དོན་གྲུབ་རྡོ་རྗེ།
དེང་རབས་བོད་པའི་སྤྱི་ཚོགས་ན། །
རྒྱན་ལུགས་མེད་པའི་རྩོམ་ནི་མང་། །
ཉམས་ལེན་མེད་པའི་སྐུ་ལོ་མང་། །
མགོ་རྔ་མེད་པའི་གླུ་བ་མང་། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
ལྐོག་ཟ་ཆེ་བའི་ལས་བྱེད་མང་། །
ཆབ་སྲིད་ཆེ་བའི་བླ་གྲྭ་མང་། །
ལྕེ་གཉིས་སྨྲ་བའི་སྒྱུ་རྩལ་མང་། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
ཁྱིམ་གཞིས་སྟོང་བའི་ཤོ་བ་མང་། །
འུར་རྗེས་འབྲང་བའི་བླུན་པོ་མང་། །
རྒྱུ་མཚན་མེད་པའི་སྐུར་འདེབས་མང་། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
རང་འདོད་བཤད་པའི་ཧམ་པ་མང་། །
གཞན་སྐྱོན་བརྗོད་པའི་རྩོམ་ཡིག་མང་། །
སྟོང་གཏམ་བཤད་པའི་སློབ་གསོ་མང་། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
གནས་ལུགས་སྐྱོང་བའི་མཁས་པ་ཉུང་། །
ཕྲག་དོག་ཆུང་བའི་དགེ་རྒན་ཉུང་། །
རྣམ་གཡེང་མེད་པའི་སློབ་མ་ཉུང་། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
ཕྱི་ཐག་རིང་བའི་གྲོགས་དེ་ཉུང་། །
ཆོག་ཤེས་ལྡན་པའི་མི་དེ་ཉུང་། །
འཁོན་འཛིང་མེད་པའི་བཟའ་བ་ཉུང་། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
བླ་མར་བཀུར་བའི་མང་ཚོགས་ཉུང་། །
དགེ་རྒན་བཀུར་བའི་སློབ་མ་ཉུང་། །
ཕ་མ་སྐྱོང་བའི་བུ་རྒྱུད་ཉུང་། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
ཆེ་མ་ཆུང་གསུམ་མཁས་པ་ཡིན། །
ཁ་བཤད་ཆུ་ཡི་ལྦུ་བ་ལ ། །
ལག་ལེན་གསེར་གྱི་ཐིགས་པ་ཡིན། །
དེང་རབས་བོད་པའི་སྤྱི་ཚོགས་ན། །
གཡོ་སྒྱུ་ཁྲམ་གསུམ་མགོ་བོ་མཐོ། །
བདེན་ཤེས་དྲང་གསུམ་མུ་གེས་འཆི། །
མི་ཚེའི་ཉི་མ་ལས་ལ་སྒོམ། །
དེ་ཙམ་ཡོད་ཚད་ག་ལ་ཡིན། །
ནོར་བ་ཡོད་དགུ་མཐོལ་ལོ་བཤཊ། །
རང་འདྲའི་རང་ལ་མ་གཏོགས་པའི། །
ཐམས་ཅད་དུ་ནི་མ་ཡིན་ནོ། །
༢༠༡༣ ༣ ༢
རེད་ཡ་་་་་་དཔེ་ཡག་པོ་བྲིས་ཤག་ཐུགས་རྗེ་ཆེ།
དེང་རབས་བོད་པའི་སྤྱི་ཚོགས་ནང་། །
ཉམས་ཆུང་མི་རིགས་སུ་ཡིན་ན། །བདེན་པ་ཡོད་ཀྱང་བརྗོད་ས་མེད། །
གཡོ་སྒྱུ་ཅན་གྱི་མི་སྣ་ཚོས། །ཆིག་བཤད་རྫུན་ཀྱང་བདེན་པ་ཡིན། །
གྲངས་ཉུང་བོད་ཀྱི་སྤྱི་ཚོགས་ན། །
གྲངས་ཁའི་ནང་དུ་ཡོད་ཙམ་ལས། །
གྲངས་ཁ་ཙམ་ཡང་རང་སྐད་ཐོག །
རྩི་སྟངས་མི་ཤེས་བོད་ཕྲུག་མང་། །
ཡག་པོ་འདུག
དེང་རབས་བོད་པའི་སྤྱི་ཚོགས་ནང་།
གཅིག་མེད་པ་ལ་ཡོད་དོག་དོག་བྱེད་མཁན་མང་པོ་འདུག
དེང་རབས་བོད་པའི་སྤྱི་ཚོགས་ན།།
བླ་རྫུན་མང་ལ་ལྟ་ལོག་མང་།།
གྲྭ་ལོག་མང་ལ་ཇོ་ལོག་མང་།།
ཚོགས་པ་མང་ལ་ལྐོག་ཟ་མང་།།
དེང་རབས་བོད་པའི་སྤྱི་ཚོགས་ན།།
སྟུ་བཙོང་མང་ལ་གཞང་བཙོང་མང་།།
ན་ཚ་མང་ལ་གསང་མཁན་མང་།།
སྟུ་རྩོམ་མང་ལ་གཞང་རྩོམ་མང་།།