སྤྱི་ལོ་༢༠༡༣ ཟླ་༣ ཚེས་༡༤ ཉིན་ཏེ། དེ་རིང་ནི་ཞིས་ཅིན་ཕིན་གཞུང་འབྲེལ་ཐོག་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ལས་ཁྱེར་ཞུ་བའི་ཉིན་མོ་ཡིན་ཞིང་། རྒྱ་གར་གྱི་རྒྱལ་ས་ལྡི་རུ་ཉིན་གསུམ་རིང་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽གི་ལས་འགུལ་སྤེལ་བཞིན་པའི་ཉིན་མཐའ་མ་དང་སྟབས་བསྟུན་ནས། རྒྱ་གར་གྱི་ས་ཁུལ་མི་འདྲ་༣༣ ནས་སླེབས་པའི་བོད་ཀྱི་བུད་མེད་༢༠༠ བརྒལ་བ་ཞིག་གིས་ཞི་ཅིན་པེིན་གྱི་མིང་གིས་བཟུང་ནས། “ཞི་ཅིན་པེན་བོད་ནང་གི་དྲག་གནོན་མཚམས་འཇོག་བྱོས། ཞི་ཅིན་པིན་བོད་ནང་གི་དཀའ་ངལ་སེལ་ཐབས་བྱོས། ཞི་ཅིན་པེན་བོད་ཀྱི་དཀའ་ངལ་ལ་གདོང་གཏད་བྱོས།”ཞེས་སྐད་འབོད་ལས་འགུལ་ཤུགས་ཆེར་སྤེལ།
བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ། སྨྲ་བརྗོད་རང་དབང་དང་ཞི་རྒོལ་སོགས་རྣམ་པ་ཅི་རིགས་ལ་རྒྱ་གཞུང་གིས་ཐད་ཀར་དྲག་གནོན་བྱས་རྐྱང་བྱས་པའི་བྱེད་བབ་དེས་བོད་མིའི་སེམས་སུ་འཁོན་འཛིན་དང་ཁོང་ཁྲོ་དྲག་པོ་བསླངས་ཡོད། སྤྱིར་ངེད་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱུང་ནས་མི་ལོ་༢༩ ཙམ་ཕྱིན་པའི་རིང་། ངེད་ལྷན་ཚོགས་ངོས་ནས་རྒྱ་གཞུང་གི་འགོ་ཁྲིད་རིམ་པ་ལ་བོད་ཀྱི་དཀའ་ངལ་ཞི་བའི་སྒོ་ནས་སེལ་བའི་ཞུ་བསྐུལ་ཡང་ཡང་བྱས་ཀྱང་། ཁོང་ཚོས་ཉན་འཇོག་ནས་ལྡོག་པའི་དྲག་གནོན་དང་གདུག་རྩུབ་ཀྱི་སྲིད་ཇུས་མུ་མཐུད་སྤེལ་བའི་མཇུག་འབྲས་སུ། ད་བར་བོད་མི་༡༠༧ ཙམ་གྱི་རང་ལུས་མེར་སྲེག་གནང་བའི་ཁྲོད་ཀྱི་བུད་མེད་༡༤་ བཅས་ཁོང་ཚོའི་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་ཁྱེར་ནས་རྒྱ་གཞུང་ལ་རྒོལ་རྡུང་གནང་ཡོད་ན། ད་ནི་རྒྱ་གཞུང་གི་འགོ་ཁྲིད་ཚོས་ཅིས་ཀྱང་བོད་ནང་གི་ཛ་དྲག་གནས་བབ་འདི་ཉིད་ཁ་བཀྱོགས་སུ་ཁྱེར་རྒྱུའི་ཚབ་ཏུ་སེལ་ཐབས་གནང་དགོས་པའི་དུས་ལ་རན་པ་རེད་ཅེས་སླར་ཡར་དྲན་བསྐུལ་ཞུ་རྒྱུ་དང་སྦྲགས། འདི་ཐད་ངེད་ལྷན་ཚོགས་ཀྱིས་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་“དེ་རིང་ང་ཚོས་བོད་ནང་ནས་སྤྱི་ལོ་༢༠༠༨ ལོར་དཔྱིད་ཀའི་ངོ་རྒོལ་གནང་ནས་ལྔ་འགོར་བའི་དུས་དྲན་ཉིན་མོ་སྲུང་བརྩི་དང་བསྟུན། ང་ཚོའི་རྒྱ་གཞུང་གི་མགོ་ཁྲིད་ཚོར། བོད་ཐོག་འཛིན་པའི་སྲིད་ཇུས་ཕམ་ཉེས་བྱུང་བ་དང་། བོད་ནང་གི་ཛ་དྲག་གནས་བབ་སེལ་ཐབས་ཀྱིས་བོད་མི་སྤྱི་དང་ལྷན་དོན་ “བོད་ནང་གི་རང་དབང་དགོས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་”ཞེས་དགོས་འདུན་འདིའི་སླད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བ་རྣམས་ཀྱི་རེ་འདུན་ལ་ཆ་འཇོག་དང་མངོན་འདོད་སྐོང་ཐབས་གནང་དགོས་”ཞེས་གསུངས།
གཞན་ངེད་ལྷན་ཚོགས་ཀྱི་དྲུང་ཆེ་ཉི་མ་ལྷ་མོ་ལགས་ཀྱིས་“ལས་འགུལ་འདི་བརྒྱུད། ང་ཚོས་རྒྱ་ནག་གི་མགོ་ཁྲིད་ཚོར་བོད་ནང་གི་དཀའ་ངལ་གདོང་གཏད་བྱེད་རན་པའི་དྲན་བསྐུལ་བྱ་རྒྱུ་མ་ཟད། དེང་གི་དུས་འདི་འདིར་བོད་ཀྱི་དཀའ་ངལ་སེལ་རྒྱུ་འདི་ནི་ཁོང་ཚོར་མཚོན་ན་རང་ཉིད་དཔལ་ཡོན་ལྡན་པའི་མི་ཞིག་ཡིན་པ་ར་སྤྲོད་དང་རང་ཉིད་ཀླ་ཀློ་ཡི་སྤྱི་ཚོགས་ཤིག་ཏུ་འཚོ་གནས་བྱས་མེད་པའི་བདེན་དཔང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་པའི་ངེས་ཤེས་རྙེད་ཚད་ཡིན་པ་མ་ཟད། རྒྱ་གཞུང་གི་སྤྱིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཕྱི་སྲིད་ཡར་རྒྱས་འགྲོ་བའི་སྔོན་འགྲོ་ཆ་རྐྱེན་ལྟ་བུར་གྱུར་ཡོད་པ་ཤེས་དགོས་པའི་དུས་ལ་སླེབས་པ་རེད་”ཅེས་དགོངས་འཆར་གནང་སོང་།
དེ་ལྟར་ངེད་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་ཉིན་གསུང་རིང་རྒྱ་གར་ལྡི་ལི་ཡི་ཇན་ད་མན་རྡར་ཅེས་པའི་ས་ཁུལ་ནས། རྒྱ་གར་གྱི་མགོ་ཁྲིད་ཞུ་གཏུགས་སྙན་ཞུ་དང་། ཞི་བའི་གོམ་བགྲོད། ཞལ་འདོན་སྨོན་ལམ་བསགས་སྦྱང་གཙོས། མཚན་རྟགས་བསྡུ་རིབ་ཀྱིས་ལས་འགུལ་འདྲ་མིན་སྤེལ་བའི་སྔ་ཕྱི་རུ། ལས་འགུལ་ནང་མཉམ་ཞུགས་དང་གཏམ་བཤད་སྤེལ་མཁན་གང་མང་བྱུང་བའི་ཁྲོད། པེ་ཇེ་པི་ཚོགས་པའི་ཚོགས་གཙོ་ཟུར་བ་སྐུ་ཞབས་ཎདྲན་གདཧརི་(Shri Nitin Gadkari,)ལགས་ཀྱིས་ངས་བོད་ནང་གི་བོད་མིའི་གནས་བབ་ཡ་ང་ཡོད་པའི་ཤེས་ཀྱིན་ཡོད་ལ་དེའི་དོན་དུ་སྐྱོ་གདུང་ཡང་དྲག་པོ་ཡོད་པ་མ་ཟད། ང་ནི་དུས་རྟག་ཏུ་བོད་མིའི་འཇིགས་ཞུམ་བྲལ་ཞིང་གཡོ་བ་མེད་པའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་མཁན་ཞིག་ཀྱང་ཡིན་”ཞེས་གསུངས་སོང་ལ། དེ་བཞིན་སྤྱི་ཚོགས་ལས་འགུལ་བ་ཇཱེཡ་ཇེཊལེ་(Smt Jaya Jaitley,)ལགས་ཀྱིས། “བོད་ཀྱི་བུད་མེད་རྣམས་ཀྱི་བློ་སྟོབས་དང་བློ་ཐག་རྦད་ཆོད་ཀྱི་རང་གཤིས་འདི་གཉིས་བོས་བོད་ཀྱི་འཐབ་རྩོད་མུ་མཐུད་འཚེ་མེད་ཞི་བའི་ངོ་བོར་རྒྱུན་སྐྱོང་ཐུབ་པའི་ནུས་པའི་འབྱུང་ཁུངས་སུ་གྱུར་ཡོད”་ཅེས་གསུངས།
དེ་མཚུངས་སུ་ཉིན་མཐའ་མའི་ལས་འགུལ་འདུ་འཛོམས་ཐོག་ཆེད་དུ་སྐུ་མགྲོན་དུ། བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་འགུལ་བ་ལྕམ་ཀརྨལ་པེཧསིན་(Ms Kamla Bhasin)དང་། གྷན་རྡིའི་ལུགས་སྨྲ་བ་དང་སྤྱི་ཚོགས་ལས་འགུལ་བ་ལྕམ་ར་རྡ་པ་ཌི(Ms. Radha Bhatt)། འབར་མའི་མང་གཙོའི་འཐབ་རྩོད་པ་ལྕམ་ཨལན་གྷོལམེ་(Dr Alana Golmie,)བཅས་ཆེད་ཕེབས་ཀྱིས་སྔ་ཕྱི་གཏམ་བཤད་སྤེལ་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་ཁ་ཤས་ཀྱང་མཉམ་ཞུགས་གནང་དུ་ཕེབས་ཡོད།
གཞི་རྒྱ་ཆེ་བའི་ལས་འགུལ་འདི་བརྒྱུད་ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱིས་དགོས་འདུན་དོན་ཚན་ལྔ་བཏོན་པ་གཤམ་གསལ་ལྟར་རོ།
༡༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཞི་བདེ་སྲུང་སྐྱོབ་དམག་དཔུང་བོད་ནང་མངགས་གཏོགས་བྱ་དགོས།
༢༽ བོད་ནང་རང་ལུས་མེར་བསྲེགས་གཙོས་པའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱལ་སྤྱིའི་བདག་སྤྲོད་བྱ་དགོས།
༣༽ དམར་གཞུང་ལ་བཤད་རྒྱུར། བོད་མིའི་རང་ལུས་མེར་བསྲེགས་དང་ཞི་རྒོལ་སྤེལ་དགོས་ཐུག་པར་བཟོས་པའི་ཁྱེད་ཅག་གི་སྲིད་ཇུས་དེ་བསྐྱར་ཞིབ་ཀྱིས། བོད་མིའི་སྤྱི་ཚོགས་དང་ཆོས་ལུགས་ཀྱི་དབུ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུའི་མཚོན། བོད་མི་སྤྱི་ཡོངས་ཀྱི་འཚོ་གནས་དང་དགོས་འདུན་སྐོང་ཐབས་བྱ་དགོས།
༤༽ རྒྱལ་ཚོགས་ཀྱི་ངོ་ཚབ་དང་རང་དབང་གསར་འགོད་པ་བོད་ནང་བཀག་འགོག་མེད་པར་འགྲོ་བསྐྱོད་ཆོག་རྒྱུ་དང་། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་ཀྱིས་ཤུགས་རྐྱེན་ཅི་ཐེབས་དང་། བོད་མིའི་རང་དབང་གི་གནས་བབ་སྐོར་ལ་ཉམས་ཞིབ་གནང་འཇུག་རྒྱུ།
༥༽ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཚོགས་སྡེ་ཁག་ནས་བོད་དཀའ་ངལ་ལ་འཕྲད་པའི་དུས་སྐབས་འདིར་རང་རང་གི་གཞུང་དང་གྲོས་ཚོགས་ལ་ཞུ་གཏུགས་བརྒྱུད། བོད་མིར་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་འཚོལ་ཐབས་གནང་རོགས་ཞེས་བརྒྱུད་བསྐུལ་ཞུ་རྒྱུ་བཅས་སོ།
ཨ་མ་ཚོའི་སེམས་ཤུགས་ཡོད་ན་བུ་བེའུ་ཕྲུག་ཚོ་ལ་ལམ་ཁ་སྟོན་མཁན་ཡོད་པས། ཨ་མ་ཚོ་ངར་དགོས་ཡ།
ཨ་ཕྱི་འདི་ཚོས་མ་ཎི་མི་འདོན་བར་ཤི་གཅིན་ཕིན་འབོད་པས་ཅི་ཕན། དེ་བས་་་
ཀརྨ་པ་མཁྱེན་ནོ། །
རྒྱལ་བའི་འཕྲིན་ལས་པ་མཐའ་ཡས་རྡོ་རྗེ་མཁྱེན་ནོ། སྒྲུབ་བརྒྱུད་བསྟན་པ་འདི་ལ་ཐུགས་རྗེས་གཟིགས།
དུས་བབ་ཀྱི་དྲ་སྟེང་ན་གཉིས་སྟོང་བརྒྱད་ལོའི་ཞི་རྒོལ་རྗེས་དྲན་སྐོར་ཞིག་བཏོན་འདུག གསར་འགྱུར་འདོན་མཁན་དེ་ས་རྒྱུས་ཆུ་རྒྱུས་མེད་མཁན་ཞིག་ཡིན་པ་འདྲ། ཚང་མས་གཟིགས་དང་།
ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཡས་མས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཁག་ཅིག་གིས། སློབ་གྲྭའི་འཛིན་ཁང་ཞིག་ཏུ་འདུ་འཛོམས་ཀྱིས་མར་མེ་སྤར་བ་དང་། འཕྲེད་དར་དཀར་པོ་ཞིག་གི་སྟེང་ཡི་གེ་དམར་པོ་དང་ནག་པོས་ “ ༣༌༡༤ རྗེས་དྲན་དང་ན་གཞོན་གླེང་སྟེགས་་་་་་་་་་་་་་་་
ཀན་ལྷོ་ཁུལ་གི་འོག་ལ་ལན་ཀྲིག་གྲོང་ཁྱེར་་་་་་་ཧ་ཧ་ཧ་་་་
བོད་ཀྱི་བུད་མེད་རྣམས་ནི་འཛམ་གླིང་ཐོག་གི་བུད་མེད་ཡག་ཤོས་དང་སྤྱོད་པ་བཟང་ཤོས་ཡིན། བོད་གངས་ཅན་པའི་རང་ཡུལ་སྐྱོང་སྐབས་ཀྱང་ལས་ཀ་དཀའ་ལས་ཁ་བ་རྣམས་བུད་མེད་རྣམས་ཀྱིས་བྱས་ཡོད། ཨ་མ་དྲིན་ཅན་འདི་ཚོས་་་༡༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཞི་བདེ་སྲུང་སྐྱོབ་དམག་དཔུང་བོད་ནང་མངགས་གཏོགས་བྱ་དགོས།ཅེས་གསུངས་པར་རྒྱུ་མཚན་ཆེན་པོ་འདུག་བསམས་ཀྱི་འདུག་པས་རྒྱབ་སྐྱོར།
ཨ་མ་མ་ལོ་འདིའི་ཚོའི། །
སྐུ་ཚེ་ཡུན་རིང་འཚོ་དགོས། །
མ་འོངས་གསོན་རྩར་གྱུར་བའི། །
བུ་ཕྲུག་དག་གི་མགོན་རེད། །
འདིའདྲའིབརྗོད་པ་མི་བདེ་བ། འདི་འདྲའི་སྐད་འབོད་གོ་རྒྱུ་མེད་པ། འདི་ལ་དཔག་ན་བོད་ཀྱི་བུད་མེད་ཚོ་ད་དུང་ཡང་ག་ས་གང་ལ་སླེབས་མི་འདུག
བོད་ཀྱི་བུད་མེད་ཚོ་ང་ཚོ་ལ་བཀའ་དྲིན་ཆེན་པོ་རེད། ངའི་ཨ་མ་བོད་པ་རེད།
ངའི་དགའ་རོག་བོད་པའིབོ་མོ་རེད། ངས་བོད་ཟས་དང་བོད་སྐད་ཤེས་པ་བོད་པའི་བུ་མོའི་བཀའ་དྲིན་རེད།
བོད་པའི་བོ་མོ་ཚོ་མཛེས་མ་རེད། བོད་པའི་བོད་མོ་ཚོ་བདེ་སྟེར་རེད། བོད་པའི་བོ་མོ་ཚོ་ I love you