གྱི་དད་པ་ཞིག་སྐྱེད་བྱུང༌། དངོས་གནས་སྐྱེ་ཆེན་དམ་པ་ཟེར་བ་དེ་འད་ས་མི་འདུག ང་ད་ནངས་ཚོུད་དགུ་དང་ཕྱེད་ཀ་བར་ཉལ་བསྡད་པ་ཡིན་འགྱོད་པ་ཤིན་ཏུ་ཆེ། ཉི་མ་སངས་ཉིན་ནས་གང་ཐུབ་ཅི་ཐུབ་ཀྱིས་ཡར་རྒྱས་གཏོང་ངེས་ཡིན། ཐུགས་རྗེ་ཆེ།
Hindustan Times.
བདུན་ཕྲག་སྔོན་མའི་ནང་བརྡབ་སྐྱོན་ཤོར་ཏེ་ ཨན་དེ་རའི་མངའ་སྡེ་བློན་ཆེན་བཅས་མི་ལྔ་རྐྱེན་ལམ་དུ་བཏང་བའི་ཐད་འཕུར་གནམ་གྲུ་དེ་ནི་འདི་ལོ་ཟླ་དང་པོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧེ་རྡར་སྦ་དེ་ནས་གལ་སྦར་ག་དུ་འཕུར་སྐྱོད་བྱེད་སྐབས་ཀྱི་གནམ་གྲུ་དེ་ཡིན་པ་དང་། སྐབས་དེར་ཁ་ལོ་བས་གནམ་གྲུའི་མ་ལག་ཞིག་ལ་སྐྱོན་ཕྲན་བུ་ཤོར་འདུག་ཅེས་༸གོང་ས་མཆོག་ལ་ཞུས་འདུག་ སྤྱིར་༸གོང་ས་མཆོག་སྐབས་དེར་ཕེབས་ཐོན་གནང་རྒྱུའི་གནམ་གྲུ་ ཅེན་ནེའི་ ནས་གླས་ཡོད་ཀྱང་མངའ་སྡེ་བློན་ཆེན་མཆོག་ནས་༸གོང་ས་མཆོག་ལ་ཐད་འཕུར་གནམ་གྲུ་དེ་ནང་ཕེབས་དགོས་པའི་གྲོས་གཏོན་གནང་འདུག སྟབས་ལེགས་པ་ཞིག་ལ་སྐབས་དེར་བདེ་འཇག་ངང་ས་ཐོག་ཏུ་འབབ་ཐུབ་པ་འབྱུང་འདུག དེ་རྗེས་༸གོང་ས་མཆོག་ཕྱིར་ཕེབས་སྐབས་གནམ་གྲུ་གཞན་ཞིག་ནང་ཞུགས་པ་རེད།
ངོ་མ་དད་མེད་མིའང་སྤུ་ལོང་གཡོ་ཡ་ཞིག་བྲིས་འདུག་ག
ཀླུ་སྤྲུལ་ཚང་གི་སངས་རྒྱས་ཀྱི་མཛད་པ་བྲིས་པ་དེ་ལ་བརྟེན་ནས་དད་པ་ཞིག་ཀྱང་སྐྱེས་སོང་ལ་ལོག་ལྟ་ཞིག་ཀྱང་སྐྱེས་སོང་།
སངས་རྒྱས་ལ་དད་པ་སྐྱེས་སོང་ཡང་ང་ཚོ་བོད་པའི་བླ་རྒན་དེ་ཚོ་ལ་ལོག་ལྟ་ཞིག་སྐྱེས་སོང་། བོད་པའི་བླ་རྒན་དེ་ཚོའི་ལས་ཀ་
ལ་བལྟས་དུས་སངས་རྒྱས་ཀྱི་རྗེས་འཇུག་ཡིན་མིན་ཐེ་ཚོམ་ཡང་སྐྱེས་ཡོང་གི་འདུག
བླ་རྒན་རེ་ཟུང་གི་སྤྱོད་པ་བློ་ལ་མི་འགྲོ་བ་སྲིད། ཡིན་ན་ཡང་ཆོས་བཞིན་འདུལ་བ་བཞིན་གནང་བའི་དགེ་འདུན་པ་རྒན་པ་དག་གིས་གྲྭ་ས་སེ་འབྲས་དགེ་གསུམ་ཁེངས་བསྡད་ཡོད། བླ་བྲང་སྐུ་འབུམ་ལྡེ་ཚ་བྱ་ཁྱུང་རོང་བོ་སོགས་ཁེངས་བསྡད་ཡོད། ཆོས་བརྒྱུད་གཞན་པའི་དགོན་སྡེ་ཡང་དེ་བཞིན་ལོས་ཡིན། ཉུང་ཉུང་གི་བྱ་སྤྱོད་ལ་ཁག་བཞག་སྟེ་མང་མང་ལ་ཁ་གཏོང་མི་ཉན་ལགས།