དབྱིངས་ཀྱི་རྣམ་ཤེས།
ཚེ་རིང་སྐྱིད།
རི་རྒྱུད་སྨུག་པས་གཡོག་པའི་གྲོང་གསེབ་ཞིག་ཏུ།།
རྣམ་ཤེས་སྟོང་ཕྲག་དུ་མ་དྲན་པས་གདུང་ཡོད།།
རེ་སྒུག་ལོ་ཟླས་བསླུས་པའི་རྒན་ཁོག་མང་སོང༌།
རྨི་ལམ་རུམ་ན་ཡོད་པའི་གཞོན་པ་མང་སོང༌། །
རི་བོ་་ཧི་མ་ལ་ཡའི་ཕ་རོལ་དེ་ན།།
དཔྲལ་བ་ས་ལ་བཏུག་པའི་མི་རིགས་ཞིག་གིས།།
རང་ཁྱིམ་དྲོན་མོའི་མཁར་ཁ་སྲུང་བའི་ཞོར་ཏུ།།
དགུང་གི་ཟླ་བར་སེམས་ཀྱི་མཆི་མ་སྐུར་ཡོད།།
ནམ་མཁའི་སྐར་མདས་སེམས་ལ་ཚ་ཤེར་སློང་དུས།།
གནམ་འོག་གཅིག་ན་ངུ་བའི་རྣམ་ཤེས་མང་སོང༌།།
ཆུ་མོའི་གཞུང་གི་རང་དབང་ཉྭ་མོར་ལྟ་ཞོར།།
ལྕགས་དྲར་ཡོད་པའི་བྱེའུ་ཆུང་སྙིང་རེ་རྗེ་སོང༌།།
རེ་སྒུག་ལོ་ཟླས་བསླུས་པའི་བསླུ་བྲིད་ཡིན་ནམ།།
རུས་པ་འཁྲེགས་པོ་མེད་པའི་ལན་ནི་ཡིན་ནམ།།
མི་རབས་གསར་བའི་རྩ་མེད་དཔུང་ཁག་དེ་ཚོ།།
ཤར་ནུབ་རྒྱལ་ཁབ་མང་པོར་འཐོར་ནས་བུད་སོང༌།།
མེས་པོས་ཁྲག་གིས་བྲིས་པའི་རྡོ་རིང་བརྟན་པོ།།
དཔའ་མེད་བུ་ལོས་གཞན་ལ་སྐྱེས་སུ་ཕུལ་སོང༌།།
ཁ་སང་ང་ལ་བདག་པའི་གདན་འཁྲི་དེ་ཡང༌།།
ཅང་མེད་བུ་ལོས་བཙན་གྱིས་འཕྲོག་ནས་བུད་སོང༌།།
ཚེ་རིང་སྐྱིད་ཟེར་བ་འདི་དུས་བབ་ཀྱི་གསར་འགོད་པ་གསར་བ་དེ་ཡིན་ན་ཁྱོད་ཀྱིས་ལྷ་བཟང་ཚེ་རིང་ལ་བཅར་འདྲི་བྱས་པའི་རྩོམ་ཡིག་དེར་བྲོ་བ་ཆེན་པོ་བྱུང་ཞེས་བཤད་འདོད་སྐྱེས། དེང་སང་དུས་བབ་ནས་གླ་ཡོད་གསལ་བསྒྲགས་ཀློག་ན་མ་གཏོགས་བོད་གཞུང་གི་འཛིན་སྐྱོང་གི་སྐོར་གྱི་གནས་ཚུལ་གོ་རྒྱུ་དཀོན་པོ་རེད། འདིའི་རྒྱུ་མཚན་ག་རེ་ཡིན་ནམ། རེ་བ་བཟང་ས་ནས་བརྒྱབ་སྟེ། གྲ་སྒྲིག་སྡུག་ས་ནས་བྱེད་རྒྱུ་ཡིན་ཞེས་གསུངས་སྲོལ་ཞིག་ཡོད་པ་ལྟར་བོད་གཞུང་གིས་སྡུག་ས་ནས་གྲ་སྒྲིག་ཅི་ཞིག་བྱེད་ཀྱི་ཡོད་མེད་ཀྱི་སྐོར་ལ་འབྲེལ་ཡོད་མི་སྣ་ཚོར་བཅར་འདྲི་ཞིག་བྱེད་ཐུབ་ན་ཅི་མ་བཟང་།
འདི་འཇར མན་ན་ཡོད་པའི་མཛངས་མ་ཚེ་རིང་སྐྱིད་ཡིནན་པ་འདྲ། མོའི་སྙན་རྩོམ་ལ་དྲོ་ཆེན་པོ་འདུག གཅིག་བྱས་ན་མཛེས་མ་ཡིན་པས་ཡང་ཡིན་སྲིད།