རྩམ་ ཟན་ཡོང་ལ་ཞུ་རྒྱུར་། ངའི་ཚོང་ཁང་ཆུང་ཆུང་འདི་དང་འབྲེལ་བའི་རྒྱུན་མཁོའི་དབྱིན་ཡིག་གི་མིང་ཚིགས་ སྐོར་ཅིག་། བོད་སྐད་ཐོག་ཅི་ལྟར་འབྲི་དགོས་མ་ཤེས་ནས་། ལྐུག་པའི་ལྷ་མཐོང་བ་ལྟར་ཁ་མུར་མུར་གྱི་ངང་། ཡར་འགྲོ་མར་འགྲོ་བྱས་ནས་ལྷགས་སྡད་ཡོད་། གཤམ་གྱི་ མིང་ཚིགས་དེ་དག་བོད་སྐད་ཅི་ལྟར་བྲིས་ན་ལེགས་ཚུལ་གྱིས། ང་ལ་ལམ་སྟོན་དང་། བོད་སྤྱི་ཡོང་ལ་ཕན་པས་མིང་གསར་གཏན་འབེབ་འམ། སྐད་གསར་གཏན་འབེབ་དུམ་བུ་་ཞིག་གནང་རོགས་། བཀའ་དྲིན་ཆེ་སྐུ་ཚེ་རང་རྒྱུ་ཚོ།
མིང་ཚིགས་།
1. Order
2. Conformation
3. Processing
4. Cancel
5. Credit card
6. Web host
7. Customer
8. Invoice
9. Products
10. Shopping cart
11. form
Tibetan Tsampa
5103 Panama Ave
Richmond, CA 94804
www.tibetantampa.com
ཡག་པོ་རེད།
ངས་ཁྱེད་ལ་རོགས་པ་བྱེད་དགོ།
བོད་པས་རང་འགན་ཁུར་ཁྱེར་གྱིས་བོད་སྐད་ནམ་ཡང་མི་བརྗེད་པར་སྤྱི་ཙོགས་ཀྱི་ཆ་ཀུན་ལ་ཁྱབ་པ་བྱེད་རྒྱུ་གལ་ཤིན་ཏུ་ཆེ། འདི་འདྲའི་བསམ་བློ་ཡོད་པ་བསྔགས་པའི་ཡུལ་རེད། མིང་ཚིག་འདི་ལྟར་བསྒྱུར་བ་གཅིག་འགྱུར་ཡོང་ཆེད་མཁས་དབང་རྣམ་ལ་ཛྲིས་ནས་ལེགས་བཆོས་གནང་འཚལ།
1. Order
མངག་ཉོ།
2. Conformation
གནས་སྟངས། གོམས་འདྲིས།
3. Processing
བརྒྱུད་རིམ། བརྒྱུད་ཐོ།
4. Cancel
ཕྱིར་སློག རྩིས་མེད།
5. Credit card
དངུལ་བྱང་།
6. Web host
འོད་དྲྭ་ཁང་།
7. Customer
ཚོང་མགྲོན།
8. Invoice
རྩིས་ཁྲ།
9. Products
དངོས་རྫས།
10. Shopping cart
ཚོང་བྱང་།
11. form
བཟོ་ལྟ།
order
ལས་བཅུག་པ།
conformation
བྱ་ཚུལ། ལས་ཚུལ།
processing
ལས་བཞིན་པ།
cancel
མེད་པར་བྱས།
cridit card
རྗེས་སྤྲོད་དངུལ་འཛིན།
web host
ངོ་སྤྲོད་དྲ་བྱང་།
customer
ཟ་མཁན།
Invoice
བྱུང་འཛིན།
Products
ཅ་ལག
Shopping cart
ཉོ་འཛིན།
form
གཟུགས།
ཡང་ན། མིང་ཤོག་སྐོང་ས།
གཤམ་བཀོད་ཀྱི་ཤན་སྦྱར་རྣམས་ཚོང་ཁང་གི་བེད་སྤྱོད་གཞིར་བཞག་གིས་བསྒྲུབས་ཡོད། ཕན་ཐོགས་ཡོད་པར་སྨོན།
1. Order མངག་ཉོའམ་མངག་པ།
2. Conformation ཆགས་སྟངས། འགྲོ་སྟངས།
3. Processing ལས་ཀ་བྱེད་བཞིན་པ།
4. Cancel རྩིས་མེད་གཏོང་བ། ཕྱིར་ལྡོག་པ།
5. Credit card རྗེས་སྤྲོད་དངུལ་བྱང་།
6. Web host དྲ་ཚིགས་ཉར་མཁན། དྲ་མའི་བདག་པོ།
7. Customer མགྲོན་པོ། ཉོ་མཁན།
8. Invoice ཉོ་ཆའི་ཐོ་ཡིག ལས་འཆར་ཐོ་ཡིག
9. Products ཚོང་རྫས། ཐོན་རྫས།
10. Shopping cart ཉོ་ཆས་འགྲུལ་སྤྱད།
11. form འགེང་ཤོག
ཁྱེད་ཀྱི་ཚིག་conformation ཞེས་པ་འདི་ confirmation དང་ནོར་ཨེ་ཡོད་བསམ། གལ་ཏེ་ཡོད་ན། རྗེས་མའི་ཤན་སྦྱར་ནི། མཐའ་མའི་ཐག་གཅོད། ཡིན།
cridit card
རྗེས་སྤྲོད་དངུལ་འཛིན།
Customer
ཚོང་མགྲོན།
སྒྱུར་སྟངས་འདི་གཉིས་ཡག་པོར་མཐོང་།
དངོས་ནས་གླེང་གཞི་ཡག་པོ་འདུག་ལ་སྤུན་ཟླ་དག་གིས་ཐུགས་སྣང་འཛད་པ་ཡང་དངོས་ནས་ཡག་པོ་རེད་འདུག་ལགས།
1. Order མངག་ཉོ། ཟེར་ན་མ་འགྲིག་པ་མེད་པར་སྣང་།
2. Conformation བཟོ་དབྱིབས། ཟེར་མཁན་ཡང་ཡོད་པར་སྣང་།
3. Processing བཟོ་བསྐྲུན་བྱེད་པ་། ལ་གོ་དགོས་པ་འདྲ།
4. Cancel གསུབ་གཏོང་། རྩིས་མེད། གཉིས་གང་རུང་འཚམ་པར་སྙམ།
5. Credit card དངུལ་འཛིན། དངུལ་བྱང་། གཉིས་ལ་ཁྱད་པར་མི་འདུག་སྙམ།
6. Web host དྲ་བདག ཟེར་ན་འགྲིག་པར་སྣང་།
7. Customer སྐུ་མགྲོན།
8. Invoice ཐོ་ཡིག དངོས་ཟོག་རྣམ་གྲངས།
9. Products ཐོན་རྫས། ཐོན་ཟོག གང་རུང་ལ་གོ་ན་འགྲིག
10. Shopping cart ཉོ་བྱང་།
ང་རང་གི་འབད་བརྩོན་བྱས་པ་འདི་དག་ཡིན་ལགས། སྤུན་ཟླ་གཞན་དག་གི་གསུང་བ་དེ་དག་དང་བསྡུར་ནས་རྗེས་ཕྱོགས་ཉིས་ཀྱི་བོད་ཡིག་ཐོག་ལ་ཕབ་རྗེས་སུ་སླར་ཡང་འདི་རུ་སྤུན་ཟླ་དག་ལ་ལན་ཞིག་སྤྲོད་རོགས་ཞུ།
11. form
11. form འདི་ལ་ཡོངས་གྲགས་ཀྱི་འགེང་ཤོག་ཟེར་བཞིན་ཡོད་ཚད་རེད་ལགས།
བསམ་གཞིགས་བྱ་ཆེད་དུ་འདིར་མེད་པའི་ཚིག་འགའ་འབྲི་རྒྱུ་ཡིན།
confirmation གཏན་འཁེལ།
processing དངོས་གཞི་བཙུགས་པ།
ཁྱེད་རང་གིས་མངགས་བའི་ཅ་ལག་འདི་ནས་དངོས་གཞི་གཏོང་འགོ་བཙུགས་ཚར་སོང་ན་ཕྱིར་འཐེན་བྱ་མི་ཐུབ།
You will not be able to cancel your order once we start processing it.
shopping cart ཉོས་སྣོད་དམ་ཉོ་སྣོད། ད་དུང་བླུ་སྣོད།
invoice ཉོས་འཛིན་ནམ་ཚོང་འཛིན
web host དྲ་གནས། དྲ་བའི་གནས་ཚང་ཞེས་པ་བསྡུས་པའི་དྲ་གནས། མིང་འདི་འཚམ་ཤོས་མཐོང་གི་འདུག ཡིན་ནའང་དྲ་གནས་ཟེར་དུས་དྲ་བའི་སྟེང་གི་གནས་ཚུལ་གྱི་མིང་བསྡུས་པར་གོ་ཚར་འདུག་པས་འདི་གཉིས་གོ་ནོར་ཤོར་བའི་ཉེན་ཁ་འདུག
web host དྲ་གནས་ཟེར་བ་འདིར་སྣང་བ་འགྲོ་གི་འདུག འདི་ཡག་པོ་འདུག
ཁ་ཤས་ཤིག་གིས་དྲ་ཚིགས་ལ་དྲ་གནས་ཟེར་བ་འདུག ཡིན་ཡང་འདི་གཉིས་ཀྱི་དབྱེ་བ་གོང་དུ་བཤད་ལྟར་ཕྱེ་ན་ཡག་པོ་འདུག
གོང་གི་ཚིག་དོན་རྣམས་བོད་སྐད་དུ་ཇི་ཡིན་ཤེས་འདོད་ན་ དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་ཚད་ལྡན་ཞིག་ལ་གཟིགས་ན་ཡག་ཤོས་རེད་ གང་ལགས་ཞེ་ན་ མིང་ཚིག་མང་པོ་ཞིག་ལ་ ཚིག་རེ་རེར་དོན་མི་འདྲ་བ་མང་པོ་ཡོད་སྟབས་ ཚིག་མཛོད་ནང་གཟིགས་ན་རང་ཉིད་ཀྱི་སེམས་ནང་ཚིག་དེ་གོ་དོན་གང་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་པ་དེ་ག་རང་གི་དོན་ཏག་ཏག་དེ་འདེམས་ཐུབ་ཀྱི་རེད་ དེ་མིན་མི་རེ་ནས་རང་ཉིད་ཀྱི་བསམ་པའི་ཚིག་དོན་མ་འདྲ་ཙམ་ མ་འདྲ་ཙམ་རེ་བྲིས་ཡོང་ན་ཐུག་པ་བག་ཐུག་བསྐོལ་རོག་མ་རེད་པས་།
shopping cart ཞེས་པའི་ཐ་སྙད་འདི shopping card ལ་མང་པོ་ཞིག་གིས་ནོར་འདུག
སྤྱིར་ shopping cart དང་ web host སོགས་དབྱིན་བོད་ཚིག་མཛོད་དུ་རྙེད་རྒྱུ་དགའ་བ་དགོངས་འཇོག་འཚལ།
གོང་གི་ཚིག་དོན་རྣམས་བོད་སྐད་དུ་ཇི་ཡིན་ཤེས་འདོད་ན་ དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་ཚད་ལྡན་ཞིག་ལ་གཟིགས་ན་ཡག་ཤོས་རེད་ གང་ལགས་ཞེ་ན་ མིང་ཚིག་མང་པོ་ཞིག་ལ་ ཚིག་རེ་རེར་དོན་མི་འདྲ་བ་མང་པོ་ཡོད་སྟབས་ ཚིག་མཛོད་ནང་གཟིགས་ན་རང་ཉིད་ཀྱི་སེམས་ནང་ཚིག་དེ་གོ་དོན་གང་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་པ་དེ་ག་རང་གི་དོན་ཏག་ཏག་དེ་འདེམས་ཐུབ་ཀྱི་རེད་ དེ་མིན་མི་རེ་ནས་རང་ཉིད་ཀྱི་བསམ་པའི་ཚིག་དོན་མ་འདྲ་ཙམ་ མ་འདྲ་ཙམ་རེ་བྲིས་ཡོང་ན་ཐུག་པ་བག་ཐུག་བསྐོལ་རོག་མ་རེད་པས་།
ངས་གོང་དུ་ག་རེ་བཤད་ཡོད་པ་ཁྱེད་ཀྱིས་མཐོང་གི་མེད་པ་འདྲ། མིག་ཅིག་ཡོད་ན་གཟིགས་རོགས། མི་ཤེས་ན་ཅིང་མ་བཤད།
ཁྱོས་མི་ཤེས་པ་དང་དབྱིན་བོད་ཚིག་མཛོད་དུ་མེད་པ་དེང་སང་ཧ་ཅང་མང་པོ་ཡོད་པ་ངས་ཁྱོད་ལ་གསལ་བཤད་བྱས་ནི་ཡིན།
སྐུ་ཞབས་འཕྲིན་ལས་ལགས་ཐུགས་རྗེ་ཆེ་། ཐུགས་རྒྱ་མ་བཞེང་རོགས།
ཚང་མར་ཐུགས་རྗེ་ཆེས་།
གོང་དུ་གསུང་བ་དེ་དག་མང་བཞག་ཉུང་ལེན་ན་འདི་ལྟར་།
Order མངག་ཉོ་།
Cancel རྩིས་མེད་
Credit card རྗེས་སྤྲོད་དངུལ་བྱང་།
Web host དྲ་མཛོད་།
Customer ཚོང་མགྲོན། (ངའི་ལས་རིགས་འབྲེལ་ན་འདི་ཡག་གི་)
Products ཚོང་རྫས། ཐོན་རྫས།
Invoice ཉོས་འཛིན
Shopping cart ཉོ་སྣོད་།
form འགེང་ཤོག
confirmation མ ཐའ་མའི་ཐག་གཅོད
སྐུ་ཞབས་འཕྲིན་ལས་ལགས་། ཁྱེད་ཀྱི་གསུང་བ་དེ་ག་རང་རེད་། ངའི་ནོར་འདུག་། conformation ཞེས་པ་འདི་ confirmation དང་ནོར་འདུག་།
Process རིག་པའི་རལ་གྲི་ལགས་ཀྱི་གསུང་པའི་”ལས་བཅུག་” ཞེས་པ་དེ་འདི་རུ་བཀོད་ཅི་འདྲ་འདུག་།
བཀའ་དྲིན་ཆེ་གནམ་གི་སྲུང་རྒྱུ་ཚོ་། མཁོར་ཕྱོགས་རེ་གི་་ཀ་ལེ་ཕོར་ཉ་་ལ་མཁོར་ན་། ནང་ལ་རྕམ་པ་ཟ་གི་ཕེབས་། ཁ་ཡག་མིན་ཁ་བྱང་དང་ཁ་པར་ཨང་གྲངས་ཚང་མ་དྲ་ཐོག་ན་ཡོད་པས་ལེན་ཆོག་ཆོག་རེད་།
ཆད་པ། ་་་མང་བཞག་ཉུང་ལེན་ན་ཞིག་བྱས་ན་འདི་ལྟར
ཡྰའ་ཁོ་རེ་འཕྲིན་ལས་
ངེད་ཀྱི་གོང་ན་ཆན་ཨང་༡༡ དེ་སྤྱིར་སྟངས་གྱི་བསམ་ཚུལ་ལས་ སུ་གང་ལ་དམིགས་ཏེ་བྲིས་པ་ཞིག་མིན་ ངེད་ཀྱི་་ཆན་དེ་ཡང་བློ་བཟང་དབང་ལྡན་ནས་ཤུས་སྟེ་ ཆན་ཨང་༡༣ ཐོག་ཕབ་འདུག་ ཕལ་ཆེར་ང་ལ་མོས་མཐུན་གྱི་་བསམ་ཚུལ་གཅིག་པ་ཡིན་ཚུལ་འདྲ་ལེ་ དེ་ན་ཁྱེད་ཀྱི་ཆན་ཨང་༡༤ པའི་ནང་ “….དེམི་ཤེས་ན་ཅིང་མ་བཤད…ཞེས་པ་སོགས་ སུ་ལ་ཟེར་གྱི་ཡོད་ ང་ལ་ཟེར་ཀྱི་ བློ་བཟང་དབང་ལྡན་ལ་ཟེར་།
Order མངག་ཉོ་།
confirmation ཁས་ལེན།
Cancel དོར་བ།
Processing གོ་རིམ།
Credit card ཡིད་བརྟོན་དངུལ་བྱང་།
Web host དྲ་རྒྱའི་གཙོ་འཁོར།
Customer འཛད་སྤྱོད་མཁན།
Products ཚོང་ཟོག
Invoice ཉོས་ཐོ།
Shopping cart ཉོས་བཅའ་འདེད་ཁྲི།
form འགེང་ཤོག
རྩམ་པ་བྲོ་བ་ཅན་ཞིག་ཡོད་པ་འདྲ། རྗེས་མ་ཁོམ་ན་རུ་ཉུལ་དུ་ཡོང་ངེས་ཡིན།
གོང་གི་རྩམ་པ་ཚོང་ཁང་གི་དྲ་བའི་ཁ་བྱང་དེ་ནོར་འདུག
http://www.tibetantampa.comམ་རེད། http://www.tibetantsampa.com རེད།
ངེད་རང་དེ་རིང་སང་ཉིན་བྲེལ་འཚུབ་ཀྱི་དོང་ལ་ཟགས་ནས་ཡོད། དེར་བརྟེན། ཐ་སྙད་དབྱིན་བསྒྱུར་གྱི་ཕྱོགས་ལ་བསམ་ཚུལ་ཕུལ་ཐུབ་མ་སོང༌།
དེར་དགོངས་འགལ་མེད་པ་ཞུ། འོན་ཀྱང༌། ཁྱེད་ཚང་ལ་ཨ་མདོའི་རྩམ་པ་ཡོད་ཙང༌། རྩམ་པ་ཉོ་གི་ཡིན།
རྗེས་སུ་གཅིག་བྱས་ན། ཁྱེད་ཚང་ལ་རྩམ་པ་ཟ་གི་ཡང་ཡོང་གི་ཡིན།
བོད་ཀྱི་རྩམ་པའི་སྐོར་ལ༌། ངེད་རང་ཡོ་རོབ་ན་ཡོད་དུས༌། དེ་རུ་གནས་སྡོད་བོད་རིགས་རྒན་རྒོན་འགའ་དང་མཉམ་དུ་རྩམ་པའི་སྐོར་ནས་གླེང་མོལ་ཞིག་བྱུང།
ཁོང་ཚོར་རྩམ་པ་དང་འབྲེལ་བའི་ལོ་རྒྱུས་སྙིང་རྗེ་བོ་མང་པོ་གསུངས་རྒྱུ་འདུག དེར་བརྟེན། ངེད་ཀྱིས་ཀྱང་རྩམ་པའི་སྐོར་ནས། “རྩམ་པ་ཞིམ་དུ་ཞིམ་དུ། ཟ་མཁན་ཉུང་དུ་ཉུང་དུ་”ཟེར་བའི་རྩོམ་ཐུང་ཞིག་གི་མགོ་བསླངས་བ་ཡིན། འོན་ཀྱང༌། བྲིས་ཚར་མེད། ད་དུང་ཡང་ལྷག་ནས་ཡོད། ཁ་སྔོན་ཉིན་འགའི་སྔོན་ལ་ཁ་བརྡའི་སྒང་ནས་་ཁྱེད་ཚང་གི་དྲ་བ་འདི་མཐོང་བ་ཡིན་ཙང༌། སེམས་ལ་དགའ་བ་ཚད་མེད་ཞིག་སྐྱེས། དགའ་བ་ཚད་མེད་སྐྱེས་དོན་ནི། དང་པོ། ཁྱེད་ཚང་ལ་མཨ་མདོའི་རྩམ་པ་བཙོང་རྒྱུ་ཡོད་པས་ཡིན།
གཉིས་པ། ཨ་མདོའི་རྩམ་པ་དྲ་ཐོག་ནས་ཉོ་ཆོག་པ་དེ་ཡིན། གསུམ་པ། ཨ་རིའི་གནས་སྡོད་བོད་རིགས་ཁྱིམ་ཚང་ཞིག་གིས་རྩམ་པའི་ཚོང་ལས་ཆུང་ཆུང་ཞིག་སྒོ་ཕྱེས་བ་བཅས་ཡིན།
འདིར་ཞོར་ལ་གནས་ཚུལ་འགའ་བརྗོད་ན། སུད་སི་རུ་ཡང་བོད་ནས་སླེབས་པའི་ཨ་ཅག་ལགས་ཞིག་གིས་རྩམ་པའི་ཚོང་ལས་གཉེར་གྱི་འདུག
བོད་ནང་གི་མདོ་སྨད་བླ་བྲང་དུ་རྩམ་པའི་བཟོ་གྲ་ཆུང་ཆུང་ཞིག་བཙུགས་འདུག་ཟེར། འདི་ཚོ་རྗེས་མ་གླེང་གི་ཡིན།
དྲ་གྲོགས་ཚོས་ཀྱང༌། བོད་ཀྱི་རྩམ་པ་ཚོང་ཁང་ནས་རྩམ་པ་རྒྱ་མ་གང་རེ་དགའ་བ་སྒོམ་ནས་ཉོ་རོགས།
རྩམ་པ་ཚོང་ཁང་གི་རྩམ་པ་དེ་ཨ་མདོའི་རྩམ་པ་ཡིན་ལུགས་བརྗོད་འདུག སྐད་ལ་དབུས་སྐད་དང་ཨམ་སྐད། ཁམས་སྐད་ཅེས་སོ་སོར་དབྱེ་འདུག དེ་ན་རྩམ་པ་ལ་མི་འདྲ་བའི་
ཁྱད་ཆོས་ཅི་ཞིག་ཡོད་པ་རེད།
རྩམ་པ་ཚོང་ཁང་གི་རྩམ་པ་དེ་ཐོན་རྫས་གང་འདྲ་ཞིག་ཡིན་པ་རེད། དེ་རྩམ་སྐྱ་ཁོ་ན་ཡིན་པ་རེད་དམ།
རྩམ་པ་དང་མར། ཕྱུར་བ་བཅས་འཛོམས་པའི་ཐོན་རྫས་ཞིག་རེད།
སྐུ་ཞབས་འབྲོང་ལགས།
བོད་ཀྱི་རྩམ་པ་ཚོང་ཁང་གི་སྐོར་ལ་རྩོམ་ཡིག་དང་འགྲོ་གླེང་། དབྱིན་མིང་བོད་བསྒྱུར་གྱི་ཕྱགས་མང་པོ་གནང་སོང་སྐུ་ཚེ་རིང་། ཚང་མས་མཁྱེན་གསལ་ལྟར་། ཨམ་སྐད་དང་དབུས་སྐད་པར་ལ་ཡང་དམིག་གསལ་གྱི་ཁྱད་པར་འདིར་རེད་ཞེས་ལྡོག་ལྡོག་ཞིགས་ལོགས་སུ་འགར་རྒྱུ་མེད་པ་། དཔེར་ན། པ་ཎས་། ཆུ་ལབས་པ་ལྟར་མ་ཡིན་པར་། སྔོན་རྗེས་ཀྱི་སྒྲ་གདངས་གསལ་མི་གསལ་པའི་ཁྱད་པར་ཙམ་ཡིན་། དཔེ་དེ་དེ་གཞིན་དུ་། བདག་གི་འདིར་རྩམ་པ་ལ་ཨམ་མདོའི་རྩམ་པ་དང་སྤྱི་གཏང་གི་རྩམ་པ་རིགས་གཉིས་སུ་འགར་ཡོད་པ་འདི་ཡང་། རགས་ཞིབ་གྱི་ཁྱད་ཙམ་ལས། རྒྱུ་ཆ་གཅིག་ཡིན་། ད་ལྟ་འདིར་བོད་ཀྱི་རྩམ་པ་ཚོང་ཁང་དུ་ཡོད་པ་ནི་། ནས་དཀར་གྱི་རྩམ་པ་ཡིན་ལ་། རྩམ་རྐྱང་ཡིན། ཁྱེད་ཀྱིས་གསུང་བའི་མར་ཆུར་སྡབས་ཚར་རྩམ་པ་དེ་ལ་ཡུལ་སྐད་དུ་བྱེ་ཕུར་ཟེར་ལ་། འདི་ནི་ཕ་ཡུལ་དུ་རྒན་རྒོམ་རྣམ་གྱི་ཤིན་དུ་དགའ་བྱེད་། ངའི་སྤོ་སྤོ་མཐོ་རིས་བ་དེ་། བྱེ་ཕུར་ལྡག་རྒྱུ་ཤིན་དུ་དགའ་པས། ཆུང་དུས་སུ་ང་དང་ངའི་སྲིང་མོ་གཉིས་ནས་སྤོ་སྤོ་ཡི་བྱེ་ཕུར་བཟོ་རྒྱུ་ཆེད་འཁོན་འཛིང་མང་པོ་བྱེད་། གསལ་བོར་དྲན་པ་ཞིག་ལ། གླ་སྤག་བརྙེད་མའི་ཁུག་མ་ཞིག་ཡོད་ལ་དེས་ནང་མར་གསར་པ་དང་རྩམ་པ་གསར་བ་ཆུར་ཞིབས་དང་བྱེ་མ་ག་ར་མཉམ་སྲོས་ཡིན་ཡང་ཕུར་ཕུར་བྱེད་།
གང་ལྟར་ཁྱེད་ཀྱི་གསུང་བའི་སྡེབས་སྦྱོར་བྱས་ཚར་རྩམ་པ་དེ་ད་དུང་བཙོང་རྒྱུ་མེད་། སྡེབས་སྦྱོར་བྱས་ཚར་བའི་རྩམ་པ་དེ་། དྲ་ལམ་ཚོང་ཁང་ལམ་དུ་སླེབ་རྒྱུ་འབད་བརྩོམ་བྱེད་གི་ཡོད་མོད་། ཅུང་ཙམ་འགོར་ས་རེད་། རྩམ་པའི་ནང་ཟས་རིགས་གཞན་སྡེབས་སྤྱོར་བྱས་ཚེ་། རྩམ་ཁུག་རྒྱབས་ཀྱི་རོ་བཅུད་ནུས་གསུམ་རིས་མིག་(Nutrition Facts) དེ་ཡང་འགྱུར་འགྲོ་གི་ཡོད་པ་དང་། ད་ལྟ་དེས་ཐོག་ལས་ཀ་བྱེད་བཞིན་ཡིན། མི་རིང་བར་སྡེབས་སྦྱོར་བྱས་བའི་རྩམ་པ་དྲ་ལམ་དུ་འཇོག་གི་ཡིན། དེ་དུས་ཨ་ཁུ་འབྲོང་གི་རྩམ་པ་སྣུམ་པོ་ཞིག་ཟ་རྒྱུ་རེད་། ཆ་ཁོལ་ཞིག་བསྐོལ་རྒྱུ་ལས་། ལས་ཀ་གཞན་ཡོད་པ་མ་རེད་།
ད་རིང་དེ་ཙམ་ཡིན་སྐུ་གཟུགས་ཐུག་འཇགས་གནང་རོགས་།
བོད་ཀྱི་རྩམ་པ་ཚོང་ཁང་ནས་།
ང་འཁྲུངས་སའི་ཡུལ་མི་ཚོས་ཀྱང་བྱེ་འཕུར་ལྡག་ཟེར་ནས་དགའ་མོས་བྱེད། བྱེ་འཕུར་དང་རྩམ་པ་དང་མར་འཕུར་ནས་བཟོ་ཆོག་ཆོག་རེད།
འབལ་རྩམ་ཟེར་བ་སྲན་མ་དང་ནས་བསྲེས་ནས་འཐག་པའི་རྩམ་པ་ཡང་ཟ་གི་ཡོད། འདིར་བཤད་འདོད་པ་ཞིག་ལ་འབལ་རྩམ་ལ་ཟས་བཅུད་ཀྱི་ཐད་ནས་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་མ་ཟད་ཞིམ་པོའང་འདུག ཁ་སྔོན་ཡུལ་ནས་ཅི་བསྐུར་དགོས་དྲིས་བར་འབལ་རྩམ་བསྐུར་ཤོག་ཟེར་དུས་དགོད་མོ་ཤོར་ནས་དེང་སང་འཚོ་བ་ཡར་རྒྱས་ཕྱིན་པས་འབལ་རྩམ་ཟ་མཁན་ཡོད་མ་རེད་ཟེར། ཕར་དགོད་མོ་ཤོར་ཡ་རང་རེད།
རྣམ་པ་གསར་བ་གཞན་ཞིག་ནི་འབྲས་དང་མཉམ་དུ་ཞོགས་ཁོག་དང་ཕིང་གི་ཚལ་བཟོ་བ་འདི་ལྟ་བུ་ཟས་རིགས་ཡ་མ་ཟུང་དེ་འདྲ་སླེབས་འདུག འདི་ནི་ཟས་བཅུད་སྒྲིག་སྟངས་མ་ཤེས་པ་རེད། འདི་ནི་carbohydrates གོང་ལ་carbohydrates་སྣོན་པ་ཙམ་ལས་ཕོར་བ་ག་ཚོད་ཟས་ནའང་ཆ་ཚང་བའི་ཟས་བཅུད་ཅིག་གྲུབ་ཐུབ་ཀྱི་མ་རེད།
ད་དུང་ཡར་རྒྱས་ཀྱི་རྣམ་པ་རྫུན་མ་ཞིག་ནི་སྔོན་མ་ཆུ་འཁོར་ནང་འཐག་པའི་བོད་གྲོ་མི་ཟ་བ་གྲོ་བྱེ་དཀར་པོ་ ༼རྒྱ་གྲོ་དང་རྒྱ་གར་ནས་maida ༽་ཟེར་བ་དེ་ཟ་གི་ཡོད་པ་ཡང་ཡར་རྒྱས་ཀྱི་རྣམ་པར་བགྲང་གིན་འདུག
མཁྱེན་གསལ་རེད། བོད་གྲོ་ཆ་ཚང་ལ་ཕྱི་པགས་Bran, དང་ནང་དུ་endosperm, germ ཡོད་པས་ Vatamins དང་ཟས་བཅུད་རིགས་ནང་པོ་ཞིག་ལྷན་འཛོམས་ཡོད་ཀྱང་རྒྱ་གྲོ་དཀར་པོ་ལ་endosperm་མ་གཏོགས་མེད་པས་ཟས་བཅུད་གལ་ཆེ་ཁག་མང་པོ་ཚང་གི་མེད། དེར་བརྟེན་དེང་སང་བོད་ལ་བཟའ་བཏུང་གི་དཀའ་ངལ་དེ་ཙམ་མེད་ཀྱང་ཟས་བཅུད་མ་འདང་པའི་དཀའ་ངལ་ལྷག་མ་ཞིག་ཡོང་གི་འདུག སྐད་ཆ་འདི་སྐབས་སུ་མ་བབས་པས་འདི་མཚམས་བཞག་གོ
གང་བྱས་མང་བྱས་ཟླ་བ་ཁ་ཤས་སྔོན་དུ་བླ་བྲང་བཀྲ་ཤིས་འཁྱིལ་ནས་འབལ་རྩམ་ཁུག་མ་ཆེ་ཐག་ཆོད་ཅིག་བསྐུར་འདུག་པས་ཧོན་འཐོར་ཞིམ་པོ་འདུག
བོད་པས་སྔོན་མ་ནས་སྲན་མ་དང་ནས་མཉམ་བསྲེས་ཀྱི་རྩམ་པ་ཟ་གི་ཡོད་པ་དང་། གནའ་དུས་ནས་རྒྱ་གར་བས་འབྲས་དང་dal་མཉམ་སྡེབ་ཀྱིས་རྒྱུན་ཟས་སྤྱད་ཀྱི་ཡོད་པ་དང་། ཨ་རིར་གནའ་སྡོད་ཡུལ་མི་ཚོས་མ་རྨོས་ལོ་ཏོག་དང་སྲན་མ་མཉམ་སྡེབ་ཀྱིས་འཚོ་བ་སྐྱེས་ཀྱི་ཡོད་པ་དང་། ནུབ་ཕྱོགས་པ་ཚོས་སྔར་མོ་ནས་བག་ལེབ་ལ་ peanut butter ་བྱུག་ནས་རྒྱུན་ཟས་སུ་གྱུར་བ་སོགས་ནི་ཚན་རིག་པས་ protein གྱི་རྣམ་དབྱེ་འབྱེད་མ་ཤེས་གོང་ནས་མཉམ་བསྡེབ་འདི་དག་བྱུང་ཡོད་པ་རེད།
གཙོ་བོ་བཤད་འདོད་མ་ནི་འབྲས་དང་dal གཉིས་དང་། གྲོ་བྱེ་བག་ལེབ་དང་བ་དམ་དང་། མ་རྨོས་ལོ་ཏོག་དང་སྲན་གཉིས་སོགས་ནི་གཅིག་ཆད་གཅིག་གསབ་ཀྱི་ཟས་བཅུད་ complementary proteins་ཡིན་པས་གཉིས་ཀ་བསྡེབས་ན་ཟས་བཅུད་ཆ་ཚང་བ༼complete protein༽་ཞིག་གྲུབ་ཀྱི་ཡོད།
ནས་དང་སྲན་མ་མཉམ་དུ་བསྡེབས་ན་འདི་ཟས་བཅུད་ཆ་ཚང་ཞིག་གྲུབ་ཐུབ་མིན་ངས་བཀླགས་མ་མྱོང་བས་ཐག་བཅད་ནས་བཤད་མི་ཐུབ་ཀྱང་། ཟས་བཅུད་ཀྱི་ཐོག་ནས་བཤད་ན་འབྲས་དང་གྲོ་དང་ནས་གསུམ་བསྡུར་ན་ནས་འདི་ལེགས་པ་ལས་ཞན་པ་ཞིག་མེད་པས་བོད་ཀྱི་རྩམ་པ་ཚོང་ཁང་གིས་འབལ་རྩམ་ཞིག་ཀྱང་འཐག་ཐུབ་ན་ཡག་པོ་འདུག་སྙམ།
འདིར་དབྱིན་ཚིག་འགའ་ཤོར་སོང་བ་ནི་བོད་ཡིག་ཏུ་ཇི་ལྟར་འབྲི་སྟངས་མ་ཤེས་པའི་ལེན་པ་ཡིན།
སྐུ་ཞབས་མེ་སྒྱོགས་ནས་གསུང་འབའ་རྩམ་དང་། སྐུ་ཞབས་རིག་འབྱུང་དོན་གྲུབ་བཀྲའི་ཡོ་རོབས་ནས། རྙེད་པའི་རྩམ་པའི་གཏམ་རྒྱུད་དེ་དག་ཉན་འདོད་ཤིན་དུ་ཆེ་བས་། ཁོམ་པས་སྐབས་དང་བསྟུན་འདི་བཀོད་རྒྱུ་མཁྱེན་།