གནས་ཚུལ་མཁོ་འདོན་པཿ འཇིགས་བྲལ་བསྟན་འཛིན།
སེར་ཤུལ་རྫོང་ཐོག་ནས་གྲྭ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་གྱིས་རང་དབང་དང་དམངས་གཙོ་སོགས་ཀྱི་སྐད་འབོད་བསྒྲགས་ཤིང་། འཕྲེད་དར་ཐོག་ཏུ་གོང་ས་མཆོག་གི་སྐུ་དཔར་གདན་ཞུས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གནང་བ་དང་། སྐབས་དེར་མི་སྐྱ་བློ་བཟང་སྐལ་བཟང་དང་། ངག་དབང་རྒྱ་མཚོ་གཉིས་ནས་དགེ་འདུན་པ་གསུམ་འཛིན་བཟུང་བྱེད་པར་སྐད་འབོད་བཀག་འགོག་བྱས་སྟབས་རྒྱ་གཞུང་གིས་ཉེན་རྟོག་པའི་ཁོང་ལྔ་པོ་མཉམ་དུ་འཛིན་བཟུང་བྱས་འདུག
དེ་ཡང་གསུམ་བཅུའི་དུས་དྲན་ང་བཞི་པའི་ཉིན་གྱི་བོད་ནང་གི་སྔ་དྲོ་ཆུ་ཚོད་༡༡:༥༠ཡར་མར་ནས་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཐོག་ཏུ་དགེ་འདུན་པ་གྲྭ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་གྱིས་སྐད་འབོད་གནང་སྐབས་རས་གཞི་དཀར་པོའི་འཕྲེད་དར་སྟེང་ཡི་གེ་མང་པོ་ཞིག་བྲིས་ཡོད་འདུག་ཀྱང་། ག་རེ་བྲིས་ཡོད་པ་ད་བར་གསལ་རྟོགས་བྱུང་མི་འདུག འཕྲེད་དར་གྱི་དཀྱིལ་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ཡོད་འདུག དུས་ཡུན་གང་འཚམས་རིང་དགེ་འདུན་པ་གསུམ་ནས་སྐད་མང་པོ་ཞིག་བརྒྱབ་ཐུབ་ཡོད་འདུག་ལ། གནས་ཚུལ་ཡོངས་ཁུངས་ནས་ཤེས་པ་ལྟར་ན་རང་དབང་དགོས་པ་དང་། དམངས་གཙོ་དགོས་པའི་སྐད་འབོད་གནང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ནས་རྒྱ་ནག་གི་ཉེན་རྟོག་པ་སླེབས་ནས་དགེ་འདུན་པ་གསུམ་ཁོང་ཚོ་འཛིན་བཟུང་བྱེད་དུས། མི་སྐྱ་བློ་བཟང་སྐལ་བཟང་དང་། ངག་དབང་རྒྱ་མཚོ་གཉིས་ནས་དགེ་འདུན་པ་གསུམ་འཛིན་བཟུང་བྱེད་ན་མི་འགྲིག་པའི་སྐད་འབོད་དང་འབྲེལ་ཉེན་རྟོག་པ་བཀག་འགོག་བྱས་སྟབས་རྒྱ་གཞུང་གིས་ཉེན་རྟོག་པའི་ཁོང་ལྔ་པོ་མཉམ་དུ་འཛིན་བཟུང་བྱས་འདུག
དགེ་འདུན་པ་གྲྭ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་ནི་རྫ་ཆུ་ཁའི་མང་དགེ་དགོན་པའི་གྲྭ་པ་ཡིན་པ་དང་། མི་སྐྱ་བུ་བློ་བཟང་སྐལ་བཟང་ནི་རྫ་ཆུ་ཁའི་འབུམ་རྙིང་སྡེ་བའི་ཕ་འཇམ་དབྱངས་ཚེ་རིང་། མ་འཇམ་དབྱངས་སྒྲོལ་མ་ཟེར་བ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་ ༡༧ ཙམ་ཡིན་འདུག མི་སྐྱ་ངག་དབང་རྒྱ་མཚོ་ནི་རྫ་ཆུ་ཁའི་འབུམ་གསར་སྡེ་བ་ནས་ཡིན་པའི་ཕ་མིང་བསོད་སྐྱབས། མ་འདས་པོ་ཚེ་དབང་ལྷ་མོ་ཟེར་བ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་ ༤༡ ཡིན་འདུག མི་སྐྱ་འདི་གཉིས་དེ་སྔ་གྲྭ་པ་བྱེད་མྱོང་ཡོད་འདུག
ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མགོ་ལོག་ལུང་དཀར་དགོན་པའི་དགེ་འདུན་པ་དང་། རྫ་ཆུ་ཁའི་དབོན་པོ་དགོན་པ་དང་། མང་དགེ་དགོན་པ། ཀ་བཞི་དགོན་པ་བཅས་ནས་ཡིན་པའི་ལྷ་ས་སེ་ར་དགོན་པའི་དགེ་འདུན་པ་བཅུ་བཞི་ཡིས་ལྷ་སའི་བར་སྐོར་དུ་སྐད་འབོད་ཁྲོམ་སྐོར་གནང་བ་བཟུང་། རྫ་ཆུ་ཁ་ཁུལ་དུ་ངོ་རྒོལ་རིམ་པར་བྱུང་ཡོད་ལ། ད་ལྟའི་ཆར་ཡང་སེར་ཤུལ་རྫོང་གི་ཁྱབ་ཁོངས་སུ་འཕྲིན་ཕྲན་སོགས་ཕྱི་ཕྱོགས་ལ་འབྲེལ་ལམ་བྱེད་བདེ་བའི་མཉེན་ཆས་ཁག་སྔ་ས་ནས་བཀག་ཡོད་པ་རེད། མི་སྐྱ་དེ་གཉིས་དེ་སྔ་གྲྭ་པ་བྱེད་མྱོང་ཡོད་འདུག ད་ལྟ་རྫོང་ཡོངས་དམག་གིས་བསྐོར་འདུག
བཙོན་དོང་ནང་གི་བཙོན་ལས་བསམ་ན། མྱིག་རེ་བཙུམ་ན་སེམས་མར་ཤར་གི།
ལས་འབྲས་མེད་པའི་རྒྱ་རྒན་ཚང་གི། ཡོད་ཚད་ཐལ་བར་སྒྱུར་ན་འདོད་ཀི།