རེབ་ཐོག་མདའ།
ཁེར་རྐྱང་གི་གོམ་བགྲོད་པ
འུ་ཚང་གི་རྨི་ལམ་རུམ་གང་འཁུར་ནས
ཁྱོད་གཅིག་པུ
རི་ཆུ་སྟོང་ཕྲག་གི་ཕ་རོལ་གྱི་གནས་དེ་ལ
ཞི་བདེ་དང་དྲང་བདེན་གྱི་ཆེད་དུ
ལམ་ཐག་ཇི་འདྲ་རིང་ཡང
རི་བོ་དང་ཆུ་བོ་རྡོག་པས་མནོན་བཞིན
ཆས་སོང་
ཁེར་རྐྱང་གི་གོམ་བགྲོད་པ
ནར་མ་སོན་པའི་མི་རིགས་འདིའི་མདུན་ལམ་གླེང་བཞིན
ཨ་མ་དང་བུ་ཕྲུག་སྐྱུར་ཏེ
ཁྱོ་ཁོ་ན་བཞུད་འགྲོ་བ་ཐོས་དུས
ད་གཟོད བདག་གི་མིག་ཟུང་མཆི་མས་བརླན་བཞིན
ཁྱོད་ལ་ཆེས་མཐའ་མའི་ལག་བརྡ་འཇོག་བཞིན་ཡོད
༢༠༡༢ ཟླ ༣ ཚེས་༡༠ ཉིན།
ཡག་པོ་འདུག་མུ་མཐུད་ནས་་་་་་
ཁེར་རྐྱང་བོད་མིིའི࿒རྩ་དོན་ཆེད་གླིང་ཚང་ཚེ་རིང་རྡོ་རྗེ་ནོར་འཕྲུལ་བར་ཆེད་ཤོར་ནས་རྐར་ལྔའི་རྒྱལ་དར་འཕྱར་ནས་ཁབ་རྡུང་མང་པོ་རག་ཀྱང་། སྙིང་སྟོབས་རྒྱུར་བ་མེད་པའི་ལན་གཅིག་ཕམ་ཀྱང་ཡིད་ཐང་མ་ཆད་པའི་བསླར་ཡང་གཞི་པའི་གོམ་གྲོ་རྐར་་ལྔའི་དར་མ་གཡུག་ནས་བོད་མའི་ངོ་བོ་ཟུང་ནས་རང་ཡུལ་ཕྱོགས་ལ་ཕེབས་སོང་། གངས་ལྗོངས་ཆོས་སྐྱོ་སྲུང་མ་ཡིད་ཤེས་སྤྱན་གྱི་གཟིགས་ནས་ཁོང་ལ་རོགས་པ་གནང་རོགས་། རང་དོན་མ་རེད་གཞན་དོན་རེད་བོད་དང་བོད་མིའི࿒ཆེད་དུ་རེད་།།
གང་ཅོང་གི་སྤ་བོར།
ཡུག་གནོར་གྱི་བརྟོད་པ།
མི་རིག་གི་འདུན་ལན།
མཁར་གྱང་གིས་གྲོད་པ།
གནས་དགའ་ལྡན་ཡིད་དགའ་ཆོས་འཛིན་ན། །
འཁོར་དག་པ་འབུམ་གྱིས་བསྐོར་བ་ཡི། །
རྗེ་རྒྱལ་བ་བློ་བཟང་གྲགས་པ་ཡིས། །
ཐུགས་བརྩེ་བ་ཆེན་པོས་གཟིགས་སུ་གསོལ། །
༧མགོན་རྒྱལ་བའི་ཐུགས་ལ་མ་འགལ་བའི། །
ལམ་དབུ་མའི་སྲིད་ཇུས་གཞིར་བཟུང་སྟེ། །
ཐག་རིང་བོར་ཞི་བའི་གོམ་བགྲོད་པ། །
གླིང་ཚེ་བརྟན་རྡོ་རྗེ་ཐུགས་ལ་བཟུང་། །
བོད་ས་ཡ་དྲུག་གི་བདེ་དོན་ཆེད། །
ཁྱིམ་བཟའ་མི་གང་བོ་བསྐྱུར་གནང་སྟེ། །
སྲོག་ཉེན་ཁ་ལ་ཡང་མ་འཛེམས་པར། །
རང་གཅིག་པུ་བགྲོད་པར་གཟིགས་སུ་གསོལ། །
ལམ་བར་ནས་འཕྲུལ་རིགས་དགག་བ་ཆད། །
ལུས་ཕུང་ལ་འབྱུང་བཞིའི་གནོད་པ་དང་། །
ཐུགས་ཡིད་ལ་འཇིགས་སྣང་སྐྱོ་སྣང་སོགས། །
ཆ་ཙམ་ཡང་མེད་པའི་ཐུགས་རྗེས་གཟིགས། །
གུང་ཁྲན་རྒྱ་དམར་ཁྱོད་ཀྱི་དམར་ཁྲིམས་ཀྱིས།
རྒྱ་ནག་ཁྱབ་པའི་སྙེམ་མ་མ་བྱེད་དང།
྄གླིང་ཚ་ག་ེ་སར་རྒྱལ་པོའི་འོད་ཟེར་དེས།
འགོག་མེད་འཛམ་གླིང་ཧྲིལ་པོ་འཕྲོ་ལ་བལྟོས།
ཁེར་རྐྱང་གི་བུ་རྒོད་ཁྱེད་ཀྱི།།
ཁེར་རྐྱང་གི་བསམ་བློ་བཏང་ནས།།
ཁེར་རྐྱང་གི་དར་དམར་འཕྱར་ཏེ།།
ཁེར་རྐྱང་གི་གོམ་འགྲོས་རྒྱབ་སོང༌།།
གླིང་ཚ་ཚེ་བརྟན་རྡོ་རྗེས་བློས་གཏོང་དང་སྙིང་སྟོབས་ལ་ཡི་རང་ཞུ་འོན་ཀྱང་དེས་ནུས་པ་གང་འདྲ་ཐོན་མིན་གཞུང་དམངས་གཉིས་ཀྱི་རམ་འདེགས་ག་འདྲ་བྱེད་མིན་ལ་རག་ལས་པས་གཞུང་དམངས་གཉིས་ཀྱིས་རམ་འདེགས་གང་གཟབ་བྱེད་རྒྱུའི་རེ་བསྐུལ་ཞུ་
ཏྲེ་ཡ་མ་ཚེ་རིང་ཁྱོད་རང་ཉིན་ཤས་རིང་གོམ་བགྲོད་བྱེད་དང་ དེ་ནས་ནུས་པ་གང་འདྲ་ཐོན་མིན་ཤེས་ཀྱི་རེད་