ཨོ་རྒྱན་ཉི་མ།
ཉེ་ཆར་ངའི་གྲོགས་པོ་ཞིག་དང་མཉམ་དུ་གླེང་མོལ་བྱེད་བཞིན་པའི་དུས། ཁོས་གློ་བུར་དུ་ང་ལ་སྐད་ཆ་དམིགས་བསལ་ཞིག་ཡོད། ཁ་སང་ང་རྒྱ་གར་ལ་འགྲོ་དུས་སྤྲུལ་སྐུ་ངོ་ཤེས་ཤིག་དང་ཐུག་སོང་། ཁོང་གིས་གསུངས་པ་ལྟར་ན་དགོན་སྡེ་ཁག་གི་མགྲོན་ཁང་དང་། ཟ་ཁང་ཁག་གིས་ངེས་པར་དུ་གཟབ་དགོས་ས་རེད་མ་གཏོགས། ང་ཚོས་ཁ་ནས་ཆོས་བཤད་བཞིན་ལག་ལེན་ཐིགས་པ་ཞིག་མེད་ན་ག་ལ་འགྲིགས། དཔེར་ན་ལྡི་ལི་མན་ཇུ་ཀ་ཊི་ལ་དང་། བལ་ཡུལ་སོགས་སུ་དགོན་སྡེ་ཁག་ལ་མགྲོན་ཁང་མང་པོ་འདུག ཡོད་ཚད་ཀྱིས་ཤ་ཡོད་བཞེས་ལག་བཟོ་བཞིན་འདུག འདིའི་སྐོར་དྲ་ཐོག་ནས་སྐད་ཆ་བྱུང་ན་ཡག་ས་རེད་གསུང་གི་འདུག་ཟེར། ངས་ཁོང་ལ་འདིའི་སྐོར་དཔྱད་བརྗོད་ཉུང་ངུ་ཞིག་འབྲི་རྒྱུའི་ཁས་བླངས་པ་ཡིན། ང་རང་ཉིད་ལ་མཚོན་ན་ཤ་ཟ་བཞིན་ཡོད། དམིགས་བསལ་སྲེད་པ་ཆེན་པོ་ཡོད་མེད་གང་ལྟར་ཡང་། ཆུང་དུས་ནས་ངན་ལོབ་ཏུ་ཤོར་སོང་བའི་རྒྱུ་མཚན་ལ་བརྟེན་ནས། ཤ་དང་འབྲེལ་བའི་ཟས་ལ་བྲོ་བ་ཅུང་ཙམ་ཆེ་བ་འདྲ་བོ་ཞིག་མཐོང་གི་འདུག དེར་བརྟེན་ད་ལྟ་དམར་ཟས་ལ་རོལ་བཞིན་པ་ལགས་ན། ཁྱེད་རྣམ་པར་སྡིག་བཤགས་རེ་གསུང་རོགས་ཞུ་རྒྱུ་དང་འབྲེལ། འདིར་དོན་དང་དོན་མིན་གྱི་བློ་གྲོས་ཀྱི་འཇུག་པ་ཞན་ན་ཡང་། ཡིན་ལུགས་ཤིག་བཤད་ན་བསམ།
སྤྱིར་སེམས་ཅན་གཞན་གྱི་སྲོག་དངོས་སུ་གཅོད་པ་ཕར་ཞོགས། འཚེ་བ་ཙམ་ཡང་བྱ་མི་རུང་བར་གསུང་པ་དང་། མདོ་དང་བསྟན་བཅོས་དག་ལས་ཤའི་ཉེས་དམིགས་མང་དུ་གསུང་པ་ལ་བརྟེན་ནས་རྒྱ་གར་དང་། བལ་ཡུལ་གྱི་གསར་རྙིང་རིས་མེད་ཀྱི་དགོན་སྡེ་ཁག་གི་ནང་དུ་དགེ་འདུན་པའི་སྤྱི་ཐབ་ལ་དམར་ཟས་ཡོངས་སུ་སྤོངས་ཟིན་པ་ཙམ་དུ་མ་ཟད། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་དམིགས་བསལ་ཤ་ཆང་གི་ཉེས་པ་གསུངས་ཡོད་སའི་དེབ་ཆུང་ཞིག་ཡོད་པའང་། བཀླགས་མ་མྱོང་ཡང་མཇལ་ཙམ་བྱས་མྱོང་། དེ་དང་འདྲ་བའི་བོད་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་སེམས་ཅན་གྱི་ཚེ་སྲོག་དངོས་སུ་གཅོད་བཞིན་པའི་བརྙན་པར་བླངས་ཏེ། མང་ཚོགས་སུ་བཀྲམ་པ་ལ་བརྟེན་ནས་ཕན་ཐོགས་ཆེན་པོ་བྱུང་སྟེ། ད་ལྟ་བོད་ནང་དང་། རྒྱ་གར། བལ་ཡུལ་སོགས་སུ་ཤ་གཅོད་མཁན་ཡང་མང་པོ་རེད། རྒྱ་ནག་གི་དགེ་འདུན་པ་ཚོར་ཡོད་པའི་ཁྱད་ཆོས་གཙོ་བོ་དེ་ཤ་མི་ཟ་བ་དེ་རེད། རྒྱ་རིགས་དད་ལྡན་ཚོའི་བློ་ངོར་ཤ་ཟ་བ་དང་། མི་ཚངས་པར་སྤྱོད་པ། ཆང་འཐུང་བ་གསུམ་ཉེས་པ་ལྕི་ཤོས་སུ་ལྟ་བ་དང་། གལ་སྲིད་གྲྭ་བ་ཤ་ཟ་མཁན་མཐོང་ན། སྡོམ་པ་དང་། དམ་ཚིག་ལས་ཉམས་པར་ཡིད་ཀྱིས་བསམ་ཞིང་། ངག་ལས་བཤད་བཞིན་པ་རེད། ཤ་ཟ་བ་ཙམ་གྱིས་སོ་ཐར་གྱི་སྡོམ་པ་རྩ་བ་ནས་གཏོང་འགྲོ་བ་འདྲ་བོ་ཞིག་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་མི་འདུག
ཡིན་ན་ཡང་གནས་བརྟན་སྡེ་བ་དང་། ཆོས་སྲུང་སྡེ་བའི་ལུགས་ལ་ཡོད་མེད་མཐའ་གཅིག་ཏུ་མ་ངེས། ཐེག་པ་ཆེན་པོའི་ལུགས་གཞིར་བཞག་བྱས་པ་ཡིན་ན། སྲོག་གཅོད་གོང་ན་སྡིག་ལྕི་བ་གཞན་མེད་གསུངས་པ་བཞིན། བྱང་ཆུབ་སེམས་དཔའ་ཚོའི་སྲུང་བྱ་གཙོ་བོ་དེ་སེམས་བློས་མི་གཏོང་བ་དེ་ཡིན་དུས་རྩ་ནས། རྒྱ་ནག་པའི་དགེ་འདུན་པ་ཚོས་བྱང་ཆུབ་སེམས་དཔའི་ཉམས་ལེན་ལ་གཙིགས་ཆེར་བྱེད་གནང་བ་ཡིན་པ་འདྲ། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་ནག་གི་དགོན་པའི་མགྲོན་ཁང་ཡོད་ཚད་ཀྱི་བཞེས་ལག་ཤ་མེད་རེད། ཡིན་ན་ཡང་ཁོ་ཚོའི་དགེ་འདུན་པ་ཚོས་ཚོང་རྒྱག་པ་ལ་དེ་འདྲའི་རྡུག་ཆགས་ཤིག་ལྟ་གི་མེད་པ་འདྲ། གང་ཡིན་ཞེ་ན་རྒྱ་ནག་གི་བླ་ཆེན་ཡིན་ཟེར་མཁན་ནང་། ཚོང་པ་ཆེན་པོ་མང་པོ་ཞིག་འདུག ཚོང་ལ་མི་དགེ་བས་བརྡོ་བ་དེ་མ་དགོངས་པ་འདྲ། བོད་པའི་དགོན་པ་ཚོའི་༼མགྲོན་ཁང་གི་བཞེས་ལག༽འདིའི་སྐོར་ལ་ཐུགས་བསམ་ལེགས་པར་མ་བཞེས་ན་གཞུག་ནས་མཚན་ཤས་བཟོ་བའི་ཉེན་ཁ་ཆེན་པོ་འདུག་གོ། །
མ་རེད་ཟེར་རྒྱུ་མིན་འདུག ཤ་ཟ་བ་ཙམ་དང་རྒྱོ་རྒྱག་པ་ཙམ་གྱིས་སོར་སྡོམ་གཏོང་གི་མེད་པའི་ས་མཚམས་ཤེས་མཁན་དཀོན་མོ་རེད།
གལ་སྲིད་གནད་དོན་དེས་བསྟན་པར་མཚན་ཤས་བཟོ་བར་སེམས་ཁྲལ་བྱེད་བཞིན་ཡོད་ན། ཁྱེད་རང་ཡང་ནང་བའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་ཐོག་མར་རང་ཉིད་ནས་ནང་བསྟན་ལ་མཚན་ཤས་མི་བཟོ་བ་བྱས་ནས་དེའི་རྗེས་སུ་གཞི་ནས་གཞན་ལ་ལམ་སྟོན་འདྲ་བྱས་ལ་ཡག་པོ་མེད་འགྲོ།
ཤའི་ཉེས་དམིགས་སྐོར་གྱི་གང་མང་མང་ཤེས་བཞིན་དུ་མུ་མཐུད་ཤ་ལ་སྤྱོད་པ་འདི་གང་འདྲ་ཞིག་ཡིན་ན། ད་གལ་སྲིད་ཐབས་ཟད་ཨུ་ཐུག་ནས་མུ་མཐུད་ཤ་ཆང་ལ་སྤྱོད་རྒྱུ་ཡིན་ན་གུས་པས་ཁྱེད་ལ་སྡིག་བཤགས་གསེར་གྱི་སྤུ་གྲི་ལས་བཟླས་པ་ཐུང་ངུ་ཞིག་བསླབ་ཆོག
རང་སྐྱོན་རི་བོ་ཙམ་ཡང་མི་མཐོང་བར།།
གཞན་སྐྱོན་ཁབ་མིག་ཙམ་ཡང་འཚོལ་བྱེད་མཁན།།
འདི་ཚར་བདུན་བཏོན་རྗེས་ཤ་ཆང་བུད་མེད་གསུམ་ལ་གང་འདོད་འདོད་དུ་ལོངས་སུ་སྤྱད་ཀྱང་སྡིག་པ་སྤུ་རྩེ་ཙམ་མང་མེད་དོ།།
རེད། གཞན་གྱིས་ཤ་ཟ་བ་མཐོང་རང་གིས་མི་ཚངས་པར་སྤྱོད་པ་ཧ་མི་གོ་བ་དེ་འདྲ།
ཟ་ཁང་ནང་ཤ་མེད་ན་བོད་པའི་ཟ་ཁང་ལ་ཁེ་ཡོད་མ་རེད། ཟ་ཁང་སྒོ་རྒྱོབ་ཟེར་བ་དང་ཤ་མ་གཏོང་ཟེར་བ་གཉིས་གཅིག་པ་རེད། ཆོ་མེད་པའི་སྐད་ཆ།
༼ད་ལྟ་དམར་ཟས་ལ་རོལ་བཞིན་པ་ལགས་ན། ཁྱེད་རྣམ་པར་སྡིག་བཤགས་རེ་གསུང་རོགས་ཞུ་རྒྱུ་༽ ཧ་ཧ་། སྡིག་པ་དེ་ཁྱེད་ཀྱིས་བསགས། སྡིག་བཤགས་ང་ཚོས་ཀློག་དགོས་པ། འདི་ལྟ་བུའི་སྡིག་བཤགས་བྱེད་སྟངས་དེ་འདྲ་སུས་གསུངས་ཡོད་པ་ཡིན་ནམ། ཡ་མཚན་རེད་ཡ།
༼ རྒྱ་རིགས་དད་ལྡན་ཚོའི་བློ་ངོར་ཤ་ཟ་བ་དང་། མི་ཚངས་པར་སྤྱོད་པ། ཆང་འཐུང་བ་གསུམ་ཉེས་པ་ལྕི་ཤོས་སུ་ལྟ་བ་དང་། གལ་སྲིད་གྲྭ་བ་ཤ་ཟ་མཁན་མཐོང་ན། སྡོམ་པ་དང་། དམ་ཚིག་ལས་ཉམས་པར་ཡིད་ཀྱིས་བསམ་ཞིང་། ངག་ལས་བཤད་བཞིན་པ་རེད།༽
༼ བོད་པའི་དགོན་པ་ཚོའི་༼མགྲོན་ཁང་གི་བཞེས་ལག༽འདིའི་སྐོར་ལ་ཐུགས་བསམ་ལེགས་པར་མ་བཞེས་ན་གཞུག་ནས་མཚན་ཤས་བཟོ་བའི་ཉེན་ཁ་༽
དེ་སྔ་ཁྱེད་ཀྱི་གསུངས་པར་རྗེས་སུ་ཡིད་རངས་ཞུ་ཡི་ཡོད་ཀྱང་། ད་ཆ་ཁྱེད་ཀྱིས་གསུང་སྟངས་ལ་སེམས་སྐབས་ཁྱེད་རང་ཉིད་ཀྱིས་ཤ་ཟ་བར་མཚན་ཤས་འགྲོ་བའི་ཉེན་ཁར་མི་བརྩི་བ་དང་། བོད་པའི་དགོན་པ་ཚོར་ཉེན་བརྡ་གཏོང་བ་ནི་ཡ་མཚན་ཞིག་ཏུ་མཐོང་། དགོན་པར་གྲྭ་པ་ཁྱེད་ལྟ་བུ་ཤ་ཟ་མཁན་ཡོད་པར་བརྟེན་དགོན་པར་ཤ་ལྡན་བཞེས་ལག་གཏོང་གི་ཡོད་པ་རེད། ཤ་ཟ་མཁན་གྲྭ་པ་མེད་པ་ན་དགོན་པའི་ཁང་པ་ཚོས་ཤ་ཟ་མདོག་ཁ་པོ་མ་རེད། སྔ་མོ་རྣམ་གྲོལ་གླིང་བཤད་གྲྭ་ནས་ཐོན་པའི་མཁན་པོ་ཞིག་གིས། སྔགས་ཉམས་ལེན་བྱེད་མཁན་ཚོས་ཤ་མ་ཟ་ན་སྡིག་པ་བསགས་པ་ཡིན། ཞེས་གསུངས་བྱུང་། ཁོང་གིས་གསུངས་པ་དེ་བདེན་པ་ཨེ་ཡིན་ནམ་བསམས་ཏེ་མཁན་པོ་གཞན་ཞིག་ལ་དྲིས་པས། མཁན་པོ་དེས་དེ་ནི་རྩ་བ་ནས་བདེན་པ་མ་རེད་ཅེས་གསུངས། གང་ལྟར་བོད་པའི་གྲྭ་པ་ཚོས་ཤ་ཟ་སྟངས་ལ་ལྟ་ན་ཞེ་ལོག་ཡག་གི་གནས་སྟངས་ཤིག་ཡོད། ཤ་ལ་ཧ་ཅང་རྔམ་པོ་ཡོད་སྟབས་ལྷོ་ཕྱོགས་བོད་པའི་གཞིས་ཆགས་ནང་རྒྱ་གར་གྱི་ཤ་ཁང་དུ་ཤ་སྡུག་ཅག་དེ་འདྲ་སུས་ཉོ་གི་རེད་ཅེས་ལབ་སྐབས། རྒྱ་གར་ཤ་འཚོང་བས། སེམས་ཁྲལ་དགོས་མ་རེད། དེ་ཚོ་ཁྱི་དམར་པོས་འཁྱེར་འགྲོ་གི་རེད་ཅེས་ལན་འདེབས་བྱེད་ཀྱི་ཡོད་པ་ཡོང་གྲགས་རེད། དེ་ཡང་ཧིན་དྷི་སྐད་དུ། ༼ཕི་ཀར་མཏ་ཀ་རོ། ལལ་ཀུ་ཏ་ལེ་འབྱ་ཡེ་ག༽ ཟེར་བ་རེད། མདོར་ན། མི་གཞན་ལ་མ་བཤད་གོང་དང་པོ་རང་ཕྱོགས་ནས་ཉམས་ལེན་བྱེད་དགོས་པ་ལས་བསམ་ཚུལ་བཤད་པ་ཙམ་གྱི་ཕན་ཐོགས་མེད་པ་ཡིན་ནོ།
གུས་པ་ལ་མཚོན་ན་ཤ་མ་ཟ་ནས་་ལོ་༡༢ ་ཡིན་འོན་ཀྱང་ཡུས་བཤད་གི་མེད་། གོང་གི་མི་དེའི་གསུངས་པ་བཞིན་དངོ་ནས་མ་ཇུན་ཀྲི་ལ་འགྲོ་སྐབས་ཞ་མེད་པས་ཁ་ལག་རག་ཡག་དཀའ་ལས་ཁག་པོ་འདུག་གོ་།
དགོངས་དག་ཤ་མེད་པས་ལ་བཅོས་རོགས་
སྡིག་པ་གཞན་གྱིས་བསགས་ནས་སྡིག་བཤགས་གཞན་གྱིས་བྱེད་པས་སྡིག་པ་གསོག་པ་པོའི་སྡིག་པ་འདག་རྒྱུ་ཡོད་མེད་མི་ཤེས་ཀྱང་སྡིག་བཤགས་བྱེད་ཚུལ་དེ་འདྲ་ཞིག་ནི་ནང་པ་སངས་རྒྱས་པའི་ནང་ལ་ཡོད་ཡོད་པ་རེད། མ་ནི་ཚིག་གཅིག་རྡོག་བགྲངས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་དགོས་པ་སོགས་ཀྱང་ཚུལ་དེ་དང་གཅིག་པ་གཅིག་རྐྱང་རེད།
ད་ནི་ཁ་འཕྲེད་ལ་དོད་ཚད་དྲ་ཐོག་གི་སློབ་སྟོན་པ་ཆགས་སོང་ན་ཉན་མཁན་དཀོན་པོ་རེད། ལར་ནི་ཨོ་རྒྱན་ཉི་མ་ཟེར་བའི་མིང་ཅན་འདི་སྔ་ལོར་རྒྱ་གར་ནས་ངོས་ཀྱི་ཆོས་གྲོགས་ཞིག་གི་ནང་དུ་ ཞེས་པའི་དེབ་དཀར་པོ་ཞིག་འདུག་རྩོམ་མཁན་དེའི་མིང་ལའང་ཨོ་རྒྱན་ཉི་མ་རེད། ངས་ནི་དེབ་ཀྱི་ཁ་བྱང་དེ་མཐོང་བ་དང་མཉམ་དུ་ད་རེས་བསོད་ཟད་བོད་པའི་སྤྱི་ཚོགས་ནང་དུ་སྟོན་པ་གཉིས་པ་ཞིག་ཕེབས་མེད་དམ་བསམ་ནས། དེབ་དེའི་མགོ་ནས་ཁ་ཤས་ཞིག་བཀླགས་པ་ཡིན་ཀྱང་སྟོན་པ་གཉིས་པ་ཕར་ཞོག་ལོ་རྒྱུས་སྐད་ཆ་དྲིས་དུས་རྣམ་གྲོལ་གླིང་ནས་ཡིན་པའི་གྲྭ་ལོགས་ཞིག་རེད་འདུག གོང་གི་དགོན་པ་དང་མགྲོན་ཁང་ནང་གི་དམར་ཟས་ཞེས་པའི་དཔྱད་རྩོམ་འབྲི་མཁན་ཁོ་རང་གཅིག་པ་ཡིན་ནམ། ལར་ནི་མི་ལ་ཞུ་དག་གཏོང་མཁན་རང་ཉིད་ས་མཚམས་གང་དུ་བསྡད་ཡོད་མེད་དང་ཕྱག་ལས་གང་འདྲ་གནང་གི་ཡོད་མེད་ཁ་ནང་དུ་བསྟེན་ནས་རང་ཉིད་ཞུ་དག་མ་བྱས་ན་ཁ་ཤོས་ཁ་ཤོ་ལ་འཕྱ་སྨོད་བྱས་པ་དང་ཅིས་མི་མཚུངས། སྡུག་ན་ཁྱེད་རང་གིས་དཀའ་ལས་སྐྱོན་པའི་ཤཀྱྰ་ཐུབ་པའི་རྩ་ཁྲིམས་ཞེས་པའི་རིན་བྲལ་ཁྱེད་ཀྱི་བཀའ་སློབ་དེ་གུས་བཀུར་གྱིས་སྤོས་དྲི་ཐུལ་ལེ་མཆོད་སྟེགས་ཐོག་ཏུ་མི་བཞུགས་ནས། ནམ་ཞིག་བརྙས་བཅོས་དྲི་ངན་གྱིས་སྦག་ནས་གད་སྙིགས་ནང་དུ་བཞུགས་དགོས་མི་ཐུག་པའི་ངེས་པ་མེད་པས། སླད་ཕྱིན་བཀའ་སློབ་གནང་མཁན་རང་ཉིད་སྐྱོན་བྲལ་དམ་པའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་ན། ཁྱེད་ནས་ཨུ་ཚུགས་ཀྱིས་བཀའ་སློབ་མ་གནང་ཀྱང་གསེར་ས་འོག་ལ་ཡོད་ཀྱང་འོད་ནམ་མཁར་ཁྱབ་པའི་དཔེ་ལྟར་དུ་ཁྱེད་ཀྱི་བཀའ་སློབ་ཉན་མཁན་ནས་རྒོལ་བ་རྣར་མི་གཟོན་ཅིང་ཅི་གསུངས་ཚད་མར་འཛིན་པའི་དགོས་པ་བཅས་ཡོད་པས་དེ་ལུགས་ཤེས་པར་གྱིས།
གོང་གི་ཡིག་ཕྲེང་གཉིས་པའི་སྐབས་སུ། ངོས་ཀྱི་ཆོས་གྲོགས་ཞིག་གི་ནང་དུ་ཞེས་པའི་དེབ་དཀར་པོ་ཞིག་འདུག ཞེས་ཆད་སོང་བས་དགོངས་འགལ་མེད་པར་ཞུ།
ཡང་འགྲིགས་མ་སོང་། ཤཀྱྰ་ཐུབ་པའི་རྩ་ཁྲིམས།
༡༡༽ མ་ཧཱ་སིདྡྷི་ནས། ཟེར་བ་ཁྱོད་ཀྱིས་རྟོན་པ་བཞི་ཟེར་བ་ཡང་ཤེས་ཡོད་ཚོད་མ་རེད། ཆོག་ཤེས་གསུང་མཁན་ཤྰཀྱ་ཐུབ་པ་རེད། ཁོ་བོ་ནི་མིན་ནོ། །གལ་སྲིད་ཆོག་ཤེས་ལ་མ་དགའ་ན་དང་། དམ་པའི་ཆོས་ལ་སྐྱབས་གནས་སུ་འཛིན་མ་འདོད་ན། རང་དགར་གྱིས། ང་ལ་མི་ཆོག་ཟེར་བ་གང་ཡང་མེད་དོ། །
བཞེས་ལགས། ཟེར་བ་ལ་ཁ་བརྡ་རྩོམ་སྒྲིག་པས་བཅོས་ཏེ། བཞེས་ལག་ཅེས་བྲིས་འདུག ངས་བསམ་ན་ལགས་ཞེས་བྲིས་ན་ལེགས་པར་སེམས། ལགས་ཞེས་པ་མཆོག་དང་། གོང་ལ་ལེགས་སོ་བརྗོད་པའི་སྒྲ་ཞིག་ཡིན་ནམ་བསྙམ།
ཤ་གཟན་ལ་ཉེས་སྡིག་བཤགས་པའི་ནུས་མཐུ་ཟེར་ནི་ཞིག་ཡོད་ན། ཤ་ཡིན་གཅིག་ཟ་དགོས་བ་རེད། བློ་མི་བདེ་ན་མ་ཎི་ཡིག་དྲུག་ཟློས། ཁྱེད་ཅག་ལ་ཟ་རྒྱུ་ཡོད་ནས་བསྡད་ན་དེ་གཏོམ།
མན་ཇུ་ཀྲི་ལའི་ཟ་ཁང་གི་གླང་ཤ་ལ་ཞེ་དྲག་ཞིམ་པོ་འདུག་དཔེར་ན་ཡན་ལག་བརྒྱད་ལྡན་གྱི་ཤ་ནང་བཞིན། སོང་ཙང་ཨོ་རྒྱན་ཉི་མས་ཤ་གཅོད་མ་ཐོབ་པའི་གནད་དོན་ཁག་མི་འདུག། མ་གཞི་ཤ་མ་ཟ་ཟེར་མཁན་བླ་དགའ་རེད་། ཤ་ཟ་མཁན་ཡང་བླ་དགའ་རེད། ད་ཡིན་ན་བླ་རྒན་འདི་ཚོས་ག་རེ་གསུངས་ཀྱི་ཡོད་མེད་ཧ་གོ་མ་སོང་། ཤ་ཞིམ་པོ་རུས་པའི་གསེང་ལ་ཡོད། ཡིན་འང་བླ་རྒན་འདི་ཚོས་ཤ་རྡོག་རྡོག་དང་ཚིལ་ལུ་མ་གཏོགས་ཟ་ཤེས་ཀྱི་མེད་ཧ་ཧ་ཧ་
འཚེ་བ་མེད་ཟེར་བ་དེ་ཤ་ཟ་རྒྱུ་སེམས་ཅན་གསོད་དགོས་པ་སོགས་གཅིག་པུ་ལ་གོ་མི་དགོས། སྤྲུལ་སྐུས་འཚེ་བ་མེད་པ་ཞེས་ཡང་ཡང་གསུང་འདུག་བྱས་ཙང། འཚེ་བ་ནི་འགྲོ་བ་གཞན་གྱི་སེམས་གསོད་པ་ནི་ཆེས་སྡུག་ཤོས་ཤིག་རེད་བསམ། དེས་ན་ལུས་ཀྱིས་སྲོག་གཅོད་དང། ངག་གིས་གཞན་གྱི་ལྟ་གྲུབ་དང་སྟོན་པ་ལས་སོགས་འགྲོ་བ་སྟོང་ཕྲག་མང་པོའི་དད་ཡུལ་དང་དགའ་ཡུལ་སོགས་ལ་ཆེས་སྒྲོས་སྐུར་འདེབས་པ་དང། གཞན་ལ་མཚངས་འདོགས་པ་ལས་སོགས་གཞན་གྱི་སེམས་གསོད་པ་ནི་ཆེས་སྡུག་ཤོས་ཤིག་རེད་། དེ་ཡང་སྟོན་པ་སངས་རྒྱས་ཀྱིས། ཚིག་ལ་མཚོན་ཆ་མེད་ཀྱང་མི་སེམས་དུམ་བུར་གཏོང། ཞེས་དང། ཐལ་མོ་ཚིག་གིས་སློང། ཆང་ཕབ་ཀྱིས་སློང། ཞོ་རུ་མས་སློང། ཞེས་གསལ་བ་་ལྟར་རོ།
དེང་སང་གི་ཁམ་པ་འདི་ཚོས་ཞེ་ས་ཧ་ལས་པ་རྒྱབ་ཡོང་གི་འདུག་ག ཾཁ་ཟས་ལའང་ལགས་ཞེས་བྲིས་ཡོང་གི་འདུག གཡག་ཕོ་དང་མོ་ཞེས་པ་དང་འདྲ་མཚུངས་འདུག བཞེས་མོག་ལགས། གསོལ་ཇ་ལགས། ཀུ་ཤུ་ལགས་ཟེར་དགོས་པ་ཡིན་དྲོ།
བཞེས་ལགས་་་་་ཤ་མོག་མོག་ལགས་་་རྩམ་པ་ལགས་་་་ཇ་ལགས་་་་བཙན་བྱོལ་ནང་གི་དགེ་རྒན་ཞིག་གིས་་་་་རི་དྭགས་སེང་གེ་ལ་་་་ཞེ་ས་བྱས་ནས་་་་སེང་གེ་ལགས་་་ཟེར་བ་གོ་མྱོང་་་་ཧ་ཧ་ཧ།
ལགས་ནི་་་་སྐབས་རེར་དྲི་ཚིག་དང་་་་དང་ལེན་བྱས་པའི་དོན་ལ་འཇུག ལེགས་ནི་བཀུར་ཚིག་དང་་་ཁྱད་དུ་འཕགས་པའམ་མཆོག་གི་དོན་རེད་་་་ལགས་དང་ལེགས་གཉིས་དོན་མི་གཅིག་ལ་སྦྱོར་ས་ཡང་ས་གནམ་གྱི་ཁྱད་པ་ཡོད་ནི་རེད་དོ།
ཐལ་མོ་་་་་འཐབ་མོ་ཞེས་བཅོས་རོགས
བན་དེ་བ། ཁྱོད་རང་བོན་པོ་ཡིན་བཞིན་བན་དེའི་མིང་འཁུར་བ་དེ་ཡང་། བོན་པོ་དག་གཞན་གྱི་བསམ་བློ་དང་། རིག་གཞུང་རྐུ་བཤུས་བྱ་བར་ཤིན་ཏུ་དགའ་བ་དེ་མཚོན་ཐུབ་ཀྱི་འདུག ཁྱོད་རང་བོན་པོ་ངོ་མ་ཞིག་ཡིན་ན། ཁྱོད་རང་གིས་བོན་པོ་ཚོས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཡིག་ཆ་རྩ་བ་ནས་བརྐུས་མེད་ཅེས་མནའ་བསྐྱལ་ཐུབ་བམ། ཐུབ་ན་བུ་ཡིན། ་་་་་་་་་་་་་་་་་་་་་་་་་་་་་་ཧཧཧཧཧཧཧཧཧཧཧ
སྤྲུལ་སྐུ་འདི་ལ་ཡོན་ཏན་སྣ་གཅིག་མེད་པར་ཐག་ཆོད་འདུག བོད་ཀྱི་ཚིག་མཛོད་ནང་དུ་ལེགས་པར་ལྟོས་དང་་་་བན་དེ་་་་ཞེས་པའི་དོན་་་་་གཞི་ནས་ང་ཡི་མིང་ལ་བན་དེ་བ་ཟེར་བ་དེ་ཁྱེད་ཚོར་གོ་བ་འདུག་གམ་ཡང་ན་དེ་ལས་གཞན་ཞིག་ཏུ་གོ་བ་འདུག ཁ་སྔོན་མེ་དཀར་གྱིས་དེ་ག་རང་ལབ་སོང། རྗེས་སུ་དགོངས་དག་ཞུས་སོང། རྒྱ་བོད་ཚིག་མཛོད་ནང་དུ་་་བན་ལོག་་་བལ་སྤྲང་་་བན་དེ་་་ཟེར་བའི་དོན་གང་ཡིན་གསལ་གསལ་ཐིང་ཐིང་བཤད་འདུག་མིག་ཡོད་ན་ལྟོས་ལ་སྐད་ཆ་ཤོད། ད་ཡང་ཁྱོད་ཀྱིས་ཆོག་ཤེས་ཟེར་བ་་་འཚེ་མེད་ཟེར་བ་སོགས་་་་ལྟ་བ་རྟེན་འབྱུང་་་སྤྱོད་པ་འཚེ་མེད་་་་བྱང་ཆུབ་སེམས་ཟེར་བ་དེ་ཚོ་ག་བར་ཕྱིན་སོང། ངས་གོང་དུ་བྲིས་ཡོད་དེ་ཡི་ཐལ་འགྱུར་དེ་ཁྱོད་ལ་ཏག་ཏག་ཐལ་འགྱུར་ཡང་དག་ཏུ་སོང་བ་འདྲ། ཧཧཧཧཧཧཧཧ་་ཐལ་འགྱུར་ལན་ནི་རྣམ་པ་གསུམ། ལན་གྱིས་བཟློག་པར་མ་ནུས་ན། སྨད་དང་ཁོང་ཁྲོ་བྱེད་པ་བླུན། བསྟོད་དང་རྗེས་འབྲེང་དམ་པའི་ལུགས། བོན་གྱི་མཁས་པས་འདི་འདྲ་གསུང་འདུག་འདི་ཁྱོད་ལ་ལུང་དུ་བསྟན་པ་འདྲ། ཁྱོད་ཀྱི་ཁ་བཤད་ཆུ་ཡི་སྦུ་བའི་རྩོམ་སྐྱག་དེ་ཚོར་མི་ཚོས་ལན་གང་རྒྱབ་འདུག་སོམ་ལ་རྩོམ་སྐུར་རོགས། ང་ནི་འདིར་ཁྱོད་ཀྱི་རྩོམ་ལ་དགག་པ་བྱེད་པར་སླེབ་ཡིན། རང་ཉིད་དགོན་པའི་ནང་དུ་འདུག་མ་ཐུབ་ནས་གཞན་ལ་དགོན་པའི་ནང་དུ་ཤ་ཟ་རྒྱུ་ལས་སོགས་སྒྲིག་ལམ་བཟོ་སྟངས་འདི་ནི་ཧམ་པ་ཆེ་ཐག་ཆོད་པ་རེད། རང་ཉིད་ཀྱི་སྡོམ་པ་རྩ་བཞིན་དོར། ཡང་བསྟན་པ་ལ་དག་ཐེར་དགོས་ཟེར། བོན་གྱི་ལུགས་ལ་བན་ལོག་དགོན་པ་ནས་ཕྱིར་འབུད་བྱེད་དུས་ཤོག་བུའི་ཞྭ་མོ་མགོ་ལ་གཡོགས་རྒྱབ་ལ་ཐལ་རྒྱེ་བཀལ་ནས་གཏོང་སྲོལ་ཡོད་ཁྱོད་ལ་དེ་འདྲ་དགོས་པ་འདྲ།
བལ་སྤྲང་་་་་བན་སྤྲང་ཞེས་སུ་བཅོས།
མཆན་མཁན་༦ནས་རྫུན་བཤད་གིན་མ་ཇུ་ཊི་ལ་ཟ་ཁང་ནས་ཤ་མེད་ཁ་ཟས་རག་གི་མི་འདུག་ཟེར་ཁྱོད་རང་གི་ཧམ་བཤད་མ་བྱེད་ཟ་ཁང་ཚང་མ་ལ་ཤ་ཡོད་དང་ཤ་མེད་གཉིས་ཆ་ཡོད་ཡོད་པ་རེད་དེ་འདྲ་བའི་ཧམ་བཤད་ཁོ་ན་མ་བྱེད།།
ཨོ་ཉི་ཁྱོད་ཀྱིས་བོན་དཔེ་རྙིང་མས་རྐུས་མེད་ཅེས་མནའ་བསྐྱལ་ཐུབ་པ་ཡོད་དམ། ཧཧཧཧཧ་་་རིགས་པ་སྨྲ་བར་ཁས་མཆེ་བ་འདི་འདྲའི་ཐབས་སྐྱོ་བ་ལ་ཨང་་་ལུང་རིགས་ཀྱིས་བསྒྲུབ་མི་ནུས་དུས་མནའ་སྐྱོལ་ཟེརཧཧཧཧཧིཧིཧི། ཁྱོད་ཚོའི་གར་འཆམ་རྔ་རོལ་གཏོར་འབུལ་དང་རྣམ་གྲོལ་གླིང་དུ་རྟག་ཏུ་ཕུར་བ་བསྒྲུབ་ནས་མཐུ་གཏད་གཏོང་བ་དེ་ཚོ་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་དམ། རྒྱ་གར་ནང་པ་ལ་འདུག་གམ། ཡུལ་་གཞན་གྱི་ནང་པར་འདུག་གམ ཕོ་རོག་དཀར་པོ་ཟེར་བ་དེ་རེད།
ཡོད་ཚད་ཤཀ་ཐུབ་ཀྱིས་གསུངས་ག་ལ་དགོས། ཁོང་གི་གསུང་མདོ་སྡེ་ལ་སྣང་། འདུལ་བ་འཇུག མངོན་པ་དང་མ་འགལ་ན་ནང་ཆོས་རང་རེད།
མེ་ཕར་བུས། སྨ་ར་ཚུར་འཚིག་ཅེས་པ་ལྟར་ཁྱོད་ཚོའི་རྔ་རྡུང་དུང་བུད་པ་དེ་གཤེན་་རབས་ཀྱིས་གསུངས་སམ།
དེང་སང་བོན་པོ་འདི་ཚོ་ཤཀ་ཐུབ་ཀྱི་རྗེས་འཇུག་གོ། རྔ་བརྡུང་དུང་འབུད་པ་འདི་དག་གསང་སྔགས་ཀྱི་མཆོད་པའི་ཆ་ཤས་ཤིག་རེད། འདི་དག་ཨོ་རྒྱན་པདྨས་གནང་བ་རེད། ཁྱེད་ཅག་ནང་བཞིན་གུ་རུའི་གཏེར་ཆོས་འདོན་བཞིན་གུ་རུ་རིན་པོ་ཆེ་ལ་དམོད་པ་དང་། ནང་པའི་ཆོས་སྒར་ནས་ལག་ཆགས་ཏེ། ནང་པ་ཁ་གཏོང་འདུག་མཁན་དེ་འདྲ་མ་རེད། དེ་ལས་གཞན་མ་ཤེས་ན་ཡང་དྲིན་མ་བརྗེད་པ་གྱིས་ཤིག ཧཧཧཧཧཧཧཧཧཧཧཧ
ཚོགས་ཤ་དེ་ངེས་པར་དུ་དགོས་པའི་རྒྱུ་མཚན་ཡོད་དམ་མེད། ་བ་ལང་དང་གླང་པོ་ཆེ་དང་རྟ་དང་མི་ཡི་ཤ་སོགས་སྦྱང་རྟོག་འབར་གསུམ་དགོལ་ཚུལ་དང། ཡང་སྔགས་ལུགས་ཚེ་ཅིག་ལ་སངས་རྒྱས་པ་བུ་མེད་ལ་བརྟེན་དགོས་ན་གོང་གི་ཤ་ཆེན་བཞི་ལ་ངེས་པར་བརྟན་དགོས་སམ།
འདུལ་བའི་སྐབས་སུ་ཡང་ཤ་ཉོ་མཁན་དགེ་ཚུལ་འགྲོ་དགོས་ཚུལ་སོགས་ཟས་ཀྱི་སྡེ་ཚན་སོགས་ལས་གསལ་ལ། ཡང་རྟོག་གེ་འབར་བ་ནང་ལ་ཡང་ཤ་ཡི་སྐོར་གསལ་ལ། སངས་རྒྱས་བཅོམ་ལྡན་འདས་གྲོང་ལ་གསོལ་སྙོམ་ལ་ཕེབ་སྐབས་དད་ལྡན་ཟས་སྦྱིན་ནས་ཉ་ཤ་སོགས་ཤ་རིགས་དང་འབྲེལ་བའི་ཟས་ཕུལ་ན་བཞེས་དང་མི་བཞེས། རྒྱ་ནག་སོགས་ནང་པས་ཤ་ལ་མཛེམ་དགོས་པའི་རྒྱུ་མཚན་རིགས་པ་དང་ལོ་རྒྱུས་ཡོད་པའི་གཏམ་ཞིག་་སྐོམ་པ་ཆུ་འདོད་ཡིན། མན་ཇུར་ཏྲེ་ལར་ཤ་མེད་ཁ་ལག་གང་བ་ཡིན་ན་འདུག་ དངོས་སུ་མཐོང་བཞིན་ཞལ་རྫུན་མ་གསུངས་རོག་ ང་ནི་བོ་མོ་ཤ་དཀར་པོ་མིག་གིས་མཐོན་ན་འགྲིག་འགྲོ་གི་འདུག། ཧ་ཧ་ནང་ལ་བདག་སྐྱེད་ཞིག་སྒོམ་ནས་སེམས་ངོ་ལ་སྦྱོ་རྫུན་མ་ཞིག་བརྒྱབ་ཧ་ཧ་ཧ་ད་ཡིན་ན་ཤ་རྫུན་མ་ཞིག་ཟ་རྒྱུ་བྱུང་ན་དགའ་བ་ལགས
གྱོད་ཁ་མཆུ་མ་རྒྱག་བུ་རྒོད་ཚོ།། དོན་གནས་ལུགས་ཡོད་ན་བརྩི་སྲུང་བྱོས།། ཁ་གྲགས་མ་ཐག་ནས་སྨོད་རེས་བྱེད།། འདི་མི་རིགས་གང་གི་ལུགས་སྲོལ་རེད།། ལམ་དྲང་བོར་ཤར་བསྐྱོད་མི་བྱེད་ན།། གླིང་གེ་སེར་ང་ཡིས་ཉེས་ཆད་གཅོད།། དུས་དེ་ལ་འགྱོད་ན་སྡུག་གྱོང་ཡིན།།
བཞེས་ལགས་ཟེར་བ་ཞིག་ཞེ་ཚིག་ནང་མེད་ཚོད་ཡིན། ཞལ་ལག་ཟེར་བ་ཞིག་ཡོད་པ་རེད། དེ་ནི་ཞལ་དང་ལག་པ་ཞེས་ཁ་ལག་གི་ཞེ་ཚིག་རེད། འོན་ཀྱང་ཤ་མོག་ལ་བཞེས་མོག་དང་། ཚལ་ལ་བཞེས་ཚལ་སོགས་དང་ནོར་མི་ཉན། ལགས་ཞེས་པ་འདི་འཇུག་ཡུལ་གང་ཟག་ཞིག་ལ་འཇུག་པ་མ་གཏོག་དངོས་པོ་དང་གང་ཟག་མ་ཡིན་པའི་སེམས་ལྡན་གཞན་ལ་མི་འཇུག་ཏེས། དཔེར་ན། པཱ་ལགས། ཨ་མ་ལགས། རྒན་ལགས། ཨ་ཅག་ལགས། ཅོག་ལགས། སྐུ་ཞབས་ལགས། ཨ་ནི་ལགས། མཁན་པོ་ལགས། དགེ་བཤེས་ལགས་ལ་སོགས་པ་ལྟ་བུའོ།
དགེ་ཆོས་ཀྱིས།
གངས་ཀྱི་སེངྒེ་གར་ཡང་མ་མཆིས་ཤིང་།
གེ་སར་རྒྱལ་པོ་གུད་དུ་མི་ཞུགས་མོད།
སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི།
སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅི་མི་རུང་། ཞེས་གསུངས་སོ།
དངོས་ཐོག་བདེན་འཚོལ་སྨྲ་བ་གལ་ཆེ་
ཨོ་རྒྱན་ཉི་མ་ནས་འདི་ལྟར་ཟེར། (མ་ཧཱ་སིདྡྷི་ནས། ཟེར་བ་ཁྱོད་ཀྱིས་རྟོན་པ་བཞི་ཟེར་བ་ཡང་ཤེས་ཡོད་ཚོད་མ་རེད། ཆོག་ཤེས་གསུང་མཁན་ཤྰཀྱ་ཐུབ་པ་རེད། ཁོ་བོ་ནི་མིན་ནོ། །གལ་སྲིད་ཆོག་ཤེས་ལ་མ་དགའ་ན་དང་། དམ་པའི་ཆོས་ལ་སྐྱབས་གནས་སུ་འཛིན་མ་འདོད་ན། རང་དགར་གྱིས། ང་ལ་མི་ཆོག་ཟེར་བ་གང་ཡང་མེད་དོ། །) ལར་ནི་ང་གཉིས་བར་དུ་འཁོན་འགྲས་གང་ཡང་མེད་ཀྱང་མཚར་བརྩེད་ཀྱི་ཚུལ་དུ་ལན་ཞིག་མི་འབུལ་ཀ་མེད་གྱུར། ཁྱེད་ནི་འཇིག་རྟེན་འདིའི་སྒང་ནས་ནང་པའི་ཆོས་ལུགས་ཡོངས་རྫོགས་དག་ཐེར་གནང་མཁན་དེ་སྔོན་མ་གྲགས་པའི་ཤཀྱྰ་ཐུབ་པའི་རྩ་ཁྲིམས་བཟོ་ཕོད་མཁན་ཞིག་ལ་ངས་དྲ་ལམ་ནས་གུས་ཞབས་མེད་པ་འདྲ་ཡིན་སྲིད་ཀྱང་། དེང་སང་དྲ་ལམ་ཁག་ཏུ་དམངས་གཙོ་ཁ་ལ་ཁྱེར་ནས་དོན་དུ་ཕན་ལས་གནོད་ཆེ་བ་ཆོས་ལུགས་དང་ཁོལ་ཁའི་འཐེན་ཁྱེར་གྱི་དུག་རོ་རྙིང་པ་རྣམས་སློང་རྐྱེན་དང་མ་ཟད་སྨོན་ལོགས་དམ་གཟུགས་ཅན་གཟུགས་མེད་ཀྱི་དམ་སྲི་ཚོགས་པ་ལྟ་ཅི་བོད་རིགས་བྱིང་ནང་ཁུལ་ལས་ངན་བསོད་ཟད་བོད་པ་འགའ་ཡིས་བཀའ་དྲིན་ཁྱད་གསོད་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་རྒྱུ་མཚན་གང་ཡང་མེད་པར་མཚན་རྨད་ཞུ་བ་སོགས་ལས་ངན་གྱི་ཚབས་ཆེན་འདི་རྣམས་བློས་མ་བཟོད་ནས་ཡིན། ཡིན་ནའང་ཁྱེད་རང་སྒེར་པའི་ངོས་ནས་༧གོང་ས་མཆོག་ལ་མཚན་རྨས་ཞུས་སོང་ཟེར་ནས་ཞུ་གི་མེད། ཆོག་ཤེས་ཟེར་བ་འདི་ཧ་ཅང་གལ་ཆེན་པོ་ཡིན་པ་ཁྱེད་ནས་ཤེས་པ་མ་ཟད་ངས་གང་འཚམས་ཤེས་ཀྱི་ཡོད། ཆོག་ཤེས་ཁ་ཕྱི་ལྟས་སུ་མ་སོང་བར་ཁ་ནང་དུ་བསྐོར་ནས་ཞིབ་དིང་ཞིག་རྒྱོབས་དང་། ཁྱེད་རང་དང་པོ་འདོད་ཆུང་ཆོག་ཤེས་ཚངས་སྤྱོད་ཀྱི་སྡོམ་པ་སྲུང་མ་ཐུབ་ནས་ཆོག་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་ནས་གྲྭ་པ་ལོགས་ཡོད་པ་ཧ་གོ་བར་བྱོས། དང་པོ་རང་ཉིད་སྲུང་བྱའི་ཆོག་ཤེས་ཀྱི་རྭ་བ་ལས་བརྒལ་ནས་མི་ལ་ཆོག་ཤེས་དགོས་ཞེས་བཤད་ན་ལན་པོ་ཨི་རེད། ཆོག་ཤེས་གསུངས་མཁན་ཤཀྱྰ་ཐུབ་པ་རེད་ཟེར། ཡིན་ད་ཡིན་ཁོང་ནི་དུས་ནམ་ཡང་ཆོག་ཤེས་ཀྱི་རྭ་བ་ལས་འགལ་མྱོང་མེད། སངས་རྒྱས་ཀྱི་གསུངས་འདུག་པས་ངས་ཀྱང་བཤད་ཀྱི་ཡིན་ཟེར་ན་བཤད་ལུས་ཆོག་ཀྱང་ངས་གོང་གི་རྩོམ་ནང་དུ་བྲིས་པ་ལྟར་ཁྱེད་ཀྱི་བྲིས་པའི་ཆོག་ཤེས་ཀྱི་གསུངས་འབུམ་དེ་དྲི་བཟང་གིས་སྦགས་པའི་པའི་མཆོད་ཁྲིའི་སྟེང་དུ་བཞུགས་རྒྱུའི་ཚབ་ཏུ་དྲི་ངན་གྱིས་སླད་པའི་གད་སྙིགས་ཁྲོད་ན་གཡུགས་ནམ་ཞིག་ཆོག་ཤེས་སམ་ཤཀྱྰ་ཐུབ་པའི་རྩ་ཁྲིམས་འབྲི་མཁན་དེའི་ནང་ཆ་ཕྱི་རུ་མི་མངོན་པའི་ངེས་པ་མེད་། དེ་བས་སྤུ་གུ་སྐྱེ་དམན་ལ་རྒྱུ་འབྲས་དང་མ་འགལ་བར་ལྟ་སྐྱོང་ཡག་པོ་གྱིས། གནས་ལུགས་བརྗོད་པ་ལས་ཚིག་མཚོན་མིན་པས་དེ་ལུགས་གོ་བར་གྱིས།
སྤྱིར་རབ་བྱུང་བ་ཞིག་གི་ངོས་ནས་ཤ་བཟའ་བ་དེ་ཧ་ཅང་གི་ཉེས་སྐྱོན་ཆེ།། རབ་བྱུང་བ་རྣམས་ཞོག་ཚོགས་ཀྱི་སྐབས་ཞལ་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན།། སྡུག་བསྔལ་དང་བྲལ།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་པའི་བྱང་ཆུབ་རིན་པོ་ཆེ་འཐོབ་པར་བྱ་ཞེས་འདོན་པ་ཐོས་མྱོང་ཡོད།། ཅི་སྟེ་ད་དུང་ཡང་རང་ཉིད་བདེ་བ་འདོད་ཕྱིར་རང་གི་མིག་མདུན་དུ།། གླང་ཤ། བྱ་ཤ། ཉ་ཤ། ཕག་ཤ། ལྷག་པར་དུ་རང་ཉིད་ཀྱི་ཆེས་དགའ་མོས་ཡུལ་དུ་གྱུར་བའི་གཡག་ཤ་སོགས་བཀྲམ་ནས་ཅི་དགར་ལོངས་སུ་སྤྱོད།། དེ་དག་ལ་ཁྱེད་རང་གིས་ལོངས་སུ་སྤྱོད་པའི་ཚེ་མནོ་བསམ་འདི་ལྟར་ཞིག་གཏོང་དང་།། རབ་བྱུང་བ་ཁྱེད་རང་གིས་དེ་རིང་ཞོག་ཚོགས་སྐབས་ཁ་ནས་ཅི་ཞིག་སྐྱོར་ཡིན།། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་་་་་་་་་་་་དོན་དངོས་ཡོད་ཁྱེད་ཀྱིས་ཚིད་དེར་ལག་སྟར་བྱེད་ཀྱི་ཡོད་དམ།། ཅི་སྟེ་ཁྱེད་ཀྱིས་ཚིག་དེར་ལག་སྟར་བྱེད་ཀྱི་ཡོད་ན་ཁྱེད་ཀྱིས་རང་གི་མའི་ཤ་བཟའ་ཕོད་དམ།། ཁྱེད་རང་གི་མིག་མདུན་དུ་ཡོད་པའི་ཤ་རྣམས་ཁྱེད་རང་གི་མའི་ཤ་མ་ཡིན་ནམ།། ཁྱེད་རང་གིས་ཞོག་ཚོགས་སྐབས་ཁ་ནས་སྐྱོར་བའི་ཚིག་དང་དངོས་སུ་ལགས་སྟར་གཉིས་འགལ་བ་སོང་བ་མ་ཡིན་ནམ།། བོད་ཀྱི་གཏམ་དཔེར་ཁ་བཤད་ཆུ་ཡི་སྦུ་བ། ལག་ལེན་གསེར་གྱི་ཐེག་པ་ཞེས་པའི་ངོ་བོར་སོང་བ་མ་ཡིན་ནམ།། ད་མང་པོ་མི་ལབ། དགོངས་པ་མ་ཚོམས།། །།
ད་ཆོག་གི ཤ་དོན་དག་ཆུང་ཆུང་རེད དཔེར་ན རྒ་ཡའི་སྨད་བཙོང་ཁང་གི་སྒོ་འགྲམ རྡོ་གདན་གི་ཆང་ཁང ཚོང་ཁང ཟ་ཁང ཤ་ཁང སྲང་ལམ སྐོར་ལམ མདོར་སྡུས་ན་ཟ་ཁང་གི་ཐབ་ཚང་ནང་ནས་དོན་དག་འདྲ་མིན་བྱུང་ནོ་མིག་མཐོང་ལག་བཟུང་ཡིན བསྟན་དགྲ་ཡིན་ན་འདྲ བོན་དགྲ་ཡིན་ན་འདྲ དང་པོ་སྐྱ་མིན་སེར་མིན་དེ་ཚོ་རྩ་མེད་བཟོས་ན་བཟང་གི་བསམ་སོང་། རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོའི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུཾ།
http://blog.amdotibet.cn/ogyenling/archives/83500.aspx
ཆོག་ཤེས་ལ་དམ་པའི་ཆོས་ཀྱི་ཆོག་ཤེས་དང་། འཇིག་རྟེན་ཡང་དག་པའི་ཆོག་ཤེས་གཉིས་སུ་དབྱེ་རུང་བ་དང་། དང་པོ་ནི་འཇིག་རྟེན་འདས་ལམ་སྙེག་པའི་གང་ཟག་ཚོར་དགོས་ངེས་པ་དང་། གཉིས་པ་དེ་ཐ་སྙད་སྣང་ཚུལ་ལ་ཞེན་པ་ཆེ་བ་ཚོར་ཕན་ཐོགས་ཆེན་པོ་ཞིག་ཡོད་པར་མཐོང་ངོ་། །
དབང་མགོན་ལགས་ ཁྱོད་ལྟར་ན་ རབ་བྱུང་བ་ཚོས་ཚལ་ཟ་ཡག་དེ་འགལ་བ་ཡིན་ཏེ་ ཚལ་སྐང་རེ་ལ་འབུ་མང་པོའི་སྲོགས་གཅད་པའི་ཕྱིར་
ཧ་ཧ་ད་ཡིན་ན་འདུག། ཁྱོད་རང་དམར་ཧྲང་བ་ལ་འགྲོ་དགོས་ཏེ་ ཁྱོད་ཀྱི་མགོ་ཞྭ་ནས་ལྷམ་གྱི་བར་སེམས་ཅན་གཞན་གྱི་སྲོགས་གཅད་པ་ལས་བྱུང་བའི་ཕྱིར། གྲྭ་པ་ཨ་ནེ་ཚོ་ནམ་བཟའ་མེད་པར་བཞུགས་དགོས་པ་བཟོས་ནས་ཁྱོད་བལྟས་མོ་བལྟ་ཁ་འགྲོ་གི། རྣམ་གསུམ་དག་པས་ཤ་གནང་བ་ཧ་མ་གོ་ནས་ལབ་ལབ་ཉུང་ན་མཛེས་སོ་
བདེ་མཆོག་བསྟོད་འགྲེལ་ལས།
གལ་ཏེ་ཤ་ཟ་བ་པོ་མེད་ན།
སེམས་ཅན་གསོད་པ་པོ་ཡང་མི་འབྱུང་ངོ་།
དེའི་ཕྱིར་ཤ་ཟ་བ་པོ་དང་།
གསོད་པ་པོ་གཉིས་ཀ་སྲོག་བཅོད་པ་པོར་འགྱུར་རོ།
ཞེས་གསུངས་འདུག
དཔའ་བོ་ལགས་ ཟ་ཁང་ནང་ལ་ཕེབས་སྐབས་ཤ་མེད་ཡོད་པས་གསུངས་དང་ ངའི་དགའ་རོག་ལ་ཟང་ཁང་ཞིག་མན་འགྱུར་ཏྲེ་ལ་ལ་ཡོད་རེད་
ཁ་ཆེས་ཕག་པ་ཚེ་ཐར་བཏང་།།
ཧིན་དུས་བ་གླང་ཚེ་ཐར་བཏང་།།
བོད་ཀྱི་ནང་པས་བྱ་ཕག་ཉ།།
མ་ཧེ་གཡག་ར་འབུ་གླང་ཀུན།།
ཞལ་དུ་བསྟབས་ལ་བག་ཚ་མེད།
གསང་སྔགས་ཀྱི་སྐབས་ནས་ཤ་ལྔ་དང་། བདུད་རྩི་ལྔ་ལ་ལོངས་སུ་སྤྱོད་ཅེས་པ་དང་། ཚོགས་ཤ་དགོས་མིན་ཏེ། གནས་ཚུལ་གཞན་ཞིག་རེད། ང་ཚོ་ལས་དང་པོ་བས་ནུས་རྒྱུ་ཞིག་མ་རེད། དེ་བས་དངོ་པོ་མདོ་ལམ་གྱི་ཉམས་ལེན་གནད་དུ་འགྲོ་ཐུབ་མིན་ལ་ལྟོས།
ཨོ་རྒྱན་ལགས་་་་་་་ད་ལྟ་གྲ་ས་སེར་འབྲས་དགེ་གསུམ་དང་རེས་སུ་མ་ཆད་པའི་ཆོས་སྡེ་ཁག་ལ་ཚོགས་ཆང་དང་ཚོགས་ཤ་ལ་ལོངས་སུ་སྤྱོད་བཞིན་འདུག་པས་དེ་ཚོ་སྔགས་ལམ་མཐོ་པོ་ལ་ཕེབས་ཚར་བ་ཡིན་ནམ། སྡོར་གདན་སོགས་ལ་ཚོགས་འཚོགས་སྐབས་ཚོགས་ཤ་དང་ཚོགས་ཆང་རྒྱལ་ཁབ་གཞན་གྱི་ནང་པ་ཚོས་གཟིགས་ན་གང་འདྲ་ཡོད་ན། མདོ་སྡེ་ལས་རབ་ཏུ་བྱུང་བས་ཆང་ཙ་རྩེའི་ཟེར་བ་ཙམ་ཞིག་འཐུང་མི་རུང་བ་གསུང་ན་་་་་་་་་་་་བོད་པ་ཚོ་སྟག་མཆོང་ས་ལ་ཝ་མཆོང་པ་ཡིན་ནམ་བློ་སྐྱེད་ཤིག་གནང་རོག་།
དམར་ཟས་ནི།
ཤ་ལ་སྲེད་པས་ཆགས་པ་འཕེལ། །
ཤ་ཁྲག་སྤྱད་དྲགས་ཁོང་ཁྲོ་འབར། །
པགས་རུས་གྱོན་ནས་གཉིད་རྨུག་རྨོངས། །
ཆགས་སྡང་རྨོངས་གསུམ་སྐྱེད་བྱེད་ཟས། །
གཉེར་ཕྱག་ལགས་ཡག་པོ་བྲིས་གཞག་thank you I love you . But I am not gay ok
ཨ་རོག།
གྲྭ་པ་ཡིན་ན་ gay ཡིན་མིན་ལ་ཁྱད་པར་མེད་པ་འདྲ། ཧ་ཧ།
ཨོ་རྒྱན་ཉི་མ་སོགས་གཙོས་པའི་དྲྭ་གྲོགས་རྣམ་པ་ཚོས་ཁ་ཕོའི་ཚིག་མང་པོ་གླེ་ང་བ་ལ་ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།རྣམ་གསུམ་དག་པའི་ཤ་ཟ་ཆོག་པ་དང་དམར་ཟས་ལ་ལོངས་སུ་སྤྱོད་མི་ཆོག་པ་ཡང་ནང་ཆོས་ལས་གསལ་བ་དང་། དམར་ཟས་ལ་ལོངས་སུ་སྤྱོད་མི་ཆོག་པའི་ཐབས་ལམ་ཇི་ཙམ་བསྟན་རུང་མ་བསྟན་རུང་རང་རང་ངོས་ནས་ལག་བསྟར་མ་བྱས་ན་ཕན་པ་མེད་དོ།།དེས་ན་ཁ་ཕོ་ཆེ་ཚོ་ཐོག་མར་རངཉིད་ནས་འགོ་བཙུགས་ཏེ་ལས་འགུལ་ཞིག་སྤེལ་དང་ད་གཟོད་ངས་རྗེས་སུ་ཡི་རང་གྲངས་མེད་ཞུའོ།།
གྲྭ་པ་ཡིན་ན་gay ཡིན་པས་ཁྱབ་ཧ་ཧ་ཧ་
བོན་ལ་ཡོད་པ་གང་ཞིག་བན་ལ་ཡོད་ཅིང་དེ་རྒྱ་གར་དུ་ཡང་ཡོད་ན་བོན་པོས་བན་དེ་ནས་བརྐུས་པར་ཁས་ལེན་ཐུབ་བམ།
དེ་ག་ནང་བཞིན་བོན་ལ་ཡོད་པ་གང་ཞིག་བན་ལ་ཡང་ཡོད་ཅིང་དེ་རྒྱལ་ཁབ་གཞན་དུ་ཡོད་པའི་ནང་པ་ལ་ཡོད་ན་དེ་བོན་པོས་བན་ནས་བརྐུས་པར་ཁས་ལེན་ནམ།
ཨོ་ལགས་ལ་ཞུ་རྒྱུ་སྤྱི་བཏང་ཁྱོད་རང་གི་བློ་གཟུ་བོའི་ཐོག་སྐད་ཆ་དང་བསམ་ཚུལ་འདི་འདྲའི་རིགས་དྲ་ཐོག་ཏུ་བཞག་ན་ཡག་པོ་རེད་ཡིན་ན་ཡང་འདི་འདྲའི་སེམས་བསྐྱེད་རྒྱ་ཆེ་ཞིང་གཏིང་ཟབ་བའི་རྒྱ་སྲས་བྱང་སེམས་ཀྱི་ཉམས་ལེན་དང་འབྲེལ་བའི་དཔྱོད་ཤེས་ཀྱི་བསམ་བློ་ཡང་དག་པ་འདི་ལྟ་བུ་ཟིག་མི་བུ་སྒེར་དང་སྤྱི་གང་ཞིག་ལ་ལབ་ཐུབ་བའི་དཔོད་པ་འདི་ཁྱོད་རང་ལ་ཡོད་ན་ཁྱོད་རང་གིས་ཅི་ཞིག་ལ་དམར་ཟས་ལ་རོལ་བ་ཡིན་སྐད་ཆ་ཆུང་འབྲིང་ཆེ་གསུམ་གང་བཤད་ཀྱང་ཐོག་མར་སོ་སོ་ལ་མིང་གཞི་དང་གཞི་རྩ་ཞིག་མེད་ན་དེ་ནི་བྲག་ཅ་ལས་གཞན་ཅི་ཡོད།
བན་དེ་དང་བོན་པོ་ཞེས་བན་དེ་ནི་ང་ཚོ་ནང་པའི་རབ་བྱུང་ལ་གོ་བ་ཡོངས་གྲྭགས་རེད། དེ་ལ་ཚིག་མཛོད་ག་གེ་མོ་ན་གཅིག་འདུག་ཟེར་བ་ནི་ཨུ་ཚུགས་རང་རེད། ཚིག་མཛོད་བརྒྱ་ཕྲག་མང་པོ་ཡོད་རེད། དེ་དག་ནང་འགྲིག་པ་དང་མ་འགྲིག་པ་ལུང་པ་གང་ཡོད་རེད། ཚིག་མཛོད་སྐད་གྲགས་ཆེན་པོ་དེ་ཚོའི་ནང་ཡང་ནོར་བ་མང་པོ་ཡོད་པ་མངོན་གསུམ་རེད།
གསེར་འབྲུག་ལགས་ ཨ་ནེ་ཡིན་ན་ག་རེ་ཡིན་པའི་ཁྱབ་ཧ་ཧ་ཧ་
བོན་པོ་གཅིག་གིས་བན་དེ་མིང་འཁུར་ནས་ནང་པར་རྩོད་པ་ཅུང་མི་ལེགས།
སྤྲུལ་མིང་ཨོ་རྒྱན་ལགས་་ཁྱེད་རང་ཁ་བདེ་འདོག་མ་བྱེད་་་དང་པོ་ཁྱེད་རང་གིས་ཆང་ས་རྒྱབ་གཏང་ལ་ལྟོས་དང་གཉིས་པ་ཁྱེད་རང་སྐྱེས་དམན་གྱིས་ཕ་རྒན་གྱིས་ལས་ཀ་ལྟོས་དང་གསུམ་པ་ཁྱེད་རང་གིས་སྔོན་གྱིས་ལོ་རྒྱུས་བསམ་བློ་གཏང་ནས་
མི་གཞན་ལ་བསམ་འཆང་བཤད་ལགས་་་ཏྲེ་ཧོར་ཚང་བུ་ཀརྨ་སྐལ་བཟང་ནས་ཕུལ
རབ་བྱུང་པ་ཡིན་ན་བོད་རྒྱུད་ནང་བསྟན་པའི་རབ་བྱུང་པ་ཡིན་པས་ཁྱབ་པ་རྟགས་ལོ་དགུར་མ་གྲུབ། ལོ་རྒྱུས་དང་ཚིག་མཛོད་ལ་གཟིགས་ཐོས་རྒྱ་མཐོང་རྒྱ་དགོས། སྦལ་དོང་མ་གནང།
ལྷ་བླ་མ་ཡིན་རུང་ལྟོ་ཕོ་བ་ལ་བསམ་མི་དགོས་མཁན་ཞིག་ནི་མེད་པས་ཤ་ཟས་ན་ཉེས་པ་ཡོད་རུང་བྱ་ཐབས་བྲལ། གང་ཉུང་ཉུང་བྱ་ཐུབ་ན་བཟང་། རང་རེ་བོད་ཀྱི་གནའ་བོའི་སྲོལ་རྒྱུན་ཆོས་ལུགས་བཞིན་དམར་མཆོད་མ་བྱས་ན་བཟང་། དེ་མིན་ཤ་ཟ་བའི་སྐོར་ལ་ཅང་བཤད་ཤེས་མ་སོང་། ཚོགས་འཁོར་གྱི་ཤ་ནི་དུད་འགྲོ་རང་བཞིན་གྱིས་ཤི་བའི་ཤ་དགོས་པ་ཡིན་པས་དེ་ལ་ཉེས་པ་ཡོད་དོན་མེད།
དེང་སང་ཤ་མ་ཟོས་ཀྱང་ཟ་རྒྱུའི་ཕངས་འགྲོ་བ་ཞིག་མ་རེད། ཆོས་ནས་ག་རེ་གསུང་ཡོད་ཀྱང་འདྲ། ཤ་ནི་སྲོག་ལྡན་ཚོར་ལྡན་ཞིག་གི་ལུས་ཐོག་ནས་བྱུང་བ་ལས་གནམ་ནས་བབ་པ་མ་རེད་ལ་ས་ནས་སྐྱེས་པ་མ་རེད། དེས་ན་ཤ་ཟ་བ་ནི་དྲང་བདེན་དང་མི་མཐུན་པ་མ་ཟད་བཟང་སྤྱོད་དང་ཡང་འགལ་བ་རེད།
སྡིག་པས་ཁམ་གང་ན་ཤ་ཟོ།།
རྙོགས་དྲའི་སྙིང་མ་འཚིམ་ན་ཆང་འཐུང་།
རང་ཉིད་སྐྱིད་ཉལ་ཟ་ཉལ་རྒྱབ་སྟེ་གྲོང་ཁྱེར་ལ་བསྡད། དགོན་པ་རྒྱབ་དུ་དོར་ནས་ཡང་དགོན་པར་ཟ་མི་ཆོག་འཐུང་མི་ཆོག་ཅིག་ཅིག་མག་མག་གི་སྒྲིག་ལམ་འཇོག་འདོད་ནི་ཧམ་པ་ཆེ་ཞིང་ངོ་ཚ་མེད་པའི་རྟགས་རེད།
༼དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ།
བན་ངྷེ་ཞིག་གིས་ཆོ་ག་གཏོང་། ༽
ཅོ་རི་ཉི་མས་མཆན་བུ་ལས་དྲངས་བའོ
་་་་༼དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་ངྷེ་ཞིག་གིས་ཆོ་ག་གཏོང་། ༽་་་་ཞེས་པ་འདི་བན་བོན་གང་གིས་ཀྱང་དམར་མཆོད་འབུལ་བ་མིན་པར། དེའི་དུས་ཀྱི་རྒྱལ་པོའམ། དཔའ་བོ་དེ་ཚོའི་མནའ་སྐྱེལ་སྟངས་ཀྱི་ལུགས་སྲོལ་ཞིག་ཡིན་པ་འདྲ།
བན་དྷེ་ཟེར་བ་ཡིག་ནོར་རེད། བོན་པོ་ཟེར་རྒྱུ་རེད།
ལུང་རྟོགས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ། ངས་ཀྱང་ཤུགས་རྒྱག་རྒྱུ་ཡིན། གལ་སྲིད་་་་་་་་་་་་་་་་་་་་་་་་་་་་
ཨ་ནེ་ཡིན་ན་གྲ྄་བ་མ་ཡིན་པས་ཁྱབ། ཧཧཧཧཧཧཧཧཧཧཧཧ