བུམ་པའི་ཁ་རྒྱན། Posted on 2013-03-102013-03-11 By ཡེ་ཤེས་ 28 Comments on བུམ་པའི་ཁ་རྒྱན། ཀླུ་སྨྱོན། བུམ་པའི་ཁ་རྒྱན་ལ་ཅི་ཞིག་བཙུགས་ན་འགྲིག ཀུ་ཤ དུར་བ། རྨ་བྱའི་སྒྲོ། ཡང་ན་གཞན་ཞིག གསལ་བསྒྲགས།
བུམ་པའི་ཁ་རྒྱན་ལ་དུར་བ་བྱས་པ་མ་མཐོང་། དུག་ཤིང་མིན་པའི་ཤིང་གི་ཡལ་ག་ལོ་མ་མེ་ཏོག་དང་བཅས་པ་དེ་འདྲས་ཀྱང་རུང་སྙམ། ཕལ་ཆེར་འདི་ལ་སྔགས་ཕྱི་ནང་གི་ཁྱད་པར་ཡོད་ངེས།
བུམ་པ་མཆུ་ཏོ་ཡོད་མེད་གཉིས་ཡོད་པས།། དེ་ཡི་ཁྱད་པར་ཅུང་ཙམ་གསུང་རོགས་ཀྱེ། གཉིས་ཀར་གཅིག་མཚུངས་ཁ་རྒྱན་མི་འཇོག་ཐོས།། ཆོག་དང་མི་ཆོག་འགྲེལ་ཞིག་ཀླུ་སྨྱོན་མཁྱེན།།
ཁོ་བོ་ལོ་བཅུ་གྲངས་ཀྱི་མགོར། གྲོང་ཆོག་མང་དྱ་བྱེད་སར་བསླེབས། ཤ་ཟ་ཆོག་པའི་ཆོ་ག་རུ། རྨ་བྱའི་སྒྲོ་མདོངས་རང་དུ་གནས།། ་ ཤ་ཟ་་མི་ཆོག་ཆོ་ག་ལ། བུམ་པར་ཅུ་ལིའི་ཡལ་ག་ཆུང་། མེ་ཏོག་བཅས་དང་མ་ལྕང་གི ཁ་རྒྱན་གྲྭ་པ་རྣམས་ཀྱིས་མཛད།།
ལ་དྭགས་བློ་བཟང་འཇམ་དཔལ་གྱིས།། བུམ་པ་གཅིག་ལ་གཞི་བཞག་ནས།། དཀར་དམར་ཟས་ཀྱི་ཐོག་ནས་དགར།། བདག་གི་གླེང་བྱ་དེ་ལྟར་མིན།།
༄། བུམ་པའི་ཁ་རྒྱན་རྒྱུད་སྡེ་སོ་སོའི་དགོངས་པ་ལྟར་བྱེད་དགོས་སམ་སྙམ། བྱ་རྒྱུད་ལ་ཀུ་ཤ་དང་། ཤིང་གསར་སྐྱེས་ཀྱི་ལོ་མ་འཇོག རྡོ་རྗེ་མཁའ་འགྲོ་ལས། ཁ་ནི་ཤིང་ལ་གསར་བས་དགང་། །ཅེས་པ་ལྟར་ཨ་སྨྲ་ལ་སོགས་པའི་ཤིང་ལྔའམ།དུག་མེད་ཀྱི་ཤིང་ལོས་ཁ་རྒྱན་བྱ། བླ་མེད་ལ་དུག་སེལ་བའི་ཕྱིར་རྨ་བྱའི་སྒྲོ་ཡང་འཛུག ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས། རྨ་བྱས་དུག་ཟ་བ་བཞིན་སྔགས་ཀྱི་ཐབས་ཟབ་མོར་ཉོན་མོང་མི་སྤང་ལམ་དུ་བྱ་བའི་རྟེན་འབྲེལ་དུ་རྨ་བྱའི་སྒྲོ་འཛུག་གསུངས། ཞི་བྱེད་སྔ་ཕྱིའི་དབང་ཆོག་ཏུའང་དེ་ལྟར་ཡོད་སྙམ། རྫོགས་ཆེན་སྙིང་ཐིག་གི་དབང་ཆོག་ཏུ་རྨ་བྱའི་སྒྲོ་ཡེ་ཤེས་ལྔ་མཚོན་བྱེད་དུ་འགྲེལ། རྗེའི་སྔགས་རིམ་དུ། བི་མ་མི་ཏྲ་དང་། བདེ་བའི་མྱུ་གུས་དུར་བ་ནི་ཁ་རྒྱན་གྱི་དོན་ཞེས་བཤད་ཀྱང་གསང་བ་སྤྱི་རྒྱུད་དང་མི་མཐུན་པས་ཚད་མར་གཟུང་མི་རུང་། ཞེས་གསུངས། ཡང་སྔགས་རིམ་ལས། ཡེ་ཤེས་རྡོ་རྗེའི་འགྲེལ་པ་ལས་མགུལ་ཆིངས་ལ་ལྕི་བའི་གླན་པའི་སྟེང་དུ་རྩྭ་དུར་བ་ཉག་མ་བདུན་འཛུགས་པར་བཤད་པ་ཡིན་ནོ། །ཞེས་གསུང་པ་ལྟར་ན་བི་མ་མི་ཏྲའི་གདུགས་དཀར་ཆོ་གར་བཤད་པ་དང་དགོངས་པ་གཅིག་པར་གྱུར། རྗེ་བཙུན་ཏཱ་ར་ནཱ་ཐས། རང་ལ་རྒྱུས་ཡོད་པའི་རྡོར་ཕྲེང་དང་མན་སྙེ་སོགས་བཙན་གྱིས་སྦྱོར་བ་དང་། དེ་ལས་གཞན་པ་མ་དག་པར་མི་བསམ་པར། རྒྱུད་སོ་སོའི་དགོངས་པ་དང་སྒོས་ཆོས་གཙོ་བོར་འཛིན་དགོས་གསུངས། དྲི་མེད་རྣམ་གཉིས་ཀྱི་བུམ་པར་འང་ཤིང་ལོ་ཁོ་ན་བྱེད་དགོས་གསུང་པ་ཡོད། རྙིང་མའི་འདུས་པ་མདོ་དབང་དུ། ཕྱི་རྒྱུད་ལ་བུམ་པའི་ཁ་རྒྱན་ཤིང་ལོ་དང་། ནང་རྒྱུད་ནས་རྨ་བྱའི་སྒྲོ་འཛུག དེ་བཞིན་བུམ་་པ་ལའང་མཆུ་ཡོད་མེད། དུང་བུམ། ཐོད་བུམ། གངྒས་མཚན་པའི་བུམ་པའང་ཡོད། དུས་འཁོར་ལ་ལྕི་བ་དང་གཤང་བ་འགག་པའི་བུམ་པ་སོགས་ནི་དུང་ཆོས་ལ་ཤིང་ལོ་འཛུག་པ་ལས་ཟངས་བུམ་སོགས་འཇོག་སྲོལ་མེད། བོད་ཀྱི་ཆོ་ག་ཕལ་ཆེར་བླ་མེད་ཡིན་པས་རྨ་སྒྲོ་འཇོག་པ་སྤྱི་ལ་དར་སོ་ཆེ། འདི་ལ་མཚོན་དོན། དགོས་པ་སོགས་བཤད་པ་དང་། དགག་བཞག་རྒྱ་ཆེ། དུས་ཚོད་ཀྱི་གཞན་དབང་དུ་གྱུར་བས་མདོར་བསྡུ་་ནདེ་ཙམ་མོ། །དྲི་མེད་པས།
འབྲུག་པ་བཀའ་བརྒྱུད་པའི་ཚེ་ཁྲོའི་ཆོ་ག་གནང་སྐབས་སུ་ནི་ལས་བུམ་ཞེས་ཆབ་སྦྲན་པ་སོགས་ཀྱི་བྱེད་ལས་སྒྲུབ་པའི་བུམ་པར་སྦྲན་ཡབ་རྨ་བྱའི་མདོངས་སྒྲོ་བཙུགས། གཙོ་བུམ་ཞེས་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པའི་བུམ་པ་ལ་ཁ་རྒྱན་མི་འཇོག་པ་མ་ཟད་སྦྲན་ཡབ་ཀྱི་ཡུ་བ་ཡང་མི་འཇོག་པར་བུམ་པའི་སྟེང་དུ་ཤིང་ཏོག་ཚེ་ལུང་ཞེས་པ་དེ་འཇོག་པར་མཐོང་། བུམ་པ་མཆུ་ཡོད་པ་དང་མེད་པ་གཉིས་ཡོད་པ་ནི་ངས་དེ་རིང་ཐོས་པ་མ་གཏོགས་མཐོང་མ་མྱོང་། ཡང་ན་ཚེ་བུམ་ཞེས་པ་ཞིག་ཡོད་པ་དེ་ལ་བརྗོད་པ་ཡིན་ནམ་སྙམ། ཚེ་བུམ་དེ་ནི་ཆུ་སྐྱོར་བའི་དོན་བྱེད་ནུས་པ་མིན་པས་བུམ་པ་དངོས་ཡིན་མིན་ལ་དོགས་པ་འདུག། ཚེ་བུམ་དེ་ལ་ཡང་བཀའ་བརྒྱུད་པ་རྣམས་ཀྱིས་ཚེ་གཏོར་ཞེས་འབོད་ཅིང་རྣམ་པ་ཡང་གཏོར་མའི་རྣམ་པར་བཟོས། རྙིང་མ་པ་རྣམས་ཀྱིས་ཚེ་བུམ་ཞེས་བརྗོད་ཅིང་བུམ་པའི་རྣམ་པ་དང་ཁ་ནས་པད་འདབ་བཞི་ཞོལ་དུ་འཕྱང་ཞིང་། ཁར་ནོར་བུའི་དབྱིབས་ཅན་ཞིག་བཟོས་པར་མཐོང་།
བུམ་པ་ཟླུམ་པོ་གཞལ་ཡས་བོན་གྱི་སྐུ། ཁ་རྒྱན་ཚད་མེད་ལོངས་སྤྱོད་རྫོགས་པའི་སྐུ། མགུལ་ཆིང་སོ་སོར་གསལ་བ་ཅིར་ཡང་སྤྲུལ་བའི་སྐུ། བཟུང་ཐག་ཐུགས་རྗེ་ཚད་མེད་བཞི་དང་ལྡན། ཆུ་དང་འོ་མ་གཉིས་མེད་བདེ་བའི་དབྱིངས། ཐབས་ཤེས་འདུ་འབྲལ་མེད་པ་གཡུང་དྲུང་བོན་ལ་ངེས། བུམ་པ་ལ་གཉིས་སུ་ཡོད་པ་སྟེ། བུམ་པ་ཟླུམ་པོ་མཆུ་མེད་པ་ནི་དཀྱིལ་འཁོར་གྱི་དབུས་སུ་འགོད་བྱའི་ལྷ་དང་ལྷ་ཡི་གཞལ་ཡས་ཁང་མཚོན་བྱེད་ཡིན་པས་དེ་ལ་མཆུ་མེད་ཟླུམ་པོ་ཞེས་བརྗོད་དོ། ཁ་རྒྱན་ནི་རྨ་བྱའི་སྒྲོ་དང་གཡུ་ལོ་ལྗོན་པའི་ཤིང་ཤིང་ཤུག་པའི་ལོ་བཟང་བྱེད་པའོ། བུམ་པ་མཆུ་ཏོ་ཅན་ནི་ལས་བུམ་སྟེ་ཁྲུས་བུམ་ཞེས་སུ་བརྗོད་ཅིང་དེ་ལའང་ཁ་རྒྱན་གོང་དང་མཚུངས། དེ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཤམས་ཏེ་དཀྱིལ་འཁོར་དང་འགྲོ་བ་རྣམས་ལ་ཁྲུས་བྱེད་པར་མཁོ་བ་ཞིག་ཡིན།
བཅོས། ཐབས་ཟབ་མོ་ཉོན་མོངས་མི་སྤང་ལམ་དུ་བྱ་བའི་རྟེན་འབྲེལ་ཞེས་བཅོས། བུམ་པ་མཆུ་མེད་ཟླུམ་པོ། རྙིང་ཕྱོགས་ལ། བུམ་པ་སྤྲོས་བྲལ་ཟླུམ་པོ་ནི། བླ་མ་ཡང་ཏིག་སྤྲོས་མེད་བུམ་པ་བསྣོལ་མའི་དབང་དང་། ཚེ་བུམ་ཕལ་ཆེ་བ་ཡིན། རྣམ་རྒྱལ་བུམ་པའམ་གཙོ་བུམ་ལའང་མཆུ་ཡོད་མེད་གིས་སུ་བཤད། བཀའ་བརྒྱུད་ཕྱོགས་ལ། རས་ཆུང་ནས་བརྒྱུད་པའི་གྲུབ་པའི་རྒྱལ་མོའི་ཚེ་དབང་གི་བུམ་པ་ཡང་ཕལ་ཆེ་བ་ཟླུམ་པོ་མཆུ་མེད་ཡིན། དེ་བཞིན་གྲུབ་མཐའ་ཡོངས་ལ་གྲགས་ཆེ་བའི་ཐང་རྒྱལ་ལུགས་ཚེ་རྟ་ཟུང་འབྲེལ་གྱི་བུམ་པའང་ཟླུམ་པོ་མཆུ་མེད་རྟ་མགོས་མཚན་པ་ཡིན་ནོ། །
དྲི་མེད་ལྷག་བསམ་མཆོག་གིས་ཞིབ་པར་གཞུང་དཔེ་གར་ཁུངས་གཏུགས་ནས། གསུངས་པར་བཀའ་དྲིན་ཆེ། ཆོ་གའི་སྐབས་བུམ་པ་བསྐྱེད་པ་ཞེས་པའི་ཁར་རྡོ་རྗེ་བཞག་ནས། དེ་ལ་སྐུད་པས་བཀྲིས་ཡོད་པ་ལས་སྐུད་པ་ནར་གྱིས་འཐེན་ཏེ། སློབ་དཔོན་གྱི་སྐུད་པ་ཕྱག་ཏུ་བཟུང་ནས། ཚོགས་པ་ཡོངས་ཀྱིས་སྔགས་བཟླས་ཏེ། བུམ་པ་བསྐྱེད་པ་མཐོང་། ལེགས་པ་རང་མི་དྲན། ལས་བུམ། རྣམ་རྒྱལ་བུམ་པ། ཚེ་བུམ། ནོར་བུམ་སོགས་མང་། དེ་ཡང་མཆུ་ཏོ་ཡོད་པ་དེ་ཅབས་ཁྲུས་བྱེད་པར་མཆུ་ཅན་གྱི་བུམ་པ་ངེས་པར་དུ་དགོས་པར་མཐོང་། དེ་ཡང་། ཅབས་ཁྲུས། ཞེས་པ་ཞིག་བདག་གི་ངག་ལ་འདུག ཅབས་ཀྱི་དག་ཆ་གང་ཡིན་ནམ། དེ་ཡང་ཆོ་ག་པས་ནད་པའི་མགོ་གདོང་བུམ་པའི་ཆུས་ཁྲུས། རྨ་བྱའི་མདོངས་ཀྱིས་ལུས་ལ་ཅབས་ཏེ། ནད་ཐམས་ཅད་ཨ་པ་ན་ཡེ སྭཱ་ཧཱ། གདོན་ཐམས་ཅད་ཨ་པ་ན་ཡེ སྭཱ་ཧཱ། ཞེས་པའི་ཁྲུས་ཆོག་བཏོན་པས་ནད་པ་མང་པོ་ཁྲུས་ཀྱིས་ནད་ལས་དྲག་པར་འདོད་པ་ང་གཞོན་པའི་སྐབས་སུ་མི་དག་གིས་གླེང་བར་ཐོས་སོ།།
བུམ་པ་ལ་དབྱེ་ན་གཉིས། རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས་ཡིན། ཆོས་ལུགས་གང་ཡིན་འང་མིང་འདོགས་སྟངས་ཀྱི་ ཁྱད་པར་ལས་དོན་གྱི་འདི་ལས་མཆིས། གཞན་ཚེ་བུམ་དང་ནོར་བུམ་ཟེར་བ་དག་ལ་ ཁ་གཡེར་བ་དགོས་ངེས་ཡོད་པ་ མ་རེད་ཟེར་བ་ཞིག་ཐོས་མྱོང་། བུམ་པའི་ཁ་རྒྱན་གྱི་སྐོར་ལ་དྲ་གྲོགས་ བན་ཏེ་བས་འགྲེལ་བཤད་རྒྱབ་པ་ལ་ཐུགས་རྗེ་ཞུ།
དཔལ་མེ་ཏོག་པདྨ་དཀར་པོས། བྱབས་ཁྲུས་ཡིན་འགྲོ། ཞེས་པ་དེ་བདེན་འདུག རྨ་བྱའི་མདོངས་ཀྱིས་ལུས་ལ་བྱབས་ཏེ། ཞེས་བཅོས་སོ།
བགློ་གླེང་ལེགས་བྱུང་ཐུགས་རྗེ་ཆེ། གོས་ཀྱི་ཐལ་རྡུལ་ལག་པས་བྱབ་པ་ལྟར། བུམ་ནང་གི་ཆུས། གྲིབ་དང་མི་གཙང་བ་ཡང་བྱབས་པས་ན་བྱབས་ཁྲུས་ཞེས་ཐོགས་པ་འདྲ།
བུམ་པ་འདི་ནང་པ་བས་བུམ་པ་ཡིན་ན་ཅི་འཛུགས་དགོས་མིན་ངས་མི་ཤེས། རྒྱུ་མཚན་ང་རྒྱ་དར་གྱིས་བཏུམས་པས་ཕྱི་ཤུན་ལས་ཕྱིར་ཐོན་ཙམ་ཡིན། ཀླུ་མྱོན་གྱི་བུམ་པ་ཡིན་ན་ལས་སླ་བོ་རེད། རྩིད་པ་ཞིག་གིས་ཆོད་དང་ཆོག་ཆོག་ཡིན།
ལ་དྭགས་ལགས་་་་བྱབས་ཁྲུས་རང་རེད་དོ།། སྔགས་ཀྱི་ཆོ་ག་ནས་གཞིར་བཟུང་བཤད་ན་མཐར་ཏུག་ན་བུམ་པ་ལ་རྣམ་བུམ་དང་ལས་བུམ་གཉིས་རང་རེད་དོ།།
དྲི་མེད་ལྷག་བསམ་གྱིས་གཙོས་པའི་དྲ་གྲོགས་ཚང་མས་ལྗགས་ལན་ཁ་གསལ་གོ་བདེ་རེ་གནང་བར་ཐུགས་རྗེ་ཆེ་ཞུ། བདག་གིས་གཟའ་འཁོར་གཅིག་གི་སྔོན་རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོའི་ནང་དུ་བུམ་པའི་ཁ་རྒྱན་གྱི་སྐོར་རྒྱུད་རྒྱ་གཞུང་ལ་ཁུངས་གཏུགས་ནས་ཞིབ་ཕྲ་ཞིག་གསུངས་ཡོད་པ་མཇལ་རྐྱེན་ཁྱེད་རྣམ་པའི་དགོངས་ཚུལ་བཀའ་འདྲི་ཞུས་པ་ལགས།
ཁ་ཤས་ཀྱིས་འདིར་རྣམ་རྒྱལ་བུམ་པ་ཟེར་བ་དེ་མཆུ་མེད་པ་ཞིག་ཡིན་དགོས་ཚུལ་དང་། དེ་ཡང་བུམ་པ་ཟླུམ་པོ་ཞེས་གསུངས་པ་ལ་ཁུངས་གཏུགས་པ་ཙམ་ལས་དེ་ལས་གཞན་དུ་མཆུ་མེད་དགོས་པའི་རྒྱུ་མཚན་བཀོད་པ་མི་འདུག། གལ་ཏེ་མཆུ་མེད་དགོས་པའི་རྒྱུ་མཚན་བུམ་པོ་ཟླུམ་པོ་ཡིན་པར་གསུངས་པ་དེ་ལས་གཞན་དུ་མེད་ན་མཆུ་ཡོད་པས་བུམ་པ་ཟླུམ་པོ་མིན་པར་མི་འགྱུར་བས་ཟླུམ་པོ་ཡིན་དགོས་པའི་རྒྱུ་མཚན་དེས་བུམ་པ་མཆུ་མེད་ཡིན་པར་སྒྲུབ་ཨེ་ནུས་བསམ། ལྷག་དོན་དུ་ཡང་འབྲུག་གི་བཀའ་རྙིང་དགོན་རྣམས་སུ་སྒྲུབ་པ་དང་སྒྲུབ་ཆེན་ལ་སོགས་པ་གང་གི་སྐབས་སུ་ཡིན་ཀྱང་དེ་དག་གྲོལ་བའི་དུས་སུ་དངོས་གྲུབ་བླང་བ་ཟེར་བ་ཞིག་འདོན་རྒྱུ་ཡོད་ལ་དེ་དུས་རྣམ་རྒྱལ་བུམ་པ་འམ་གཙོ་འབུམ་ནས་བུམ་ཆུ་འགྱེད་སྲོལ་ཡོད་པས། རྣམ་རྒྱལ་བུམ་པ་དེ་ནི་མཆུ་ཅན་ཞིག་དགོས་ངེས་པར་མཐོང་། གོང་དུ་མཆན་མཁན་ཞིག་གིས་ཚེ་བུམ་ནི་ངེས་པར་དུ་ཁ་གཡེར་བ་ཞིག་ཡིན་མི་དགོས་ཚུལ་གསུངས་པ་ཡང་བདེན་པར་སྣང་སྟེ། འབྱོར་པ་མེད་མཁན་ཁ་ཅིག་གིས་ཚེ་བུམ་ཤོག་བུས་བཟོས་པའམ་ཀོ་བས་བཟོ་སྲོལ་ཡོད་པ་ཐོས་སོ༎
པདྨ་གླིང་པའི་ལུགས་ལ་ནི་བུམ་པ་ལ་ཁ་རྒྱན་འཇོག་སྲོལ་མེད་པ་འདྲ་སྟེ། ཁོང་གི་རྣམ་ཐར་དུ། ས་ཆ་ག་གེ་མོ་ཞིག་ཏུ་བླ་མ་དྲག་པོའི་དབང་སྒྲུབ་གནང་དུས་བུམ་པའི་ནང་ནས་མྱུ་གུ་སྐྱེས་ཏེ། སྙེ་མ་བཏགས་པ་དང་སྨིན་པ་སོགས་བྱུང་སྟེ་དབང་གྲལ་དུ་ཚོགས་པ་ཀུན་གྱིས་མངོན་སུམ་མཐོང་བ་མ་ཟད། དེར་འཛོམས་པ་ཀུན་ལ་བྲིམས་པས་ཀུན་གྱིས་ཟ་ཐུབ་པ་བྱུང་ཟེར་བ་ཞིག་གསལ།
བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ། བུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་སྐབས་བུམ་པ་ལྔའི་ནང་གསེས་སངས་རྒྱས་ཀྱི་བུམ་པའི་བུམ་པ། ཞེས་པའི་བུམ་པ་ལྔ་དེ་གང་ཞིག་ཡིན་མིན་དྲ་གྲོགས་རྣམ་པས་ལན་ཞིག་གསུང་རོག
བུམ་པ་ཟླུམ་པོ་ཟེར་བ་མཆུ་མེད་ཡིན་མིན་གཉིས་ཀ་ཡོད། བུམ་པའི་ཁ་རྒྱན་ལ། རིགས་ལྔ་སོའི་རང་་མདོག་བྱེད་སྲོལ་ཡང་ཡོད། བུམ་པའི་ཁ་རྒྱན་དཀར་དམར་གཉིས་འབྲེལ་དགོས་པའི་དུས་ཀྱང་ཡོད། བུམ་ཆུ་མགོ་དང་ལག་པར་སྦྱིན་པར་བུམ་སྒྲོ་ཁོ་ནས་བྱེད་པའི་དུས་ཀྱང་ཡོད། དཀྱིལ་འཁོར་དུ་ལྷ་གྲངས་དང་མཉམ་པའི་བུམ་པ་འགོད་དགོས་དུས་ཀྱང་ཡོད། བསྡུ་ན་ལྔ་དང་གཉིས། གཅིག་གིས་བྱེད་པའི་དུས་ཀྱང་ཡོད། རྒྱས་པར་ས་སྐྱ་པཎ་ཆེན་གྱི་སྡོམ་གསུམ་རབ་དབྱེའི་འགྲེལ། རྗེ་ཙོང་ཁ་བ་ཆེན་པོའི་སྔགས་རིམ། རྡོར་ཕྲེང་དབང་ཆོག་གི་ཕྱག་ལེན། རྗེ་བཙུན་ཏཱ་ར་ནཱ་ཐས་བདེ་མཆོག་བསྟོད་ཆེན་འགྲེལ་བ། ཏཱ་ར་ནཱ་ཐའི། དུས་འཁོར་མཆོག་དབང་། བདེ་མཆོག་རབ་འབྱམས། ཕག་མོ་རབ་འབྱམས། གཤིན་རྗེ་རབ་འབྱམས་སོགས་ཀྱི་དབང་ཆོག འཇམ་མགོན་བློ་གཏེར་དབང་པོའི་་དབང་དང་རྗེས་གནང་གི་ཕྱག་ལེན་དང་། རྡོ་བྲག་རིག་འཛིན་པད་འཕྲིན་གྱིས་མཛད་པའི་འདུས་མདོའི་དབང་ཆོག བཀའ་བརྒྱད་དབང་ཆོག བཀའ་བརྒྱད་རྣམ་བཤད། མདོ་དབང་ཁམས་ལུགས་ཀྱི་ཆོ་ག་སོགས་ན་རྒྱས་པར་ཡོད་ཅིང་། རྙིང་མ་གཏེར་མའི་ཕྱོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་བཤམས་བཀོད་སོགས་ལ་ལེགས་པར་གཟིགས་དང་ཤེས་པར་འགྱུར་རོ། །འདི་ལ་མཚོནདོན། དགོས་པ་སོགས་རྒྱ་ཆེ་བས་ཕྲན་ལྟ་བུས་འགྲིག་དང་མི་འགྲིག་ཅེས་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོའི་དགོངས་པ་ཐག་གཅོད་པའི་སྤོབས་པ་མེད་དོ། །
༸རྗེའི་གསུང་འབུམ་ག་པ་སྔགས་རིམ་ཤོག་གྲངས་༢༠༨ཀྱི་ནང་ལ། ་་་་སོགས་གསུམ་དང་ཤར་ལྷོ་ལ་སོགས་པའི་མཚམས་བཞིར་གཤིན་རྗེ་བརྟན་མ་ལ་སོགས་པའི་བུམ་པ་འཇོག་གོ །གྲ་བཞིའི་བུམ་པ་རྣམས་ལ་བྱ་རྒོད་ཀྱི་སྒྲོ་དང་བཅས་པའི་མདའ་བཞི་སྟེ། ཞེས་པ་ཡང་གསུངས་འདུག
དྲྭ་ཐོག་གི་མཁས་པ་རྣམས་ལ་དྲི་བ་ཞིག་ཡོད། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བོད་དབུ་ནག་མིའུ་འདྲ་ཆགས།ཅེས་བྲིས་པ་ཞིག་མཐོང་། དཔེ་འདི་ངས་ནི་གནའ་རབས་ལོ་རྒྱུས་རྙིང་པ་ཞིག་ཡིན་པ་ལས། སུས་མཛད་མ་ཤེས་པས་དཔེ་རྙིང་གང་དུ་བཞུགས་སོགས་ལོ་རྒྱུས་ཁ་གསལ་ཞིག་གསུང་བར་ཞུ།
བུམ་པའི་ཁ་རྒྱན་ལ་དུར་བ་བྱས་པ་མ་མཐོང་། དུག་ཤིང་མིན་པའི་ཤིང་གི་ཡལ་ག་ལོ་མ་མེ་ཏོག་དང་བཅས་པ་དེ་འདྲས་ཀྱང་རུང་སྙམ། ཕལ་ཆེར་འདི་ལ་སྔགས་ཕྱི་ནང་གི་ཁྱད་པར་ཡོད་ངེས།
བུམ་པ་མཆུ་ཏོ་ཡོད་མེད་གཉིས་ཡོད་པས།།
དེ་ཡི་ཁྱད་པར་ཅུང་ཙམ་གསུང་རོགས་ཀྱེ།
གཉིས་ཀར་གཅིག་མཚུངས་ཁ་རྒྱན་མི་འཇོག་ཐོས།།
ཆོག་དང་མི་ཆོག་འགྲེལ་ཞིག་ཀླུ་སྨྱོན་མཁྱེན།།
ཁོ་བོ་ལོ་བཅུ་གྲངས་ཀྱི་མགོར།
གྲོང་ཆོག་མང་དྱ་བྱེད་སར་བསླེབས།
ཤ་ཟ་ཆོག་པའི་ཆོ་ག་རུ།
རྨ་བྱའི་སྒྲོ་མདོངས་རང་དུ་གནས།།
་
ཤ་ཟ་་མི་ཆོག་ཆོ་ག་ལ།
བུམ་པར་ཅུ་ལིའི་ཡལ་ག་ཆུང་།
མེ་ཏོག་བཅས་དང་མ་ལྕང་གི
ཁ་རྒྱན་གྲྭ་པ་རྣམས་ཀྱིས་མཛད།།
ལ་དྭགས་བློ་བཟང་འཇམ་དཔལ་གྱིས།།
བུམ་པ་གཅིག་ལ་གཞི་བཞག་ནས།།
དཀར་དམར་ཟས་ཀྱི་ཐོག་ནས་དགར།།
བདག་གི་གླེང་བྱ་དེ་ལྟར་མིན།།
༄། བུམ་པའི་ཁ་རྒྱན་རྒྱུད་སྡེ་སོ་སོའི་དགོངས་པ་ལྟར་བྱེད་དགོས་སམ་སྙམ། བྱ་རྒྱུད་ལ་ཀུ་ཤ་དང་། ཤིང་གསར་སྐྱེས་ཀྱི་ལོ་མ་འཇོག རྡོ་རྗེ་མཁའ་འགྲོ་ལས། ཁ་ནི་ཤིང་ལ་གསར་བས་དགང་། །ཅེས་པ་ལྟར་ཨ་སྨྲ་ལ་སོགས་པའི་ཤིང་ལྔའམ།དུག་མེད་ཀྱི་ཤིང་ལོས་ཁ་རྒྱན་བྱ། བླ་མེད་ལ་དུག་སེལ་བའི་ཕྱིར་རྨ་བྱའི་སྒྲོ་ཡང་འཛུག ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས། རྨ་བྱས་དུག་ཟ་བ་བཞིན་སྔགས་ཀྱི་ཐབས་ཟབ་མོར་ཉོན་མོང་མི་སྤང་ལམ་དུ་བྱ་བའི་རྟེན་འབྲེལ་དུ་རྨ་བྱའི་སྒྲོ་འཛུག་གསུངས། ཞི་བྱེད་སྔ་ཕྱིའི་དབང་ཆོག་ཏུའང་དེ་ལྟར་ཡོད་སྙམ། རྫོགས་ཆེན་སྙིང་ཐིག་གི་དབང་ཆོག་ཏུ་རྨ་བྱའི་སྒྲོ་ཡེ་ཤེས་ལྔ་མཚོན་བྱེད་དུ་འགྲེལ། རྗེའི་སྔགས་རིམ་དུ། བི་མ་མི་ཏྲ་དང་། བདེ་བའི་མྱུ་གུས་དུར་བ་ནི་ཁ་རྒྱན་གྱི་དོན་ཞེས་བཤད་ཀྱང་གསང་བ་སྤྱི་རྒྱུད་དང་མི་མཐུན་པས་ཚད་མར་གཟུང་མི་རུང་། ཞེས་གསུངས། ཡང་སྔགས་རིམ་ལས། ཡེ་ཤེས་རྡོ་རྗེའི་འགྲེལ་པ་ལས་མགུལ་ཆིངས་ལ་ལྕི་བའི་གླན་པའི་སྟེང་དུ་རྩྭ་དུར་བ་ཉག་མ་བདུན་འཛུགས་པར་བཤད་པ་ཡིན་ནོ། །ཞེས་གསུང་པ་ལྟར་ན་བི་མ་མི་ཏྲའི་གདུགས་དཀར་ཆོ་གར་བཤད་པ་དང་དགོངས་པ་གཅིག་པར་གྱུར། རྗེ་བཙུན་ཏཱ་ར་ནཱ་ཐས། རང་ལ་རྒྱུས་ཡོད་པའི་རྡོར་ཕྲེང་དང་མན་སྙེ་སོགས་བཙན་གྱིས་སྦྱོར་བ་དང་། དེ་ལས་གཞན་པ་མ་དག་པར་མི་བསམ་པར། རྒྱུད་སོ་སོའི་དགོངས་པ་དང་སྒོས་ཆོས་གཙོ་བོར་འཛིན་དགོས་གསུངས། དྲི་མེད་རྣམ་གཉིས་ཀྱི་བུམ་པར་འང་ཤིང་ལོ་ཁོ་ན་བྱེད་དགོས་གསུང་པ་ཡོད། རྙིང་མའི་འདུས་པ་མདོ་དབང་དུ། ཕྱི་རྒྱུད་ལ་བུམ་པའི་ཁ་རྒྱན་ཤིང་ལོ་དང་། ནང་རྒྱུད་ནས་རྨ་བྱའི་སྒྲོ་འཛུག དེ་བཞིན་བུམ་་པ་ལའང་མཆུ་ཡོད་མེད། དུང་བུམ། ཐོད་བུམ། གངྒས་མཚན་པའི་བུམ་པའང་ཡོད། དུས་འཁོར་ལ་ལྕི་བ་དང་གཤང་བ་འགག་པའི་བུམ་པ་སོགས་ནི་དུང་ཆོས་ལ་ཤིང་ལོ་འཛུག་པ་ལས་ཟངས་བུམ་སོགས་འཇོག་སྲོལ་མེད། བོད་ཀྱི་ཆོ་ག་ཕལ་ཆེར་བླ་མེད་ཡིན་པས་རྨ་སྒྲོ་འཇོག་པ་སྤྱི་ལ་དར་སོ་ཆེ། འདི་ལ་མཚོན་དོན། དགོས་པ་སོགས་བཤད་པ་དང་། དགག་བཞག་རྒྱ་ཆེ། དུས་ཚོད་ཀྱི་གཞན་དབང་དུ་གྱུར་བས་མདོར་བསྡུ་་ནདེ་ཙམ་མོ། །དྲི་མེད་པས།
འབྲུག་པ་བཀའ་བརྒྱུད་པའི་ཚེ་ཁྲོའི་ཆོ་ག་གནང་སྐབས་སུ་ནི་ལས་བུམ་ཞེས་ཆབ་སྦྲན་པ་སོགས་ཀྱི་བྱེད་ལས་སྒྲུབ་པའི་བུམ་པར་སྦྲན་ཡབ་རྨ་བྱའི་མདོངས་སྒྲོ་བཙུགས། གཙོ་བུམ་ཞེས་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པའི་བུམ་པ་ལ་ཁ་རྒྱན་མི་འཇོག་པ་མ་ཟད་སྦྲན་ཡབ་ཀྱི་ཡུ་བ་ཡང་མི་འཇོག་པར་བུམ་པའི་སྟེང་དུ་ཤིང་ཏོག་ཚེ་ལུང་ཞེས་པ་དེ་འཇོག་པར་མཐོང་། བུམ་པ་མཆུ་ཡོད་པ་དང་མེད་པ་གཉིས་ཡོད་པ་ནི་ངས་དེ་རིང་ཐོས་པ་མ་གཏོགས་མཐོང་མ་མྱོང་། ཡང་ན་ཚེ་བུམ་ཞེས་པ་ཞིག་ཡོད་པ་དེ་ལ་བརྗོད་པ་ཡིན་ནམ་སྙམ། ཚེ་བུམ་དེ་ནི་ཆུ་སྐྱོར་བའི་དོན་བྱེད་ནུས་པ་མིན་པས་བུམ་པ་དངོས་ཡིན་མིན་ལ་དོགས་པ་འདུག། ཚེ་བུམ་དེ་ལ་ཡང་བཀའ་བརྒྱུད་པ་རྣམས་ཀྱིས་ཚེ་གཏོར་ཞེས་འབོད་ཅིང་རྣམ་པ་ཡང་གཏོར་མའི་རྣམ་པར་བཟོས། རྙིང་མ་པ་རྣམས་ཀྱིས་ཚེ་བུམ་ཞེས་བརྗོད་ཅིང་བུམ་པའི་རྣམ་པ་དང་ཁ་ནས་པད་འདབ་བཞི་ཞོལ་དུ་འཕྱང་ཞིང་། ཁར་ནོར་བུའི་དབྱིབས་ཅན་ཞིག་བཟོས་པར་མཐོང་།
བུམ་པ་ཟླུམ་པོ་གཞལ་ཡས་བོན་གྱི་སྐུ།
ཁ་རྒྱན་ཚད་མེད་ལོངས་སྤྱོད་རྫོགས་པའི་སྐུ།
མགུལ་ཆིང་སོ་སོར་གསལ་བ་ཅིར་ཡང་སྤྲུལ་བའི་སྐུ།
བཟུང་ཐག་ཐུགས་རྗེ་ཚད་མེད་བཞི་དང་ལྡན།
ཆུ་དང་འོ་མ་གཉིས་མེད་བདེ་བའི་དབྱིངས།
ཐབས་ཤེས་འདུ་འབྲལ་མེད་པ་གཡུང་དྲུང་བོན་ལ་ངེས།
བུམ་པ་ལ་གཉིས་སུ་ཡོད་པ་སྟེ། བུམ་པ་ཟླུམ་པོ་མཆུ་མེད་པ་ནི་དཀྱིལ་འཁོར་གྱི་དབུས་སུ་འགོད་བྱའི་ལྷ་དང་ལྷ་ཡི་གཞལ་ཡས་ཁང་མཚོན་བྱེད་ཡིན་པས་དེ་ལ་མཆུ་མེད་ཟླུམ་པོ་ཞེས་བརྗོད་དོ།
ཁ་རྒྱན་ནི་རྨ་བྱའི་སྒྲོ་དང་གཡུ་ལོ་ལྗོན་པའི་ཤིང་ཤིང་ཤུག་པའི་ལོ་བཟང་བྱེད་པའོ།
བུམ་པ་མཆུ་ཏོ་ཅན་ནི་ལས་བུམ་སྟེ་ཁྲུས་བུམ་ཞེས་སུ་བརྗོད་ཅིང་དེ་ལའང་ཁ་རྒྱན་གོང་དང་མཚུངས། དེ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཤམས་ཏེ་དཀྱིལ་འཁོར་དང་འགྲོ་བ་རྣམས་ལ་ཁྲུས་བྱེད་པར་མཁོ་བ་ཞིག་ཡིན།
དྲི་མེད་ནས་ལེགས་བཤད་སྤེལ་བར་སྤྲོ།
བཅོས། ཐབས་ཟབ་མོ་ཉོན་མོངས་མི་སྤང་ལམ་དུ་བྱ་བའི་རྟེན་འབྲེལ་ཞེས་བཅོས། བུམ་པ་མཆུ་མེད་ཟླུམ་པོ། རྙིང་ཕྱོགས་ལ། བུམ་པ་སྤྲོས་བྲལ་ཟླུམ་པོ་ནི། བླ་མ་ཡང་ཏིག་སྤྲོས་མེད་བུམ་པ་བསྣོལ་མའི་དབང་དང་། ཚེ་བུམ་ཕལ་ཆེ་བ་ཡིན། རྣམ་རྒྱལ་བུམ་པའམ་གཙོ་བུམ་ལའང་མཆུ་ཡོད་མེད་གིས་སུ་བཤད། བཀའ་བརྒྱུད་ཕྱོགས་ལ། རས་ཆུང་ནས་བརྒྱུད་པའི་གྲུབ་པའི་རྒྱལ་མོའི་ཚེ་དབང་གི་བུམ་པ་ཡང་ཕལ་ཆེ་བ་ཟླུམ་པོ་མཆུ་མེད་ཡིན། དེ་བཞིན་གྲུབ་མཐའ་ཡོངས་ལ་གྲགས་ཆེ་བའི་ཐང་རྒྱལ་ལུགས་ཚེ་རྟ་ཟུང་འབྲེལ་གྱི་བུམ་པའང་ཟླུམ་པོ་མཆུ་མེད་རྟ་མགོས་མཚན་པ་ཡིན་ནོ། །
དྲི་མེད་ལྷག་བསམ་མཆོག་གིས་ཞིབ་པར་གཞུང་དཔེ་གར་ཁུངས་གཏུགས་ནས། གསུངས་པར་བཀའ་དྲིན་ཆེ། ཆོ་གའི་སྐབས་བུམ་པ་བསྐྱེད་པ་ཞེས་པའི་ཁར་རྡོ་རྗེ་བཞག་ནས། དེ་ལ་སྐུད་པས་བཀྲིས་ཡོད་པ་ལས་སྐུད་པ་ནར་གྱིས་འཐེན་ཏེ། སློབ་དཔོན་གྱི་སྐུད་པ་ཕྱག་ཏུ་བཟུང་ནས། ཚོགས་པ་ཡོངས་ཀྱིས་སྔགས་བཟླས་ཏེ། བུམ་པ་བསྐྱེད་པ་མཐོང་། ལེགས་པ་རང་མི་དྲན། ལས་བུམ། རྣམ་རྒྱལ་བུམ་པ། ཚེ་བུམ། ནོར་བུམ་སོགས་མང་། དེ་ཡང་མཆུ་ཏོ་ཡོད་པ་དེ་ཅབས་ཁྲུས་བྱེད་པར་མཆུ་ཅན་གྱི་བུམ་པ་ངེས་པར་དུ་དགོས་པར་མཐོང་། དེ་ཡང་། ཅབས་ཁྲུས། ཞེས་པ་ཞིག་བདག་གི་ངག་ལ་འདུག ཅབས་ཀྱི་དག་ཆ་གང་ཡིན་ནམ། དེ་ཡང་ཆོ་ག་པས་ནད་པའི་མགོ་གདོང་བུམ་པའི་ཆུས་ཁྲུས། རྨ་བྱའི་མདོངས་ཀྱིས་ལུས་ལ་ཅབས་ཏེ། ནད་ཐམས་ཅད་ཨ་པ་ན་ཡེ སྭཱ་ཧཱ། གདོན་ཐམས་ཅད་ཨ་པ་ན་ཡེ སྭཱ་ཧཱ། ཞེས་པའི་ཁྲུས་ཆོག་བཏོན་པས་ནད་པ་མང་པོ་ཁྲུས་ཀྱིས་ནད་ལས་དྲག་པར་འདོད་པ་ང་གཞོན་པའི་སྐབས་སུ་མི་དག་གིས་གླེང་བར་ཐོས་སོ།།
ཅབས་ནི་གང་ཤེས། བྱབས་ཁྲུས་ཡིན་འགྲོ།
བུམ་པ་ལ་དབྱེ་ན་གཉིས།
རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས་ཡིན།
ཆོས་ལུགས་གང་ཡིན་འང་མིང་འདོགས་སྟངས་ཀྱི་
ཁྱད་པར་ལས་དོན་གྱི་འདི་ལས་མཆིས།
གཞན་ཚེ་བུམ་དང་ནོར་བུམ་ཟེར་བ་དག་ལ་
ཁ་གཡེར་བ་དགོས་ངེས་ཡོད་པ་
མ་རེད་ཟེར་བ་ཞིག་ཐོས་མྱོང་།
བུམ་པའི་ཁ་རྒྱན་གྱི་སྐོར་ལ་དྲ་གྲོགས་
བན་ཏེ་བས་འགྲེལ་བཤད་རྒྱབ་པ་ལ་ཐུགས་རྗེ་ཞུ།
བཅོས-འདི་ལས་མ་མཆིས།
དཔལ་མེ་ཏོག་པདྨ་དཀར་པོས།
བྱབས་ཁྲུས་ཡིན་འགྲོ། ཞེས་པ་དེ་བདེན་འདུག
རྨ་བྱའི་མདོངས་ཀྱིས་ལུས་ལ་བྱབས་ཏེ། ཞེས་བཅོས་སོ།
ཀུ་ཤུ་ཞིག་བཞག་ན་ཡག་ས་རེད་་་་ཧཧཧ
བགློ་གླེང་ལེགས་བྱུང་ཐུགས་རྗེ་ཆེ།
གོས་ཀྱི་ཐལ་རྡུལ་ལག་པས་བྱབ་པ་ལྟར། བུམ་ནང་གི་ཆུས། གྲིབ་དང་མི་གཙང་བ་ཡང་བྱབས་པས་ན་བྱབས་ཁྲུས་ཞེས་ཐོགས་པ་འདྲ།
བུམ་པ་འདི་ནང་པ་བས་བུམ་པ་ཡིན་ན་ཅི་འཛུགས་དགོས་མིན་ངས་མི་ཤེས། རྒྱུ་མཚན་ང་རྒྱ་དར་གྱིས་བཏུམས་པས་ཕྱི་ཤུན་ལས་ཕྱིར་ཐོན་ཙམ་ཡིན། ཀླུ་མྱོན་གྱི་བུམ་པ་ཡིན་ན་ལས་སླ་བོ་རེད། རྩིད་པ་ཞིག་གིས་ཆོད་དང་ཆོག་ཆོག་ཡིན།
ལ་དྭགས་ལགས་་་་བྱབས་ཁྲུས་རང་རེད་དོ།། སྔགས་ཀྱི་ཆོ་ག་ནས་གཞིར་བཟུང་བཤད་ན་མཐར་ཏུག་ན་བུམ་པ་ལ་རྣམ་བུམ་དང་ལས་བུམ་གཉིས་རང་རེད་དོ།།
ཁ་བརྡ་ཡག་པོ་འདྲ་ཞིག་གནང་གི་འདུག་ག
ཁ་བརྡ་ཡག་པོ་འདྲ་ཞིག་གནང་གི་འདུག་ག
དྲི་མེད་ལྷག་བསམ་གྱིས་གཙོས་པའི་དྲ་གྲོགས་ཚང་མས་ལྗགས་ལན་ཁ་གསལ་གོ་བདེ་རེ་གནང་བར་ཐུགས་རྗེ་ཆེ་ཞུ། བདག་གིས་གཟའ་འཁོར་གཅིག་གི་སྔོན་རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོའི་ནང་དུ་བུམ་པའི་ཁ་རྒྱན་གྱི་སྐོར་རྒྱུད་རྒྱ་གཞུང་ལ་ཁུངས་གཏུགས་ནས་ཞིབ་ཕྲ་ཞིག་གསུངས་ཡོད་པ་མཇལ་རྐྱེན་ཁྱེད་རྣམ་པའི་དགོངས་ཚུལ་བཀའ་འདྲི་ཞུས་པ་ལགས།
དྲ་གྲོོགས་རྣམ་པས་འབུམ་པ་དང་འབྲེལ་བའི་སྐོར་ལ་བགྲོ་གྲེང་ལྷུག་པོར་གནང་བ་ཐུགས་རྗེ་ཆེ།
ཁ་ཤས་ཀྱིས་འདིར་རྣམ་རྒྱལ་བུམ་པ་ཟེར་བ་དེ་མཆུ་མེད་པ་ཞིག་ཡིན་དགོས་ཚུལ་དང་། དེ་ཡང་བུམ་པ་ཟླུམ་པོ་ཞེས་གསུངས་པ་ལ་ཁུངས་གཏུགས་པ་ཙམ་ལས་དེ་ལས་གཞན་དུ་མཆུ་མེད་དགོས་པའི་རྒྱུ་མཚན་བཀོད་པ་མི་འདུག། གལ་ཏེ་མཆུ་མེད་དགོས་པའི་རྒྱུ་མཚན་བུམ་པོ་ཟླུམ་པོ་ཡིན་པར་གསུངས་པ་དེ་ལས་གཞན་དུ་མེད་ན་མཆུ་ཡོད་པས་བུམ་པ་ཟླུམ་པོ་མིན་པར་མི་འགྱུར་བས་ཟླུམ་པོ་ཡིན་དགོས་པའི་རྒྱུ་མཚན་དེས་བུམ་པ་མཆུ་མེད་ཡིན་པར་སྒྲུབ་ཨེ་ནུས་བསམ། ལྷག་དོན་དུ་ཡང་འབྲུག་གི་བཀའ་རྙིང་དགོན་རྣམས་སུ་སྒྲུབ་པ་དང་སྒྲུབ་ཆེན་ལ་སོགས་པ་གང་གི་སྐབས་སུ་ཡིན་ཀྱང་དེ་དག་གྲོལ་བའི་དུས་སུ་དངོས་གྲུབ་བླང་བ་ཟེར་བ་ཞིག་འདོན་རྒྱུ་ཡོད་ལ་དེ་དུས་རྣམ་རྒྱལ་བུམ་པ་འམ་གཙོ་འབུམ་ནས་བུམ་ཆུ་འགྱེད་སྲོལ་ཡོད་པས། རྣམ་རྒྱལ་བུམ་པ་དེ་ནི་མཆུ་ཅན་ཞིག་དགོས་ངེས་པར་མཐོང་། གོང་དུ་མཆན་མཁན་ཞིག་གིས་ཚེ་བུམ་ནི་ངེས་པར་དུ་ཁ་གཡེར་བ་ཞིག་ཡིན་མི་དགོས་ཚུལ་གསུངས་པ་ཡང་བདེན་པར་སྣང་སྟེ། འབྱོར་པ་མེད་མཁན་ཁ་ཅིག་གིས་ཚེ་བུམ་ཤོག་བུས་བཟོས་པའམ་ཀོ་བས་བཟོ་སྲོལ་ཡོད་པ་ཐོས་སོ༎
པདྨ་གླིང་པའི་ལུགས་ལ་ནི་བུམ་པ་ལ་ཁ་རྒྱན་འཇོག་སྲོལ་མེད་པ་འདྲ་སྟེ། ཁོང་གི་རྣམ་ཐར་དུ། ས་ཆ་ག་གེ་མོ་ཞིག་ཏུ་བླ་མ་དྲག་པོའི་དབང་སྒྲུབ་གནང་དུས་བུམ་པའི་ནང་ནས་མྱུ་གུ་སྐྱེས་ཏེ། སྙེ་མ་བཏགས་པ་དང་སྨིན་པ་སོགས་བྱུང་སྟེ་དབང་གྲལ་དུ་ཚོགས་པ་ཀུན་གྱིས་མངོན་སུམ་མཐོང་བ་མ་ཟད། དེར་འཛོམས་པ་ཀུན་ལ་བྲིམས་པས་ཀུན་གྱིས་ཟ་ཐུབ་པ་བྱུང་ཟེར་བ་ཞིག་གསལ།
བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ། བུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་སྐབས་བུམ་པ་ལྔའི་ནང་གསེས་སངས་རྒྱས་ཀྱི་བུམ་པའི་བུམ་པ། ཞེས་པའི་བུམ་པ་ལྔ་དེ་གང་ཞིག་ཡིན་མིན་དྲ་གྲོགས་རྣམ་པས་ལན་ཞིག་གསུང་རོག
བུམ་པ་ཟླུམ་པོ་ཟེར་བ་མཆུ་མེད་ཡིན་མིན་གཉིས་ཀ་ཡོད། བུམ་པའི་ཁ་རྒྱན་ལ། རིགས་ལྔ་སོའི་རང་་མདོག་བྱེད་སྲོལ་ཡང་ཡོད། བུམ་པའི་ཁ་རྒྱན་དཀར་དམར་གཉིས་འབྲེལ་དགོས་པའི་དུས་ཀྱང་ཡོད། བུམ་ཆུ་མགོ་དང་ལག་པར་སྦྱིན་པར་བུམ་སྒྲོ་ཁོ་ནས་བྱེད་པའི་དུས་ཀྱང་ཡོད། དཀྱིལ་འཁོར་དུ་ལྷ་གྲངས་དང་མཉམ་པའི་བུམ་པ་འགོད་དགོས་དུས་ཀྱང་ཡོད། བསྡུ་ན་ལྔ་དང་གཉིས། གཅིག་གིས་བྱེད་པའི་དུས་ཀྱང་ཡོད། རྒྱས་པར་ས་སྐྱ་པཎ་ཆེན་གྱི་སྡོམ་གསུམ་རབ་དབྱེའི་འགྲེལ། རྗེ་ཙོང་ཁ་བ་ཆེན་པོའི་སྔགས་རིམ། རྡོར་ཕྲེང་དབང་ཆོག་གི་ཕྱག་ལེན། རྗེ་བཙུན་ཏཱ་ར་ནཱ་ཐས་བདེ་མཆོག་བསྟོད་ཆེན་འགྲེལ་བ། ཏཱ་ར་ནཱ་ཐའི། དུས་འཁོར་མཆོག་དབང་། བདེ་མཆོག་རབ་འབྱམས། ཕག་མོ་རབ་འབྱམས། གཤིན་རྗེ་རབ་འབྱམས་སོགས་ཀྱི་དབང་ཆོག འཇམ་མགོན་བློ་གཏེར་དབང་པོའི་་དབང་དང་རྗེས་གནང་གི་ཕྱག་ལེན་དང་། རྡོ་བྲག་རིག་འཛིན་པད་འཕྲིན་གྱིས་མཛད་པའི་འདུས་མདོའི་དབང་ཆོག བཀའ་བརྒྱད་དབང་ཆོག བཀའ་བརྒྱད་རྣམ་བཤད། མདོ་དབང་ཁམས་ལུགས་ཀྱི་ཆོ་ག་སོགས་ན་རྒྱས་པར་ཡོད་ཅིང་། རྙིང་མ་གཏེར་མའི་ཕྱོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་བཤམས་བཀོད་སོགས་ལ་ལེགས་པར་གཟིགས་དང་ཤེས་པར་འགྱུར་རོ། །འདི་ལ་མཚོནདོན། དགོས་པ་སོགས་རྒྱ་ཆེ་བས་ཕྲན་ལྟ་བུས་འགྲིག་དང་མི་འགྲིག་ཅེས་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོའི་དགོངས་པ་ཐག་གཅོད་པའི་སྤོབས་པ་མེད་དོ། །
༸རྗེའི་གསུང་འབུམ་ག་པ་སྔགས་རིམ་ཤོག་གྲངས་༢༠༨ཀྱི་ནང་ལ།
་་་་སོགས་གསུམ་དང་ཤར་ལྷོ་ལ་སོགས་པའི་མཚམས་བཞིར་གཤིན་རྗེ་བརྟན་མ་ལ་སོགས་པའི་བུམ་པ་འཇོག་གོ །གྲ་བཞིའི་བུམ་པ་རྣམས་ལ་བྱ་རྒོད་ཀྱི་སྒྲོ་དང་བཅས་པའི་མདའ་བཞི་སྟེ། ཞེས་པ་ཡང་གསུངས་འདུག