སོག་མདའ།
བོད་པ་ངོ་མ་མིན་ན་དཀོན་མཆོག་གསུམ་པོ།།
བོད་སྐད་དག་མ་མིན་ན་ཡེ་ཤེས་ནོར་བུ།།
བོད་ལྭ་གྲལ་དག་མིན་ན་ཇོ་བོ་རིན་པོ།།
ཆོས་ལ་དད་པ་མེད་ན་སེ་འབྲས་དགེ་གསུམ།།
རང་རིགས་ལ་རྒྱ་མེད་ན་ཆོས་སྐྱོང་སྲུང་མ།།
དམ་ཚིག་གཙང་མ་མིན་ན་དཔལ་ལྡན་ལྷ་མོ།།
ཨ་རག་འཐུང་གི་ཡོད་ན་དཀར་པོ་དགེ་བ།།
ཐ་མག་འཐེན་གི་ཡོད་ན་ཡུལ་ལྷ་གཞི་བདག །
མགོ་སྐོར་གཏོང་གི་ཡོད་ན་ཆོས་སྐྱོང་སྲུང་མ།།
རྫུན་གཏམ་བཤད་ཀྱི་ཡོད་ན་ཨ་མ་བསད་ནོ།།
རྐུ་ཞིག་བྱེད་ཀྱི་ཡོད་ན་ཨ་ཕའི་ཤ་ཁྲག །
བོད་མི་ནང་འཁྲུགས་བྱེད་ན་དགུང་གི་ཉི་མ།།
བོད་ཡིག་སློབ་རྒྱུ་མིན་ན་ས་ཁ་ས་ཐོག །
མགོ་གཡོགས་མགོ་སྐོར་གཏོང་ན་བཀའ་འགྱུར་བསྟན་འགྱུར།།
ནང་རྐུ་འཕྲོག་བཅོམ་བྱེད་ན་དུམ་པ་བཅུ་གཉིས།།
མངོན་ལྐོག་རྒྱབ་མདུན་བྱེད་ན་དགོན་པ་གྲྭ་ཚང་།།
འགྱུར་མེད་གྲོགས་པོ་མིན་ན་འདི་ཕྱི་གཉིས་ཀ།།
སྐྱིད་ཀྱི་སྐྱིད་རོགས་མིན་ན་ཁྲག་ཞིག་འཐུང་ནོ།།
སྡུག་གི་སྡུག་རོགས་མིན་ན་ཤ་ཞིག་ཟོས་ནོ།།
མནའ་ཚིག་མནའ་ཡིས་མནན་ཡོད་གཤིན་རྗེ་ཆོས་རྒྱལ།།
༢༠༡༣་༣་༡༦ ཉིན་རང་ཤག་ནས་གང་ཤར་བྲིས།།
ཁྱེད་རང་གི་ཕ་ཡུལ་གྱི་མཐུན་མོན་མ་ཡིན་པའི་མནའ་དེ་ཆེད་འདུག་ཨ་རོག་
མའོ་ཀྲུ་ཞིའི་ཚད་གཙུག། ཧ་ཀྲུ་ཞིའི། འཛམ་ཁག་རྒྱ། ཧ་ཧ་ཧ་སུ་ཡིན་ན་རང་རྐྱོན་མཐོང་བའི་མི་ཞིག་དཀོན་ནོ་
མ་གཞི་ཁྱོད་རང་གིས་རང་སྣང་གང་དྲན་བྲིས་པ་ཡིན་ལབ་འགི། དེ་ཧོས་ལབ་ཡག་དེ་བདེན་རེད་འགི་
བོད་མི་རིགས་ཆོས་ལ་དད་པ་མེད་མཁན་ཚོས་མནའ་མི་བསྐྱལ་ཐག་ཆོད་རེད་འདུག དེ་བཞིན་བོད་པ་ཁ་ཆེ་བོད་པ་ཡེ་ཤུ་བོད་པ་བོན་པོ་དེ་ཚོས་མནའ་བསྐྱལ་སྲོལ་མེད་པ་འདྲ།
གང་ལྟར་ཚིག་དོན་སྦྱོར་བ་སོགས་གང་ཐད་ནས་ཡག་པོ་བྲིས་གནང་ཤག་ཡི་རངས་ཞུ།
གྲོགས་པོ་བན་དེ་ལབ་ཡག་དེ་བདེན་པ་འདྲ་པོ་འདུག་
མནའ་སྐྱེལ་ཡག་དེ་བོད་པ་ནང་པ་ཚོས་དམིགས་གསལ་ཞིག་རེད་འདུག་ ཕྱི་རྒྱལ་མགོ་སེར་དེ་ཚོ་ལ་མནའ་སྐྱེལ་ཡག་མི་འདུག མཚམ་མཚམ་ལ་my god ཟེར་བ་དང་fuke you ཟེར་བ་འདྲ་མ་ཏོག་བོད་པའི་མནའ་འདྲ་པོ་འདུག་པས།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇིགས་པ་མ་ལུས་ལ།།
མཆོག་གསུམ་བདེན་པའི་སྒོ་ནས་གཅོད་གྱུར་ཅིག།